རྭ་རྒྱ་བློ་དབང་།
ཉེ་སྔོན་ནས་བོད་ཡིག་གི་ད་ལྟའི་འབྲི་སྲོལ་འདི་རྗེས་ལུས་ཡིན་པ་དང་། གཅོད་མཚམས་མི་གསལ་བ། བཀླག་དཀའ་བ་སོགས་ཀྱི་རྒྱུ་མཚན་སྐོར་ཞིག་བགྲངས་ཏེ། ན་གཞོན་རྣམས་ལ་ལོབས་སྐྱེན་པ། ཕྱི་རྒྱལ་བས་ཤེས་སླ་བ། གསར་བརྗེའི་ལུགས་དང་མཐུན་པ་སོགས་བསྒྲུབ་ཕྱིར། ཚིག་རྡོག་མ་རེ་རེ་བཞིན་མཚམས་དབྱེ་དགོས་པ་དང་། ཚེག་ཆེ་ཆུང་གཉིས་དགོས་པ། ཡང་ན་དབྱངས་གསལ་སྐོར་ཞིག་གསར་དུ་སྣོན་དགོས་པ་སོགས་ཀྱི་གླེང་བརྗོད་སྔ་ཕྱིར་བྱུང་བ་དག་ལ་བསམ་འཆར་མདོར་བསྡུས་ཤིག་ཞུ་རྒྱུར།
མཚམས་དབྱེ་བ་དང་ཚེག་ཆེན་ཚེག་ཆུང་གཉིས་དགོས་པ་གང་ཞིག་ཡིན་ཀྱང་། སྒྲུབ་བྱེད་མཐར་ཐུག་པ་ནི་བཀླག་བདེ་བ་དང་། གཅོད་མཚམས་ཤེས་པར་ཕན་ཞེས་པ་ཡིན་འདུག་ལ། གཉིས་ཀའི་དགོངས་པ་གཅིག་ཏུ་མཐུན་པར་མ་ཟད། མི་རིགས་འདི་ལ་བསམ་དཀར་གྱི་ལས་ཤིག་ཏུའང་རློམ་གྱི་ཡོད་ངེས། འོན་ཀྱང་། ད་ལྟའི་བོད་ཡིག་གི་འབྲི་སྲོལ་འདི་བཀླག་དཀའ་སོང་བའི་མི་དེ་མཐར་གཏུགས་ན་བྱིས་པ་ཚོའམ་ཡང་ན་ཕྱི་རྒྱལ་བ། དེ་ཡང་མིན་ན་བོད་ཡིག་གི་བཀླག་དེབ་ཧྲིལ་བོ་ཞིག་ཀྱང་ཀློག་མ་མྱོང་བའི་བོད་རིགས་དར་མ་ཚོའི་ཆེད་དུ་ཡིན་པ་སྔ་ཕྱིར་གསལ་བཤད་བྱེད་ཀྱི་འདུག ཡིག་རིགས་གང་འདྲ་ཞིག་ཡིན་ཀྱང་འབྲི་ཀློག་སྦྱངས་གསུམ་གྱི་གོམས་པ་མ་བསྟེན་པར་ཤེས་འགྲོ་བ་ཞིག་ཡོད་མི་སྲིད་ལ། བརྩོན་པས་བསླབ་ན་མི་ཤེས་པ་ཞིག་ཀྱང་མེད་ངེས་ཡིན། ཕྱི་རྒྱལ་བས་བོད་ཡིག་གི་གཅོད་མཚམས་མི་ཤེས་པ་ནི་། གཅིག་ན་ཐ་སྙད་ལ་རྨོངས་པ་དང་། དེ་ལས་མང་།»
རྟ་ནག་སྐལ་བཟང་ལུང་རིགས།
ཉིས་སྟོང་བདུན་ལོར་རྩོམ་བྱང་འདི་སྤྱད་ནས་རྩོམ་ཡིག་ཅིག་བྲིས་ཏེ། དུས་བབ་རྩོམ་སྒྲིག་པར་བསྐུར་ཅིང་རྩོམ་སྒྲིག་པས་ཀྱང་བོང་བ་གསེར་གཟིགས་ཀྱི་ཟོལ་གྱིས་པར་ངོས་སུ་བཀོད་བྱུང་། དེ་རིང་ཡང་བསྐྱར་ཁ་བྱང་འདི་ཐེངས་གཅིག་བཟློ་དགོས་བྱུང་བ་ལ་རྒྱུ་མཚན་གཉིས་ཏེ། གཅིག་ནི་ད་ལྟའི་བཀའ་བློན་འོས་འདེམས་ལ་དགོས་པ་ཆེ་བ་དང་།
གཉིས་ནས་ཆོས་གོས་དང་རྐང་སྣུམ་ཟུང་འབྲེལ་(ཆོས་སྲིད་ཟུང་འབྲེལ་ཞེས་པར་ཆོས་གོས་དང་རྐང་སྣུམ་ཟུང་འབྲེལ་ཞེས་སྦྱར་ན་གོ་ཆེ)མི་བྱེད་པར་དགོས་པ་ཡོད་དོ།། ཆོས་གོས་པ་དག་གིས་བོད་ཀྱི་སྲིད་དབང་ལ་རྐང་ལག་བརྐྱངས་པ་ནས་བཟུང་། ལྟས་ངན་བརྒྱད་ཅུ་རྩ་གཅིག་དང་། ཡེ་འབྲོག་སུམ་བརྒྱ་དྲུག་ཅུའི་བྱུར་སྣ་དྲངས་ཡོང་བ་སུ་ལ་མི་གསལ་ཏེ།
བོད་ཀྱི་བྱུང་བ་དག་ན་ཆུ་ནང་ཟླ་གཟུགས་ཀྱི་ཟོལ་གྱིས་ལྷམ་མེ་ལྷན་ནེ་ལྷང་ངེར་གསལ་ཡོད་ནའང་། ཆོས་ཀྱི་གོ་བ་ཟབ་མཁན་དུ་བསྙད་པའི་ངུར་སྨྲིག་པ་དག་དང་། གོ་བ་མེད་ཀྱང་དགེ་སྦྱོར་ཡོད་པར་རློམ་པའི་སྐྱ་བོ་ཆོས་སྨྲ་བ་དག་གིས་ད་དུང་ལུག་མགོ་བཀལ་ནས་ཁྱི་ཤ་འཚོང་བཞིན་པའི་རྣམ་ཐར་འདི་བསམས་ན་སེམས་པ་སྐྱོ་ཆད་ལེར་གྱུར་འགྲོ། དེ་ལས་མང་།»
སྒ་བུ།
དེང་བོད་ཀྱི་སྤྱི་ཚོགས་སྟེང་ཆོས་ལུགས་ལ་དགག་རྒྱག་བྱེད་མཁན་གྱི་བོད་ཀྱི་གསར་བུ་རེ་འགའ་བྱུང་སོང༌།དོན་ངོ་མ་གསར་བུ་འདི་ཚོས་དོན་དངོས་ཀྱི་སྒོ་ནས་སྤྱི་ཚོགས་ཀྱི་ནང་དུ་ཞུགས་ནས་ཆོས་ལུགས་ལ་ཞིབ་འཇུག་མི་བྱེད་པར། གང་ཞིག་ལ་ཕྱོགས་རྒྱུགས་བྱེད་ཀྱི་ཡོད་དམ། བོད་ཀྱི་སྤྱི་ཚོགས་ཀྱི་ནང་དུ་ཆོས་ལུགས་དང་འབྲེལ་ནས་བྱུང་དང་འབྱུང་བཞིན་པའི་གནས་ཚུལ་ངོ་མཚར་ཞིང༌། བློ་གྲོས་ཀྱིས་དཔྱད་མི་དཔོག་པ་མང་བོ་འདུག
འགྲེལ་རྒྱག་མི་ཐུབ་པའི་གནས་ཚུལ་ཚང་མར་ལྷ་སྒྲུང་དང༌། རྨོངས་དད། རྙིང་ཞེན་ཞེས་ཐ་སྙད་ངན་པ་མང་བོ་བརྩེགས་ནས་ངན་སྨོས་ཀྱི་སྒོ་ནས་ཁྱབ་བསྒྲགས་ཇི་འདྲ་བྱས་ཀྱང༌། བླུན་པོ་རེ་འགའ་མ་གཏོགས་རྣམ་དཔྱོད་དང་ལྡན་པའི་ཤེས་ལྡན་སུས་རྣར་འགྲོའམ་གཏན་ནས་འགྲོ་བླ་ན་མེད་པ་རེད། ངས་འདི་ནས་དེང་གི་བོད་ཀྱི་སྤྱི་ཚོགས་ཀྱི་ནང་དུ་མིག་མཐོང་ལག་ཟིན་གྱིས་ཆོས་ལུགས་དང་འབྲེལ་ནས་བྱུང་དང་འབྱུང་བཞིན་པའི་གནས་ཚུལ་ངོ་མཚར་བ་འགའ་རེ། དོན་དངོས་ཀྱི་བྱ་བར་རྟོགས་དཔྱོད་མི་བྱེད་པར་ཨ་གསར་གྱི་གཡམ་དུ་རྒྱུག་གིན་ལོག་ལམ་གྱི་གཡང་སར་མཆོངས་པའི་གསར་བུ་དེ་ཚོར་ཕྱོགས་ཙམ་ངོ་སྤྲོད་བྱའོ།།
དེ་ལས་མང་།»
མི་ཤེས་པ།
སུམ་ཐོག་སྒེའུ་ཁུང་ཁར་ཉི་མར་ལྡེ་བའི་སློབ་མ་བསམ་གཏན་སྒྲོལ་མ་གློ་བུར་དུ་མར་ལྷུང་སོང༌། མར་ལྷུང་བ་དགེ་རྒན་དང་སློབ་གྲོགས་ཚོས་ཤེས་མ་ཐག་ཏུ་དགེ་སློབ་ཚང་མ་འཚུབ་ཆ་ལངས་ནས་ཟང་ཟིང་ལང་ལོང་དུ་གྱུར། དེ་ལོས་ཡིན་ཏེ་ཁང་བརྩེགས་ཤིག་གི་སུམ་ཐོག་ལས་མར་ལྷུང་བའི་མི་ནི་ཤི་ཕྱི་མའི་ཡུལ་དུ་བུད་སོང་བ་མིན་ནམ། དགེ་སློབ་ཚང་མ་བྲེལ་འཚུབ་ཆེན་པོས་སུམ་ཐོག་ནས་འཚང་འཚང་ཁ་ཤིག་ཤིག་གིས་ཁེར་ཐོག་ཏུ་ཐོན་དུས། སུམ་ཐོག་སྒེའུ་ཁུང་ལས་མར་ལྷུང་བའི་སློབ་མ་བསམ་གཏན་སྒྲོལ་མ་ཤི་ཕྱི་མའི་ཡུལ་དུ་མ་སོང་བར་མ་ཟད། ལག་པའི་གྲུ་མོ་གཡོན་པའི་སྟེང་དུ་སྐྱི་ཕྱིས་ཤིག་བཏོད་ཡོད་པ་མ་གཏོགས་ཅི་ཡང་བྱས་མི་འདུག
ཡིན་ནའང་དགེ་སློབ་ཐམས་ཅད་པོས་མིག་ཟུང་རིག་རིག་གིས་བསམ་གཏན་སྒྲོལ་མའི་མཐའ་བསྐོར་ནས་ཡིད་ཆེས་ལ་མི་ཆེས་པའི་ངང་དུ་བལྟས། བསམ་གཏན་སྒྲོལ་མ་སུམ་ཐོག་ནས་མར་ལྷུང་ཡང་མ་ཤི་བའི་དོན་དག་འདི་ནི་ངོ་མ་ལྷས་གཟིགས་ཀྱང་ཡིད་མི་ཆེས་པ་དང༌། འདྲེ་ཡིས་ཐོས་ཀྱང་རྣར་མི་འགྲོ་བ་ཞིག་ཅིས་མ་ཡིན།
བསམ་གཏན་སྒྲོལ་མ་ནི་དྭ་ཕྲུག་ཅིག་གི་སློབ་མ་ཡིན་ལ། སློབ་གྲྭ་དེས་རྒྱུན་དུ་དགོང་མོ་དགོང་མོར་ཚེ་ལྷ་རྣམ་གསུམ་དང་མདོ་གདུགས་སྒྲོལ་གསུམ་སོགས་ཁ་ཏོན་བྱེད་ཀྱིན་ཡོད་པས། བསམ་གཏན་སྒྲོལ་མར་ལྷུང་བའི་ཡ་མཚར་བའི་གནས་ཚུལ་འདི་ནི། ལྷ་དཀོན་མཆོག་གསུམ་གྱི་ཐུགས་རྗེ་ཡིས་བསྐྱབས་པ་ལས་གཞན་ཅང་བཤད་ས་མི་འགྲོ། ཅང་མི་ཤེས་པ་ཚོས་ནང་བའི་ཆོས་ལུགས་ནི་དངོས་གཙོ་དང་སེམས་གཙོ་གཉིས་ལས་སེམས་གཙོར་འདོད་ཀྱིན་ཡོད་ཀྱང༌། སེམས་གཙོ་ནི་དངོས་གཙོ་ལས་ཕལ་བ་ཞིག་ཡིན་པར་འདོད་ཀྱིན་ཡོད།དྭ་ཕྲུག་སློབ་གྲྭའི་སློབ་མ་བསམ་གཏན་སྒྲོལ་མར་བྱུང་བའི་གནས་ཚུལ་འདིའི་སྟེང་ནས་བསམས་ན་ནང་བའི་ཆོས་ལུགས་ནི་དངོས་གཙོ་རེད་ལ། དངོས་གཙོ་ཟེར་བ་ནི་དོན་དག་དངོས་སུ་བྱུང་བའི་བྱ་བ་ཞིག་ལ་ཟེར་བ་ལས་གཞན་ཅི། དེ་བས་བདག་གིས་འདིར་བཤད་ན་འདོད་པ་ནི། དོན་འདི་ལ་བསམས་ནས་ཁ་ཏོན་བྱོས། །དོན་འདི་ལ་བསམས་ནས་དད་པ་བྱོས། །དོན་འདི་ལ་བསམས་ནས་ཡིད་ཆེས་བྱོས། །དོན་དངོས་བྱུང་འདི་ནི་དངོས་གཙོ་ཡིན། །
འདི་ནི་སྤྱི་ལོ ༢༠༡༠ 。༨ 。༡༣ ཉིན་དངོས་སུ་བྱུང་བའི་བྱ་བ་འདིར་ཇི་མ་ཇི་བཞིན་དུ་བྲིས་པ་ལས་རབ་བཏགས་ཤིག་མེད་དོ། །
སྒ་བུ།
ཤར་དུང་རི་སྤྱི་དེབ་ཉི་ཤུ་བའི་རང་མོས་གླེང་སྟེགས་སུ་བྲན་གཤིས་ཀྱི་སྲོག་ཤིང་གཏོར་བ་ཞེས་གསར་བརྗེ་ཡི་མཚོན་ཆ་འཕྱར་ནས།རིག་གསར་གྱི་རླུང་འཚུབ་ཅིག་སླར་ཡང་ལངས་ཡོད།བརྒྱ་ཆའི་དགུ་བཅུ་གོ་དགུའི་ཡན་ཆད་ཆོས་དད་པ་ཡིན་པའི་བོད་པ་ཚང༌།སྐྲག་མི་དགོས།རླུང་འཚུབ་འདི་ནི་རིག་གནས་གསར་བརྗེ་ལོའི་རླུང་འཚུབ་ལྟར་མཐོ་སྒང་ཀུན་ཏུ་དྲག་པོར་གཡུགས་པ་ཞིག་མ་ཡིན་པར།གཞན་གྱི་ལད་མོར་མོས་པའི་རང་གི་བྱིས་པ་དྲུག་ཙམ་གྱིས་ཁང་མིག་དོག་མོ་ཞིག་ཏུ་སྤྲུལ་སྐུའི་མཚན་བྱང་ལ་འཐབ་རྩོད་བྱས་པའི་རྣམ་པ་ཙམ་རེད།སྤྲུལ་སྐུ་ནི་བོད་མིའི་སེམས་ནང་གི་མེ་ཕུང་ཡིན།རླུང་འཚུབ་ཇི་ལྟར་རྒོད་ན་མེ་ཕུང་དེ་ལྟར་འབར་ངེས།ང་བརྒྱད་དང་རིག་གསར་སྐབས་སྤྲུལ་སྐུ་དངོས་ལ་འཐབ་རྩོད་བྱས་ཀྱང༌།སྤྲུལ་སྐུ་གཏན་མེད་དུ་འགྲོ་མ་ཐུབ་པ་མ་ཟད།སྤྲུལ་སྐུ་ནི་འཛམ་གླིང་ཞི་བདེའི་དེད་དཔོན་དུ་གྱུར་ཡོད།སྤྲུལ་སྐུའི་ལམ་ལུགས་ནི་བོད་ཙམ་ལས་ནུབ་ཕྱོགས་ཡོ་རོབ་གླིང་དུ་མཆེད་ཡོད།སྤྲུལ་སྐུའི་དགོས་པ་མེད་ན།སྤྲུལ་སྐུའི་རླུང་རྟ་འདི་ལྟར་དར་ཐུབ་རྒྱུ་ཨེ་རེད།སྤྲུལ་སྐུའི་སྐོར་ངས་གཞན་ཞིག་ཏུ་བཤད་ཡོད་པས་འདིར་མང་པོ་མི་བཤད།དཔེ་གཅིག་འཇོག་སྤྲུལ་སྐུས་མི་རིགས་བདེ་སྡུག་ལ་ངེས་པ་དོན་གྱིས་ཕན་པ་ཐོན་གྱིན་ཡོད་པ།མི་བུའི་འཇོན་ནུས་སུ་བརྗོད་པ་ལས་སྤྲུལ་སྐུའི་གྲུབ་རྟགས་སུ་གཏན་ནས་ཁྱོད་ཚོས་མི་འདོད་ན་ཆོག་གི ང་བརྒྱད་ལོའི་གཅར་རྡུང་སྐབས་འབའ་རྫོང་དུ་མཁན་ཆེན་ཚེ་དབང་རིག་འཛིན་ནམ་མཁར་འཕུར་ནས་སོང་བ་ཁྱོད་ཚོས་སྤྲུལ་སྐུའི་གྲུབ་རྟགས་སུ་ཁས་ལེན་ནམ།
རྫུན་རེད་ཟེར་ན།དེ་དུས་འཕུར་བཞིན་པ་མཐོང་བའི་མི་གཅིག་མིན་འགའ་རེ་དེང་སྐབས་དངོས་སུ་ཡོད་དོ།།མི་ཚང་མ་འདྲ་མཚུངས་ཡིན་རབས་ཟེར།མི་ཚང་མ་འདྲ་འདྲ་ཡིན་ན།ཁྱོད་ཚོ་མཁན་ཆེན་ཚེ་དབང་རིག་འཛིན་བཞིན་འཕུར་དང༌།ཁྱོད་ཚོར་བདེན་ཁ་སྟེར།ཨེ་རེད།ད་ཁྱོད་ཚོའི་བླུན་བཤད་རེ་རེ་ལན་འདེབས་པར་མི་སྤྲོའོ། །འོ་འདིར་བཤད་རྒྱུ་ཞིག་ལ་ང་རང་བོད་པ་ཚང་གི་མི་བུ་གསོན་པོ་ཞིག་ཡིན་པའི་ཆ་ནས། བོད་སྤྱིའི་འགན་ཁུར་ཞིག་ཕྲག་སྟེང་དུ་མི་ལེན་རང་ལེན་རེད། དགོངས་པ་མ་ཚོམས། ངས་ནམ་ཡང་བདེན་པ་སྐྱོར་ནས།ལོག་རྟོག་རང་ལུགས་པ། མུན་འཐོམས་རང་ལུགས་པ། ཕྱོགས་རྒྱུགས་རང་ལུགས་པ།སྐྱོན་རྒྱག་རང་ལུགས་པ། དེ་ལས་མང་།»
མི་ཤེས་པ།
དེ་རིང་སྤྱི་ལོ༢༠༡༠ཟླ༨ཚེས་པ༡༢རེད།ང་ཚོས་སྙན་ངག་གི་སློབ་ཁྲིད་མཚམས་བཞག་ནས།རྩོམ་རིག་ལ་སློབ་སྦྱོང་བྱེད་ཀྱིན་ཡོད།ཡིན་ནའང་ངའི་སློབ་ཕྲུག་ཚོར་རྩོམ་འབྲིའི་ནུས་པ་ཧ་ཅང་ཞན་པས།ངས་ཨ་རིར་བཞུགས་པའི་མཁས་པ་ཞིག་ལ་སློབ་མའི་རྩོམ་འབྲིའི་ནུས་པ་ཇེ་མཐོར་གཏོང་ཐབས་སྐོར་ནས་དྲི་བ་བཏོན་པ་ཡིན།ཁོང་གིས་རྩོམ་འབྲི་ཐབས་གཉིས་བཤད་བྱུང་ལ།གཅིག་ནི་དགེ་རྒན་གྱིས་སློབ་མར་རྩོམ་གྱི་ཁ་བྱང་བྱིན་ནས་རྩོམ་འབྲིར་འཇུག་པ་དང༌།གཞན་ནི་རྩོམ་གྱི་ཁ་བྱང་གཏན་ཁེལ་མེད་པའི་ངང་ནས་ཟིན་བྲིས་ཀྱི་འབྲི་ཐབས་སྤྱད་ནས་བཙན་གྱིས་སམ་ནན་གྱིས་རྩོམ་འབྲི་རུ་འཇུ་རྒྱུ་དེ་རེད་གསུངས།འདི་གཉིས་ཀྱི་ནང་ནས་ཁོ་བོས་བསམས་ན་ཕྱི་མ་ཤིན་ཏུ་ལེགས་ཏེ།འདིས་རྣམ་དཔྱོད་མྱུར་ལམ་ལ་ཕན་པར་མ་ཟད།སྨྱུག་རྩལ་མཐོར་འདེགས་ལ་ཤིན་ཏུ་ཕན་པར་འདོད་པས།དེ་རིང་ཁོ་བོས་བྱེད་ཐབས་འདི་སྤྱད་ནས་སློབ་མ་རྣམས་ལ་རྩོམ་འབྲི་རུ་འཇུག་གི་ཡོད་ལ།སློབ་བུ་རྣམས་ཀྱིས་བློ་རྩེ་གཅིག་ཏུ་བསྒྲིམས་ནས།ཤོག་ངོས་སུ་ལྕགས་སྨྱུག་གི་འཁྱུགས་འགྲོས་ངོམ་བཞིན་ཡོད།ངོ་མ་ད་ལྟ་རྩོམ་འབྲི་བཞིན་དུས་འདིར་སློབ་ཁང་གི་ནང་དུ་ཧ་ཅང་གི་ལྷིང་འཇགས་ཏེ་སློབ་བུ་རྣམས་ཀྱི་སྣ་ནང་གི་སུར་སྒྲ་མ་གཏོགས་གྲག་རྒྱུ་ཅི་ཡང་མེད།
༢༠༡༠ 。༨ 。༡༢ 。སྔ་དྲོའི་དུས་༨ 。༤༠ སྟེང་དུ་བྲིས།

རྔ་བ་ཚེ་རྒྱམ་ལགས།
ཨ་ཀ་སྤྲུལ་སྐུ་བཀྲ་ཤིས་བཟང་པོ།
ཉེ་ལམ་ནས་འབྱུང་འགྱུར་གྱི་བཀའ་ཁྲི་དང་སྤྱི་འཐུས་སྐོར་ལ་སྒེར་དང་ཐུན་མོང་གང་རུང་གི་རྣམ་པ་བརྒྱུད་། ཚགས་ཤོག་དང་། གློག་བརྙན་འཕྲིན། དྲ་ལམ་སོགས་ནས་སོ་སོའི་མངོན་འདོད་དང་འཚམ་པའི་འོས་དམིགས་སྣ་ཚོགས་ཤིག་དྲིལ་སྒྲོག་པ་དང་། འོས་དམིགས་འདོན་པ། བློ་འགུགས་གོ་བསྐོན་བྱེད་པ་སོགས་ཀྱི་ལས་འགུལ་རིམ་པར་སྤེལ་ཞིང་། དེ་མཚུངས་རང་གཞུང་ནས་ཀྱང་བཀའ་སྤྱིའི་འོས་བསྡུས་ཆེད་ལས་པ་གསར་བསྐོ་དང་འབྲེལ་ལས་རིམ་མང་པོ་རྒྱུན་མཐུད་བཞིན་པའི་སྐབས་འདིར། གུས་པ་རང་ཉིད་ཀྱང་བོད་མི་ཞིག་ཡིན་པའི་འགན་ཁུར་དང་དབང་ཚད་གཞི་རྩར་བཟུང་ནས་མ་འོངས་བཀའ་ཁྲིའི་འོས་གཞི་ཞིག་མཚམས་སྦྱོར་བྱ་རྒྱུ་ཡིན། གུས་པས་མཚམས་སྦྱོར་བྱའི་བཀའ་ཁྲིའི་འོས་མི་ནི་རྣམ་དཔྱོད་དང་སྤོབས་པས་ཕྱུག་པའི་གཞོན་སྐྱེས་ཤེས་ལྡན་པ་རྔ་བ་ཚེ་རྒྱམ་ལགས་ཡིན།
རྔ་བ་ཚེ་རྒྱམ་ལགས་ནི་འཐབ་རྩོད་མནར་གཅོད་ཀྱི་དུས་རབས་ཡ་ང་བ་ཞིག་ཏུ་སྐྱེས་ཤིང་། གོ་རིམ་དེ་དང་མཐུན་པའི་ཁོར་ཡུག་དང་སློབ་གསོ་བརྒྱུད་ནས་འཚར་ལོང་བྱུང་བ་ཞིག་རེད། འོན་ཀྱང་ཐུན་མོང་མ་ཡིན་པའི་ཁོང་མི་སྒེར་གྱི་མི་གཤིས་ཀྱི་ཤུགས་རྐྱེན་འོག སློབ་གྲྭ་ཆུང་འབྲིང་གི་གནས་སྐབས་ནས་ཀྱང་བོད་ཀྱི་མགོ་འཕང་མཐོ་རུ་འདེགས་པའི་འགྲན་རྩོད་ཁྲོད་ཞུགས་ཏེ། ལུས་སེམས་གཉི་གའི་ནུས་ཤུགས་སྣ་ཚོགས་བཏོན་པའི་གླེང་བརྗོད་ཧ་ཅང་མང་པོ་བཞག་ཡོད་ལ། མཁས་པའི་དབང་པོ་རྗེ་དམུ་དགེ་བསམ་གཏན་སོགས་རང་རེའི་རིག་གཞུང་དང་མི་རིགས་ལ་ཤ་ཚ་སེམས་དཀར་གངས་ལས་དཀར་བ་དག་གིས་ཐད་ཀའི་གསོ་སྐྱོང་དང་སློབ་གསོ་བརྒྱུད། རང་རིགས་ཀྱི་རིག་གནས་སྣ་ཚོགས་ལ་གཏིང་ཚུགས་པའི་སྦྱོང་གཉེར་མཐར་ཕྱིན་པ་གནང་ཞིང་། ཆུང་དུས་ནས་དགེ་རྒན་དང་། འགན་འཛིན་སོགས་ཀྱི་ལས་སྟེགས་སུ་བུད་དེ་འཛིན་སྐྱོང་དང་སྲིད་ཁྲིམས་ཀྱི་ཉམས་མྱོང་གཏིང་ཟབ་ལྡན་པ་མ་ཟད། དེ་ལས་མང་།»
བོད་ནང་གི་བོད་ཁ་ཤས།
བཀའ་བློན་ཁྲི་པ་ཞེས་པའི་བཀའ་བློན་གྱི་ཐ་སྙད་ནི་རང་སྐད་གཙང་མ་ལོ་རྒྱུས་ཅན་ཞིག་སྟེ།
རྗེ་སྲོང་བཙན་གྱི་དུས་སུ་བཀའ་ཡོ་གལ་འཆོས་པའི་བློན་པོ་བྱུང་བ་ནས་བརྩིས་ཀྱང་ད་བར་མི་ལོ་བརྒྱ་ཕྲག་བཅུ་གསུམ་ལྷག་གི་ལོ་རྒྱུས་ཡོད་ལ།དུས་སྐབས་སོ་སོར་བཀའ་བློན་གྱི་གོ་ཐོབ་དང་ཁུར་འགན་གྱི་
རྣམ་དབྱེ་མི་འདྲ་བ་ཡོད་པ་ནང་བཞིན། ད་ལྟའི་བོད་གཞིས་བྱེས་གཉིས་ཀྱི་སྤྱི་ཚོགས་འཕོ་འགྱུར་གྱི་དགོས་མཁོར་བསྟུན་པའི་བཀའ་བློན་ཁྲི་པར་མཚོན་ནའང་དེའི་གོ་ཐོབ་དང་ཁུར་འགན་གྱི་ཆ་ནས་སྔོན་དང་མི་མཚུངས་པར་མ་ཟད།འབྱུང་འགྱུར་སྐབས་གསུམ་པའི་བཀའ་བློན་ཁྲི་པ་དེ་བོད་ཀྱི་ཆེས་
མཐོའི་ཆབ་སྲིད་དབུ་ཁྲིད་པ་ཆགས་ཡོད་སྟབས་རང་རིགས་ས་ཡ་དྲུག་ལ་ཤིན་ཏུ་གལ་ཆེན་པོ་ཡིན་ཏེ། ༧གོང་ས་མཆོག་གིས་ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་ཡོད་པའི་བོད་རྒྱལ་ཁབ་ཆེན་པོའི་བདག་དབང་བློས་བཏང་སྟེ། བཙན་འཛུལ་པར་གུ་ཡངས་འདོད་བསྟུན་གྱིས་གཉིས་ཕན་དབུ་མའི་ཐབས་ལམ་
བསྟན་ནའང་། ད་ཕན་རྒྱ་ནག་གཞུང་གིས་མཚན་སྨད་སྐུར་འདེབས་དང་དམར་གསོད་ཁྲག་སྦྱོར་བགྱིད་བཞིན་ངོ་ཚ་མེད་པའི་ཧམ་བཤད་བྱེད་བཞིན་ཡོད་པ་དེས།༧གོང་ས་མཆོག་མཉམ་རྒྱ་ནག་གཞུང་གིས་བོད་དོན་ཐག་གཅོད་བྱེད་འདོད་མེད་པ་གསལ་བོར་མཐོང་ཐུབ། དེར་བརྟེན། མ་འོངས་
བོད་ཀྱི་རྩ་དོན་ཐག་གཅོད་གནང་མཁན་དེའང་བཀའ་བློན་ཁྲི་པ་ཆགས་ཀྱི་རེད།
ད་ལྟའི་བཀའ་ཁྲིའི་གནས་བབ།
བཙན་བྱོལ་ནང་དམངས་ཀྱིས་བདམས་པའི་བཀའ་ཁྲི་སྐབས་དང་པོ་རྫོགས་ནས་སྐབས་གཉིས་པའི་དུས་ཡུན་རྫོགས་ལ་ཉེ་བའི་མཚམས་འདིར་ཕྱི་མིག་སློག་སྐབས། བོད་ཀྱི་རྩ་དོན་དེ་བཙན་བྱོལ་གཞུང་གི་ནང་དུ་ཆུ་བཞིན་ཐུར་ནས་ཐུར་དུ་འབབ་བཞིན་པའི་ཚོར་བ་ཞིག་རྒྱུན་དུ་སྟེར། མཚོན་ཙམ་
སྨོས་ན། བོད་རང་བཙན་དོར་ན་དོན་དག་གང་ཡང་གླེང་ཆོག་ཅེས་པའི་ཟེར་སྒྲོས་ལ་བརྟེན་ནས། དབུ་མའི་ཐབས་ལམ་བཏོན་ནའང་རྒྱ་གཞུང་ཁ་དན་ཚིག་ལ་གནས་འདོད་གཏན་ནས་མེད། དེ་ལ་བཀའ་ཁྲི་སྐབས་དང་པོས་ལོ་གསུམ་གྱི་དུས་བཅད་གནང་སྟེ་རྒྱ་ནག་གིས་དྲང་ལན་གསལ་བོ་མ་
གནང་ཚེ་སྲིད་བྱུས་ལ་འགྱུར་བ་གཏོང་ངེས་ཀྱི་ཐ་ཚིག་ལྟ་བུ་ཞིག་བསྒྲགས་མྱོང་། ཕྱིས་སུ་ཐ་ཚིག་དེ་འཇའ་ལྟར་ཡལ་བའི་ཁར། 2002ནས་འགོ་ཚུགས་པའི་འབྲེལ་མོལ་ཐེངས་བརྒྱད་རིང་«སི་ཊའི་སི་བྷག་གི་གསུང་བཤད»དེ་འཆར་སྣང་ཙམ་ཡིན་ཟེར་བ་དང་། དེ་ལས་མང་།»
སྒ་བུ།
དང་བོ། མགོ་འཛིན་པའི་གཏམ།
སྤྱིར་ན་ནང་ཆོས་ཀྱིས་བོད་ཀྱི་སྐད་ཡིག་ཁྱབ་སྤེལ་ལ་ཐོན་པའི་ནུས་པ་གླེང་བ་ཞེས་ཁ་བྱང་ཆེན་པོ་ཞིག་བཏགས་ཡོང་བའི་སྒང་ལ། ཁོ་བོའི་སེམས་སུ་ཅུང་འཚུབ་ཆ་ཞིག་ཡོང་གི་འདུག་མོད། འོན་ཀྱང་གཞན་དབང་ཆེན་པོ་ཞིག་གིས་བོད་པའི་ཡོད་ཚོད་ཉམས་རྒུད་ནས་ཉམས་རྒུད་དུ་འགྲོ་དང་འགྲོ་བཞིན་པའི་སྐབས་འདི་ལ། གཞན་གྱི་སློབ་གསོའི་འོག་ནས་བློ་གྲོས་ནར་སོན་པའི་བོད་རང་གི་ཤ་ཁྲག་གིས་གྲུབ་པའི་ན་གཞོན་སྐོར་ཞིག་གིས། བོད་ཉམས་རྒུད་དུ་གྱུར་བའི་རྒྱུ་རྐྱེན་གཞན་ཞིག་ཡོད་པ་མ་ཤེས་པར། བོད་ཉམས་རྒུད་དུ་གྱུར་བའི་རྒྱུ་རྐྱེན་ནི་ནང་ཆོས་རེད་སྙམ་ནས། ནང་ཆོས་ལ་ཞེ་སྡང་ཞིང་སྡིགས་མོ་བྱས་དང་བྱེད་ཀྱིན་པའི་གསར་བུ་སྐོར་ཞིག་ཡོད་པ་ འདི་རེད། ཁོ་བོས་འདི་ནི་གཞན་གྱིས་བོད་ལ་ཆེད་དུ་བྱས་པའི་རྙོག་དྲ་ཞིག་ཡིན་པ་དང༌། མི་རིགས་ཤིག་གི་འཛིན་ཐག་ནི་རིག་གནས་ཡིན་ལ། རྙོག་དྲ་འདི་ནི་བོད་ཀྱི་ རིག་གནས་ཀྱི་རྙོག་དྲ་ཞིག་ཏུ་འགྱུར་བཞིན་ཡོད་པས། འདི་ནི་ཧ་ཅང་གི་ཚབས་ཆེན་ཞིག་རེད་སྙམ་ནས། བསམ་བློ་དང་སྙིང་སྟོབས་ཆེར་བསྐྱེད་ཀྱིས་རྙོག་དྲ་འདི་སེལ་དགོས་ན་བོད་ཉམས་རྒུད་དུ་གྱུར་དང་འགྱུར་བཞིན་པ་འདིའི་རྒྱུ་རྐྱེན་ནང་ཆོས་མ་ཡིན་པ་གསལ་བཤད་བྱེད་དགོས་འདོད།
དཔེར་ན། མཐེའུ་ཆུང་གིས་ནུས་པ་མ་བཏོན་པ་ཡིན་ན། ལག་པ་དེའི་ནུས་པ་ཆུང་བར་འགྱུར་བ་གདོན་མི་ཟ་བས། ཁོ་བོ་མི་ཆུང་ཡང་ཆུང་ས་ནས་མ་བསྡད་པར་ འདིའི་སྐོར་ནས་སྐད་ཆ་རེ་བཤད་འདོད་སྐྱེས་སོང༌།
གཉིས་པ། ནང་ཆོས་ཀྱིས་བོད་ཀྱི་སྐད་ཡིག་ཁྱབ་སྤེལ་ལ་ཐོན་པའི་ནུས་པ་བོད་ནང་རང་བཞིན་ནས་གླེང་བ།
སྐད་ཡིག་ནི་མི་རིགས་ཀྱི་བླ་སྲོག་ཏུ་མཁས་པ་མང་བོས་ཁས་ལེན་གྱིན་ཡོད། དེས་ན་སྐད་ཡིག་ཉམས་ན་མི་རིགས་དེ་ཉམས་སོང་བ་ཡིན་པ་བཤད་མ་དགོས། དེང་སྐབས་བོད་ནང་གི་སྐད་ཡིག་གི་རང་བཞིན་ནས་བལྟས་པ་ཡིན་ན། བོད་ཀྱི་སྐད་ཡིག་ནི་དགོན་སྡེ་དང་མང་ཚོགས་ཀྱི་ཁྲོད་ན་མ་གཏོགས་མེད་པས་ཧ་ཅང་གི་ཉམ་ཆུང་ བའི་ཚད་དུ་ལྷུང་ཡོད། འདིའི་རྒྱུ་རྐྱེན་ནི་བོད་ཀྱི་སྐད་ཡིག་སྲིད་ཀྱི་ཁྱབ་ཁོངས་སུ་མེད་པ་འདི་ལ་ཐུག་ཡོད་པ་བླུན་པོ་ཞིག་མིན་ན་ལོས་ཤེས། ནང་ཆོས་ནི་བོད་ཀྱི་སྐད་ཡིག་ལ་གནོད་མེད་པ་མ་ཟད་བོད་ཀྱི་སྐད་ཡིག་གི་ཁྲག་རྩ་ལྟ་བུར་གྱུར་ཡོད། དེ་ལས་མང་།»
ཨ་རིག་དགེ་མཐོང༌།
འབྱུང་འགྱུར་གྱི་བཀའ་ཁྲི་ཞེས་པའི་བརྗོད་གཞིའི་སྟེང་དུ་བསམ་ཚུལ་བཤད་སྐྱེས་མོད། འོན་ཀྱང་འགོ་གང་ནས་བཙུགས་རྒྱུ་དང་མཇུག་གང་ནས་བསྡུས་དགོས་མི་ཤེས་པའི་བརྗོད་གཞི་ཞིག་ཀྱང་རེད། གང་ལྟར་ཡང་། འབྱུང་འགྱུར་གྱི་བཀའ་ཁྲི་ད་ལྟའི་ལས་ཐོག་པ་ཟམ་གདོང་རིན་པོ་ནང་བཞིན་ཞིག་མི་ཡོང་བ་བརྒྱུད་ལམ་ཁག་གི་གསལ་བསྒྲགས་ལ་གཞིག་ན་ཧ་གོ་ནུས། ཡིན་ནའང་། ཡ་མཐའི་ས་མཚམས་ཤིག་དང་མ་མཐའི་ས་མཚམས་ཤིག་ངོས་བཟུང་ནས་དེའི་ཐད་ཀྱི་སྐད་ཆ་ཚིག་འགའ་བཤད་ན་འོས་ཤིང་འཚམ་པ་དེ་རེད་སྙམ།
སྤྱིར་བཏང་ཆོས་སྲིད་ཟུང་འབྲེལ་ཅན་གྱི་རྒྱལ་ཁབ་ཅིག་གི་བཀའ་ཁྲི་ལ་ཆོས་འཇིག་རྟེན་གཉིས་ཐད་ནས་ཤེས་འཇོན་གང་འཚམ་དགོས་པ་རེད། རྒྱུ་མཚན་དེས་ན། རང་རེའི་བོད་ཀྱི་འབྱུང་འགྱུར་གྱི་བཀའ་ཁྲི་ལ་ཡ་མཐའི་ཕྱོགས་ནས་རེ་བ་མེད་ཀྱང་། མ་མཐའི་ཕྱོགས་ནས་ངེས་པར་ཚང་དགོས་པ་ནི་ཁ་ཚ་དགོས་གཏུགས་ཀྱི་ཆ་རྐྱེན་ཞིག་རེད། ཡ་མཐའི་ས་མཚམས་ལ། ཆོས་ཕྱོགས་ནས་ད་ལྟའི་༧རྒྱལ་བ་རིན་པོ་ཆེ་དང་ ཟམ་གདོང་བླ་མ་ལྟ་བུ་ཞིག སྲིད་ཕྱོགས་ནས་རྒྱ་ནག་གི་སྲིད་འཛིན་ཧུ་ཅིན་ཐོ་ལྟ་བུ་ཞིག གདེང་འཇོག་གི་ཆ་ནས་ཨ་རིའི་ཨོ་བྷོ་མ་ལྟ་བུ་ཞིག འབྱུང་འགྱུར་གྱི་བཀའ་ཁྲི་ལ་ཡ་མཐའི་ཕྱོགས་ནས་རེ་བ་ཆེར་མེད། མ་མཐའི་ས་མཚམས་ལ་ང་ཚོས་ངེས་པར་རེ་བ་རྒྱག་དགོས། མ་མཐའི་ས་མཚམས་ནི། བོད་རྒྱལ་ཁབ་ཀྱི་དབུ་ཁྲིད་མཁན་ཞིག་ཡིན་པའི་ཆ་ནས་བོད་ཀྱི་སྐད་ཡིག་ལ་མི་རྨོངས་པ་ཞིག ཡང་ཕ་ས་གཞན་ལ་ཤོར་བ་དེ་ཕྱིར་ལེན་དགོས་པས་རྒྱ་ནག་གི་སྐད་ཡིག་ལ་གོ་བརྡ་འཕྲོད་ཐུབ་པ་ཙམ། རང་རེའི་བཙན་བྱོལ་བོད་གཞུང་སྐྱབས་བཅོལ་སའི་རྒྱ་གར་གྱི་སྐད་ཡིག་ལ་གོ་བརྡ་འཕྲོད་ཐུབ་ན་རབ་ཡིན། དེ་ནི་མ་ཤེས་ཀྱང་མི་སྐྱོན། དེང་དུས་འཛམ་གླིང་གི་སྤྱི་སྐད་ལྟ་བུར་ཆགས་ཡོད་པའི་དབྱིན་ཇིའི་སྐད་ཡིག་ལ་ཅུང་ཙམ་བྱང་ཆ་ཐོན་པ་ཞིག་ངེས་པར་དགོས། དེ་ནི་དུས་རབས་དང་བསྟུན་དགོས་པས་ཡིན་ལ་རྒྱལ་ཁབ་སྟོབས་ཆེན་དག་ལ་རེ་བ་བཅོལ་དགོས་པས་ཀྱང་ཡིན། ད་དུང་ནང་ཆོས་ཕྱོགས་ནས་ནག་འཐོམས་སེ་མེད་ན་ཧ་ཅང་ལེགས་ཤིང་དགོས་པ་ཞིག་རེད་མོད། ཆ་ཚང་འཛོམས་རྒྱུ་ཁག་པོ་རེད། དེ་གཞུག་ནས་༧རྒྱལ་བ་རིན་པོ་ཆེའི་བཀའ་གསུང་ཅི་སྒྲུབ་བྱེད་མཁན་ཞིག་དང་བཙན་བྱོལ་སྤྱི་ཚོགས་ལ་རྒྱུས་མངའ་ཡོད་པ་ཞིག་བྱུང་ན་བཟང་། དེ་ལས་མང་།»