དཀར་ཆག: བཅར་འདྲི་།

ཕུར་བུ་རྡོ་རྗེ་ལགས་བཀའ་ཁྲིའི་འོས་མིར་ལངས་འདོད་སྐོར་གྱི་བཅར་འདྲི།

ཕུར་བུ་རྡོ་རྗེ་ལགས།

  • བོད་གཞུང་ཁྲིམས་ཞིབ་ཁང་གི་ལས་བྱེད་ཟུར་པ་ཨ་རིར་གནས་བཞུགས་སྐུ་ཞབས་ཕུར་བུ་རྡོ་རྗེ་ལགས་ཀྱིས་ཁོང་ཕྱི་ལོ་ ༢༠༡༡ ལོའི་བཀའ་བློན་ཁྲི་པའི་འོས་གཞིར་རང་འགུལ་ཐོག་བཞེངས་འདོད་ཡོད་སྐོར་བོད་ཀྱི་དུས་བབ་གསར་ཁང་ལ་འབྲེལ་བ་བྱུང་དོན་ལྟར། ཕྱི་ཚེས་ ༡༣ ཉིན་བོད་ཀྱི་དུས་བབ་གསར་འགོད་པ་དོན་འགྲུབ་བཀྲ་ཤིས་ཀྱིས་ཁ་པར་བརྒྱུད་ཁོང་ལ་བཀའ་བློན་ཁྲི་པའི་ལས་རིགས་དང་འབྲེལ་བའི་སྐོར་ལ་བཅར་འདྲི་ཁག་ཅིག་ཞུས་བ་གཤམ་གསལ།

    དྲི་བ། སྐུ་ཉིད་རང་འགུལ་ཐོག་བཀའ་བློན་ཁྲི་པའི་འོས་གཞིར་བཞེངས་དགོས་པའི་རྒྱུ་མཚན་གང་ཡིན་ནམ།
    ལན། མི་མང་གིས་ཐད་ཀར་འོས་འདེམ་བྱས་པའི་བཀའ་བློན་ཁྲི་པ་སྐབས་གསུམ་པ་དང་། བཀའ་ཤག་སྐབས་བཅུ་བཞི་བའི་མགོ་ཁྲིད་མཁན་དེ་བསྐྱར་འདེམ་གྱི་དུས་སུ་སླེབས་ཡོད་པ་རེད། མི་མང་པོ་ཞིག་གིས་བཀའ་ཁྲི་ཟམ་གདོང་རིན་པོ་ཆེར་རེ་བ་རྒྱག་གི་ཡོད་ཀྱང་། བཅའ་ཁྲིམས་ཀྱི་དགོངས་དོན་དང་འོས་བསྡུའི་སྒྲིག་གཞིའི་ནང་ལམ་ཁ་དེ་རག་གི་ཡོད་པ་མ་རེད། བཀའ་ཤག་སྐབས་བཅུ་བཞི་བའི་ལས་ཡུན་དེ་༧གོང་ས་མཆོག་དགུང་གྲངས་ ༨༠ ལ་ཕེབས་པ་དང་། བོད་པའི་རྩ་དོན་དང་སྤྱི་ཚོགས་གང་ཐད་ནས་ཧ་ཅང་གི་གནད་འགག་གི་དུས་ཚོད་ཅིག་ལ་འཁེལ་ཡོད། གཉན་འཕྲང་གི་དུས་ཚོད་འདི་འདྲ་ཞིག་ལ་བོད་པ་སུ་ཞིག་ཡིན་རུང་འགན་འཁུར་རྒྱུའི་སེམས་ཤུགས་དང་། ལྷག་བསམ་གཙང་མ་ཞིག་ཡོད་ན་མདུན་དུ་འཐོན་དགོས་པའི་དུས་སུ་སླེབས་ཡོད་པ་རེད། བཀའ་བློན་ཁྲི་པ་ཟེར་བ་དེ་བོད་རྒྱལ་ཁབ་དང་མི་རིགས་ལ་ཞབས་ཞུ་སྒྲུབ་སའི་རྐུབ་སྟེགས་ཚད་མཐོ་ཤོས་ཤིག་དེ་རེད། ལྷག་བསམ་རྣམ་དག་གིས་དཀའ་ལས་བརྒྱབ་ཀྱང་གོ་ཆོད་སའི་སྡིངས་ཆ་ཞིག་ཡིན་སྟབས། ང་རང་དང་བླངས་ཐོག་བཀའ་བློན་ཁྲི་པའི་འོས་གཞིར་ལངས་པ་ཡིན། ངས་སྔོན་མ་རྒྱ་གར་ནང་ལོ་ལྔའི་རིང་ཁྲིམས་ཀྱི་ཐོག་ལ་སློབ་སྦྱོང་བྱས་ཤིང་། དེའི་རྗེས་ཨ་རིའི་གཙུག་ལག་སློབ་གཉེར་ཁང་ནས་རྒྱལ་སྤྱིའི་ཁྲིམས་ལུགས་སློབ་དཔོན་གྱི་ཕྱག་འཁྱེར་རག་སོང་། བཙན་བྱོལ་བོད་གཞུང་ཆེས་མཐོའི་ཁྲིམས་ཞིབ་ཁང་དུ་ལོ་ ༡༠ ལྷག་རིང་ལས་ཀ་བྱས་པ་ཡིན། སོ་སོས་དཔག་ཚོད་ཀྱིས་ལས་ཀ་གང་འཚམ་བྱས་ཡོད་ཀྱང་འོས་བསྡུ་དངོས་གཞི་སླེབས་སྐབས། མི་སྒེར་བ་ཞིག་གིས་ང་བཀའ་བློན་ཁྲི་པར་འདུག་རྒྱུ་ཡིན་ཟེར་དབང་ཡོད་པ་མ་རེད་ལ། ཚོགས་པ་སྒྲིག་འཛུགས་ཤིག་གིས་ཁོ་བཀའ་བློན་ཁྲི་པར་བསྐོ་རྒྱུ་ཡིན་ཟེར་དབང་ཡང་ཡོད་པ་མ་རེད། སུ་འདེམ་དང་མི་འདེམ་གྱི་དབང་ཚད་དེ། དང་བླངས་དཔྱ་དངུལ་འབུལ་བཞིན་པའི་བཙན་བྱོལ་མི་དམངས་ཀྱི་ལག་ཏུ་ཡོད། དེ་ལས་མང་།»

  • བཀའ་ཁྲིའི་འོས་མིའི་ནང་ཞུགས་མཁན་བློ་བཟང་སེང་གེ་ལ་ཕུལ་བའི་དྲི་བ་གལ་ཆེན་བཅུ།

    མཁས་དབང་བློ་བཟང་སེང་གེ་ལགས།

  • བཅར་འདྲི་བྱེད་མཁན།ཨ་རིའི་ཨུ་ཏཱ་གཙུག་ལག་སློབ་གྲྭ་ཆེན་མོའི་ནང་གི་སློབ་གཉེར་བ་རིན་ཆེན།
    བཅར་འདྲི་དང་ལེན་མཁན།མཁས་དབང་བློ་བཟང་སེང་གེ

    དྲི་བ། ད་ལྟའི་སྐབས་ཁྱེེད་རང་བཀའ་བློན་ཁྲི་པའི་འོས་གཞིའི་ནང་མིང་འདོན་བྱེད་མཁན་གང་མང་ཞིག་ཡོད་པས། འདིའི་ཐད་ལ་ཚོར་སྣང་ག་རེ་འདུག་གམ།
    ལན། ངའི་མིང་བཀའ་ཁྲིའི་འོས་གཞིའི་ནང་ཐོན་པར་གུས་བརྩི་བྱེད་ཀྱི་ཡོད་ལ། ང་ལ་རྒྱབ་སྐྱོར་དང་སྐུལ་ལྕག་གནང་མཁན་བོད་མི་ཚོར་སྙིང་ནས་བཀའ་དྲིན་ཆེ་ཞེས་ཞུ་འདོད་བྱུང་། བཀའ་བློན་ཁྲི་པའི་འོས་འཕེན་ནང་རྒྱལ་ཁ་ཐོབ་ཀྱང་རུང་མ་ཐོབ་ཀྱང་རུང། ད་ལྟའི་སྐབས་ངས་བོད་ཀྱི་རྩ་དོན་གྱི་ཆེད་དུ་ལས་ཀ་བྱེད་བཞིན་པ་ལྟར། མ་འོངས་པར་བོད་མི་དེ་དག་གི་རེ་བ་བཞིན་བོད་ཀྱི་རྩ་དོན་གྱི་ཆེད་དུ་ལས་ཀ་གང་ཐུབ་པ་དེ་བྱེད་ཀྱི་ཡིན། འོས་ཤོག་ཐོབ་དང་ཤོར་ཟེར་བ་ནི་གང་ཟག་གཅིག་ཁོ་ན་གལ་ཆེན་དུ་མི་འཛིན་པར། དེ་ལས་ཀྱང་གལ་ཆེ་བ་ནི་བོད་ཀྱི་མང་གཙོའི་སྒྲོམ་གཞི་ཡར་རྒྱས་འགྲོ་བར་གལ་ཆེན་པོ་ཆགས་ཀྱི་ཡོད་པ་རེད། ངས་མུ་མཐུད་ནས་རང་ཉིད་ཀྱི་ལས་དོན་དེ་ཕྱོགས་གང་ཐད་ནས་བསྒྲུབ་རྒྱུ་ཡིན།

    དོན་དངོས་ཐོག་ངའི་རྒྱབ་ལྗོངས་ལ་བལྟས་པ་ཡིན་ན། བཙན་བྱོལ་ནང་གི་གཞིས་ཆགས་སུ་འཚར་ལོངས་བྱས། དེ་བཞིན་དབུས་བོད་སློབ་འཛིན་ཚོགས་ཀྱི་ཁྱབ་ཁོངས་སློབ་གྲྭ་ཞིག་ཏུ་སློབ་སྦྱོང་བྱས་ནས་ཡོང་བའི་བོད་ཕྲུག་གཅིག ད་ལྟའི་སྐབས་བཀའ་ཁྲིའི་འོས་གཞིའི་ནང་ཐོན་པ་འདི་ནི། རང་ཉིད་ཀྱི་མཐོང་ཚུལ་ལྟར་ན་འདས་པའི་བཙན་བྱོལ་ནང་གི་མི་ལོ་ ༥༠ རིང། བོད་པའི་སྤྱི་ཚོགས་དེ་ཡར་རྒྱས་སོང་བའི་རྣམ་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། འདི་ཡང་༧གོང་ས་མཆོག་གིས་སྐུ་ངལ་འཛེམས་མེད་ཀྱི་གཟིགས་རྒྱང་རིང་པོས་བསྒྱུར་བཅོས་གནང་བ་དང། སྤྱི་ཚོགས་སུ་མང་གཙོའི་ལམ་ལུགས་ཕྱག་བསྟར་གནང་བའི་བཀའ་དྲིན་གྱིས་ཡིན། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་ཁ་གསལ་པོའི་ཐོག་ནས་འགྲེལ་བརྗོད་བྱས་ཡོད་པ་ནི། བོད་མི་སུ་འདྲ་ཞིག་རང་ལོ་ ༣༥ བརྒལ་ཡོད་ན། བཙན་བྱོལ་བོད་གཞུང་གི་ཆེས་མཐོ་བའི་བཀའ་ཁྲིའི་ལས་གནས་དེའི་ནང་འཛུལ་ཞུགས་བྱེད་ཆོག་པ་རེད།

    ༢ དྲི་བ། ཁྱེད་རང་བཀའ་བློན་ཁྲི་པ་གནང་འདོད་ཡོད་པ་འདིས། སྤྱིའི་ཆ་ནས་ཁྱེད་རང་ལ་དོ་སྣང་བྱེད་མཁན་མང་པོ་ཡོང་ཡོད་པ་དང། བོད་མི་མང་པོ་ཞིག་གིས་འདས་པའི་ལོ་ ༡༥ རིང་ཁྱེད་རང་གིས་ཨ་རིའི་ནང་ག་རེ་བྱེད་ཀྱི་ཡོད་མེད་ཤེས་འདོད་ཡོད་རེད། དེ་ལས་མང་།»

  • ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་འཕྲུལ་སྒྲ་(Twitter)དྲྭ་གནས་སུ་ཕེབས་པ། ༢

  • ༄༅། །རྒྱ་ནག་གི་རྩོམ་པ་པོ་གྲགས་ཅན་སྐུ་ཞབས་ཝང་ལི་ཞུང་བརྒྱུད་རྒྱ་རིགས་མི་གྲངས་ 1558 ཀྱིས་ྋགོང་ས་མཆོག་ལ་དྲི་བ་ 317 ཕུལ་ཡོད། དྲི་བ་དེ་དག་ལ་འདེམ་ཤོག་བླུགས་མཁན་མི་གྲངས་ 11705 བྱུང་འདུག་པ་དང་། དེ་དག་གི་ནང་ནས་དོ་སྣང་ཆེ་ཤོས་བྱེད་པའི་གལ་གནད་ཅན་གྱི་དྲི་བ་བཅུ་ལ་ཕྱི་ཟླ་ 7 ཚིས་ 16 ཉིན་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོས་བཞུགས་སྒར་ཕོ་བྲང་ནས་བཀའ་ལན་སྩལ་བ་དེ་དག་ཕྱི་ཚེས་ 19 ཉིན་ནས་བཟུང་ྋགོང་ས་མཆོག་གི་རྒྱ་ཡིག་འཕྲུལ་སྒྲའི་དྲ་གནས་ཐོག་བཏོན་ཡོད།

    དྲི་བ་དང་པོ། ད་ལྟའི་གནས་སྟངས་ཀྱི་ཐོག་ནས་ལྟས་ན། ྋགོང་ས་མཆོག་གི་སྐུ་ཚེའི་རིང་རྒྱ་ནག་གཞུང་མཉམ་ཞི་འགྲིག་ཡོང་ཐབས་དཀའ་བས། ྋགོང་ས་མཆོག་དགོངས་པ་རྫོགས་རྗེས་ལྟ་བ་མཁྲེགས་པོ་འཛིན་མཁན་གཞོན་ནུ་ཚོགས་པར་ྋགོང་ས་མཆོག་གིས་བཏང་འཛིན་མེད་ན་གཞི་རྒྱ་ཆེ་བའི་འཇིགས་བསྐུལ་གྱི་ལས་དོན་བྱེད་སྲིད་དམ། གཞོན་ནུ་ཚོགས་པ་འཇིགས་བསྐུལ་གྱི་ཕྱོགས་སུ་བསྐྱོད་རྒྱུར་བཀག་འགོག་གི་ཐབས་ལམ་ཡོད་དམ།
    བཀའ་ལན། སྤྱི་ཡོངས་ཀྱི་ཆ་ནས་བཤད་ན་ང་འདས་པའི་རྗེས་ལ་ཡིན་ནའང་བཙན་བྱོལ་གྱི་སྒྲིག་འཛུགས་དང་གལ་ཆེ་ཤོས་ཤེས་ཡོན་གྱི་ཕྱོགས་ནས་མུ་མཐུད་ཡར་རྒྱས་འགྲོ་གི་རེད། དེ་ནས་གལ་ཆེ་བ་གཞན་ཞིག་ནི་ཆོས་བརྒྱུད་སོ་སོའི་ནང་ནས་ལོ་ཉི་ཤུ་ནས་སུམ་བཅུའི་བར་སློབ་གཉེར་བྱས་སྟེ་ཡོང་མཁན་ཚོའི་ནང་ནས་ཆོས་ཕྱོགས་ཀྱི་དབུ་ཁྲིད་གནང་ཐུབ་ངེས་དེ་འདྲ་ཐོན་ཡོང་གི་འདུག ཆབ་སྲིད་ཀྱི་སྒྲིག་འཛུགས་ངོས་ནས་བཤད་ན་འདས་པའི་ལོ་ངོ་བཅུ་ཙམ་རིང་ངོས་རང་ཕྱེད་རྒས་ཡོལ་བྱས་ཏེ་བསྡད་པ་ཡིན། ཆབ་སྲིད་ཀྱི་གནད་དོན་གལ་ཆེ་ཚང་མ་འོས་བསྡུ་བྱས་པའི་འགོ་ཁྲིད་ཀྱི་ཐག་གཅོད་བྱེད་ཀྱི་ཡོད་ལ་མ་འོངས་པར་ཡང་མུ་མཐུད་དེ་ལྟར་འགྲོ་གི་རེད། གཞོན་ནུའི་སྒྲིག་འཛུགས་ཀྱིས་མཚོན་པའི་བོད་རང་བཙན་གཙང་མ་དགོས་ཀྱི་འདུག་ཅེས་ང་ཚོའི་དབུ་མའི་ལམ་ལ་སྐྱོན་བརྗོད་བྱེད་མཁན་ཡོང་གི་ཡོད་པ་ཙམ་མ་ཟད་ཕལ་ཆེར་ཤུགས་ཆེ་རུ་འགྲོ་གི་ཡོད་པ་འདྲ་པོ་འདུག དེ་ལ་ཁག་ཡོད་པ་མ་རེད་ང་ཚོས་གཉིས་སྨན་ཡོང་བའི་འབད་བརྩོན་རིམ་པ་བྱས་པ་རེད་དེ་བཟང་ཕྱོགས་ཀྱི་གྲུབ་འབྲས་གང་ཡང་ཐོན་ཐུབ་མེད། གནས་ཚུལ་དེ་འདྲའི་འོག་ནས་བསམ་ཚུལ་ཤུགས་ཆེ་རུ་འགྲོ་གི་འདུག ཡིན་ནའང་སྤྱི་ཡོངས་ཀྱི་ཆ་ནས་བརྒྱ་ཆའི་དགུ་བཅུ་གོ་དགུ་འཚེ་བ་མེད་པའི་ལམ་ལ་ཡིད་ཆེས་བྱེད་ཀྱི་ཡོད་པ་ཧ་ཅང་གསལ་པོ་ཡོད་དེར་ཁྱོད་རང་ཚོ་གཡང་ང་བྱེད་དགོས་དོན་མེད།
    དེ་ལས་མང་།»

  • བླ་བྲང་ཨ་མདོའི་ཨར་འདམ་བཟོ་གྲྭ་དང་ས་གནས་མང་ཚོགས་བར་གྱི་རྙོག་དྲ།

    བླ་བྲང་ཨ་མདོའི་ཨར་འདམ་བཟོ་གྲྭ།

  • གཡུ་ཞུན།

    ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཁོངས་གཏོགས་མདོ་སྨད་བླ་བྲང་བསང་ཆུ་རྫོང་མར་ཐང་ཞང་དུ་ཡོད་པའི་ཨ་མདོའི་ཨར་འདམ་བཟོ་གྲྭས་ལོ་འདི་འགར་ལས་གཞི་རྒྱ་བསྐྱེད་ཀྱིས་ཉེ་འཁོར་གྱི་ས་གནས་མང་ཚོགས་ཀྱི་འཚོ་གནས་ལ་ཉེན་ཁ་དང་ཁོར་ཡུག་ལ་གནོད་འཚེ་ཚབས་ཆེན་བསྐྱེལ་བཞིན་ཡོད་ཕྱིར་། མར་ཐང་ཞང་ཡར་ཤུལ་སོགས་སྡེ་བ་ཁ་ཤས་ཀྱིས་གནས་སྟངས་ཏེ་བཟོ་གྲྭའི་འབྲེལ་ཡོད་དང་སྲིད་གཞུང་ལ་ཞུ་གཏུག་བྱས་ཀྱང་ཡ་ལན་སྟེར་མཁན་མ་བྱུང་བར་ལོ་མང་པོ་ཕྱིན་ཡོད་ལ། དེ་བཞིན་སྤྱི་ཟླ་ལྔ་བའི་ཚེས་༡༥ཉིན་མར་ཐང་ཞང་གི་མང་ཚོགས་ཉིས་བརྒྱ་ཙམ་ཨ་མདོའི་བཟོ་གྲྭའི་ནང་སོང་ནས་གནས་ཚུལ་དེ་དག་ཐད་ཀར་འགོ་ཁྲིད་དང་གྲོས་མོལ་བྱེད་པའི་བླང་བྱ་འདོན་ནས་ངོ་རྒོལ་བྱེད་སྐབས་། བཟོ་གྲྭའི་ཕྱོགས་ནས་ཉེན་རྟོག་པར་བརྡ་རྒྱབ་ཏེ་གཞུང་གིས་དྲག་ཆས་ཉེན་རྟོག་པ་དང་དམག་མི་སོགས་མངག་ནས་མང་ཚོགས་དང་གདུག་གཏུག་བྱུང་ཡོད་པ་མ་ཟད་།མི་བཞི་འཛིན་བཟུང་དང་ཁ་ཤས་ལ་རྨས་ཕོག་སྟེ་སྨན་ཁང་དུ་བསྐྱལ་བའི་གནས་ཚུལ་བྱུང་ཡོད་ལ་། གནས་ཚུལ་དེའི་ཐད་རྒྱ་གར་ལྷོ་ཕྱོགས་ཀྱི་ཕ་ཡུལ་བླ་བྲང་ནས་ཡིན་པའི་བོད་མི་ཞིག་གིས་འདི་ལྟར་འགྲེལ་བརྗོད་གནང་ཡོད་།སྤྱིར་བཏང་བཟོ་གྲྭ་དེ་སྔོན་མ་ནས་ང་ཚོའི་ས་དེར་ཡོད་པ་རེད་།ཡིན་ནའང་༢༠༠༧ལོ་ནས་རྒྱ་ཇེ་ཆེར་བསྐྱེད་དེ་ས་གནས་ཡུལ་མིའི་ཞིང་ས་མང་པོ་བདག་ཏུ་བཟུང་པ་དང་།མང་ཚོགས་འཐད་པ་མེད་ཀྱང་བཙན་པོ་བྱས་ཏེ་གཞུང་ཕྱོགས་ནས་ཡ་ལན་བྱུང་མེད་ལ། ༢༠༠༨ལོར་འོ་བསེ་་སྡེ་བ་ནས་ཨར་འདམ་བཟོ་བྱད་བྲག་རི་གཏོར་ཏེ་རྡོ་ལེན་སྐབས་སྡེ་བ་དེས་ས་བརྐོ་རུ་མི་འཇུག་ཅེས་སྐད་རྒྱབ་པར་བརྟེན་། ཀ་ཆུ་(Chinese: Lin xia)་ནས་ཡར་དམག་མི་མངག་སྟེ་མང་ཚོགས་ལ་གཅར་རྡུང་བྱས་པས་། མང་ཚོགས་ཉི་ཤུ་ལྷག་ལ་རྨས་སྐྱོན་ཕོག་ནས་སྐབས་དེར་ཀ་ཆུའི་སྨན་ཁང་ནང་བསྡད་པ་རེད་། དེ་ལས་མང་།»

  • ང་ ཚོས་ ཉིན་ གཅིག་ ལ་ དུས་ ཚོད་ བཅུ་ དྲུག་ ལ་ ལས་ ཀ་ བྱས་ བ་ ཡིན།

  • བཅར་ འདྲི་ ཞུ་ ཡུལ། བོད་ནང་གི་གསར་འགོད་པ་ཞིག
    བཅར་ འདྲི་ ཞུ་ མཁན། རིག་ འབྱུང་ དོན་ གྲུབ་ བཀྲ་ ཤིས།

    དང་ པོ།
    སྐྱེ་ རྒུ་ མདོར་ ས་ ཡོམ་ བརྒྱབ་ པའི་ ཉིན་ དེ་ ག་ རང་ ལ་ ཁྱེད་ ཚོ་ ལམ་ ལ་ ཆས་ ཐུབ་ སོང་ ངམ།
    ལན། ཚེས་ ༡༤ཉིན་ གྱི་ ཞོགས་ པར་ ས་ ཡོམ་ བརྒྱབ་ པའི་ གནས་ ཚུལ་ གོ་ བ་ དང་། ཀྲུང་ དབྱང་ བརྙན་ འཕྲིན་ ཁང་ གི་ གསར་ འགོད་ པ་ ཚོ་ གནམ་ གྲུར་ བསྡད་ ནས་ ཟི་ ལིང་ ལ་ སླེབས་ སོང་།
    དུས་ ཚོད་ ་ བཅུ་ བའི་ ཐོག་ ལ་ ང་ ཚོས་ ཚོགས་ འདུ་ ཚོགས་ པ་ རེད། དུས་ ཚོད་ བཅུ་ གཅིག་ གི་ ཐོག་ གསརའགོད་ པ་ རྣམས་ སྐྱེ་ རྒུ་ མདོར་ ཕྱིན་ པ་ རེད་། མཚོ་ སྔོན་ བརྙན་ འཕྲིན་ ཁང་ གི་ བོད་ སྐད་ སྡེ་ ཚན་ གྱི་ ཁོངས་ ནས་ གསར་ འགོད་ པ་ ༥། ཧུའུ་ ནན་ བརྙན་ འཕྲིན་ ཁང་ ནས་ གསར་ འགོད་ པ་ ༢༠༠། ཀྲུང་ དབྱང་ བརྙན་ འཕྲིན་ ཁང་ དང་ མཚོ་ སྔོན་ བརྙན་ འཕྲིན་ རྒྱ་ སྐད་ སྡེ་ ཚན་ ནས་ གསར་ འགོད་ པ་ ༡༠༠ མ་ ཟིན་ ཙམ་ བཅས་ ཁྱོན་ བསྡོམས་ གསར་ འགོད་ པ་ ༣༠༠ལྷག་ ས་ གནས་ ས་ ཐོག་ ལ་ ཕྱིན་ པ་ རེད། ཕ་ གི་ རང་ ལ་ དང་ པོར་ སླེབས་ མཁན་ ཀྲུང་ དབྱང་ བརྙན་ འཕྲིན་ ཁང་ རེད། དེའི་ རྗེས་ ནས་ ང་ ཚོ་ མཚོ་ སྔོན་ བརྙན་ འཕྲིན་ ཁང་ རེད།
    གཉིས།
    ཁྱེད་ ཚོ་ ཤུལ་ དུ་ (ལས་ ཁུངས་ སུ་ )སྡོད་ མཁན་ ཚོས་ གཙོ་ བོ་ ག་ རེ་ བྱས་ བ་ ཡིན།
    ལན། ང་ ཚོ་ ཤུལ་ དུ་ ཡོད་ མཁན་ ཚོས་། ཀྲུང་ དབྱང་ བརྙན་ འཕྲིན་ དང་ རྒྱ་ ཡིག་ སྡེ་ ཚན་ གཉིས་ ཀྱིས་ བཏང་ བའི་ གསར་ འགྱུར་ ཁག་ རྒྱ་ ཡིག་ ནས་ བོད་ ཡིག་ ལ་ བསྒྱུར་ དེ་ བརྙན་ འཕྲིན་ ནང་ བཏང་ བ་ ཡིན། གཞན་ ཟི་ ལིང་ བརྒྱུད་ སྐྱེ་ རྒུ་ ལ་ རོགས་ སྐྱོབ་ བྱེད་ དུ་ འགྲོ་ མཁན་ དང་ སྐྱེ་ རྒུ་ ནས་ ཟི་ ལིང་ ལ་ འཁྱེར་ ཡོང་ བའི་ ནད་ པ་ རྣམས། ནད་ པ་ དེ་ ཚོ་ དང་ བླངས་ གིས་ གཉོར་ མཁན་ རྣམས་ བཅས་ ལ་ བཅར་ འདྲི་ བྱས་ ནས་ ཐད་ གཏོང་ བྱས་ བ་ ཡིན། ད་ དུང་ ཉེ་ འཁོར་ གྱི་ སྡེ་ བ་ དང་ བླ་ མ་ ཚོས་ བསྔོ་ སྨོན་ བྱེད་ བཞིན་ པ་ དེ་ ཡང་ ཐད་ གཏོང་ བྱས་ བ་ ཡིན།
    གསུམ།
    སྐྱེ་ རྒུ་ མདོའི་ ས་ ཡོམ་ གྱི་ གོད་ ཆག་ ཐད་ ཁྱེད་ ཚོས་ ཀྲུང་ དབྱང་ དང་ རྒྱ་ ཡིག་ སྡེ་ ཚན་ གྱི་ གསར་ འགྱུར་ དེ་ ཚོ་ གཙོ་ བོར་ བཟུང་ བ་ རེད་ དམ།
    ལན། དེ་ འདྲ་ མ་ རེད། ང་ ཚོའི་ གསར་ འགྱུར་ ལ་ ཁུངས་ གཉིས་ ཡོད་ པ་ རེད། ཁུངས་ གཅིག་ དེ་ ཀྲུང་ དབྱང་ དང་ རྒྱ་ ཡིག་ སྡེ་ ཚན་ གྱིས་ བཏང་ བའི་ གསར་ འགྱུར་ དེ་ ཚོ་ རེད།
    ཁུངས་ གཞན་ ཞིག་ དེ། ས་ གནས་ ས་ ཐོག་ ན་ ཡོད་ པའི་ ང་ ཚོའི་ བོད་ རིགས་ གསར་ འགོད་ པ་ ཚོའི་ གསར་ འགྱུར་ དེ་ རེད། ང་ ཚོས་ དེ་ གཉིས་ ཀ་ མཉམ་ དུ་ བཏང་ བ་ ཡིན།
    དེ་ ལ་ བོད་ མི་ མང་ ཚོགས་ ཚོས་ དགའ་ བསུ་ ཆེན་ པོ་ བྱེད་ ཀྱི་ འདུག དེ་ལས་མང་།»

  • ཁམས་སྐྱེ་རྒུ་མདོར་རོགས་སྐྱོར་ལ་ཕེབས་མཁན་བུད་མེད་ཅིག་གི་སེམས་གཏམ་སྐྱུར་མོ།

    བཅར་འདྲིར་ཉན་ན་འདིར་ནོན་ཅིག

    བཅར་འདྲིར་ཉན་ན་འདིར་ནོན་ཅིག

  • སྤྱི་ཟླ་༥པའི་ཚེས་༣ཉིན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་ཨམ་སྐད་ནང་ཁམས་སྐྱེ་རྒུ་མདོིའི་ས་འགུལ་གོད་ཆག་སྐོར་ལ་ས་གནས་དེར་དངོས་སུ་རོགས་སྐྱོར་དུ་སོང་བའི་ཨ་མདོའི་ཕྱོགས་ཀྱི་བུད་མེད་ཅིག་ལ་བཅར་འདྲིའི་བྱས་པའི་གནས་ཚུལ།

    འགྲེལ་བཤད། སྤྱི་ཟླ་༤པའི་ཚེས་༡༤ཉིན་ཁམས་སྐྱེ་རྒུ་མདོར་ས་འགུལ་གྱི་གོད་ཆག་ཚབས་ཆེན་ཕོག་ནས་བོད་མི་སྟོང་ཕྲག་ཁ་ཤས་ཀྱི་ཚེ་སྲོག་འཕྲོག་ཡོད་པ་མ་ཟད་། མང་པོ་ཞིག་ལ་རྨས་སྐྱོན་དང་། ཡང་མི་མང་པོ་ཞིག་གི་ཁྱིམ་གཞི་མེད་པར་གྱུར་ཡོད་ལ་། ས་འགུལ་གོད་ཆག་བྱུང་མ་ཐག་རྒྱ་ནག་དབུས་གཞུང་ནས་མཚོ་སྔོན་ཞིང་ཆེན་སྲིད་གཞུང་བར་མྱུར་སྐྱོར་གྱི་ལས་དོན་རྒྱ་ཆེན་སྤེལ་དང་སྤེལ་བཞིན་པའི་ཐད་གཞུང་འབྲེལ་གྱི་གསར་འགྱུར་བརྒྱུད་ལམ་ཁག་ན་འཚང་ཁ་ཤིག་གིས་དྲིལ་བསྒྲགས་བྱེད་བཞིན་ཡོད་མུས་ལ་མ་བལྟས་པར་།སྐྱེ་རྒུ་མདོའི་གནོད་ཁུལ་མི་མང་གི་གནས་སྟངས་དངོས་དེ་མང་ཚོགས་དང་ཕྱི་རྒྱལ་གྱི་གསར་འགྱུར་ནང་རྣམ་པ་གཞན་ཞིག་ཡོང་གི་ཡོད་ཕྱིར་། དེ་རིང་འདིར་ས་འགུལ་རྒྱུགས་མ་ཐག་པའི་སྤྱི་ཟླ་༤པའི་༡༨ཉིན་ཁམས་སྐྱེ་རྒུ་མདོའི་གནོད་ཁུལ་དུ་རོགས་སྐྱོར་དངོས་རྫས་བསྐྱལ་ནས་སོང་མྱོང་པའི་མདོ་སྨད་ས་ཁུལ་གྱི་བུད་མེད་ཞིག་ལ་ཁ་པར་ཐོག་བཅར་འདྲི་བྱས་པའི་ཆ་ཤས་ཤིག་བཀོད་སྒྲིག་བྱས་ཡོད།
    དྲི་བ། ཁྱེད་རང་ས་དེར་ནམ་ཞིག་སོང་བ་ཡིན་ནམ།
    ལན། ཚེས་༤ཉིན་སོང་བ་ཡིན།རྒྱ་རྩིས་ཤེས་མ་སོང་བོད་རྩིས་(ཨ་མདོའམ་རྒྱ་མིའི་ལུགས་རྙིང་རྩིས་ལུགས།)ཀྱི་ཚེས་༤ཉིན་སོང་བ་ཡིན་ཚེས་༡ཉིན་ས་འགུལ་རྒྱུགས་པ་རེད།
    དྲི་བ། རེད་རེད་།དེ་ཡིན་དུས་སྤྱི་ཚེས་༡༨ཉིན་རེད་།ཚེས་༡༤ཉིན་ས་འགུལ་རྒྱུགས་པ་རེད་།ཁྱེད་རོགས་སྐྱོར་ལ་ས་ཆ་གང་དུ་ཕྱིན་པ་ཡིན་ནམ། སྐྱེ་རྒུ་མདོ་གྲོང་བརྡལ་ཡིན་ནམ་གྲོང་གསེབ་ཅིག་ཡིན་ནམ།
    ལན། སྐྱེ་རྒུ་མདོ་གྲོང་བརྡལ་ཏེ་ཡུལ་ཤུལ་ཁུལ་གྱི་ལྟེ་གནས་དེར་སོང་བ་ཡིན་།ང་ཚོ་ མི་ཁ་ཤས་ཚོགས་པའི་ཚབ་བྱས་ནས་བཟའ་བཏུང་དང་དངོས་རྫས་ཁྱེར་ནས་ཕྱིན་པ་ཡིན།ཡང་ཚོགས་པའི་ཚོགས་མི་ཚོས་འཛོམས་ཚོད་ཀྱིས་ཁ་ཤས་ཀྱིས་རྒྱ་སྒོར་ཆིག་སྟོང་སྟེར་མཁན་འདུག་ལ་ཁ་ཤས་ནས་རྒྱ་སྒོར་བརྒྱ་ནས་ཉིས་བརྒྱ་སུམ་བརྒྱ་རིགས་མི་འདྲ་བ་རེད་།དེ་ནས་དངུལ་དེ་དག་གིས་རྩམ་པ་དང་མར་ཆུར་།མགྱོགས་ཐུག་(སྟབས་བདེའི་ཐུག་པའང་ཟེར་།)སོགས་ཉོས་ནས་སོང་བ་ཡིན།
    དྲི་བ། ཁྱེད་ཚོ་འགྲོ་དུས་(ལམ་ཁ་ནས)འགྲོ་རུ་འཇུག་གམ་ལམ་ཡིག་མི་དགོས་སམ།
    ལན། ལམ་ཡིག་དགོས་ཚུལ་དང་འཀག་འགོག་བྱེད་པ་གོ་ཐོས་བྱུང་ཡིན་ནའང་ང་ཚོ་འགྲོ་དུས་ལམ་ཡིག་དགོས་མ་སོང་ལ་ལམ་བར་འགོག་མཁན་ཡང་མ་བྱུང་།
    དྲི་བ། ཁྱེད་ཚོ་ཕེབས་དུས་ག་འདྲ་འདུག་གམ།
    ལན། བཤད་མི་ཤེས་པར་སྐྲག་སྣང་ཆེན་པོ་རེད་།བླ་མ་མཁྱེན། དེ་ལས་མང་།»

  • བརྙན་ཕབ་དངོས་མྱོང་བདེན་པ་ར་སྤྲོད་།

    བོད་ནང་གི་བརྙན་ཕབ་དངོས་མྱོང་བདེན་པ་ར་སྤྲོད་ཅེས་པར་གཟིགས་རོགས་གནང་།

    རང་བཙན། བོད་མི་དམངས་ཀྱི་རེ་སྨོན། ཁག་གཉིས་པ།

  • ཚའོ་ཁྲང་ཆིན་གྱིས་བརྩམས། འབྲོག་མྱིས་བསྒྱུར།

    ཉེ་བའི་ལོ་ཤོས་སྔོན་རང་བཙན་བྱས་པའི་ཤར་ཏེ་མོ་རྒྱལ་ཁབ་ཀྱིས་ཀྱང་ནུབ་གླིང་པའི་རིག་ལམ་༼འོས་སམ་མི་འོས་༽རྒྱུད་འཛིན་བྱས་ཏེ་རྒྱལ་ཁ་ཐོབ་ཡོིད། ཤ་ཏེ་མོ་ལ་མི་འབོར་འབུམ་བརྒྱད་ལས་མེད་ལ་དེ་ནི་ཧིན་ཏོའུ་ནེ་ཞི་ཡའི་མི་འབོར་གྱི་༠.༥%རེད། སོའོ་ཧ་ཐོའོ་ཡི་ལོ་ངོ་སུམ་ཅུའི་རིང་གི་དམག་དོན་སྲིད་དབང་སྒེར་འཛིན་ཁྲོད་གལ་ཏེ་༼སྲིད་དམ་མི་སྲིད་༽གྱི་བསམ་བློའི་འདུ་ཤེས་དང་ལྟ་གྲུབ་བཟུང་ཚེ་རང་བཙན་ནི་བསམ་ཡུལ་དུའང་ཤར་མི་ཐུབ་པ་ཞིག་རེད། འོན་ཀྱང་མཐར་མཇུག་ཤར་ཏེ་མོ་མི་རིགས་ལ་རྒྱལ་ཁ་ཐོབ། དེའི་རྒྱུ་མཚན་ནི་ཤར་ཏེ་མོའི་དབུ་ཁྲིད་དང་མི་དམངས་ཀྱིས་རྒྱུན་འཁྱོངས་བྱས་པ་ནི་འདུ་ཤེས་ཀྱི་རྩ་དོན་ཡིན་པ་ལས་བྱེད་ཐབས་ཐད་ཀྱི་འགྲུབ་ཐུབ་རང་བཞིན་མིན་པས་སོ།
    ཁའོ་སའོ་བའོ་ཡང་དེ་འདྲ་རེད། རྒྱ་ཁབ་ཀྱི་ས་ཁྱོན་ལ་སྤྱི་ལེ་གྲུབ་བཞི་མ་ཁྲི་གཅིག་ཙམ་(དེ་སྔོན་སེར་ཝེ་ཡའི་མངའ་སྡེ་ཞིག་རེད།)དང་མི་འབོར་ས་ཡ་གཉིས་ལས་མེད་པ་དང༌། སེར་ཝེ་ཡའི་ལྔ་ཆའི་གཅིག་མ་གཏོགས་མེད། འོན་ཀྱང༌། ཁའོ་སའོ་བའོ་མི་དམངས་ཀྱི་རང་བཙན་གྱི་དགོས་འདུན་རྒྱུན་འཁྱུངས་བྱས་ཏེ་ལོ་ངོ་དུ་མའི་རིང་དཀའ་སྡུག་འཐབ་རྩོད་ཀྱི་རྗེས་སུ་རེ་སྨོན་མངོན་པར་གྱུར། དེ་རིང་འཛམ་པོའི་གླིང་དུ་རྒྱལ་ཁབ་གསར་བ་ཞིག་གི་ངོ་བོའི་སྟེང་གནས་ཡོད་པ་དང་ད་བར་རྒྱལ་ཁབ་༦༢ཀྱིས་ཕྱི་འབྲེལ་ངོས་ལེན་བྱས་ཡོད། ཁའོ་སའོ་བའོ་ཡི་ཐོག་མའི་སྣང་ཚུལ་དེའང་གཅིག་མཚུངས་ངང་༼མི་སྲིད་པའི་༽རྣམ་པ་ཤར་ཡོད།
    མཉམ་འབྲེལ་རྒྱལ་ཚོགས་ཐོག་མར་དབུ་བརྙེས་དུས་འཛམ་གླིང་ཁྱོན་ཡོངས་སུ་རྒྱལ་ཁབ་༥༠མ་གཏོགས་མེད། ད་ལྟ་རྒྱལ་ཁབ་༢༠༠ཙམ་ཡོད། ཕལ་ཆེར་དང་ཐོག་གི་ལྡབ་བཞི་རེད། འདི་ལས་རང་བཙན། ཁ་བྲལ། མི་རིགས་རང་ཐག་རང་གཅོད་ནི་འཛམ་གླིང་གི་འཕེལ་ཕྱོགས་ཤིག་ཡིན་པ་མཚོན་ཡོད།གནད་འགག་ནི་མི་རིགས་དེའི་ཆོད་སེམས་ལ་རག་ལས་ཡོད་ལ། ནང་སྒོས་སུ་མི་རིགས་དེའི་དབུ་ཁྲིད་ཚོའི་རྒྱལ་ཁབ་ཀྱི་མདུན་ལམ་ཐད་ཀྱི་ངེས་ཤེས་དེ་གསལ་བོ་དང་བརྟན་པོ་ཡིན་མིན་ལ་ཐུག་ཡོད།
    ཁྲམ་པ་ལ་གནས་ལུགས་བཤད་པ་ནི་སྐྱེས་མཆོག་གི་ནོར་འཁྲུལ་ཡིན།
    དེ་རིང་། རྒྱ་ནག་དམར་ཤོག་ཚོགས་པར་དམངས་གཙོའི་རེ་འདུན་བཏོན་པ་དང༌། དོན་དངོས་ཀྱི་རང་སྐྱོང་སློང་པ་སོགས་ནི་སྟག་ལ་སྟག་པགས་སློང་པའི་དཔེ་བཞིན་དུ་མི་སྲིད་པའི་དོ་ཟླ་རེད། དེ་མིན་པའི་རྒྱ་ནག་གི་རྩ་ཁྲིམས་ཀྱི་དགོངས་དོན་སོགས་གླེང་པ་ནི་ཐབས་བྱུས་སུ་བཞག་ཆོག་ཀྱང་གྲུབ་འབྲས་ཤིག་ཐོབ་མིན་དོགས་པའི་གནས་སུ་ཡོད། རྒྱུ་མཚན་ནི་དམར་ཤོག་ཚོགས་པ་རང་ཉིད་ཀྱིས་ཀྱང་རྩ་ཁྲིམས་ལྟར་ལས་དོན་སྒྲུབ་ཀྱིན་མེད་པས་ན་རྩ་ཁྲིམས་ཞེས་པ་དེ་ནི་མེ་ཏོག་འཇོག་བྱད་བུམ་པ་ཙམ་ལས་གལ་ཏེ་ཁྱེད་ཀྱིས་བུམ་པ་དེ་ལས་མེ་ཏོག་སྐྱེ་སྲིད་པར་སྒོམ་ཚེ་དེ་ནི་ཁྱེད་རང་ཉིད་ཀྱི་སྐྱོན་ཡིན་པ་གདོན་མི་ཟ། དེ་ལས་མང་།»

  • དངོས་མྱོང་བདེན་པ་ར་སྤྲོད།

  • བོད་ནང་འགྲུལ་བཞུད་དངོས་དྲིས་བརྙན་ཕབ།
    རིན་ཆེན་བཟང་པོ།

    ༄༅། །དངོས་དྲིས་བརྙན་ཕབ་བྱེད་མཁན་རིན་ཆེན་བཟང་པོ་ལགས་ནི་ཕྱི་ལོ ༡༩༧༠ ལོར་ཡུལ་མདོ་སྨད་མགོ་ལོག་ཨ་སྐྱོང་དུ་སྐྱེས། ཆུང་དུས་ནས་སྡེ་པའི་སློབ་ཆུང་བསྒྲིམས་པ་དང༌། རང་ལོ ༡༤ ཐོག་ས་དེ་གའི་སྟོང་སྐྱབས་དགོན་དུ་ཆོས་སྒོར་བཞུགས་ཏེ་ཕྱི་ལོ ༢༠༠༨ ལོ་བར་དུ་བསྡད་པ་ཞིག་རེད། ལོ་དེ་དག་གི་རིང་ཁོང་གིས་བོད་ཁུལ་གྱི་དཔལ་འབྱོར་ཚད་གཞི་ཧ་ཅང་དམའ་བ་དང༌། ཁོར་ཡུག་རྗེས་ལུས་ཡིན་པ། རྒྱ་གཞུང་གིས་ཁ་བཤད་ཙམ་ལས་དོན་དམ་གྱིས་བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་ལ་ཕན་པའི་ལས་དོན་གང་ཡང་བསྒྲུབ་ཀྱི་མེད་པ་མ་ཟད། དེ་ལས་ལྡོག་སྟེ་གཉའ་གནོན་དང༌། ཚད་བཀག་འདྲ་མིན་ཞིག་བྱེད་བཞིན་པར་དམིགས་ནས། ཕྱི་ལོ ༡༩༩༧ ལོར་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལཞིན་ཧེརྩི་གོར་ཐང་རྫོང༌། གནམ་ཐང་ཞང་བོང་སྟག་སྡེ་པར་སློབ་གྲྭ་མེད་པར་དམིགས་ནས་སློབ་ཆུང་སློབ་གྲྭ་ཞིག་གསར་འཛུགས་གནང་ཞིང༌། དེ་བཞིན་དུ་ཕྱི་ལོ ༢༠༠༤ ལོར་མགོ་ལོག་རྨ་ཆེན་གངས་རི་ཞང་ནས་གླིང་རུ་སློབ་གྲྭ་ཞེས་པ་ཞིག་གསར་འཛུགས་གནང༌། ལྷག་པར་དུ་རྒྱ་གཞུང་གིས་བོད་མི་དམངས་ལ་མ་ཉེས་ཁ་གཡོགས་ཏེ། མགོ་སྐོར་གཡོགས་སྐོར། བཅོས་མ་རྫུན་སྒྲིག་གི་བྱ་སྤྱོད་སྣ་ཚོགས་སྤེལ་སྟེ་ྋརྒྱལ་བ་རིན་པོ་ཆེ་ལ་བཙན་ཤེད་ཀྱིས་སྐུར་འདེབས་བྱེད་དུ་བཅུག་པ་དང༌། རྫུན་མ་བཟོས་ཏེ་ཕྱི་ཕྱོགས་སུ་ཁྱབ་བསྒྲགས་བྱེད་པ་སོགས་ཀྱི་བྱས་ཉེས་དེ་དག་ཐེར་འདོན་བྱ་ཆེད། བོད་ཁུལ་གྱི་ས་གནས་འདྲ་མིན་ནས་བོད་མི་ཚོའི་སེམས་ནང་གི་མངོན་འདོད་ངོ་མ་དེ་གང་ཡིན་དང༌། རེ་བ་གང་འདྲ་ཞིག་ཡོད་མེད་དངོས་དྲིས་བརྙན་འཕྲིན་ཐོག་ཕབ་བསྐྲུན་བྱ་རྒྱུའི་དམ་བཅའ་བཞག་སྟེ་བོད་ཁུལ་གྱི་ས་ཆ་མང་པོ་ཞིག་ཏུ་སོང་ཡང༌། དམིགས་ཡུལ་ཆ་ཚང་མ་སྒྲུབ་གོང་རྒྱ་གཞུང་གིས་ཤེས་རྟོགས་བྱུང་སྟེ་འཛིན་བཟུང་གི་བཀའ་རྒྱ་བཏང་བར་བརྟེན། མཐར་ལས་དོན་གང་བསྒྲུབ་པ་དེ་དག་འཁྱེར་ནས་རྒྱ་གར་གནས་སྡོད་བཙན་བྱོལ་བོད་མིའི་སྤྱི་ཚོགས་སུ་སྐྱབས་བཅོལ་དུ་ཡོང་དགོས་བྱུང་བ་ཞིག་རེད་འདུག གཤམ་གསལ་ནི་ཁོང་གིས་བརྙན་ཕབ་བྱས་པའི་བོད་ཁུལ་གྱི་གནས་ཚུལ་ཁག་ཡིན།
    གཅིག
    སྐེ་རིང་སྐལ་དོན་ལ་བཅར་འདྲི་བྱས་པ།
    དྲི་བ། སྐེ་རིང་སྐལ་དོན་ཁྱེད་རང་ད་ལྟ་རང་ལོ་ག་ཚོད་དང་སྔོན་མ་དུས་ངན་བྱུང་དུས་ཁྱེད་རང་ལོ་ག་ཚོད་རེད། སྔོན་མ་ཁྱེད་རང་ཁྱིམ་རྒྱུད་ཆེན་མོ་ཞིག་ཡིན་ནམ།
    ལན། ད་ལྟ་ཁོ་བོ་རང་ལོ་ ༦༩ ཡིན། སྔོན་མ་དུས་ངན་བྱུང་དུས་ལོ་ ༡༨ ཡིན། ངའི་སྔོན་མའི་ཁྱིམ་ཚང་གི་ཆེ་ཆུང་དང་རྒྱུ་ནོར་ལོངས་སྤྱོད་ནི་ཡག་གྲས་ཤིག་ཡིན། ཕྱི་ལོ་ ༡༩༥༨ ལོར་ྋགོང་ས་རྒྱལ་དབང་ཐམས་ཅད་མཁྱེན་པ་མཆོག་ལ་མ་རྒན་གྱི་བསྔོ་རྟེན་འཕྲོད་མྱོང་མཁན་ཞིག་ཡིན།
    དྲི་བ། སྔོན་མ་ཕྱི་ལོ ༡༩༥༨ སྔོན་དུ་ཁྱེད་ནི་རང་དབང་ཅན་གྱི་མི་ཞིག་ཡིན་ནམ། དེའི་རྗེས་ ༡༩༥༨ ལོ་ཐོན་དུས་ཁྱེད་ལ་དཀའ་ངལ་གང་འདྲ་ཞིག་འཕྲད་སོང་ངམ།
    ལན། ཕྱི་ལོ་ ༡༩༥༨ སྔོན་ལ་འགྲོ་སྡོད་རང་དབང་དང་འཚོ་བ་སོགས་སྐྱིད་པོ་ཡོད། དེ་རྗེས་ཕྱི་ལོ ༡༩༥༨ ལོ་ཐོན་དུས་དཀའ་ངལ་འཕྲད་པའི་རྒྱུ་མཚན་ནི། དཔེར་བཞག་ན། ཁྱི་ཁྱམས་ཤིག་ས་མཐའ་འགྲིམས་ན་ཅི་འདྲ་རེད། དེ་དང་ཁྱད་པར་གང་ཡང་མི་འདུག ཟས་མེད་ལ་གོས་མེད་པ། གཅར་རྡུང་སྐོར་གསུམ་དང༌། བཙན་ཤུགས་ཀྱིས་དབང་བསྒྱུར་ནས་རྩ་འཛུགས་གླེང་འདེབས་སོགས་བྱས་ཏེ་མེད་པ་ཞིག་ཡོད་དགོས་ཟེར་ནས། དཀའ་ངལ་མང་པོ་སྤྲད་བྱུང༌། ཕ་རྒན་ཡང་རྒྱ་ནག་གིས་འཛིན་བཟུང་བྱས་ཏེ་ཁྲིམས་ཁང་ནང་ནས་གྲོངས་སོང༌། ཤི་ཁར་ངོ་ཡང་ཐུག་མ་ཐུབ། དེ་བཞིན་དུ་དེང་གཤོང་དང༌། དེང་ལག དོམ་མདོ་སོགས་ཀྱི་ས་ཆ་ནས་རྨ་ཆུ་འགོག་སྐབས་ཕ་ཤི་ན། བུས་ཕའི་དུར་སའི་ཐོག་ཏུ་བྲོ་འཁྲབ་དགོས་པ་དང༌། བུ་ཤི་ན། ཕས་བུའི་དུར་སའི་སྟེང་དུ་བཙན་ཤུགས་ཀྱིས་བྲོ་འཁྲབ་ཏུ་བཅུག་པ་དེ་བདེན་པ་རེད།
    དྲི་བ། དེང་སྐབས་རྒྱ་གུང་ཁྲན་གྱིས་ཡག་པོ་བྱེད་ཀྱི་འདུག་གམ། ཁྱེད་ལ་རོགས་རམ་འདྲ་བྱེད་མྱོང་ངམ།
    ལན། སྔོན་མ་མི་ངན་ཞེས་ཞྭ་བསྐོན་སོགས་བྱས་ནས་དཀའ་ངལ་མང་པོ་ཞིག་མྱངས་མྱོང༌། དེའི་རྗེས་ནས་དམིགས་བསལ་གྱིས་རོགས་རམ་བྱེད་མ་མྱོང༌། ད་ལོ་ལྕགས་ར་ཞིག་གི་རྗེས་སྣོན་གྱི་དངུལ་ཏོག་ཙམ་ཞིག་སྦྱིན་སོང༌།
    དྲི་བ། ཉེ་སྔོན་སྟོང་སྐྱབས་དགོན་པར་འགུལ་སྐྱོད་ཟེར་བ་ཞིག་ཐོན་ནས་དགེ་བསྐོས་ཡན་ཆད་འཛིན་བཟུང་བྱས་འདུག་ཟེར་བ་དེ་བདེན་ནམ། དོན་རྐྱེན་གཙོ་བོ་རྒྱ་ཧེ་ཧེ་ཞིག་ལ་མ་འགྲིག་པ་རེད་ཟེར་བ་དེ་བདེན་ནམ།
    ལན། སྐབས་དེར་དགེ་བསྐོས་སོགས་མི་མང་པོ་ཞིག་འཛིན་བཟུང་བྱས་པ་དེ་བདེན་པ་རེད། ཡིན་ནའང་རྒྱ་ཧེ་ཧེ་ལ་འཁོན་འཛིན་བྱས་ནས་བཟུང་བ་ཡིན་ཟེར་བ་དེ་བདེན་པ་མ་རེད། དེ་ནི་བོད་ཀྱི་ལ་རྒྱའི་ཆེད་དུ་འཛིན་བཟུང་བྱས་པ་ཞིག་རེད།
    དྲི་བ། ས་འདི་གར་ཀ་ཁ་སློབ་སའི་འཛིན་གྲྭ་ཞིག་བཙུགས་ནས་བརྒྱད་ཅུའི་རྒན་འཁོགས་ཡན་ཆད་དང་ལོ་ཆུང་གཞོན་ནུ་ཚུན་ཆད་མཉམ་དུ་བསྡུས་ཏེ་སློབ་ཁྲིད་བྱེད་ཁུལ་བྱས་ནས། སྒོ་ཟམ་སོགས་ཀྱི་ཐོག་ཡི་གེ་འབྲི་རུ་བཅུག་སྟེ་རྒྱབ་ཕྱོགས་ནས་པར་བརྒྱབ་སྟེ་གློག་ཀླད་ཀྱིས་བཟོ་བཅོས་བྱས་ནས་ྋརྒྱལ་བ་རིན་པོ་ཆེའི་སྐུ་པར་ལ་མཛུབ་མོ་འཛུགས་བཞིན་པ་དང༌། རྡོག་བརྫིས་གཏོང་བཞིན་པའི་རྣམ་པར་བསྒྱུར་འདུག་ཟེར་བ་དེ་བདེན་ནམ།
    ལན། དེ་འདྲའི་ཚིག་འཆལ་ཞིག་འཆད་བཞིན་པ་གོ་ཐོས་བྱུང་སོང༌། ཡིན་ནའང་དོན་དངོས་དེ་འདྲ་མཐོང་མ་བྱུང༌། དེ་ལས་མང་།»

  • ཀུན་སྤྱོད་ནི་ཚད་ཐིག་དང༌།འགན་འཁྲི་ནི་དམིགས་བྱ་ཡིན།

    –《བགྲོ་གླེང》ལེ་ཚན་དུ་ཁ་བརྡ་བྱས་པའི་སྒྲ་ཡི་གེར་ཕབ་པ།
    དུས་ཚོད།2006ལོའི་ཟླ8པའི་ཚེས22ཉིན།
    ས་གནས། མཚོ་སྔོན་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས།
    མགོ་འཛིན་པ། ཉན་མཁན་རྣམ་པ།ཁྱེད་རྣམ་པ་བདེ་མོ་ཡིན་ནམ།ད་ལྟ་ཁྱེད་རྣམ་པས་ཉན་བཞིན་པ་འདི་ནི་ང་ཚོ་མཚོ་སྔོན་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ཀྱི《བགྲོ་གླེང》ལེ་ཚན་ཡིན། ང་ལེ་ཚན་འདིའི་མགོ་འཛིན་པ་པད་མ་རིག་འཛིན་ཡིན།དེ་རིང་ངས་ལེ་ཚན་འདིའི་ནང་དུ་གདན་འདྲེན་ཞུས་ཡོད་པའི་སྐུ་མགྲོན་ཡིན་ན་བོད་ཀྱི་ན་གཞོན་སྙན་ངག་པ་ཁྲི་སེམས་དཔའ་ཡིན།ཐོག་མར་ངས་འདི་ནས་ཁྲི་སེམས་དཔའ་དུས་ལྟར་ལེ་ཚན་འདིར་ཞུགས་པར་བཀའ་དྲིན་ཆེ་ཞུས་པ་ཡིན།
    ཁྲི་སེམས་དཔའ། རེད། ཁྱེད་ཀྱིས་ང་ལ་འདི་འདྲའི་གོ་སྐབས་ཤིག་བྱིན་པར་ངས་ཀྱང་ཐུགས་རྗེ་ཆེ་ཞུས་ནི་ཡིན།
    མགོ་འཛིན་པ། ཁྱེད་ལ་ཐེངས་འདིའི་ “ཨ་རུ་བོད་སྨན”རྟགས་ཅན་གྱི་སྐབས་ལྔ་པའི་སྦྲང་ཆར་སྨྱུག་གསར་བྱ་དགའ་ཐོབ་སོང་ཟིག དེར་ངས་ཁྱེད་ལ་རྟེན་འབྲེལ་ཞུ།
    ཁྲི་སེམས་དཔའ།ཐུགས་རྗེ་ཆེ།
    མགོ་འཛིན་པ། སྦྲང་ཆར་གྱི་རྩོམ་རིག་བྱ་དགའ་ནི་བོད་ལ་མཚོན་ནས་བཤད་ན་ཆེས་མཐོ་བའི་རྩོམ་རིག་གི་བྱ་དགའ་ཞིག་ཡིན་པས།ཁྱེད་ལ་རྩོམ་རིག་བྱ་དགའ་འདི་ཐོབ་རྗེས་བསམ་ཚུལ་ཅི་ཞིག་ཡོད།
    ཁྲི་སེམས་དཔའ།སྤྱིར་ན་རྩོམ་འབྲི་བ་དེ་བྱ་དགའ་འཐོབ་ཆེད་མ་རེད།དེ་འདྲ་ཞིག་ཡིན་ཚེ་ཁྱེད་ཀྱི་ཀུན་སློང་ཡང་དག་ཞིག་མིན་སོང་ནི་རེད།ཀུན་སློང་ཡང་དག་ཅིག་མིན་ན་གནས་སྐབས་སུ་བྱ་དགའ་ཐོབ་རྒྱུ་རེད།ཁེ་ཕན་རེག་རྒྱུ་རེད་མོད།འོན་ཀྱང་མཐར་ཐུག་གི་དམིགས་ཡུལ་ལམ་ཕུགས་བསམ་མངོན་དུ་འགྱུར་རྒྱུ་ཧ་ཅང་དཀའ་མོ་རེད། འདི་ངའི་བསམ་ཚུལ་ཞིག་ཡིན། དེ་ནས་ད་ཐེངས་བྱ་དགའ་ཐོབ་པ་འདི་ང་ལ་མཚོན་ན་དངོས་གནས་དགའ་འོས་པའི་དོན་དག་ཅིག་རེད།ཅིའི་ཕྱིར་ཞེ་ན།རང་གི་འབད་བརྩོན་བྱས་པའི་གྲུབ་འབྲས་ལ་གཞན་གྱིས་གདེང་འཇོག་གནང་བ་རེད།འདིས་ང་ལ་སྐུལ་སློང་ཆེན་པོ་ཞིག་ཐེབས་ཐལ།
    མགོ་འཛིན་པ། ཁྱེད་རང་ན་གཞོན་སྙན་ངག་པ་ཞིག་ཡིན་པའི་ཆ་ནས།ཁྱེད་ཀྱིས་བྱ་དགའ་དང་གསར་རྩོམ་གྱི་གྲུབ་འབྲས་གཉིས་ལ་གོ་བ་ཇི་ལྟར་ལེན་བཞིན་ཡོད།
    ཁྲི་སེམས་དཔའ།བྱ་དགའ་ཐོབ་ན་བཟང་གི མི་སུ་དང་སུ་ཡིན་རུང་འཇིག་རྟེན་ཆོས་བརྒྱད་ཀྱི་དབང་དུ་སོང་ཡོད་ནི་རེད།བསྟོད་ན་དགའ་བ་དང༌།སྨད་ན་མི་དགའ་བ།དེ་བཞིན་བྱ་དགའ་བྱིན་ན་དགའ་བ་དང༌།ཆད་པ་བཅད་ན་མི་དགའ་བ།འདི་མིའི་གཤིས་སུ་གྲུབ་ཡོད།ཡིན་ན་ཡང་གྲུབ་འབྲས་ཆེ་ཆུང་དེ་བྱ་དགའ་ཁོ་ནས་ཐག་བཅད་ན་ཧ་ཅང་མི་འགྲིག་གི དཔེར་ན།འཛམ་གླིང་ནོར་པེལ་རྩོམ་རིག་བྱ་དགའ་ལྟ་བུར་མཚོན་ན་ཡང༌།ཁ་ཧྥི་ཁ་དང༌།ཨོ་ཝེ་ཨར་སོགས་རྩོམ་རིག་མཁས་ཆེན་སྐོར་ཞིག་ལ་མ་ཐོབ་ཟིག འོན་ཀྱང་ཁོ་ཚོ་ནི་འཛམ་གླིང་གི་སྐར་ཆེན་ལྟ་བུའི་སྐྱེས་བུ་རེད། གཞན་ཡང་ས་ཐི་ལྟ་བུར་མཚོན་ན་ནོར་པེལ་རྩོམ་རིག་བྱ་དགའ་དང་ལེན་མ་བྱས་ཟིག གང་ལྟར་བྱ་དགའ་བྱིན་ཡང་ཆོག་ལ་མ་བྱིན་ཡང་ཆོག ལམ་བུ་ཞིག་བདམས་ཟིན་ན་འབད་པ་བྱེད་རྒྱུ་དེ་གཙོ་བོ་རེད།དེ་ལྟར་ན་ད་གཟོད་འབྲས་བུ་གཡུར་དུ་ཟ་བ་ཞིག་སྨིན་ཁོ་ཐག་རེད། དེ་ལས་མང་།»

    WordPress Themes