སྐྱོ་བྲག་དགའ་དབང༌།
ཆུང་འདྲིས་སྙིང་གི་མེ་ཏོག །ངང་རྒྱུད་མདའ་ལས་དྲང་ཞིང༌།།
སྤྱོད་ལམ་བལ་ལས་འཇམ་པས། །ལྷ་ཞིག་ཡིན་ནམ་བསམ་བྱུང༌། །
ཆུང་འདྲིས་སྙིང་གི་མེ་ཏོག །སྤྲོ་དགའི་འཛུམ་མདངས་གྲོལ་ཞིང༌།།
གསུང་དབྱངས་འགྱུར་ཁུག་སྙན་པས། །སྐྱེད་ཚལ་ཡིན་ནམ་བསམ་བྱུང༌། །
ཆུང་འདྲིས་སྙིང་གི་མེ་ཏོག ། སྲོག་ལས་གཅེས་པའི་བརྩེ་དུངས།།
འགྱུར་མེད་རོགས་མགོན་བྱེད་པས། །ཕ་མ་ཡིན་ནམ་བསམ་བྱུང༌། །
ཆུང་འདྲིས་སྙིང་གི་མེ་ཏོག །ཁྱོད་དང་འགྲོགས་པའི་དགའ་སྐྱིད།།
ད་ལྟ་ལྷ་ཡི་ཡུལ་ན། །མ་ཤི་སླེབས་སམ་བསམ་བྱུང༌། །
ཐེའུ་རང་།
ལོ་ཟླ་གཡག་རོག་གི་རྭ་རྩེ་ནས་རྒས་ཤིང་།
ན་ཟུག་མ་ཕམ་མཚོའི་རླབས་རྒྱུན་གྱིས་སྒུལ་བྱུང་།
ཡར་ལ་ལོངས་དང་། གདོང་དམར་བ།
ས་ཆེན་གྱི་བྲང་ཁོག་རྡུང་བའི་མེས་པོའི་དམག་རྟ།
ཡར་ཀླུང་གི་འགྲམ་རྒྱུད་ནས་ཆས་ཏེ།
དམར་པོ་རིའི་ཡང་སྟེང་དུ་འཛོམས་ན།
ཁ་བ་ཅན། རང་དབང་གི་སྟ་གོན་ལ་ཆས་ཆོག
དེ་ལས་མང་།»
ཚིག ལུང་རྟོགས་བསྟན་འཛིན།
དབྱངས། ཤེར་བསྟན།
རི་ཁ་བ་ཅན་གྱི་འཇིག་རྟེན་ན།།
བོད་མགོ་ནག་ཚེར་མགོའི་བྱེའུ་ཆུང་རེད།།
སྡིག་ཀླ་ཀློ་རྒྱ་ཁྲ་དར་མ་རེད།།
བྱེའུ་ཚེར་མགོའི་ནམ་ཁྱེར་ཆ་མེད་རེད།།
རི་ཁ་བ་ཅན་གྱི་འཇིག་རྟེན་ན།
བོད་མགོ་ནག་སྤང་ཀའི་ལུག་ཁྱུ་རེད།།
སྡིག་ཀླ་ཀློ་རི་སྤྱང་སྔོན་མོ་རེད།།
སྤང་ལུག་ཁྱུ་ནམ་གསོད་ཆ་མེད་རེད།། དེ་ལས་མང་།»