གསལ་བཤད། རྩོམ་ཡིག་འདི་རྩོམ་པ་པོ་གང་ཉིད་ཀྱི་རྩོམ་འབྲི་རང་དབང་ལ་གུས་བརྩིའི་ཆེད་སྤེལ་བ་ལས།འདི་ག་དྲ་ཚིགས་ཀྱི་ལྟ་བ་ཡིན་པས་མ་ཁྱབ།
སྙིང་རྩ་སྤར་འཛིན།
བོད་ཀྱི་ས་ཐོག་ན་འཚོ་ཞིང་གནས་བའི་རྒྱ་རིགས་དེ་དག་གིས་བོད་མི་ཚོའི་གནས་སྟངས་དངོས་སུ་མཐོང་ཡོད་ནའང་། ད་ལྟའི་བར་ཏུ་ཁོ་ཚོས་བོད་ལ་རང་དབང་དགོས་ཞེས་བཤད་མྱོང་མེད།
ད་ཁྱོད་ཚོས་བསམ་བློ་གཏོང་རན་རེད། བོད་ཕྱི་ནང་གཉིས་ནས་བོད་མི་མང་བོས་རང་ལུས་མེས་བསྲེག་གིས་རྒྱའི་སྲིད་གཞུང་ལ་ངོ་རྒོལ་བྱས་ཡོད་ནའང་། ས་གནས་ས་ཐོག་གི་རྒྱ་མི་ཚོར་ད་དུང་གནོད་པ་ཅི་ཡང་བྱས་མེད་མོད་དོན་རྐྱེན་འདིའི་བྱུང་རྐྱེན་ཁྱོད་ཚོ་དང་འབྲེལ་བ་ཐད་ཀར་ཡོད་པ་རེད། ང་ཚོ་གོང་རིམ་གྱི་གོ་སྒྲིག་བཞིན་བོད་ཀྱི་ས་ཐོག་ལ་ཡོང་བའི་རྒྱ་མི་དཀྱུས་མ་ཏག་ཏག་ཡིན་པས་བཤད་རྒྱུ་གཏམ་རྒྱུ་ཅི་ཡང་མེད་ཅེས་འདུག་ས་ཡོད་པ་མ་རེད།
ངས་ཁྱོད་ཚོར་འཇིགས་སྐུལ་བྱས་བ་མིན། བོད་ཡུལ་གྱི་མེ་ལྕེ་འདི་ད་དུང་འབར་གི་རེད་ལ་འབར་གྱིན་འབར་གྱིན་འབར་ཤུགས་ཆེ་རུ་སོང་སྟེ་ཁྱོད་ཚོའི་ཐོག་ཏུ་མེ་སྟག་ལྷུང་ཡོང་གི་རེད། དེ་ལས་མང་།»

རང་མོས།
འཇིག་རྟེན་ན་འགྱིང་ངེར་ལང་བ།
ཆེས་དཀོན་པའི་ཧི་མ་ལ་ཡ།
ཡར་ལུང་གཙང་པོ་ཁྱེད་ཀྱིས་མིག་ཆུ་འདྲ།
རྨ་འབྲུ་རྫ་གསུམ་ཁྱེད་ཀྱིས་བླ་སྲོག་འདྲ།
ཧི་མ་ལ་ཡའི་འགྲམ་བརྒྱུད་ནས -ཚེ་སྲོག་གི་རྣམ་ཤེས་མང་པོ་ཞིག
ཡོད་ཚད་ལ་འཐམ… …ཡོད་ཚད་ཀྱིས་མ་ཤེས… …ཡོད་ཚད་ཀྱིས་ལག་ནས་ཤོར།
བོད་པ་སྒང་དྲུག །

༢༠༡༢ ཟླ་ ༡ ཚེས་ ༢༥ རེས་གཟའ་ལྷག་པ།
༄༅། །བོད་མིའི་སྒྲིག་འཛུགས་བཀའ་ཤག་གིས་བཀའ་འབྲེལ་འོག་ཕྱི་ལོ་ ༢༠༡༢ ཟླ་ ༡ ཚེས་ ༢༥ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ པའི་ཐོག་ཆོས་རིག་ལས་ཁུངས་ནས་གོ་སྒྲིག་ཐོག་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཞི་བདེ་དང་རང་དབང་དུ་གནས་པའི་བོད་ཀྱི་བདག་པོ་བོད་མིའི་ཐོག་མི་སྤྱོད་ལས་འདས་པའི་དྲག་གནོན་མནར་གཅོད་གཉའ་གནོན་ཤུ་གཞོག་འོག་བོད་རིགས་རྒྱལ་གཅེས་སེར་སྐྱ་ཕོ་མོ་རྒན་བྱིས་བར་གསུམ་གྲངས་ལས་འདས་པ་དུས་མིན་རྐྱེན་ལམ་གྱུར་པ་དང་། ཉེེས་མེད་བོད་མི་ཁྲི་ཚོ་མང་པོ་བཙོན་འཇུག་རྡུང་རྡེག་མནར་གཅོད་སོགས་ཀྱི་ཀླ་ཀློའི་བྱ་སྤྱོད་འོག་དཀའ་སྡུག་ཚད་མེད་དམྱལ་བ་མི་ཡུལ་དུ་མྱངས་དང་མྱོང་བཞིན་ཡོད། ལྷག་པར་ཉེ་ཆར་བོད་བསྟན་སྲིད་ཆེད་རང་ལུས་མེར་སྲེག་གནང་མཁན་སྤྲུ་སྐུ་བསོད་བྷ། ཚུལ་ཁྲིམས། བསྟན་ཉི། བློ་བཟང་འཇམ་དབྱངས་དང་། མེ་མདའ་ཕོག་པ་ལོ་རྒྱ་ཚང་གི་བུ་དང་། ཡོན་ཏན། རྨས་སྐྱོན་ཕོག་པའི་མི་སྣ་སུམ་ཅུ་ལྷག་ཡོད་པ་བཅས་ལ་གདུང་སེམས་མཉམ་སྐྱེའི་བྱས་རྗེས་ལ་གུས་བཀུར་མྱ་ངན་མཚོན་ཆེེད་བཀའ་ཁྲི་མཆོག་མཆོག་གིས་དབུས་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། དྲུང་ཆེ་ཆུང་དང་ལས་བྱེད་རྣམ་པ། དེ་ལས་མང་།»




གཡུ་ཞུན་གྱིས་ཕྱོགས་བསྡུས་བྱས་པ།
རྒྱ་ལོའི་ཚེསགཅིག་ཉིན་བྲག་མགོ་རྫོང་ནས་ངོ་རྒོལ་སྐབས་ཉུང་མཐའ་བོད་མི་གཉིས་འདས་གྲོངས།
ཟླ་བ་འདིའི་ཚེས་༢༣ཉིན་ཏེ་རྒྱ་མིའི་ལོ་གསར་ཚེས་གཅིག་ཉིན་།བྲག་མགོ་རྫོང་ཐོག་ཏུ་བོད་མི་མང་པོས་ཞི་བའི་ངོ་རྒོལ་བྱས་ཏེ།བོད་ལ་རང་དབང་དགོས་།༧གོང་ས་མཆོག་བོད་ལ་ཕེབས་སུ་འཇུག་དགོས་ཞེས་སྐད་འབོད་དུས་སུ།ས་གནས་ཉེན་རྟོག་པས་བོད་མི་ངོ་རྒོལ་བའི་ཁྲོད་མེ་མདས་བརྒྱབ་ཏེ་ཉུང་མཐའ་མི་གཉིས་འདས་གྲོངས་དང་མི་གྲངས་སུམ་སོ་གྲངས་ལ་རྨས་སྐྱོན་ཕོག་ཡོད་འདུག
ཕྱི་ཚེས་ ༢༣ ཉིན་བོད་ཀྱི་དུས་བབ་ནང་བརྗོད་པ་ལྟར་ན།ཁམས་བྲག་མགོ་རྫོང་དུ་བོད་མི་ཚོས་རྒྱ་གཞུང་ལ་ངོ་
རྒོལ་སྐད་འབོད་བྱེད་སྐབས། ཉེན་རྟོག་པས་མི་མང་ཁྲོད་མེ་མདའ་བརྒྱབ་ནས་རང་ལོ
་ ༤༩ ཡིན་པའི་ནོར་པ་ཡོན་ཏན་འདས་གྲོངས་སུ་གྱུར་ཡོད་པ་མ་ཟད། བོད་མི་ ༣༦ ལ་རྨས་སྐྱོན་བཟོས་འདུག་ཟེར།ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་བོད་མི་༣༩ལ་རྨས་སྐྱོན་ཕོག་འདུག་ཟེར། དེ་ལས་མང་།»
དེ་རིང་སྟེ་ཕྱི་ཚེས་ ༢༣ རྒྱ་ལོའི་ཚེས་གཅིག་གི་ཉིན་མོར་སུ་ཁྲོན་ཞིང་ཆེན་ཁོངས་གཏོགས་ཀྱི་བྲག་མགོ་རྫོང་ཐོག་ཏུ་བོད་མི་མང་པོས་ཞི་བའི་ངོ་རྒོལ་བྱེད་སྐབས་ས་གནས་ཉེན་རྟོག་པས་དྲག་གནོན་བྱས་ཏེ་ཉུང་མཐའ་མི་གཉིས་བསད་ཡོད་པ་མ་ཟད། བོད་མི་ཞིག་གིས་རང་ལུས་མེར་བསྲེག་གཏོང་རྩིས་བྱས་པའི་གནས་ཚུལ་བོད་ནང་གི་གནས་ཚུལ་ཡོང་ཁུངས་ཤིག་ནས་བརྗོད་ཡོད་ལ། དེ་བཞིན་བོད་ཀྱི་དུས་བབ་ནང་ཁམས་བྲང་མགོ་གེ་འཕན་ལུ་ཁོག་མ་དང་ནོར་པ་ས་ཁུལ་བཅས་ཀྱི་བོད་མི་ཚོས་བོད་ཀྱི་རྒྱལ་དར་འཕྱར་བཞིན་ “ བོད་ལ་རང་དབང་དགོས། ” ཞེས་རྒྱ་ནག་གཞུང་ལ་ཞི་བའི་སྐད་འབོད་བྱས་སྐབས། རྒྱ་ནག་ཉེན་རྟོག་མི་སྣས་མེ་མདས་བརྒྱབ་ཏེ་མིང་ལ་ཡོན་ཏན་ཞེས་པའི་བོད་མི་ཞིག་དམར་གསོད་བཏང་བ་དང་། དགེ་འདུན་པ་ ༣ ལ་རྨས་སྐྱོན་ཚབས་ཆེན་བཟོས་འདུག་ཟེར། ད་ལྟའི་ཆར་ས་གནས་བོད་མི་ཚོས་ཡོན་ཏན་ལགས་ཀྱི་སྐུ་ཕུང་བྲག་མགོ་དགོན་དུ་ཉར་ཐུབ་ཡོད་པ་ལས། དགེ་འདུན་པ་གཞན་རྣམས་ཀྱི་ཤི་གསོན་གྱི་གནས་སྟངས་གང་ཡང་ཤེས་རྟོགས་མི་འདུག་ལ། དེ་རིང་གི་ལས་འགུལ་ཁྲོད་ཉེན་རྟོག་པས་ཁྱོན་བསྡོམ་བོད་མི་ ༢༠༠ ཙམ་འཛིན་བཟུང་བྱས་འདུག་ཟེར། ད་ལྟའི་ཆར་ཁམས་བྲག་མགོ་རྫོང་དུ་རྨས་སྐྱོན་ཕོག་པ་གང་མང་ཞིག་ཡོད་འདུག་པ་དང་། དེའི་ནང་ནས་བྲག་མགོ་དགོན་པའི་སྨན་པ་རྒན་བསྟན་འཛིན་དར་རྒྱས་ཞེས་པར་རྒྱ་དམག་གི་མེ་འདའ་ཕོག་ཡོད་པ་དང་། ད་ལྟའི་ཆར་ཁོག་ནས་མདེའུ་འདོན་མ་ཐུབ་པར་ཁོང་གི་གནས་སྟངས་ཛ་དྲག་ཏུ་གྱུར་ཡོད་འདུག དེ་ལས་མང་།»

རྨོག་རུ་བསྟན་པ།
ཕྱི་ལོ་༢༠༡༡།༡༠།༡༤་ཉིན་མཚོ་སྔོན་ཞིང་ཆེན་གྱི་སྤྱི་བདེ་ཉེན་རྟོག་པ་ཁག་ཅིག་ཡོང་སྟེ་དགེ་བཤེས་ཚུལ་ཁྲིམས་རྒྱ་མཚོ་ལགས་ཁྲི་ཀ་རྫོང་ཁོངས་སྟོང་ཆེ་སློབ་གྲྭ་ནས་བཙན་ཁྲིད་བྱས་ཡོད་པ་དང་། ཟི་ལིང་གི་ས་ཁུལ་ཞིག་ནས་ཉིན་གྲངས་བཅོ་ལྔའི་རིང་མཚན་མོའི་གཉིད་བཀག་པ་སོགས་སྡུག་སྦྱོང་སྣ་ཚོགས་བཏང་སྟེ་ཚ་འདྲི་འཛིན་བཟུང་བཀག་ཉར་བྱས་ཡོད་པ་རེད།
འཛིན་བཟུང་སྐབས་དགེ་བཤེས་ལགས་ཀྱི་གཟུགས་གཞི་བདེ་བོ་བྱུང་མེད་པ་དང་། ཉེན་རྟོག་པས་ཟླ་གསུམ་རིང་ཕྱི་མི་ལ་འབྲེལ་བ་བྱེད་མི་ཆོག་པ་དང་། ས་གནས་གང་ཞིག་ཏུ་འགྲོ་དགོས་ཚེ་ས་གནས་ཉེན་རྟོག་ལས་ཁུངས་སུ་ཐོ་འགོད་བྱེད་དགོས་པ་སོགས་ཀྱི་མིང་རྟགས་བཀོད་དུ་བཅུག་པ་དང་། ནང་མིར་འགན་ལེན་བྱེད་དུ་བཅུག་རྗེས་སྨན་བཅོས་ཆེད་བཏང་ཡོད་པ་རེད། ཟི་ལིང་ཞིང་ཆེན་གྱི་སྨན་ཁང་གཉིས་པའི་ནང་ཟླ་གཉིས་ལྷག་རིང་བསྡད་རྗེས་མནར་གཅོད་ཕོག་པའི་གཟུགས་གཞི་སྔར་བཞིན་སོས་ཙམ་བྱུང་སྟེ་ཕ་ཡུལ་དུ་ལོག་ཡོད་ནའང་། ༢༠༡༢།༡།༢༢་ཉིན་གྱི་བོད་ནང་གི་ཞོགས་པའི་ཆུ་ཚོད་༧་ཡོལ་ཙམ་ལ་བློ་བུར་ཟུག་གཟེར་དྲག་པོ་ཞིག་གིས་སྨན་ཁང་དུ་འཁྱེར་ལོངས་མ་བྱུང་བར་ཕ་ཡུལ་ནས་སྐུ་གྲོངས་ཡོད་འདུག འདིའི་ཐད་འབྲེལ་ཡོད་རྣམས་ཀྱིས་ཁོང་ལ་དུག་ཕོག་པས་དོགས་གཞི་བྱེད་ཀྱིན་ཡོད་པ་དང་། སྐུ་གྲོངས་ཚེ་ཤ་མདོག་ཆ་ཚང་ནག་པོ་ཆགས་ཡོད་འདུག དེ་ལས་མང་།»
སྦྲ་རིགས་ཐོགས་མེད།
༅༅།། མཁྱེན་དཔྱོད་དང་ལྷག་བསམ་ཟུང་གིས་རབ་ཏུ་ཕྱུག་པའི་བོད་ཀྱི་རྩོམ་པ་བོ་རྒན་གཞོན་ཕོ་མོ་ཡོངས་ཀྱི་སྙན་ལམ་དུ།
ཆེད་དུ་ཞུ་སྙིང་།
རང་རེ་བོད་མི་རིགས་ཀྱི་རྒྱལ་གཅེས་སྙིང་སྟོབས་ཀྱིས་རབ་ཏུ་ཕྱུག་པའི་རླབས་ཆེན་དཔའ་བོ་དཔའ་མོ་གང་མང་ཞིག་གིས་འདི་ལྟར་འགྲོ་བ་མིའི་རིགས་སྤྱི་ལ་ཐུན་མོང་དུ་དབང་བའི་རང་དབང་དང་ཐོབ་ཐང་འཐབ་རྩོད་སླད་དུ། རང་ཉིད་ཀྱི་གཅེས་བའི་མི་ལུས་རིན་པོ་ཆེའང་ཕངས་སེམས་མེད་པར་སྙིང་སྟོབས་ཀྱི་མེ་རུ་བསྒྲོན་དང་སྒྲོན་བཞིན་ཡོད། གནད་དོན་འདི་ནི་འཛམ་གླིང་རང་དབང་འཐབ་རྩོད་ཀྱི་ལོ་རྒྱུས་ཁྲོད་དུ་གཟི་འོད་འཚེར་བའི་རླབས་ཆེན་གྱི་ཞབས་རྗེས་རེ་རེ་ཡིན་ཨང་།
དེའི་ཕྱིར། ང་ཚོ་གཞོན་སྐྱེས་ཁ་ཤས་ཀྱིས་མཉམ་འབྲེལ་གྱིས་མི་རིང་བར་༼འབར་གྱིན་པའི་བོད་༽ཅེས་པའི་དཔྱད་རྩོམ་ཕྱོགས་བསྒྲིགས་ཀྱི་དམིགས་བསལ་ཆེད་དེབ་ཅིག་འདོན་སྤེལ་བྱེད་རྒྱུ་ཡིན་ལ། ཆེད་དེབ་དེའི་འདིའི་དམིགས་ཡུལ་གཙོ་བོ་འཛམ་གླིང་འཐབ་རྩོད་ལོ་རྒྱུས་ཁྲོད་ཀྱི་རང་ལུས་མཆོད་འབུལ་གྱི་འཐབ་རྩོད་སྤྱི་དང་། བྱེ་བྲག་རང་རེ་བོད་ཀྱི་སྤུན་ཟླ་མང་བོ་ཞིག་གིས་རླབས་ཆེན་འཐབ་རྩོད་འདི་ལག་ལེན་དུ་བསྟར་བའི་གནད་དོན་ལ་ཕྱོགས་ཡོངས་ནས་ཞིབ་འཇུག་འཚོལ་ཞིབ་བྱས་པའི་དཔྱད་རྩོམ་སྤུས་ལེགས་གང་མང་ཕྱོགས་བསྒྲིགས་བྱེད་རྒྱུ་དེ་ཡིན། དེ་ལས་མང་།»

བོད་ནས་འབྱོར་བ།
དེ་སྔོན་རྒྱ་ནག་གིས་སྤྲུལ་བསོད་བྷའི་རང་ལུས་མེ་རུ་སྒྲོན་པ་དེ་ནི་བརྩེ་དུང་གིས་དོན་དུ་རང་ཤི་རྒྱབ་པ་ཡིན་ཚུལ་དང་། ཡང་ས་ཆ་སོ་སོ་ནས་མགོ་ལོག་དར་ལག་ཏུ་ཁོང་གི་ཡུལ་བར་སྐྱིད་སྡུག་མཉམ་མྱོང་གི་སེམས་གསོའི་འགྱོད་རྟེན་ཕུལ་བར་འགྲོ་མི་ཚོར་སྤྱུལ་སྐུ་བསོད་པ་ལ་འགོས་ནད་ཚབས་ཆེན་ཡོད་པ་དང་། ནད་ཀྱི་དབང་གིས་འདི་ལྟར་རང་ཤི་རྒྱབ་པ་ཡིན་པས་ཐུག་འབྲེལ་མི་ཉན་རབས་བཤད་ནས་འགོག་ཅི་ཐུབ་བྱས་ཡོད་། ས་གནས་མགོ་ལོག་གི་གྲྭ་གྲོང་སུ་ལ་དྲིས་ན་སྤྲུལ་རིན་པོ་ཆེ་མཆོག་ནི་ཁོང་ཚོ་སྐྱབས་མེད་པ་རྣམས་ཀྱི་སྐྱབས་དང་།མགོན་མེད་པ་རྣམས་ཀྱི་མགོན་ཡིན། ཁོང་འདི་ལྟར་སྐུ་གཤེགས་སོང་བ་ནི་ཁོ་ཚོ་མགོ་ལོག་ཕྱོགས་ཀྱི་དགོན་གྲོང་ཡོངས་ཀྱི་གྱོང་གུད་ཡིན་རབས་བཤད་ནས་རང་དབང་མེད་པར་མིག་ནས་མཆི་མ་བཞུར་འདུག དེ་མིན་ཁོང་བརྩེ་དུང་གི་དྲ་རྒྱ་ལ་ཚུད་ཡོད་པ་དང་། འགོས་ནད་ཚབས་ཆེན་ཡོད་རབས་ཞིག་གོ་རྒྱུ་མེད།
གལ་དེ་འཛམ་གླིང་འདི་ན་དཀར་ནག་གི་དབྱེ་བ་འབྱེད་མཁན་གྱི་མི་ཆེན་དང་དཔོན་ཆེན་རྒྱལ་ཁབ་དང་ཚོགས་པ་ཅི་ཞིག་ཡོད་སྲིད་ན། ད་ལྟ་ཁོང་གིས་འདའ་ཁའི་ཞལ་ཆེམས་དངོས་མ་འདི་ལ་གཟིགས་ནས་བདེན་རྫུན་གྱི་དབྱེ་བ་ལེགས་པོ་ཞིག་འབྱེད་པར་ཞུ་ཞུ་ཞུ།
འདི་ནི་ཉམས་ཆུང་བའི་མི་རིགས་ཞིག་གི་ངུ་ངག་གིས་ཞུ་བ་ཡིན། འདིས་རྒྱ་ནག་སྲིད་གཞུང་དང་བོད་མི་རིགས་ཀྱི་གནད་དོན་ཡོད་ཚད་ལ་གསལ་བཤད་བྱེད་ཐུབ།



སྦྲ་རིགས་ཐོགས་མེད།
ཉེ་ཆར་བདག་རྒྱལ་སྤྱིའི་ན་གཞོན་ཤེས་ཡོན་དར་སྤེལ་ཐེབས་རྩ་ཁང་གིས་འདེམས་བསྒྲིགས་བྱས་པའི་ལས་རིམ་ཞིག་བརྒྱུད་ནས་ལྷོ་ཀོ་རི་ཡ་དང་ཉི་ཧོང་གི་གཙུག་ལག་སློབ་གྲྭ་ཆེན་མོ་ཁག་ཁ་ཤས་སུ་ཟླ་ཤས་རིང་སློབ་སྦྱོང་དང་འགྲུལ་བཞུད་བྱེད་སྐལ་ལྡན་པས།འདིར་བདག་གིས་ཨེ་ཤ་ཡའི་ཡར་ཐོན་ཅན་གྱི་རྒྱལ་ཁབ་འདི་གཉིས་ཀྱི་སྲིད་འབྱོར་རིག་གསུམ་གཙོ་བོར་བྱས་པའི་སྤྱི་ཚོགས་ཀྱི་སྣང་ཚུལ་ཁ་ཤས་རང་གི་མཐོང་ཐོས་མྱོང་གསུམ་དང་སྦྲགས་ནས་ཅུང་ཟད་ཅིག་བཤད་འདོད་བྱུང་།རྩོམ་ཡིག་འདི་ཡང་དྲ་ལམ་གྱི་བོད་ཡིག་ཁྱབ་རྒྱ་ཆེ་རུ་གཏོང་བའི་ལེགས་སྐྱེས་ཀྱི་ཆུ་ཐིགས་ཙམ་ཞིག་དང་བོད་ཡིག་བརྒྱུད་ནས་འཛམ་གླིང་ལ་ལྟ་མཁན་གྱི་ཀློག་པ་བོ་དག་ལ་ཕུལ་བའི་འགྲུལ་བཞུད་པ་ཞིག་གི་ལེགས་སྐྱེས་ཡིན་ཞེས་ཀྱང་བརྗོད་ཆོག
ད་ལྟའི་ཨེ་ཤ་ཡའི་ས་ཁུལ་ཁྱོན་ཡོངས་དང་ཐ་ན་ནུབ་ཕྱོགས་སྤྱི་ཚོགས་སུ་ཡང་ཤུགས་རྐྱེན་ངེས་ཅན་ཐེབས་བཞིན་པའི་ཤར་མཐའི་རྒྱལ་ཁབ་ཆུང་ངུ་འདིའི་མིང་ལ་ལྷོ་ཀོ་ར་ཡ་(SouthKorea-PRK대한민국)ཟེར། སྤྱིའི་མི་འབོར་ས་ཡ་ལྔ་བཅུ་ལྷག་(༥༠,༠༠༠,༠༠༠)བརྒལ་ཅིང་མི་མང་ཁྱོན་ཡོངས་ཀྱིས་ཧན་གོ(Hangul-대한민국)སྐད་ཡིག་བེད་སྤྱོད་གཏོང་བཞིན་པའི་རྒྱལ་ཁབ་འདིའི་ཤར་ཕྱོགས་སུ་ཉི་ཧོང་དང་།ལྷོ་ཕྱོགས་སུ་རྒྱ་ནག་རྒྱ་མཚོ།ནུབ་ཕྱོགས་སུ་རྒྱ་ནག བྱང་ཕྱོགས་སུ་ནུབ་ཀོ་རི་ཡ་བཅས་ཀྱིས་བསྐོར་ཡོད། ད་ལྟ་ང་ཚོས་བེད་སྤྱོད་གཏོང་བཞིན་པའི་དབྱིན་སྐད་ཀྱི་ཀོ་རི་ཡ་(korea)ཞེས་པའི་མིང་འདི་གནའ་བོའི་ཀོ་རི་ཡའི་གྷོར་ཡས་(Goryeo Dynasty) རྒྱལ་རབས་ཀྱི་སྐབས་སུ་བྱུང་ཞིང་།སྐབས་དེར་གཞི་ནས་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ལུང་པ་འདི་ལ་དོ་སྣང་བྱེད་འགོ་ཚུགས། དེ་ལས་མང་།»


སྤྱན་ཆབ།
…. ཕ་ཡུལ་ཀྱི་ལོ་སར་ལ་གྱེས་སུ་སྟབས་པ།
རྡོར་གདན་གྱི་ཁ་རླངས་དཀར་པོ་དེ་རྔུབ་པར་བསམ་བཞིན་དུ།
རྡོར་གདན་ནས་ཚོར་ཤེས་འཁྱགས་པ་མང་དུ་འཐུང་དགོས་བྱུང་།
ཡིད་ཀྱི་སྐྱོ་བ་དག་གིས་ཀྱང་རང་ཉིད་ཀྱི་མིད་པ་འགག་ཅིང་རྣ་ཁུང་དུ་ཚ་སྦྲིད་བརྒྱབ།
སྔོན་གྱི་ཚེ་ན འདི་ག་ནས་འོད་ཀྱི་མིག་ཟུང་འཐོར་བར་བཤད་ལ།
སྐྱེས་ཆེན་དག་གི་ཞབས་ཀྱིས་བཅགས་པའི་ས་ལེབ་མོ་འདིའང་འོད་ཀྱིས་ཁེངས་པར་གླེང་།
ད་ལྟར་འཚོ་བའི་འགྲུལ་བཞུད་པ་མང་དག་ཅིག་གིས།
རང་ཉིད་དང་ཧམ་པའི་སློང་བཟེད་འདི་རུ་བསྐྱལ་ན་ཡང་།
“བྷིའི་ཧར”བ་དག་གི་ངན་ཇུས་དང་རྣམ་འགྱུར་རེ་རེས་ཡོད་ཚད་ཁོང་ཁྲོར་བསྒྱུར
གནས་མཇལ་ཚོས་ཀྱང་རང་ཉིད་ཀྱི་སློང་བཟེད་དུ་མི་གཙང་བའི་ལྗན་ལྗིན་ཁོ་ན་བཏུས
དེ་ལས་མང་།»