
གོད་ཆག་གཞུག་གི་མདོ་སྨད་འབྲུག་ཆུ་རྫོང་།
འབྲོག་མྱི།
༤༽འབྲུག་ཆུ་རྫོང་གི་ཤིང་ནགས་བརྒྱ་ཆའི་༩༠བཅད།
ས་གཞིས་བཟང་ཞིང་གནམ་གཤིས་དྲོད་གྲང་སྙོམས་པ་སོགས་རང་བྱུང་གི་གནས་བབ་བཟང་བའི་རྐྱེན་གྱིས་ཕྱི་ལོ་༡༩༥༠ལོའི་ཡར་སྔོན་དུ་རང་བྱུང་ནགས་ཚུལ་གྱི་འབྲུག་ཆུ་རྫོང་གི་ས་ཁྱོན་གྱི་བརྒྱ་ཆའི་༧༠ཁེབས་ཡོད་ཅིང་། རང་བྱུང་ཁོར་ཡུག་ལ་གཏོར་བརླག་ཐེབས་མེད། འོན་ཀྱང་འདས་པའི་ལོ་བཅུ་ཕྲག་འགའི་རིང་འབྲུག་ཆ་རྫོང་གི་རང་བྱུང་ནགས་ཚུལ་ལ་གཞུང་གིས་རྒྱལ་ཁབ་ཀྱི་འཕེལ་རྒྱས་ཆེད་ཁྲིམས་མཐུན་གྱི་བཅད་ནས་ནང་ལོག་ཏུ་སྐྱེལ་འདྲེན་བྱས་པ་དང༌། ས་གནས་མི་མང་གིས་ཀྱང་འབུད་ཤིང་དང་འཚོ་བར་ཁ་སྣོན་གྱི་ཆེད་དུ་རྐུ་གཅོད་རྐུ་ལེན་གང་ཐུབ་བྱས་ཡོད།
༡༩༩༨ལོར་རྒྱ་ནག་གཞུང་གི་ཤིང་ནགས་གཅོད་འབྲེག་མི་ཆོག་པའི་སྲིད་ཇུས་གཏན་འཁེལ་མ་བྱས་པའི་གོང་དུ། འབྲུག་ཆུ་རྫོང་གི་ནོར་སྲིད་ཀྱི་ཡོང་འབབ་ཀྱི་བརྒྱ་ཆའི་༩༥དེ་ཤིང་ནགས་ལས་རག་ཡོད་འདུག
རྒྱ་ནག་ལྟ་བུའི་རྒྱལ་ཁབ་དག་ཏུ་རང་བྱུང་གི་གནོད་འཚེ་ཞེས་པའི་ཁག་ཤན་སའི་མིང་ཚིག་འདིས་དངོས་དོན་ཞིག་བཀབས་ཡོད་པ་ནི་མིའི་འཁུར་དགོས་པའི་འགན་འཁུར་དེ་རེད།རྒྱུ་མཚན་ནི་མིའི་ནོར་འཁྲུལ་ཅན་གྱི་ཐག་གཅོད་ལས་གནོད་འཚེ་རིགས་མེད་པ་ནས་ཡོད་པ་དང་། ཆུང་ངུ་ནས་ཆེན་པོར་བཟོས་ཡོད་པ་ཟད། གནོད་འཚེའི་མཇུག་འབྲས་ཀྱང་ལྡབ་འགྱུར་གྱིས་ཚབས་ཇེ་ཆེར་བཏང་ཡོད།དཔེར་ན་འབྲུག་ཆུ་རྫོང་དུ་ཆུ་མཛོད་དང་ཆུ་གློག་༤༡འཛུགས་བསྐྲུན་བྱ་ཆེད་གང་ས་གང་དུ་ས་བརྐོ་རྡོ་སློག་སོགས་ཀྱིས་སའི་རང་བྱུང་གི་ཆགས་རིམ་ལ་གཏོར་བརླག་ཚབས་ཆེན་བཟོས་ཡོད་ལ། སྤྱིར་ན་འབྲུག་ཆུའི་ས་གཤིས་དེ་འདྲའི་མཁྲེགས་པོ་མེད་པས་ཁར་༡༩༩༠ལོའི་སྔོན་གྱི་ལོ་ངོ་བཅུའི་རིང་འབྲུག་ཆུ་ས་ཁུལ་གྱི་ཤིང་ནགས་ཕལ་ཆེར་ཤུལ་མེད་དུ་བཏང་བ་དང་།ད་ལྟ་འབྲུག་ཆུ་རྫོང་གི་ནགས་ཚུལ་ཀྱི་རྒྱ་ཁྱོན་དེ་དེ་སྔོན་གྱི་བརྒྱ་ཆའི་༧༠ནས་བརྒྱ་ཆའི་༡༠མ་གཏོགས་ལྷག་མེད་པ་དང༌།དེ་མིན་འབྲོག་པའི་ཕྱུགས་ཟོག་འཚོ་སྐྱོང་བྱེད་སའི་རྩྭ་ས་ཡོད་ཚད་ཐེམ་པ་ཅན་གྱི་ཞིང་སར་བསྒྱུར་བ་སོགས་གང་ལྟར་རང་བྱུང་ཁམས་ཀྱི་ཆགས་རིམ་དང་འགལ་བའི་ལས་གང་མང་ཞིག་ནི་མིའི་ནོར་འཁྲུལ་ཅན་གྱི་ཐག་གཅོད་ལ་བསྟེན་ནས་བྱུང་བ་ཤར་རྟགས་རེད།
༥༽ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་ད་ལྟ་ཆུ་རགས་༡༥༦བསྐྲུན་ཡོད།
དེ་རིང་པར་རིས་དང་བརྙན་འཕྲིན་སོགས་སུ་མཐོང་བའི་འབྲུག་ཆུ་རྫོང་ནི་ས་ཤུན་མེད་པའི་སྐྱ་ཐང་ངེར་འདུག་པའི་རི་ལུང་སྐམ་པོ་ཞིག་ཏུ་གྱུར་ཡོད་ཀྱང༌། འབྲུག་ཆུ་ས་ཁུལ་དུ་ཤིན་ཏུ་ཉུང་ཉུང་ཞིག་ལས་ལྷག་མེད་པའི་ཤིང་ནགས་རིགས་ད་དུང་མུ་མཐུད་ནས་གཅོད་འབྲེག་བྱེད་མུས་སུ་ཡིན་པས་སྤང་ཤུན་ལ་གཏོར་བརླག་ཆེན་པོ་ཐེབས་ཡོད་པ་དང༌། འབྲུག་ཆུ་རྫོང་དུ་ད་ཡོད་ཀྱི་ཆུ་རགས་༤༠ལྷག་གི་ཁར་ད་རུང་ཡང་ཆུ་རགས་༡༢བསྐྲུན་འཆར་ཡོད་པ་དང༌། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅིག་པུ་རུ་ད་ལྟ་ཆུ་རགས་༡༥༦བསྐྲུན་ཡོད་པའི་ཁར་ད་དུང་ཆུ་རགས་བཅུ་གྲངས་ཤིག་བསྐྲུན་འཆར་ཡོད་འདུག དེ་ལས་མང་།»

གོད་ཆག་སྔོན་གྱི་མདོ་སྨད་འབྲུག་ཆུ་རྫོང་།
འབྲོག་མྱི།
༡༽ད་ལོ་འབྱུང་བ་ཆུའི་འཇིག་པ་ཤིན་ཏུ་རྩུབ།
ཕྱི་ལོ་༢༠༡༠འདི་ནི་ས་ཡི་གོ་ལ་བྱིངས་དང་དེ་ལས་ཀྱང་གོ་ལའི་ཤར་ཕྱོགས་སུ་ཆར་ཆུ་མོད་ཅིང་འབྱུང་བ་ཆུའི་འཇིག་པ་ཤིན་ཏུ་རྩུབ་པའི་ལོ་ཞིག་ཡིན་པ་པཱ་ཀི་སི་ཏན་རྒྱལ་ཁབ་ཀྱི་ལྔ་ཆའི་གཅིག་ཆུའི་འོག་ཏུ་ནུབ་པ་དང་། རྒྱ་ནག་ཏུ་ཡུལ་མི་དུང་ཕྱུར་གཅིག་ལྷག་ལ་ཆུ་ལོག་གི་གནོད་འཚེ་ཐེབས་པ་སོགས་ཀྱིས་མཚོན་ཞིང་། སྒོས་སུ་༢༠༡༠ལོའི་ཟླ་༨བའི་ཚེས་༧གྱི་མཚན་མོར་གློ་བུར་དུ་བྱུང་བའི་ས་རུད་ཆུ་ལོག་གི་གནོད་འཚེ་ཡིས་མདོ་སྨད་འབྲུག་ཆུའི་རྫོང་གི་མི་འབོར་༢༠༠༠ཅན་གྱི་ཞིན་ཡོན་སྡེ་བ་ཤུལ་མེད་དུ་བཏང་དང་དུད་ཁྱིམ་༥༠༠༠ལྷག་ལ་གནོད་འཚེ་ཐེབས་ཤིང༌།འབྲུག་ཆུ་རྫོང་གི་ཕྱེད་ཀ་འདམ་རྡོའི་འོག་མནན་ནས་ཟླ་བརྒྱད་པའི་ཚེས་༢༠འི་ཡར་སྔོན་དུ་ཡུལ་མི་༡༤༠༠ལྷག་རྐྱེན་འདས་སུ་གྱུར་བའི་གོད་ཆག་དེ་ནི་ས་གནས་རྨིག་གོང་འདྲ་བ་ཞིག་ཏུ་རང་བྱུང་གི་གནོད་འཚེ་ལས་བྱུང་བའི་གོད་ཆག་ཚབས་ཆེན་ཞིག་ཏུ་ངོས་འཛིན་བྱས་ཡོད།
༢༽འབྲུག་ཆུ་རྫོང།
དགོས་དབང་གིས་འབྲུག་ཆུ་རྫོང་ངོ་སྤྲོད་མདོར་བསྡུས་ཤིག་བྱས་ན།འབྲུག་ཆུ་རྫོང་ནི་མདོ་སྨད་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་རྫོང་བདུན་གྱི་ཡ་གྱལ་དང༌། ཕྱི་ལོ་༡༩༥༩ལོའི་སྔོན་དུ་འབྲུག་ཆུ་རྫོང་མཁར་དུ་མི་ཆིག་ཁྲི་མ་གཏོགས་མེད་ནའང་ད་ལྟ་རྫོང་མཁར་དུ་མི་ཁྲི་ལྔ་འཚོ་སྡོད་བྱས་ཡོད་ཅིང༌། འབྲུག་ཆུ་རྫོང་ཡོངས་ལ་མི་འབོར་འབུམ་གཅིག་དང་ཁྲི་གསུམ་ལྷག་ཡོད་ལ། དེའི་ནང་དུ་བོད་མི་ཁྲི་བཞི་དང་ཕྱེད་ཙམ་ཡོད་པ་དང་། འབྲུག་ཆུ་རྫོང་གི་མངའ་ཁོངས་སུ་ཞང་༡༧དང་ཀྲིན་ཞེས་པའི་གྲོང་བརྡལ་གཉིས་དང༌། ཚོ་སྡེ་༢༡༠ཡོད། འབྲུག་ཆུའི་ལོ་རྒྱུས་ལྟར་ན་ལོ་ངོ་༥༠འི་ཡར་སྔོན་དུ་འབྲུག་ཆུ་ས་ཁུལ་མང་ཆེ་བ་རང་བྱུང་ནགས་ཚུལ་གྱིས་ཀུན་ནས་གཡོགས་ཤིང༌། ཆུ་གཙང་ལ་རི་ཡག དུས་བཞི་གསལ་ཞིང་དགུན་ཁར་མི་འཁྱག་དབྱར་ཀར་མི་ཚ་བའི་གནས་མཆོག་ཏུ་གྱུར་བ་ཞིག་རེད།
༣༽ཆེད་མཁས་བའི་སྡོམ་ཚིག—འབྲུག་ཆུ་རྫོང་གནས་སྤོ་དགོས། དེ་ལས་མང་།»
དྲང་སྲོང་རྣམ་རྒྱལ།
ངས་བསམ་པར་དགག་སྒྲུབ་རྩོམ་ཡིག་སྐོར་གྱི་གཏམ་གླེང་འགོ་མ་ཚུགས་པའི་གོང་དུ་དགག་སྒྲུབ་རྩོམ་ཡིག་བྲི་བ་ལ་དགེ་མཚན་གང་ཞིག་ཡོད་མེད་ལ་བསམ་བློ་གཏོང་རྒྱུ་དེ་གལ་ཆེན་པོ་ཞིག་རེད་སྙམ། ང་ཚོ་ཆོས་ཁས་ལེན་མཁན་ཞིག་གི་ངོས་ནས་བཤད་ན་ཀུན་སློང་ཡང་དག་ཅིག་དང་གཟབ་གཟབ་ཅིག་བྱེད་དགོས་པ་ཆགས་ཡོད་པ་རེད། དཔེར་ན། པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས་འདི་ལྟར་གསུངས་པ་རེད། སེམས་ཅན་མོས་པ་སྣ་ཚོགས་པ། །མང་པོའི་ནང་དུ་ཕྱོགས་ཞེན་དང་། །ཆོས་ལ་སྨོད་པ་འབྱུང་ཉེ་ཡི། །རྩེད་མོ་ག་ཞའི་ཆེད་དུ་ཡང་། །བརྙས་སྨོད་ནམ་ཡང་བྱ་བ་མིན། །ཞེས་གསུངས་པ་ལྟར་དགག་སྒྲུབ་རྩོམ་ཡིག་ནི་ཀུན་སློང་ཡང་དག་ཅིག་མིན་ན་ཉེན་ཁ་ཤིན་ཏུ་ཆེ་བ་གསུངས་ཡོད་པ་རེད། །ཡང་ཀུན་སློང་ཡང་དག་དང་དགོས་པ་ཁྱད་པར་ཅན་གྱི་དོན་དུ་དགག་སྒྲུབ་རྩོམ་ཡིག་སྤེལ་བ་ལ་དོན་ཡོད་པ་ནི། །རྗེ་ས་པཎ་གྱིས། དམ་ཆོས་འཁྲུལ་དང་མ་འཁྲུལ་བ། །སྐྱེ་བ་གཏན་གྱི་གྲོས་ཡིན་པས། །འདི་ཡི་ལེགས་ཉེས་དཔྱོད་པ་ལ། །སྡང་ཞེས་སྨྲ་ན་རང་སྐྱོིན་ཡིན། །ཞེས་དང་། བོན་གྱི་མཁས་པ་དབྲ་སྟོན་པཎ་ཊི་ཏ་སྐལ་བཟང་བསྟན་པའི་རྒྱལ་མཚན་གྱིས། བསྟན་པ་ཡང་དག་ལམ་དང་ལྟར་སྣང་ཚུལ། །ཁྱད་པར་སྦྱར་ནས་མཆོག་དང་མཆོག་མིན་དུ། །བསྒྲུབ་པ་རིགས་པ་སྨྲ་བའི་ཚུལ་ཡིན་པས། །འདི་ལ་སྡང་ཞེན་སྐྱེད་པ་གནས་མ་ཡིན། །ཞེས་གསུངས་རེད། དེ་བཞིན་སྔོན་མཇམ་མགོན་ས་པཎ་གྱིས་སྡོམ་གསུམ་རབ་དབྱེ་ཕྱེད་ཙམ་བརྩམས་གྲུབ་དུས་མི་རྣམས་ཀྱིས་ས་པཎ་གྱིས་ཕྱོགས་རིས་གསུང་གི་འདུག་ཅེས་ཁ་བཏང་བ་ལ་ཉེ་གནས་ཀྱིས་དེ་ལྟར་མི་བརྩམས་རོགས་ཞུས་དུས་ངས་བརྩམས་ན་མི་མ་དགའ་ནའང་། མ་བརྩམས་ན་ལྷ་མི་དགའ་བར་འདུག་པས་བརྩམ་དགོས་གསུངས་པའི་ལོ་རྒྱུས་ཡོད་པ་ལྟ་བུ་རེད།
དགག་སྒྲུབ་རྩོམ་ཡིག་ཅེས་པ་ནི་དཔྱད་གཏམ་གྱི་རྨང་གཞིའི་སྟེང་དུ་ཕ་རོལ་པོའི་ལྟ་ཕྱོགས་བཀག་ནས་རིག་པ་དང་མྱོང་བ་ཡང་དག་གིས་རང་གི་བློ་ངོར་འཐད་པ་བསྒྲུབ་པའི་རྩོམ་རིག་ཅིག་ཡིན་པས་དེ་ལ་ཐོག་མར་དཔྱད་བརྗོད་རྩོམ་ཡིག་ལ་གོ་བ་ཡང་དག་པ་ལོན་ན་དགག་སྒྲུབ་རྩོམ་ཡིག་གི་རྣམ་པ་དང་ཐག་ཤིན་ཏུ་ཉེ་བ་ཡིན། ཚད་ལྡན་གྱི་དཔྱད་གཏམ་འབྲི་བ་ལ་༧གོང་ས་མཆོག་གིས་གསུངས་པའི་བཀའ་འདི་གཞི་རྩའི་རྨང་གཞིར་བཟུང་དགོས། དེ་ལས་མང་།»
ལྷ་སྡེ་གནམ་ལོ་ཡག
ཉེ་ཆར་ཕྲན་གྱིས༼བཙན་བྱོལ་བོད་གཞུང་བསྡུ་གསོག་ལས་བསྐྱེད་པའི་བསམ་གཞིགས༽དུས་བབ་དྲ་རྒྱ་དང་འོད་དཀར་ཟིན་བྲིས་སོགས་སུ་སྤེལ་རྗེས། བོད་ཕྱི་ནང་གཉིས་ནས་ཁ་པར་མ་འདྲ་བ་ཁག་འགའ་འབྱོར་བ་དང་ཁོང་ཚོས་བོད་དོན་བསྐྱར་གླེང་ཞིག་ཅིས་ཀྱང་ཕྲན་ནས་འགོ་འཛུགས་བྱེད་འོས་པའི་བསྐུལ་མ་གནང་སོང་། ཡིན་ནའང་། སློབ་སྦྱོང་ལ་བྲེལ་བ་ཆེ་བ་དང་འཚོ་སྡོད་སླད་གླ་ལས་བྱེད་དགོས་པ་སོགས་ཀྱི་དབང་གིས་དེ་རིང་བར་བརྗོད་གཞི་འདིར་ལག་པ་འཆིང་བའི་དུས་ཚོད་རེག་མ་སོང་།
མ་གཞི་བོད་དོན་བསྐྱར་གླེང་ནི་གཏེར་མཛོད་ཅིག་གི་ཁ་ཕྱེས་པ་ལྟ་བུའི་བརྗོད་གཞི་ཞིག་ཡིན་པར་མ་ཟད། རྩོམ་ཐུང་ཁ་ཤས་ནང་འདུ་ཐབས་ཡོད་པའི་དོན་དག་ཅིག་མིན་མོད། ནག་རིལ་གདོང་འདེད་ཀྱི་དཔེ་ལས་གཡོལ་ནས་དཀར་རིལ་ལྡིང་ཤེས་ཀྱི་ཚུལ་ལ་འཇུས་ཏེ། མཛུབ་མོས་རི་བསྟན་ལྟ་བུའི་འཕྲེད་ལམ་ཞིག་ལ་འཇུག་རྩིས་ཡིན་ཞིང་། དེང་སྐབས༼བོད་དོན༽ལ་འགྲེལ་བཤད་སྣ་ཚོགས་ཤིག་ཐོན་བཞིན་པས། ཐོག་མར་བོད་དོན་གྱི་གོ་དོན་མ་ནོར་བ་ཞིག་མི་རྣམས་ཀྱི་མིག་འདུན་ལ་བཤམས་ཨེ་ཐུབ་ལྟ་རྒྱུ་ནི་གལ་ཆེན་ནང་གི་དོན་ཆེན་ཞིག་ཡིན་པར་འདོད།
བོད་དོན་ལ་སྒྲ་ཡངས་དོག་གཉིས་ཀྱི་ལམ་ནས་ལྟ་འོས་ཤིང་། ཟོར་ཡངས་པོའི་ལམ་ནས་ལྟ་སྐབས། བོད་དོན་ནི་སྤྱི་དོན་ཞིག་སྟེ། གཙོ་བོ་ཕྱོགས་གཉིས་སུ་དབྱེ་ཆོག་ཅིང་། ཁོར་ཡུག་གིས་བསྐྱེད་པའི་གནམ་གཤིས་དང་ཆུའི་གནད་དོན། དམག་དོན་གྱིས་མཚོན་པའི་ཨེ་ཤི་ཡ་ལྷོ་མའི་བདེ་འཇགས་ཀྱི་གནད་དོན། སྔ་མའམ་གནམ་གཤིས་དང་ཆུའི་གནད་དོན་ཐད་ཀར་གངས་ཅན་མཐོ་སྒང་གི་ཁྱིམ་མཚེས་གྱུར་བའི་ཨེ་ཤི་ཡ་ཤར་མ་དང་ལྷོ་མ་འདུ་བའི་འཛམ་གླིང་སྤྱིའི་མི་འབོར་གྱི་གཉིས་ཆའི་གཅིག་གམ། ཧ་ལམ་མི་འབོར་དུང་ཕྱུར་སུམ་ཅུ་ལྷག་གི་འཚོ་སྡོད་ལ་ཐད་ཀར་འབྲེལ་བ་ཆགས་ཡོད། དཔེར་ན། ཉིན་ཤས་ནང་འབྲི་ཆུའི་གཞུང་རྒྱུད་དུ་ཐེབས་པའི་ཆུ་སྐྱོན་གྱིས་འགྲེལ་བཤད་རྒྱག་མ་ཐུབ་པ་བྱུང་མེད། ཕྱི་མ་སྟེ་དམག་དོན་གྱིས་མཚོན་པའི་ཨེ་ཤི་ཡ་ལྷོ་མའི་བདེ་འཇགས་ཀྱི་གནད་དོན་ལ་མཚོན་ན། དེང་གི་ཆར་བདེ་འཇགས་གནད་དོན་ཐད་ཀྱི་ཚོར་བ་ཟབ་ཤོས་དེ་དང་འཇིགས་དངངས་ཆེ་ཤོས་དེ་རྒྱ་གར་ལ་བསྐྱེད་ཀྱིན་ཡོད་པས། དམག་དོན་དེང་རབས་ཅན་གྱིས་རྒྱལ་ཁབ་བདེ་འཇགས་ལ་འཕྲད་ཀྱིན་པའི་དཀའ་ངལ་ཆ་ཚང་སེལ་ཐུབ་ཀྱི་མེད་པའི་ཁར། ས་མདུད་འཐབ་ཇུས་ཀྱི་བྱེད་ནུས་དུས་རབས་གང་འཚམས་ནང་མུ་མཐུད་ནས་གནས་རྒྱུ་ཡིན་པའང་གསལ་སྟོན་གནང་ཐུབ་ཡོད། དེ་ལས་མང་།»
ལྷ་སྡེ་གནམ་ལོ་ཡག
རྩོམ་འཁྱོག་འདི་བསྐྱར་སྤེལ་བྱེད་དོན་ནི་ཉེ་ཆར་རྒྱལ་བ་རིན་པོ་ཆེ་མཆོག་གིས་ཨ་རི་ནས་རྒྱ་ཡིག་དྲ་རྒྱ་ཞིག་གི་བཅར་འདྲི་དང་ལེན་གནང་སྐབས། ༼བཙན་བྱོལ་བོད་གཞུང༽ཞེས་པའི་མིང་འདི་རྒྱ་གར་སོགས་ཀྱི་གསར་ལམ་དུ་ཤུགས་ཆེན་གྱིས་བསྒྲགས་པ་ཞིག་ལས་དོན་དངོས་སུ་ཕྱི་ལོགས་ཀྱི་བོད་མི་ཆིག་འབུམ་ལྔ་ཁྲིར་དོ་དམ་བྱེད་མཁན་གྱི༼ཡུལ་གྱར་སྐྱིད་སྡུག༽ཅིག་ཡིན་ཞེས་དང་། ཡང་། ༼ཉིད་དང་ཉིད་ཀྱི་གཞུང་གཉིས་བཙན་བྱོལ་དུ་ཡོད་དམ༽ཞེས་པའི་དྲིས་ལན་དུ་ཁ་གསལ་བོའི་ལམ་ནས་ངོས་རང་ལས་གཞུང་དེ་བཞིན་བཙན་བྱོལ་དུ་མེད་ཅེས་པར་བརྟེན་ནས་རྒྱ་ཡིག་གི་འཇིག་རྟེན་དུ་ཟིང་ཆ་གསར་བ་ཞིག་ལངས་ཡོད་ལ། དེའང་རྒྱལ་བ་རིན་པོ་ཆེ་ནས་ལག་ལེན་ནང་བརྗོད་གཞི་དེ་རིགས་འདེབས་དགོས་པའི་བསྐུལ་མ་གཏོང་བཞིན་པའི་ཁར་བོད་དོན་དེ་བཞིན་ཁྲིམས་འགལ་ཡིན་པའི་གླེང་ཕྱོགས་རིགས་ཐོན་བཞིན་པ་དང་། བཀའ་ཁྲི་མཆོག་གིས་ཀྱང་དེ་ལུགས་ཀྱི་དབུ་མའི་ལམ་ལ་འགྲེལ་གསར་ཞིག་སྤེལ་འདུག་ན། སྨྱུག་ཐོགས་པས་སྔར་བོད་གནས་ཉམས་ཞིབ་ཁང་དུ་ལས་ཀ་ལས་ཡུན་ཁྲོད་བཀའ་ཁྲི་ཟམ་གདོང་མཆོག་ལ་ནང་མོལ་དུ་ཕུལ་མྱོང་བའི་རྩོམ་འཁྱོག་འདིར་བཟོ་བཅོས་རོབ་ཙམ་བརྒྱབ་རྗེས་བསྐྱར་སྤེལ་བྱེད་དགོས་ཐུག་སོང་། ཚང་མས་མཉམ་རུབ་ཀྱིས་དབྱེ་ཞིབ་དང་དགག་བཞག་ཡོང་བར་དགའ་བསུ་ཡོད།
༼བོད་གཞུང་དགའ་ལྡན་ཕོ་བྲང་དབུ་བརྙེས་ཏེ་ལོ ༣༦༠འཁོར་བའི་མཇུག་སྡོམ་མཛད་སྒོ་ཉིན་གཉིས་པ་བོད་གཞུང་ཟློས་གར་ཁང་དུ་ཚུགས་ཡོད་ལ། དེར་བཀའ་བློན་ཁྲི་བ་ཟམ་གདོང་རིན་པོ་ཆེ་མཆོག་གིས་ད་ནས་བཟུང་བོད་གཞུང་དགའ་ལྡན་ཕོ་བྲང་ཞེས་པའི་མཚན་གནས་དེ་མུ་མཐུད་རྒྱུན་འཛིན་གནང་དགོས་མིན་ཐད་བོད་མི་དམངས་དང་གྲོས་ཚོགས་ཀྱིས་ཐུགས་བསམ་དང་བགྲོ་གླེང་བརྒྱུད་ཐག་གཅོད་གནང་རོགས༽< <བོད་ཀྱི་དུས་བབ ༥།༢༠།༠༣>>ཞེས་པའི་གསར་གནས་འདི་ཀློག་རྗེས། སྨྱུག་ཐོགས་པའི་སེམས་ནང་ལམ་སང་དོན་དག་གཞན་ཞིག་འཁོར་འོངས་པ་ནི། ཕྱི་ལོ ༡༩༥༩ལོའི་ཟླ ༣ཚེས ༢༧ཉིན། རྒྱ་དམར་སྲིད་བློན་ཀྲའོ་ཨེན་ལེས་མིང་རྟགས་བཀོད་པའི< <ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱ>>ཟེར་བའི་ནང༼ངོ་ལོག་གི་འཁྲུག་ཟིང་མཐར་ཕྱིན་རྩ་མེད་བཟོ་རྒྱུ་དང༌། དེ་ལས་མང་།»
ཧོར་གཙང་འཇིགས་མེད།
གཅིག སྤྱི་བཤད།
ང་ཚོས་ནམ་རྒྱུན་སྐད་ཆ་བཤད་སྐབས་དང་། གཞན་ལ་སློབ་ཁྲིད་བྱེད་སྐབས། རྩོམ་ཡིག་འབྲི་སྐབས་བཅས་སུ་མིང་དང་ཚིག་གིས་མ་འདང་བའི་དཀའ་ངལ་དང་། ཁ་སྐད་དང་ཡིག་སྐད་གཉིས་ལ་བར་ཁྱད་ཆེ་བའི་དབང་གིས་དཀའ་ངལ་མང་བོ་ཞིག་ཡང་ཡང་འཕྲད་ཀྱིན་འདུག ཡིན་རྒྱུ་ནི། ད་ཡོད་ཀྱི་བརྡ་སྤྲོད་གཞུང་ལུགས་སམ། བརྡ་སྤྲོད་ཀྱི་ཁྲིམས་ཡིག་སུམ་ཅུ་བ་དང་། རྟགས་ཀྱི་འཇུག་པ་འདི་གཉིས་ཀྱིས་བོད་མི་ས་ཡ་དྲུག་གི་སྐད་ཆ་དང་ཡི་གེ་གཉིས་ཆ་ཁེབས་ཐུབ་ཀྱིན་ཡོད་མེད་དང་། དེ་ལ་ལེགས་བཅོས་ཇི་ལྟར་བྱེད་དགོས་མིན་སོགས་རྩ་བ་ནས་གླེང་དགོས་པ་ཞིག་ཡིན་ཀྱང་། དེ་ནི་བརྗོད་གཞི་རྒྱ་ཆེན་པོ་ཡིན་པས་རེ་ཞིག་བསྐྱུངས་ཏེ། འདིར་ནམ་རྒྱུན་ང་རང་གིས་ཡི་གེ་འབྲི་སྐབས་འཕྲད་བཞིན་པའི་ཡིག་རྡོག་གཅིག་རང་གི་སྐོར་ལ་གླེང་མོལ་ཐུང་ངུ་ཞིག་བྱ་རྩིས་ཡིན།
དཀའ་བའི་ལྡོག་ཟླ་སླ་ཞེས་པའི་ཡི་གེ་འདི་མདོ་སྨད་པ་དག་ལ་མཚོན་ན་ཤེས་ཡོན་ཅན་ཁོ་ནས་མ་གཏོགས་ཡུལ་མི་བྱིངས་ཀྱིས་མི་གོ་བའི་ཡི་གེ་ཞིག་ཡིན། ཁོང་རྣམ་པས་སླ་ཞེས་པའི་ཡིག་འབྲུ་འདིའི་ཚབ་ལ་སྩ་ཡིག་འདི་ཉིད་བེད་སྤྱོད་བྱེད། དེར་བརྟེན་དབུས་སྐད་དུ། ལས་སླ་བོ་རེད། ཅེས་པ་འདིའི་དོད་ཨ་མདོའི་ཁ་སྐད་དུ། སྩ་མོ་རེད་ཟེར། ངས་སྨྱུ་གུ་བཟུང་བ་ནས་དེ་རིང་བར་སྩ་མོ་ཞེས་པའི་ཡི་གེ་འདི་བེད་སྤྱོད་བཏང་བ་ཞིག་དྲན་གྱིན་མི་འདུག ང་ཚོར་ཁ་སྐད་མང་བོ་ཞིག་ངག་ནས་བརྗོད་པ་ཙམ་ལས་ཡིག་ཐོག་ཏུ་དབབ་རྒྱུ་མེད་པ་ལྟ་བུའི་གོམས་གཤིས་རྒྱུན་འབྱམས་པ་ཡོད་སྟབས། སྩ་ཞེས་པའི་ཡི་གེ་འདི་ཡང་ཕལ་ཆེར་དེའི་ཁོངས་སུ་གཡུགས་པར་སྣང་། ཡིན་ནའང་ངས་སླ་ཞེས་པའི་ཡི་གེ་འདི་འབྲི་ཐེངས་རེ་རེ་བཞིན་སེམས་ངོར་ཐོག་མར་འཆར་བ་ནི་སླ་ཡིག་འདི་ཉིད་མ་ཡིན་པར་སྩ་ཞེས་པའི་ཡིག་འབྲུ་འདི་རེད། ཡི་གེ་བརྗོད་འདོད་ཀྱི་ཀུན་སློང་གིས་སྩ་ཡིག་འདི་བསྐུལ་ནས། བསམ་བློའི་སྐད་ཅིག་གཉིས་པ་དེ་ལ་དྲན་ཤེས་ཀྱིས་སྩ་ཡིག་འདི་ཉིད་ཡིག་བསྒྱུར་བྱས་ཏེ་སྨུག་རྩེ་ལ་ཐོན་འོངས་པ་ནི་སླ་ཡིག་འདི་ཡིན་དགོས་པ་འབྱུང་གིན་ཡོད། ངས་སྩ་ཡིག་འདི་ཉིད་འབྲི་མི་དགོས་པ་དང་བཤད་མི་དགོས་པའི་རྒྱང་སྐོར་ཅི་ཙམ་བྱས་ཀྱང་། ཨ་མས་བསླབས་པའི་ཡི་གེའི་རྩ་བ་འདི་དག་རང་ཤུགས་ཀྱིས་སེམས་ངོས་ནས་ཡལ་བསུབ་ཏུ་མི་འགྲོ་ཞིང་། གཏན་བརྗེད་དུ་གཏོང་བའི་ཐབས་ཤེས་གཞན་ཀྱང་མ་རག ལར་འདི་ཉིད་ང་ལྟ་བུ་མི་ཆུང་གཅིག་ལ་འཕྲད་པའི་དཀའ་ངལ་ཞིག་ཀྱང་མ་ཡིན་པར་མི་གྲངས་ས་ཡ་དུ་མ་ཐུན་མོང་ལ་འཕྲད་བཞིན་པའི་དཀའ་ངལ་ཞིག་ཡིན་སྟབས། གླེང་སློང་བྱེད་རིན་མེད་པ་ཞིག་ཀྱང་མ་ཡིན་པར། སླ་ཡིག་གི་དོད་དུ་སྩ་ཡིག་རྗོད་མཁན་གྱི་མི་གྲངས་ས་ཡ་དུ་མས་རྩ་སྐྱུར་མ་བྱས་ཀྱི་བར་དུ་མུ་མཐུད་གནས་རྒྱུ་ཡིན་པའི་གནད་དོན་ཞིག་ཅི་ལ་མིན། དེ་ལས་མང་།»

བོད་ཀྱི་རྩོམ་པ་པོ་གྲགས་ཅན་ཞོགས་དུང་ལགས།
གློག་ཞགས།
དེང་རབས་བོད་ཀྱི་རྩོམ་སྟེགས་སྟེང་དུ་བརྡ་དོན་གྱི་སྙིང་བོ་རྒྱུན་འབྱམས་སུ་གྱུར་པའི་གླེང་ཕྱོགས་ཤིག་ཡོད་པ་ནི་བོད་ཀྱི་དེང་རབས་རྩོམ་པ་པོ་ཞེས་པ་དེ་རེད། ངས་བལྟས་ན་ང་ཚོའི་ཐོལ་བྱུང་དུ་འཇོག་པའི་རྩོམ་པ་པོ་དག་གི་ནང་དུ། ཤེས་བྱ་བ་དང་རྩོམ་པ་པོ་གཉིས་ཉ་ཉུང་མཉམ་བསྲེས་བྱས་འདུག་སྙམ། ཡིན་ནའང་འཛམ་གླིང་གི་རྒྱལ་ཁབ་གཞན་དང་མི་རིགས་གཞན་གྱི་རྩོམ་པ་པོའི་སྒྲ་དོན་འཇོག་སྟངས་ལའང་སྣང་ཚུལ་འདི་དག་འབྱུང་གིན་ཡོད་ལ། སྣང་ཚུལ་འདི་ནི་མིའི་སྤྱི་ཚོགས་ལས་ལད་བཟླས་པ་དང་གསར་གཏོད་པའམ་ཤེས་བྱ་བ་དང་རྩོམ་པ་པོ་གཉིས་ཉ་ཉུང་མཉམ་བསྲེས་ཀྱིས་རྩོམ་སྟེགས་སུ་འཚང་ཁ་བརྒྱབས་པའི་བྱེད་ལས་ལས་ཐོན་པའི་སྣང་ཚུལ་ཞིག་ཡིན་ལ། སྣང་ཚུལ་འདིའི་དབང་གིས་རྩོམ་པ་པོའི་བརྡ་དོན་ལ་ཡང་སྒྲ་ཡང་དོག་གཉིས་སུ་དབྱེ་དགོས་ཀྱིན་འདུག་པ་སྟེ། སྒྲ་ཡང་འཇུག་གིས་སྔོན་དེང་གི་རིག་ཤེས་ཀྱི་བྱེད་པོ་དག་གིས་བཞག་པའི་བཅད་ཤེས་ཀྱི་ཤེས་བྱར་འཇུག་པ་པོའམ་དེར་རིག་འགྲོས་ཀྱི་ལས་ལ་བརྩོན་པའི་ལད་བཟླས་པ་དག་ལའང་རྩོམ་པ་པོ་དང་། སྒྲ་དོག་འཇུག་གིས་སྤྱི་ཚོགས་ངེས་ཅན་ཞིག་གི་ཆེད་ལས་ཀྱི་ལྟ་གྲུབ་གང་ཞིག་ལ་མི་སྒེར་གྱི་སྦྱངས་སྟོབས་དང་རྣམ་དཔྱོད་ལ་བརྟེན་ནས་ཐོལ་བརྒལ་གྱི་གསར་གཏོད་བྱེད་པ་པོར་རྩོམ་པ་པོ་ཞེས་འཇོག་གིན་འདུག དེ་བས་ན་རྩོམ་རིགས་ཀྱི་ཟུར་ནོན་ལས་བོད་ཀྱི་དེང་རབས་རྩོམ་པ་པོར་བལྟས་པ་ཡིན་ན། ཀུན་གྱིས་མཁྱེན་གསལ་ལྟར་སྐུ་ཞབས་དོན་གྲུབ་རྒྱལ་ནི་བོད་ཀྱི་དེང་རབས་སྤྱི་ཚོགས་ལས་རྩོམ་རིག་གི་ཕྱི་ཤུན་གྱི་ཆ་ནས་འཛམ་གླིང་དུ་རྒྱུག་ཆེ་བའི་རང་མོས་སྙན་ངག་དང་བརྩམས་སྒྲུང་། དེ་ལས་མང་།»
གངས་ལྷ་མོ།
སྔོན་གླེང༌།
རྩོམ་ཡིག་འདིའི་ནང་དོན་ནི་མ་འོངས་པར་རང་གཞུང་གི་བཀའ་བློན་ཁྲི་པ་ལྟ་བུའི་གཙོ་འགན་བ་ཚོས་ངེས་པར་དུ་བསམ་གཞིགས་དགོས་པའི་གནད་དོན་དག་ཡིན་ལ། དེའང་བོད་དུ་དོན་དམ་གྱི་རང་དབང་དང་དམངས་གཙོ་མ་འབྱུང་བར། བོད་མི་ཡོད་དོག་ཅོག་གིས་ད་ལྟའི་ཆར་ཡུལ་གྱར་དུ་རང་དབང་དང་དམངས་གཙོའི་ལམ་ལུགས་ལོངས་སུ་སྤྱོད་དེ་རང་མི་རིགས་ཀྱི་གཅེས་ནོར་ནང་ཆོས་དང་བོད་ཀྱི་རིག་གཞུང་འཇིག་རྟེན་འདིར་ཡུན་གནས་ཀྱིས་འགྲོ་བ་མིའི་རིགས་གཙོས་པའི་སེམས་ཅན་ཐམས་ཅད་ལ་ཕན་ཐབས་སུ་ནན་ཏན་གནང་དགོས་པའི་ཕྱོགས་དང༌། རང་མི་རིགས་ཀྱང་འཛམ་གླིང་སྤྱིའི་འགྲོས་དང་བསྟུན་ནས་གང་ས་ཅིའི་ཐད་ནས་ཡར་རྒྱས་གཏོང་ཕྱོགས་ཡིན་སྟབས། རང་ངོས་ཀྱི་ནུས་པ་བཏོན་ནས་མ་འོངས་བོད་ཀྱི་གནད་དོན་ལེགས་བཅོས་ཡོང་བའི་སྐོར་བསམ་གཞིགས་བྱས་པར་བློ་ལྡན་ཚོས་ངེས་ཤེས་དང་ལེགས་བཅོས་ཡོང་བའི་དམིགས་འདུན་ཁོ་ནར་ཆེད་དུ་ཡིན་པར་ཚང་མས་དགོངས་འཇགས་མཛོད།
དང་པོ། ལོ་རྒྱུས་ཐོག་ཆོས་སྲིད་ཟུང་འབྲེལ་ལ་ཕམ་ཉེས་བྱུང་བ་འགའ།
རྒྱལ་རབས་སོ་གསུམ་པ་སྲོང་བཙན་སྒམ་པོས་དུས་ཀྱི་འགྱུར་འགྲོས་དང་བསྟུན་ནས་རྒྱ་གར་ནས་ནང་ཆོས་ནང་འདྲེན་དང༌། བོད་སྐད་དང་འཚམ་པའི་ཡི་གེ་གསར་གཏོད་བྱས་པ་མ་ཟད། དེ་ལ་བརྟེན་ནས་བོད་མི་རིགས་ས་ཁོངས་རིགས་རུས་དང་བཅས་པར་གཅིག་གྱུར་བཟོ་ཐུབ་པའི་དགེ་མཚན་བླ་ན་མཐོ་བར་བྱུང་ཡོད་པ་དེའང་ནང་ཆོས་ལ་བརྟེན་ནས་གཙོ་བོར་རྒྱལ་ཁབ་ཀྱི་ཆབ་སྲིད་སྐྱོང་ཐབས་བྱས་པ་ཞིག་རེད། ནང་ཆོས་ཀྱི་སྙིང་པོ་ལ་དོགས་སློང་མི་དགོས་ཀྱང༌། ལེགས་པའི་ཆ་གང་ཡིན་ཡང་དུས་བསྟུན་གྱི་འཕེལ་རྒྱས་ཀྱི་ཐབས་ལམ་ཉམས་པའི་རྐྱེན་གྱིས་ཉམས་དམས་སུ་ཕྱོགས་འགྲོ་བ་ནི་སུས་ཀྱང་ངོས་ལེན་དགོས་པའི་དོན་དངོས་ཡིན། དུས་ཚོད་ངེས་ཅན་ནང་རྒྱལ་པོ་སྲོང་བཙན་གྱིས་ནང་ཆོས་དར་སྤེལ་གྱིས་བོད་པའི་སྤྱི་ཚོགས་སུ་དོན་དམ་གྱི་ནང་ཆོས་ཉམས་ལེན་ཡོད་ན་དེས་ཕན་བདེ་བསྐྲུན་ཐུབ་པ་བྱུང་ཡང༌། དེ་རྗེས་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི་སྐབས་སུ་ནང་ཆོས་དར་རྒྱས་ཤུགས་ཆེར་སྤེལ་བ་མ་ཟད། དུད་ཚང་བདུན་རེས་རབ་བྱུང་རེ་གསོ་དགོས་པ་དང༌། དེ་ལས་མང་།»
གཞོན་ནུ་ཟླ་མེད།
སྟོད་འགག་ལ་རྟོགས་བཏགས་ཀྱིས་འགྲེལ་བཤད་མང་པོ་ཡོད་པ་རེད། རྟ་མཆོག་རྣ་རྒྱན། ཕོ་རོག་མིག་རྒྱན། གླང་ཆེན་མཆེ་རྒྱན། སོགས་རྒྱན་དྲུག་དང་། དེ་རེ་རེའི་མཚོན་དོན་སོགས། ད་རུང་ཁ་དོགས་འདྲ་མིན་ཆོས་བརྒྱུད་རེ་རེའི་ཕྱག་ལེན་སོགས་འདྲ་མིན་རེད། འོན་ཀྱང་འདི་དམ་པའི་ཆོས་འདུལ་བ་ནས་བཤད་པའི་ནང་པའི་རབ་བྱུང་ཕ་མའི་གོས་ནི་མིན་ཐག་ཆོད་རེད། འོན་ཀྱང་འདི་བོད་ཀྱི་ནང་པ་ལ་ད་ལྟ་དར་ཁྱབ་ཆེན་པོ་ཡིན་པ་ནི་མིག་མཐོང་ལག་ཟིན་རེད། དེ་ན་འདི་གང་ནས་ཇི་ལྟར་དར་བ་རེད་དམ་ཟེར་ན། འདི་ནི་བོད་ཀྱི་དམག་ཁྲབ་ལས་དར་བ་རེད། དམག་ཁྲབ་ལ་སྟོད་གོས་དང་། སྨན་གོས་གཉིས་ཡོད་པའི་ནང་ནས་སྟོད་གོས་རེད།
མིང་གི་ཆ་ནས་བརྟག་ན་སྟོད་འགག་ཟེར་གི་ཡོད་པ་རེད། དེའི་དོན་ནི་སྟོད་ལ་མདའ་དང་མདུང་སོགས་མཚོན་ཆའི་རིགས་འགོག་བྱེད་ལ་སྟོད་འགག་ཅེས་ཟེར་བ་རེད། དེ་ནས་དེ་ལ་ཕུ་ཐུང་ཡོད་པ་མ་རེད། དེའི་རྒྱུ་མཚན་ནི་སྟོད་ཁྲབ་ལ་ཕུ་ཐུང་ཡོད་ན་དམག་མི་དེས་རང་གིས་ཕར་རྒོལ་བྱེད་པར་འགོག་རྐྱེན་བཟོ་རྒྱུ་རེད། དེ་བས་ན་ཕུ་ཐུང་མེད་པ་རེད། དེ་ལས་མང་།»
དྲ་ཐོག་ནས་རིག་གནས་སྤེལ་སྟངས་ཀྱི་བསམ་བྱ་ཐོར་བུ།
འགར་ཚེ་རྒྱལ།
ནམ་རྒྱུན་གྱི་གོམས་གཤིས་ལྟ་བུ་ཆགས་ཤིག་ཏེ་ཁོམ་པ་རེ་ཡོད་དུས་དྲ་ངོས་སུ་བོད་ཡིག་ཟིན་བྲིས་ཁག་ཏུ་ཉུལ་བལྟ་བྱེད་རྒྱུ་ནི་ཁོ་བོར་མཚོན་ན་ཉིན་རེའི་སྐབས་བབ་ལས་དོན་གྱི་ཞོར་ལས་ལྟ་བུར་གྱུར་ཡོད། ལོ་གསར་གྱི་ཉི་མ་འདི་ཚོར་ཡང་ཕ་ཡུལ་ནས་གྲོང་པ་ཁྱིམ་མཚེས་དང་ཕུ་ནུ་ཉེ་རིང་བཟང་ས་རྒྱན་ས་ཚོར་ལོ་གསར་ལག་སྐྱེས་རེ་ཁྱེར་ནས་ཕན་ཚུན་ལོ་གསར་རུ་ཉུལ་ལ་འགྲོ་སྲོལ་ཡོད་པ་དེ་བཞིན། ཁོ་བོས་ཡོད་ཚད་རེ་སྒུག་དང་སུན་སྣང་གིས་བསྐྱལ་དགོས་པའི་ས་མཐའ་འདི་ནས་ལོ་གསར་རུ་ཉུལ་གྱི་ཚབ་ཏུ་དྲ་གྲོགས་ཚོའི་ཟིན་བྲིས་རེ་རེ་བཞིན་ཞིབ་ཏུ་སྐོར་བལྟ་ཞིག་བྱས་པ་ཡིན།
རང་གི་ཕ་ས་ཕ་ཡུལ་དང༌། ཕ་མ་སྤུན་སྲིང་གཉེན་ཉེ་སོགས་མེད་པའི་ཕྱི་ཡུལ་གྱི་ནམ་ཟླ་དང་ལོ་གསར་ནི་ང་ལ་མཚོན་ན་ཡུལ་གྱར་བའི་འཚོ་བ་བསྐྱལ་བ་ནས་ནམ་རྒྱུན་སྤྲོ་སྣང་མེད་ལ། ལྷག་པར་དུ་རང་རེའི་མི་རིགས་འདི་ཐབས་ཟད་འུ་ཐུག་གི་གནས་སུ་གྱུར་ཅིང༌། མི་རིགས་འདིའི་ཆེད་དོན་དུ་གཅེས་པའི་ཚེ་སྲོག་གི་ལག་སྐྱེས་ཕངས་མེད་དུ་ཕུལ་བའི་ཞིང་གཤེགས་དམ་པ་རྣམས་དང༌། རང་ལུས་འདོམ་གང་བོ་བཙོན་དུ་ཚུད་པའི་རྒྱལ་གཅེས་དཔའ་བོ་དེ་དག་བསམ་ན་དེ་བས་ཀྱང་ལོ་གསར་ལ་སྤྲོ་སྣང་ཁབ་རྩེ་ཙམ་ཡང་མེད། ལོ་གསར་གྱི་ཉིན་དེ་ཚོའི་ནང་ཁོ་བོས་དྲ་ཉུལ་བྱས་པ་ནི་བོས་མ་བོས་ཀྱི་མགྲོན་པ་གང་རུང་ཞིག་གི་ཚུལ་གྱིས་ཇ་ཆང་གི་ཟས་ལ་རོལ་བཞིན་པའི་ངང་ཚུལ་ལྟ་བུ་ཞིག་མིན་ནའང༌། དྲ་གྲོགས་ཚོའི་སེམས་ཀྱི་ཟབ་ས་ནས་བྱོ་ཡོད་པའི་ཟིན་བྲིས་དག་ཀློག་རྒྱུ་ནི་ཁོ་བོར་མཚོན་ན་ཞིམ་མངར་ཟས་དང་ཇ་ཆང་གི་དཔལ་ལ་རོལ་བའི་ལོ་གསར་རྒྱས་སྤྲོ་ཞིག་ལས་ཧ་ཅང་གི་སྤྲོ་བ་ཆེ་ཤོས་དེ་ཡིན་ཟེར་ཆོག
ཁོ་བོས་དྲ་གྲོགས་ཚོའི་ཟིན་བྲིས་སུ་ཉུལ་ནས་ཁོ་ཚོ་ལ་བཟང་གི་ཡག་གི་ལྟ་བུའི་ཁ་ཡག་ངོ་བསྟོད་ཀྱི་སྦྱར་ལན་རེ་ཕུལ་ནས་བུད་འགྲོ་རྒྱུ་དེ་ལས་སླ་བོ་ཞིག་ཡིན་ནའང༌། དེ་ཙམ་ཞིག་གིས་ནི་ད་ལྟའི་འུ་ཚོའི་དྲ་ཐོག་ནས་སྙན་ངག་དང༌། དཔྱད་བརྗོད་སོགས་རིག་གནས་སྤེལ་ཕྱོགས་ལ་སྒུལ་ནུས་ཅི་ཡང་ཐོན་གྱི་མེད་པ་ཞིག་ཏུ་དུས་རྒྱུན་ནས་མཐོང་གིན་ཡོད་མོད། འོན་ཀྱང་ཁོ་བོ་རང་ཉིད་ཀྱང་གཞན་གྱི་རྗེས་འབྲང་ལད་ཟློས་ལ་གོམས་པ་དེ་ལས་འདའ་མ་ཐུབ་པར་རྟོག་ནུས་དང་དཔྱོད་ཁུལ་གྱི་སྐད་ཆ་ཕྱི་ལ་མ་བུད་པར་ད་ལྟའི་བར་དུ་ལྷག་སོང་ནི་རང་ཉིད་ལ་སྒྱུད་ལུག་ཆེ་བའི་རྟགས་མཚན་ཞིག་རེད། དེ་ལས་མང་།»