དཀར་ཆག: ལ་གཞས་།

དགུ་ཚིག་ཁྲོམ་ཆེན་ཟིལ་གནོན །

  • དུས་རབས་ཉི་ཤུའི་ལོ་རབས་བརྒྱད་ཅུའི་མཇུག་དང་དགུ་བཅུའི་ནང་ལ་སྲོལ་དར་བའི་ལ་གཞས་གསར་བ །ཨ་མདོའི་ཡུལ་སྐད་ལྟར་བྲིས །
    ཨ་མདོའི་ལ་གཞས་དགུ་ཚིག་མ །

    མགོ་ལོག་ཟླ་བྷེ །
    བྱང་ཕྱོགས་རྒྱ་མཚོ་མེར་བའི་ཁ་ཐོག་ན ། །
    མི་མིན་ལྷ་འདྲེས་བཞེངས་པའི་མཁར་ཟིག་ཡོད ། །
    ཡབ་མེས་གོང་མས་བཞག་པའི་རྟེན་ཟིག་ཡིན ། །
    མཁར་དེ་འཛམ་བུ་གླིང་ན་མྱིང་ཟིག་ཡོད ། །
    མགོ་ན་གསེར་ཏོག་སེར་པོའི་གདུགས་ཟིག་ཡོད ། །
    ནང་ན་སེང་གེ་བརྒྱད་གི་ཁྲི་ཟིག་ཡོད ། །
    ཐོག་ན་མཐོང་གྲོལ་སྤྲུལ་བའི་སྐུ་ཟིག་ཡོད ། །
    ཞལ་ན་ཐོས་གྲོལ་དམ་པའི་ཆོས་ཟིག་ཡོད ། །
    ཕྱག་ན་མྱོང་གྲོལ་རིལ་བུའི་ཆར་ཟིག་ཡོད ། །
    སྐྱབས་མགོན་ཐུགས་རྗེ་ཅན་དེ་རེ་ཟིག་ཡོད ། །
    མ་ཤི་གསོན་བྲལ་བྱུང་ནོ་སྡུག་ཟིག་ཡོད། །
    མི་ཡུལ་ས་མཐར་ཕེབས་ནོ་སྐྱོ་ཟིག་ཡོད ། །
    ཉིན་ཚིག་མཉམ་འཛོམས་ཡོང་རྒྱུའི་སེམས་ཟིག་ཡོད ། །
    དེ་ལས་མང་།»

  • བྱ་དྲན་སོ་སྨེང་སོ་མ་བཤད་།།

    པ་ཁོ།
    བྱ་དྲན་སོ་སྨེང་སོ་མ་བཤད་།།
    བྱ་དྲན་སོ་སྨྲེང་སོ་བཤད་ན།།
    ནགས་རྒྱ་རྫོང་རིག་ན་བྱ་དྲན་གི།
    མགོ་སིལ་ཏོག་རིག་ན་ཞེ་སྡུག་གི།
    བྱ་རྩིབ་ན་མེད་ན་སྙིང་འཕར་གི།
    དེ་ལས་མང་།»

    ལ་གཞས

     

                      དགུང་ཨ་སྔོན་བློས་ར་བློས་ཆོད་རེད་།།

                        བློས་མི་ཆོད་ཆུ་འབྲུག་ལྗང་ཁྲ་རེད་།།

                        བློས་མི་ཆོད་ཀི་ར་བློ་མེད་གི།

                        འབྲུག་གྲགས་སུ་ཆུ་སྤྲིན་མི་གཅིག་གི།

                        འབྲུག་རང་རང་དབང་ལ་མི་ཡོང་གི།

     

                        སྡེ་ཆེན་པོ་བློས་ར་བློས་ཆོད་རེད་།།

                        བློས་མི་ཆོད་ཞེ་མཐུན་ཆུང་ལོ་རེད་།།

                        བློས་མི་ཆོད་ཀི་ར་བློ་མེད་གི།

                        རོགས་རྩེད་སུ་སྡེ་བ་མི་གཅིག་གི།

                        རོགས་རང་རང་དབང་ལ་མི་ཡོང་གི།་ དེ་ལས་མང་།»

    WordPress Themes