
མི་ཉག་རིག་འཛིན།
ང་རང་ལོ་ན་བདུན་ཡིན་དུས་ཁུ་བོས་ཀ་ཁ་སློབ་མགོ་བརྩམས།དེ་དུས་སྣག་ཤོག་སོགས་ཀྱི་མཐུན་རྐྱེན་མ་འཛོམས་པ་གང་ཡིན་ཆ་མ་འཚལ་མོད།སཾ་ཊ་རྙིང་བ་ཞིག་གི་ཐོག་དབྱངས་གསལ་སོགས་ཀྱི་ཡིག་གཟུགས་རྣམས་དབུ་ཅན་ཐོག་བྲིས་ཏེ་སློབ་པར་གནང༌།
ཉིན་ཞིག་གང་ནས་ཁྱེར་ཡོང་མ་ངེས་ཀྱང་ཧ་ཅང་རྙིང་ཧྲུལ་དུ་གྱུར་ཅིང་མདུན་ཤོག་པགས་པའི་སྟེང་“སྐད་ཡིག”ཅེས་པའི་ཡིག་འབྲུ་གཉིས་མངོན་གསལ་དུ་ཡོད་པའི་སློབ་དེབ་ཅིག་ཁུ་བོས་ང་ལ་གནང་བྱུང༌།ངེད་ནས་བོད་ཡིག་གི་སློབ་དེབ་མགོ་བཙེམས་མཐོང་བ་དང་པོ་དང༌། ཁུ་བོས་སཾ་ཊའི་ཐོག་བསླབས་མྱོང་བའི་དབྱངས་གསལ་སོགས་ཕལ་ཆེ་ཞིག་དཔེ་ཆ་དེའི་ནང་ཡོད་སྟབས་ཧ་ཅང་དགའ་བོ་བྱུང༌།
དཔེ་དེབ་རག་པའི་ཉིན་མོ་དེ་ནས་ཁུ་བོ་ངེད་གཉིས་ཀྱིས་ཐལ་རྡུལ་འཚུབ་འཚུབ་ངང་སམ་ཊའི་སྟེང་བོད་ཡིག་སློབ་མཚམས་བཞག་སྟེ།སློབ་དེབ་དེ་ནང་ཡོད་པའི་ཡིག་འབྲུ་རྣམས་ཁུ་བོས་རེ་རེ་བཞིན་ཚེག་འདེད་ཀྱིས་ང་ལ་ཕྲལ་ཀློག་དང་སྦྱོར་ཀློག་གཉིས་རིམ་ཅན་དུ་བསླབས་པར་བརྟེན་དཔེ་དེབ་ནང་གི་སློབ་ཚན་རྣམས་བྱང་ཆུབ་པ་བྱུང༌།དེ་ཙམ་ཞིག་ནས་རང་ཉིད་ཀྱིས་བོད་ཡིག་ཁྱར་ཁྱོར་ཞིག་འབྲི་ཀློག་ཤེས་པར་གྱུར།
རང་ལོ་བཅུ་གཉིས་ཐོག་དགོན་པར་སླེབས་དུས་གྲྭ་ཕྲུག་གཞན་དག་ལས་རང་ཉིད་ཀློག་ལ་བྱང་ཆ་ལྡན་པ་དང༌།དགེ་རྒན་ཚོའི་མདུན་ནས་ཀྱང་བསྔགས་བརྗོད་ཐོབ་ཀྱི་ཡོད་པས་ང་རྒྱལ་གྱི་ཁེངས་པ་ཅི་བས་ཆེ། དེ་ལས་མང་།»
སྒ་བུ།
ཉེ་བའི་ལོ་ཤས་སྔོན་ནས་བཟུང་བོད་ཀྱི་ཤེས་ལྡན་པ་དག་གིས་རང་རང་གི་བློ་གྲོས་རྩལ་དུ་བཏོན་ནས་གླེང་བརྗོད་རེ་སྤེལ་བཞིན་ཡོད་པ་ནི་ཤིན་ཏུ་དགའ་འོས་པའི་དོན་བཟང་ཞིག་ལོས་ཡིན།ཡིན་ནའང༌།ལ་ལས་སྤོབས་པ་ཞེས་གླེན་རྟགས་ཡ་ང་བ་སྟོན་གྱིན་ཡོད་ལ།ལ་ལས་ལ་རྒྱ་ཞེས་རང་རིགས་ནང་ཁུལ་དུ་ཕྱོགས་རིས་བཟུང་ནས་མཐུན་སྒྲིལ་གྱི་འདབ་ལོ་གཏོར་གྱིན་ཡོད།བོད་ཀྱི་བུད་མེད་ལ་ཐོབ་ཐང་མེད་ཚུལ་སྨྲ་བ་ནི་དེའི་ནང་གི་གཅིག་ཡིན་ལ།ཤེས་རློམ་པ་རེ་འགའི་རྗེས་སུ་ཕྱོགས་རྒྱུགས་རང་ལུགས་པ་བསྣན་ཏེ།བུད་མེད་ཅེས་པའི་ཐ་སྙད་འདི་ལ།བུད་མེད་ཅེས་པ་ཐོག་ཏུའམ་གོང་དུ་བུད་རྒྱུའམ་འབུད་རྒྱུ་མེད་པའི་དོན།མཚན་མ་ཕྱི་རུ་བུད་མེད་པས་ན་བུད་མེད་ཟེར།ཞེས་ལོག་འགྲེལ་བརྒྱབས་ཏེ།བསམ་བློ་ནག་པོ་ཞིག་གི་གཞི་བཏངས་ནས་བོད་འབངས་ཕོ་མོ་གཉིས་ཀྱི་བར་ལ་རྩོད་པ་ཞིག་འཕེན་གྱིན་ཡོད།སྤྱིར་མིའི་རིགས་ཀྱི་ཕོ་མོ་གཉིས་བཤད་མ་དགོས།འགྲོ་བ་སྤྱི་ལ་འདྲ་མཉམ་ཡོང་དགོས་པའི་སྨོན་འདུན་གཙང་མ་འདི་སེམས་ལྡན་ཀུན་ལ་ཡོད་འོས་པའི་རིན་ཆེན་ནོར་མཆོག་ཅིག་ཅི་ལ་མིན།ཡིན་ཀྱང་མིའི་རིགས་ཀྱི་འགྲོ་བ་ཕོ་མོ་གཉིས་ཀྱི་ལུས་ཀྱི་གྲུབ་སྟངས། གཤིས་ཀྱི་འགྱུར་བ།རིག་པའི་མྱུར་ཚད། ཡང་ན་ནད་ཀྱི་མང་ཉུང་སོགས་མི་འདྲ་ས་མང་བའི་ངན་ཁག་སུ་ལ་འགེལ།ངས་འདིར་བོད་ཀྱི་བུད་མེད་ལ་ཐོབ་ཐང་ཡོད་ཅེས་བཤད་མི་ཐུབ་མོད།མི་རིགས་གཞན་ལས་བུད་མེད་ཀྱི་ཐོབ་ཐང་སྡུག་ཤོས་ཤིག་མིན་པ་གསལ་ཐག་ཆོད་པས་སྨྲ་ཐུབ། རྒྱུ་མཚན་གང་ཡིན་ཟེར་ན། སྔོན་རྒྱ་གར་དུ་ཁྱོ་ག་འདས་ཚེ།ཆུང་མ་གསོན་པོར་ཁྱོ་གའི་བེམ་པོ་དང་ལྷན་དུ་དུར་འཇུག་བྱེད་པ།ཡང་ན་རྒྱ་ནག་གིས་བུད་མེད་ཚོའི་རྐང་མགོ་དར་གྱིས་བཅིངས་པ་སོགས་ཡ་ང་བའི་སྣང་ཚུལ་དེ་འདྲ།ང་ཚོ་བོད་པ་ཚང་གི་ལོ་རྒྱུས་ནང་བྱུང་མྱོང་ཡོད་པ་མ་རེད།བོད་ཀྱི་བུད་མེད་ཀྱིས་ཁྱིམ་ལས་དང༌།སྐྱེས་པས་རི་ལས་བྱེད་པ་ནི།གནའ་སྔ་མོ་ནས་བཟུང་བོད་ཀྱི་འཚོ་བའི་ཉམས་མྱོང་ལས་བྱུང་བའི་ལས་བགོས་ཤིག་ཡིན་པས། དེ་ལས་མང་།»

མི་ཤེས་པ།
གཡག་ལ་མཐོ་སྒང་གི་གྲུ་གཟེངས་ཞེས་འབོད་ཀྱིན་ཡོད་ལ།དེ་ལྟར་བོས་ན་ངོ་མ་དོན་དང་ལྡན་པ་ཞིག་རེད།མཐོ་སྒང་དུ་འཚོ་གཞེས་གནང་ཡོད་པ་ནི་འབྲོག་མི་ཡིན་ལ།འབྲོག་མི་ནི་ཕྱུགས་ཀྱི་ཆེད་དུ་ནམ་ཟླ་དང་བསྟུན་ནས་དུས་བཞིར་རྩྭ་ཆུའི་ཆེད་དུ་རུ་བ་སྤོར་བསྐྱོད་བྱེད་དགོས་ལ།རུ་བ་སྤོར་བསྐྱོད་བྱེད་ན་ངེས་པར་དུ་གཡག་ལ་མ་བརྟེན་ན་སྤོར་བསྐྱོད་བྱེད་དཀའ།འབྲོག་མིའི་རུ་བ་སྤོར་བསྐྱོད་ཀྱི་གནས་གཙོ་བོ་ནི་རི་ལུང་རྫ་གསེབ་ཁག་ཡིན་ལ།རི་ལུང་རྫ་གསེབ་ནི་གྲོག་རོང་དང་གཡང་གཟར།ན་འདམ་དང་ན་རྐོང༌།གྲམ་པ་དང་འདམ་བག་སོགས་ཀྱིས་ལམ་བདེ་བོ་མེད་པས།འཕྲུལ་ཆས་རིགས་འགྲོ་མི་ཐུབ།དེའི་རྐྱེན་གྱིས་འབྲོག་མིའི་རུ་བ་སྤོར་བསྐྱོད་བྱེད་ན་ངེས་པར་དུ་རྟ་ནོར་སོགས་སྒོ་ཕྱུགས་ལ་བརྟེན་དགོས།སྒོ་ཕྱུགས་ཀྱི་ནང་ནས་ཀྱང་རི་ལུང་རྫ་གསེབ་ཁག་ཏུ་ནམ་ཡང་འཚོ་བསྡོད་བྱས་པའི་གཡག་མ་གཏོགས་འབྲོག་མིའི་འཚོ་ཆས་ཁུར་ནས་ལམ་མི་བདེ་བ་དེ་དག་བརྒྱུད་ནས་འགྲོ་ཐུབ་མཁན་མེད།དེ་བས་འབྲོག་མི་དང་གཡག་གི་བརྩེ་བ་ཟབ་ལ།གཡག་ནི་འབྲོག་མི་ལ་མེད་དུ་མི་རུང་བའི་ངེས་པ་དོན་གྱི་མཐོ་སྒང་གི་གྲུ་གཟེངས་ཀྱང་ཡིན།
དེ་ལས་མང་།»
སྒ་བུ།
བོད་ཀྱི་ལབ་ཙེ།
ལབ་ཙེ་ནིབོད་ཀྱི་ཐུན་མོང་མ་ཡིན་པའི་ཡུལ་སྲོལ་ཞིག་སྟེ།གཞི་བདག་གི་ཁྱིམ་གཞི་ལྟ་བུ་ཡིན་ལ།ལབ་ཙེ་རྩིག་སྲོལ་ལ་ཅུང་མི་འདྲ་བ་ཡོད་མོད་དེ་ནི་ཡུལ་བྱེ་བྲག་གི་སྲོལ་ཡིན།རྩིག་པའི་གནས་ལ་དབྱེ་བ་གསུམ་འདུག་ལ།འདི་ལ་རྒྱུན་མཚན་ཡང་བཤད་དུ་ཡོད་དེ།མི་རྒྱུད་ལ་དཔའ་བོ་དང་བཙན་པོ་སྐྱེ་དགོས་ན་རི་རྩེར་བརྩིགས།སྲི་གཅོད་པའི་ཆེད་དུ་ཉག་ཁར་བརྩིགས།ཕྱུག་པོར་འགྱུར་བའི་ཆེད་དུ་རི་ཤོད་དུ་བརྩིགས།བོད་ཀྱི་མཁས་པ་ལ་ལས།གནའ་སྔ་མོར་དཔའ་བོ་གཡུལ་དུ་བསད་པའི་སར་རྗེས་དྲན་གྱི་ཚུལ་དུ་ས་རྡོ་སྤུངས་ནས་དེའི་སྟེང་དུ་མཚོན་ཆ་བཙུགས་ནས་འཇོག་པ་ཆོས་ལུགས་སུ་འདྲས་པར་བཤད་པ་དང༌།ཡང་ལ་ལས་ཀོང་ཙེ་འཕྲུལ་གྱིས་རྒྱལ་བོས་ཉིན་གཅིག་ལ་ལབ་ཙེ་བརྒྱ་རྩ་བརྒྱད་རྫུ་འཕྲུལ་གྱིས་བཞེངས་པས་དེ་ནས་བཟུང་ལབ་ཙེ་དར་བཤད།ཀྱེ་ཏུ།དཔའ་མཁར།ལབ་ཙེ་འམ་ལབ་རྩེ་ནི་དོན་གཅིག་མིང་གི་རྣམ་གྲངས་ཡིན། ལབ་ཙེ་རྩིག་པའམ་བསྟོད་པ་ཞིབ་མོར་ཤེས་འདོད་ན།ལབ་ཙེའི་ཆོ་གར་གཟིགས་པར་ཞུ།
དེ་ལས་མང་།»
སྒ་བུ།
༡
ཨ་རིའི་ཙོང་ཐུང་ཨང་རིམ་བཅུ་དྲུག་པ་ལིན་ཁེན་གྱིས།རིན་ཆེན་གསེར་ནི་ཧ་ཅང་རྩ་ཆེན་པོ་ཡིན་མོད་ཀྱང༌།སྐྱེས་སྟབས་དཔལ་འབར་བའི་རྒྱལ་གཅེས་རིང་ལུགས་པ་དག་ནི་རིན་ཆེན་ལས་ཀྱང་རྩ་ཆེ་བའོ།།ཞེས་པ་ལྟར།ང་ཚོའི་རྒྱལ་གཅེས་རིང་ལུགས་པ་ཆེན་མོ་ཀུན་གཟིགས་པན་ཆེན་ཐམས་ཅད་མཁྱེན་པ་བློ་བཟང་འཕྲིན་ལས་ལྷུན་འགྲུབ་ཆོས་ཀྱི་རྒྱལ་མཚན་མཆོག་གིས།ལས་ལ་བརྩོན་ཞིང་དཔའ་ངར་ལྡན་པའི་བོད་མི་རིགས་ཀྱི་བུ་རབས་ཚ་རྒྱུད་ཀྱི་མཚན་སྙན་ལ་གནོད་པའི་ཤུལ་རྗེས་ཕྲ་མོ་ཙམ་ཡང་ངའི་ལོ་རྒྱུས་ནང་མི་འཇོག་པའི་དམ་བཅའ་བཞག་ཡོད།ཅེས་རླབས་ཆེ་བའི་གསུང་གི་ང་རོ་དང་བོ་དེ།ང་བརྒྱད་དང་རིག་གསར་གྱི་དཀར་ནག་གོ་ལྡོག་གི་ཁྲོད་ནས་བསྒྲགས་ཤིང༌།སྙིང་སྟོབས་ཀྱི་གོ་ཆ་སྐུ་ལ་མནབས་ཏེ།བདེན་དོན་གྱི་དར་ཆ་ཕྱག་ཏུ་འཕྱར་ནས།ལོ་ངོ་ཆིག་སྟོང་ལག་གི་རིང་སྔོན་བྱོན་མཁས་པ་ཁྲི་ཕྲག་གིས་འབད་འབུངས་ཀྱིས་གསར་གཏོད་མཛད་དེ་ཤུལ་དུ་བཞག་པའི་བརྡ་སྤྲོད་ཀྱི་ནུས་པ་དང༌།གཅིག་གྱུར་གྱི་རང་བཞིན།གོ་བདེ་དོན་ཟབ་ཀྱི་ལེགས་ཆ་བཅས་གང་ཐད་ནས་མི་དམན་པའི་བོད་ཡིག་དེ།རྒྱུ་མཚན་མེད་པར་ཝ་སྐྱེས་སེང་གེར་རློམས་མཁན་གྱིས་རང་འདོད་ལྟར་རྩེད་མོ་བརྩེས་པ་ནི་ཧ་ཅང་མི་འོས་པ་ཞིག་རེད།ཅེས་དང༌།སྐུ་གསུང་ཐུགས་རྟེན་གྲངས་མེད་མེར་བསེགས་པ་དང༌།ཆུར་བསྐྱུར་བ།ས་ལ་དབྱུགས་ནས་གཏོར་བཤིག་དང༌།བཞི་སྦྱངས་སོགས་བྱས་ཡོད།དགོན་སྡེ་དང་ལྷ་ཁང༌།མ་ནི་རྡོ་ཕུང༌། དེ་ལས་མང་།»
བོད་ཁྲག
གློ་བུར་དུ་ལག་པར་གྱི་སྒྲ་དབྱངས་བསྒྲགས་བྱུང་བས་སུ་ཡིན་སྙམ་བཞིན་བླངས་པ་ན།ཨ་རིའི་ཉིག་ཡོག་གྲོང་ཁྱེར་ན་ཡོད་པའི་
བདག་གི་གྲོགས་པོ་ཞིག་སྟེ།ནམ་རྒྱུན་ལྟར་ཕན་ཚུན་ལ་བདེ་འཚམས་རེ་ཞུས་རྗེས་སྔོན་གྱི་འཕྲོ་མཐུད་ནས།ནང་བའི་ཆོས་ལུགས་
དང་ཚན་རིག་བར་གྱི་བགྲོ་གླེང་བྱེད་སྐབས།གྲོགས་པོ་ལགས་ཀྱིས་ཚན་རིག་པའི་སྐྱེས་མཆོག་སྐུ་ཞབས་ཉེས་ཏུན་ལགས་ཀྱིས་
སའི་གོ་ལའི་འཐེན་ཤུགས་རྙེད་ཚུལ་ལས་བརྩམས་ཏེ།སྐད་ཆ་མང་བོ་ཞིག་བཤད་པ་མ་ཟད།མཐར་ང་ཚོ་བོད་ཀྱི་མིང་ཚིག་ས་
གཞིའི་མིང་ལ་འཛིན་མ་ཞེས་པ་དེར་ཁྱོད་ལ་འགྲེལ་རྒྱག་རྒྱུ་ཨེ་ཡོད་དམ་ཞེས་མ་བསམས་ས་ནས་དྲི་བ་མགོ་ཡོམ་འཁོར་འདྲ་
ཞིག་འཕངས་སོང༌།《བོད་རྒྱ་ཚིག་མཛོད་ཆེན་མོ》དང༌《དགེ་བཤེས་ཆོས་ཀྱི་གྲགས་པས་བརྩམས་པའི་བརྡ་དག་མིང་ཚིག་གསལ་བ》འི་ནང་དུ་འང་འཛིན་མ་ནི་ས་གཞིའི་མིང་ཡིན་ཞེས་པ་ཙམ་ལས་གང་ཡང་མི་འདུག《དུང་དཀར་ཚིག་མཛོད་ཆེན་མོ》རུ།འཛིན་མ།ས་གཞིའི་མིང་སྟེ།གཟུགས་སྒྲ་དྲི་རོ་རེག་བྱ་ལ་སོགས་པའི་ལོངས་སྤྱོད་བྱའི་དངོས་པོ་རྣམས་ས་གཞི་ཆེན་པོ་འདིས་འཛིན་པར་བྱེད་པའི་ཆ་ནས་མིང་དེ་ལྟར་བཏགས་པ། ཞེས་སའི་གོ་ལའི་འཐེན་ཤུགས་ལ་འབྲེལ་བ་ཡོད་པ་བསྟན་འདུག དེ་ནས་བཟུང་འཛིན་མ་ཞེས་པའི་ཐ་སྙད་འདི་ཐོག་མར་འདོགས་མཁན་སུ་ཡིན་ནམ། འཛིན་མ་ཞེས་པའི་ཐ་སྙད་འདི་ཚན་རིག་པ་ཉེས་ཏུན་ལ་འབྲེལ་བ་ཡོད་དམ།འདི་དག་ལ་བདག་གིས་བསམ་གཞིགས་བྱེད་དགོས་བྱུང༌། དེའི་ཕྱིས་སུ་བདག་ལ་རྒྱལ་བའི《བཀའ་འགྱུར》རིན་པོ་ཆེ་ཀློག་པའི་སྐལ་བ་ཐོབ་སྐབས།《དྲི་མེད་ཤྲཱི》ལས། འཛིན་མ་ཞེས་པའི་ཐ་སྙད་འདིའི་འགྲེལ་བ་འདི་འདྲ་ཞིག་མཐོང་སོང༌།འཛིན་མ་ཞེས་པ་སའི་ཁམས་ལས་བྱུང་བ་ལུས་ཀྱི་དབང་བོས་རླུང་གི་ཁམས་ལས་བྱུང་བའི་ཡུལ་རེག་བྱ་འཛིན་པར་བྱེད་དེ་ཡུལ་དང་ཡུལ་ཅན་རྣམས་ཀྱི་གཟུང་བ་དང་འཛིན་པའི་མཚན་ཉིད་ངེས་ པའོ། །ཞེས་པ་འདི་རེད། དེ་ལས་མང་།»
བོད་ཁྲག
༡
ངའི་ལག་ཏུ་དུས་དེབ་ཅིག་ཐོབ་ཚེ།ངས་ཐོག་མར་དུས་དེབ་དེའི་སྟེང་གི་རྩོམ་པ་བོའི་ནང་དུ་མིག་གིས་འཁྱམས་བསྐྱོད་ཐེངས་གཅིག་བྱས་རྗེས།ད་གཟོད་རྩོམ་པ་བོ་གྲགས་ཅན་རྣམས་ཀྱི་ལྗགས་རྩོམ་ལ་ཐོག་མར་འཇུས་པ་ཡིན།དེ་རིང་ངའི་ལག་ཏུ2006ལོའིམཆོད་དབྱངསཞེས་པའི་དུས་དེབ་ཐོབ་སྟེ་རང་གི་རྒྱུན་གོམས་ལྟར་དུ་ཐོག་མར་སྐུ་ཞབས་རྒྱ་གྲོལ་ལགས་ཀྱིསློབ་མ། དུ་བ།ཤི་བཞེས་པའི་ལྗགས་རྩོམ་འདི་བཀླགས་པ་ཡིན།
༢
སྐུ་ཞབས་འདི་བའི་ལྗགས་རྩོམ་འདི་ཉིད་བཀླགས་རྗེས།ངའི་བསམ་བློའི་ནང་དུ་འཁོར་ཡོང་བ་ནི།ང་ཚོའི་ཁྲོད་ན་དུ་བའི་ཉེས་པ་བཤད་མཁན་མང་བོ་འདུག་མོད།དུ་བའི་ཉེས་པ་དོན་གྱིས་ཤེས་མཁན་སྐུ་ཞབས་འདི་བ་གཅིག་པུ་ལས་བྱུང་མ་སོང་བ་དང༌།རང་རིགས་ལ་སློབ་གསོ་རྒྱག་མཁན་མང་བོ་འདུག་མོད།རང་རིགས་ལ་ཤ་ཚ་མཁན་སྐུ་ཞབས་འདི་བ་གཅིག་པུ་ལས་བྱོན་མ་མྱོང་བའི་ཚོད་དུ་འདུག་སྙམ་པའི་ཚོར་བ་ཞིག་བྱུང་བ་དེ་རེད།
༣
སྐུ་ཞབས་འདི་བ་འཇིག་རྟེན་འདི་སྟོང་བའི་ཉེན་ཆེ་བའི་བྱི་དུག་གཉིས་པ་དུ་བ་ཡིན་པ་བོད་ནང་དུ་བསྒྲགས་མཁན་ཐོག་མ་ཡིན་ལ།བོད་རིགས་སློབ་མ་དུ་བའི་སློབ་ཆུང་ནས།དུ་བའི་སློབ་འབྲིང་དང༌།དུ་བའི་སློབ་ཆེན་འགྲིམས་ཏེ།མཐར་དུ་བའི་ཞིབ་འཇུག་པར་གྱུར་ནས་བྱི་དུག་གི་ཚང་ནས་ཤི་བ་མཐོང་མཁན་ཐོག་མའང་ཡིན།ད་དུང་སྐུ་ཞབས་འདི་བ།ང་ཚོའི་སྒྲིག་སྲོལ་དུ་སློབ་མ་དག་གིས་དུ་བ་འཐེན་མི་ཆོག་ཅེས་བཤད་ཡོད་ནའང༌། དེ་ལས་མང་།»
སྒ་བུ།
རབ་མཐོ་གངས་རི་དཀར་པོའི་མུ་ཁྱུད་ཡངས་པོས་མཐའ་མཚམས་དམ་དུ་སྦྲེལ་ཞིང༌།གཡའ་སྤང་ནགས་བྲག་རི་ཕྲེང་ཁོར་ཡུག་ཀུན་ཏུ་མངོན་པར་མཐོ་བ།སྨན་རྩྭ་དང་མེ་ཏོག་སྣ་ཚོགས་ཀྱིས་ཀུན་ནས་བརྒྱན་པའི་སྔོ་ལྗང་སྤང་ཐང་ཡངས་པོར་མུ་མཐའ་བྲལ་ཞིང༌།གཡུ་ཞུན་སྔོ་མེར་འཁྱིལ་འདྲའི་མཚོ་དང་མཚེའུ་གྲངས་མེད་པ།ཕྱོགས་ཕྱོགས་ན་དྭངསས་གཙང་ཡན་ལག་བརྒྱད་ལྡན་གྱི་ཆུ་བོ་ཆེ་ཆུང་ཉིན་མཚན་ཀུན་ཏུ་འབབ་ལ། ས་སྟེང་ན་རྟ་ནོར་ལུག་གསུམ་སོགས་སྒོ་ཕྱུགས་དང༌། སྟག་གཟིག་ཤྭ་འབྲོང་གླ་དགོ་རྣ་གཙོད་སོགས་འཛམ་གླིང་ན་རྩ་ཆེ་བའི་སྲོག་ཆགས་ཤིན་ཏུ་མང་བོ་མཆིས་པ། ས་འོག་ཏུ་གསེར་དངུལ་ཟགས་ལྕགས་སོགས་རིན་ཆེན་གཏེར་ཁ་བྱུར་བརྡོལ་བ། དབྱར་དགུན་སྟོན་དཔྱིད་དུས་བཞིའི་ནམ་ཟླ་གསལ་ཞིང་མཁའ་དབུགས་ཧ་ཅང་གཙང་བ། ནད་མུག་ཉུང་ཞིང་བདེ་འཇགས་ལྡན་པའི་ཡུལ་ཁ་བ་ཅན་གྱི་བདག་པོར་གྱུར་བའི་ང་ཚོ་ཆོལ་གསུམ་བོད་མིའི་སེམས་ཁོང་དུ་གཏན་དུ་མི་ནུབ་པའི་ཟླ་བ་སྟེ། པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་བ་མཆོག་གི་ཐུགས་ཀྱི་བརྩེ་བ་དམར་བོ་ནམ་ཡང་གངས་རིར་དམ་དུ་འཁྱུད་ཡོད་པས། ང་ཚོས་ཁོང་གི་གསུང་གི་འོད་སྣང་དུས་རྟག་ཏུ་དྲན་ངེས། བོད་གནའ་མིའི་གཏམ་དཔེར། སྐྱོན་ལ་མཛུབ་མོ་དང༌། སྐྲངས་ལ་གཏར་ཁའི་དཔེ་ལྟར། པཎ་ཆེན་རིན་པོ་ཆེ་མཆོག་གིས། ཁྱེད་ཚོས་བོད་སྐད་བཤད་པར་ངོ་ཚ་ན། མ་བཤད་ན་ཆོག་ལ། བོད་ལྭ་གྱོན་པར་ངོ་ཚ་ན་དེ་ཡང་མ་གྱོན་ན་ཆོག་མོད། འོན་ཀྱང་ཁྱོད་ཚོས་ཤ་དང་རུས་པ་ཇི་ལྟར་བྱེད་རྒྱུ་ཡིན། ཞེས་པའི་རླབས་ཆེན་གྱི་གསུང་འདི་ནི། ང་ཚོ་ལ་རྣག་ཐོག་གཙག་ཁེལ་དུ་སོང་ཡོད་པས། ང་ཚོ་བོད་ཀྱི་བུ་ཤ་གསེང་ན་རུས་དང་རུས་གསེང་ན་རྐང་ཡོད་པ་ཞིག་ཡིན་ན། ང་ཚོས་ངེས་པར་དུ་པཎ་ཆེན་རིན་པོ་ཆེ་མཆོག་གི་རིན་ཐང་བྲལ་བའི་གསུང་འདི་དང་ལེན་བྱ་དགོས། ང་ཚོས་འདི་དང་ལེན་བྱ་ན་ཐོག་མར་འདིའི་དོན་ཤེས་དགོས་ལ། སྤྱི་བཏང་གསུང་འདིའི་དོན་མཐའ་མེད་པ་ཞིག་ཡིན་མོད་ཀྱང་ཁོ་བོས་གོ་བ་འདི་ལྟར་ལེན་པར་བྱའོ། ། དེ་ལས་མང་།»

ཕོ་བྲང་པོ་ཏ་ལ།
ཀུའུ་ཆིག་ཀྲིན།
BBCཔེ་ཅིན་ན་བཅའ་སྡོད་གསར་འགོད་པ།
ཉེ་ཆར་༼འགྲོ་བ་མིའི་ལྟ་ཞིབ་༽སྒྲིག་འཛུགས་ཀྱིས་བཏོན་པའི་སྙན་ཐོའི་ནང་རྒྱ་ནག་གི་དམག་མི་དང་ཉེན་རྟོག་པས་ལོ་གཉིས་ཀྱི་ཡར་སྔོན། གདམ་ཀ་གང་ཡང་མེད་པར་བོད་ཀྱི་ངོ་རྒོལ་བྱེད་མཁན་མི་མང་ནང་མེ་མདའ་བརྒྱབ་པ་དང་། རྒྱ་ནག་གཞུང་གིས་བོད་མི་འཛིན་བཟུང་བྱས་པ་ཚོར་ཡ་ང་བའི་མནར་གཅོད་བཏང་པར་སྐྱོན་བརྗོད་བྱས་འདུག ཡིན་ནའང་པེ་ཅིན་གྱིས་གོང་བརྗོད་སྐྱོན་བརྗོད་ལ་ངོས་ལེན་བྱེད་ཀྱི་མེད། BBCགསར་འགོད་པ་ཀུའུ་ཆིག་ཀྲིན་ལ་གྲིབ་མ་ནང་བཞིན་གྱི་སྲུང་སྐྱོབ་འགྲོ་རོགས་བཀོད་སྒྲིག་འོག་ཆོག་ཆན་ཐོབ་ནས་བོད་ནང་བསྐྱོད་དེ་གནས་ཚུལ་སྤེལ་ཡོད་པ་དང་། ཁོས་སྤྱི་ཚོགས་ཀྱི་རིམ་པ་གང་སར་འཇིགས་སྣང་དང་སེམས་ཁྲལ་གྱིས་སིམ་པའང་ཤེས་ཚོར་བྱུང༌།
དེང་ཐོག་ཁྱོད་ཀྱིས་ཧ་ལམ་ཁང་པའི་ཡང་སྟེང་ན་ཙོག་པུར་བསྡད་པའི་རྒྱ་ནག་གི་དམག་མི་དེ་ཚོར་དོ་སྣང་བྱེད་མི་སྲིད་ནའང་ཐང༌། དེ་ནི་ལག་ཏུ་མེ་མདའ་ཐོགས་པའི་འཇབ་རྒོལ་པ་རེད། མིག་འདུན་དུ་སྐོར་དང་སྐོར་བྱས་ནས་མཐོང་འོང་པའི་བོད་མི་ཚོ། རྒྱུན་ཆད་མེད་པར་ཁོང་ཚོའི་སེམས་དབུས་ཀྱི་གནས་མཆོག་གཙུག་ལག་ཁང་འདིར་མཆོད་མཇལ་དུ་ཡོང་བཞིན་ཡོད།
ལྷ་སའི་དཀྱིལ་སྙིང་ན་ཡོད་པའི་གཙུག་ལག་ཁང་གི་ཕྱི་ལོག་ན་དད་ལྡན་པ་ཚོ་སྟར་ཕྲེང་རིང་པོ་སྒྲིག་ནས་ག་ལེར་མདུན་དུ་ནུར་གྱིན་མཆིས།
མི་ཚོགས་ཁྲོད་ན་ལོ་ན་རྒས་པའི་བོད་རིགས་བུད་མེད་ཡོད་ལ། ཁོང་ཚོས་སྲོལ་རྒྱུན་གྱི་སྐེ་རྒྱན་བཏགས་པ་དང་།ལག་ཏུ་ཕྲེང་བ་དང་མ་ཎི་འཁོར་ལོ་བཟུང་ཡོད། རི་ཁུལ་ནས་ཡོང་པའི་དབུལ་ཕོངས་ཀྱི་འབྲོག་པ་ཚོའི་ངོ་གདོང་རེ་རེ་ན་དགུན་ཁའི་གྲང་ངར་དང་དབྱར་གྱི་ཚ་བའི་གཙེས་པའི་སྤྱི་པགས་ནག་ཀྱུག་ཀྱུག་འོད་འཕྲོ་ཞིང་། གདོང་ཡོངས་ལ་རྒས་གཉེར་གྱིས་ཁེངས། དེ་ལས་མང་།»

གློག་བརྙན་”རྩྭ་ཐང”
བསྟན་འཛིན་བདེ་སྐྱིད།
རིག་འབྱུང་དོན་གྲུབ་བཀྲ་ཤིས་ཀྱིས་བསྒྱུར།
གཟའ་སྤེན་པའི་ཉིན་པད་མ་ཚེ་བརྟན་གྱི་གློག་བརྙན་”རྩྭ་ཐང”་ཟེར་བ་དེར་བལྟས་པ་ཡིན། གློག་བརྙན་དེ་ནི་པད་མ་ཚེ་བརྟན་སློབ་མ་ཡིན་དུས་བཟོས་པ་ཞིག་ཡིན་ཞིང་། ནེའུ་ཡོག་གི་ལ་རྩེ་དེང་རབས་བོད་ཀྱི་དཔེ་མཛོད་ཁང་གི་བརྙན་མཛོད་དུ་གློག་བརྙན་དེའི་ངོ་བཤུས་ཤིག་འདུག
པད་མ་ཚེ་བརྟན་ནམ་རྒྱ་ཡིག་ཏུ་སྤྱོད་མི་བདེ་བའི་མིང་(Wanma Caidan)ནི། རྣམ་དཔྱོད་ཅན་གྱི་བོད་རིགས་གློག་བརྙན་བཟོ་སྐྲུན་པ་ཞིག་ཡིན་ཞིང་ཁོང་གིས་པེ་ཅིང་གློག་བརྙན་ཆེད་སྦྱོང་སློབ་གྲྭ་ཆེན་མོར་སློབ་གཉེར་གནང་འདུག་པ་དང་། ཉེ་བའི་ལོ་ཤས་ནང་ཁོང་གིས་ཆེད་སྒྲིག་གློག་བརྙན་གཉིས་བཟོས་འདུག ངེད་ཀྱིས་གློག་བརྙན་དེ་གཉིས་ཀར་བལྟས་པ་ཡིན། དེ་ནི་”ལྷིང་འཇགས་ཀྱི་མ་ཎི་རྡེའུ་འབུམ་”དང་”འཚོལ”་ཟེར་བ་གཉིས་རེད། གློག་བརྙན་དེ་གཉིས་ཀ་ངོ་མཚར་ཞིང་ཁྱད་དུ་འཕགས་པ་མ་ཟད་”འཚོལ”་གྱིས་ངའི་དགའ་བ་ཡོངས་སུ་འཕྲོག་སོང་། དེར་བརྟེན། ངེད་ལ་ཁོང་གི་སློབ་མའི་སྐབས་ཀྱི་གློག་བརྙན་དེར་བལྟ་འདོད་སྐྱེས་པ་མ་ཟད་། ཇི་ལྟར་ཁོང་གི་གློག་བརྙན་སློབ་སྟོན་གྱི་རྟོག་འཆར་ལ་འཕེལ་འགྱུར་དང་། “འཚོལ་”གྱི་ངོས་སུ་རྩལ་དུ་བཏོན་པའི་ཁོང་གི་རྣམ་དཔྱོད་དེ་ཐོག་མའི་གསར་གཏོད་ཀྱི་ནང་དུ་མངོན་གསལ་དོད་པོར་གནས་ཡོད་མིན་ལ་བལྟ་འདོད་ཅིག་སྐྱེས།
“རྩྭ་ཐང་”ནི་སྐར་མ་ཉི་ཤུའི་དུས་ཡུན་ཅན་གྱི་གློག་བརྙན་ཐུང་ཐུང་ཞིག་རེད། གློག་བརྙན་དེ་སྟབས་བདེའི་སྣང་བརྙན་ཞིག་དང་མཉམ་དུ་འགོ་བཙུགས། དེ་ནི་གནམ་སྔོན་པོའི་འོག་གི་ཁོད་ཡངས་པའི་རྩྭ་ཐང་ཞིག་ཏུ་རྒན་རྒོན་བཟའ་ཚོ་གཉིས་འགྲུལ་བཞུད་བྱེད་ཀྱིན་པའི་ཚུལ་རེད།
བཟའ་ཚོ་དེ་གཉིས་ནི་གཞན་གྱིས་རང་ལ་བྱས་པའི་ནོར་འཁྲུལ་ལ་བཟོད་སྒོམ་ཕྲ་ཞིང་ཨུ་ཚུགས་ཅན་གྱི་ཨ་ཁུ་ཚེ་འབྲུག་དང་ཁོང་གི་ཆུང་མ་ཨ་མ་མཚོ་མོ་གཉིས་ཡིན་ཞིང་། ཨ་མ་མཚོ་མོ་ནི་རྒས་ཤིང་འཁོགས་པར་མ་ཟད་ཁུ་སིམ་མེར་ཟུར་དུ་སྡོད་མཁན་གྱི་རྒན་མོ་དེ་ཁྱོ་ཀ་བཙན་པོ་དེའི་དབང་ཤུགས་ཀྱིས་དྲུད་ནས་འགྲོ་བཞིན་ཡོད། དེ་ལས་མང་།»