དཀར་ཆག: འཕྲིན་ཡིག

གྲོགས་ཟ་ལེ་རྒྱལ་ལ་སྤྲིངས་པ།

  • བོད་ཁྲག

    བདེ་བ་ཅན་ཞེས་བཤད་ན་མི་ཤེས་ཀྱང༌། །
    སྒོར་མོའི་ཕྱོགས་སུ་ཅུང་ཙམ་ཐུ་བ་ཡི། །
    ནུབ་ཕྱོགས་ཧྥ་རིན་སི་ན་གནས་འཆའ་བའི། །
    གྲོགས་པོ་ཟ་ལེ་རྒྱལ་གྱི་སྙན་དྲུང་དུ། །

    གྲོང་ཁྱེར་ཁྱི་སྐྱག་འདྲ་བ་ཟི་ལིང་གི། །
    ཁང་བརྩེགས་ཞིག་རོ་ཞིག་གི་ནང་འཁོར་དུ། །
    ཉམ་ཆུང་དྭ་ཕྲུག་འགའ་ཡི་དགེ་རྒན་དུ། །
    རློམ་པའི་བུ་ངན་བདག་གིས་མཆིད་འདི་གསོལ། །

    ལེགས་བཤད་རྒྱ་མཚོ་འཐུང་བཞིན་བདེ་ལེགས་སམ། །
    ལྗགས་རྩོམ་རྒྱ་མཚོ་སྐྱུགས་བཞིན་བདེ་ལེགས་སམ། །
    འཛུམ་མདངས་རྒྱ་མཚོ་འཁྱིལ་ལེ་བདེ་ལེགས་སམ། །
    དགོད་སྒྲ་རྒྱ་མཚོ་ལྷང་སེ་བདེ་ལེགས་སམ། །
    དེ་ལས་མང་།»

  • ནུབ་བྱང་ཚང་གི་གསར་བུ་ཚོར་སྤྲིངས་པ།

  • ཞོགས་ལྗང་།

    ལོ་ངོ་འདི་དག་གི་རིང་དུ་བདག་ལ་འགྲོགས་ཤིང་འདྲིས་པའི་སྙིང་གི་གྲོགས་པོ་དག་གཙོར་བྱས་ཏེ། ཟ་ཟུར་གང་རུང་ནས་སྐད་ཆ༼སྦོམ་པོ༽བཤད་མཁན་གྱི་ནུབ་བྱང་ཚང་གི་གསར་བུ་ཚོར།
    ཉེ་ལམ་རྣམ་པ་ཚོའི་གནས་ཚུལ་རེ་འགའ་ཐོས་པས་ཤིན་ཏུ་དགའ་བོ་བྱུང་ཡོད་ལ། ད་དུང་མུ་མཐུད་དུ་རང་རང་གི་ལས་གནས་སུ་ཤུགས་དང་སྟོབས་ཀྱིས་འཇུག་པའི་རེ་བ་རྒྱ་ཆེན་ལྡན་ལགས། ཁོ་བོ་ཁྱོད་ཚོ་དང་སྨྲེང་སེམས་ཀྱིས་ལུས་བྲལ་བྱུང་བའི་ཉིན་དེ་ནས་བཟུང་། བདག་གི་མིག་ཟུང་ནམ་ཡང་ཁྱོད་ཚོར་ཕྱོགས་ཤིང་། བདག་གི་རེ་བ་ནམ་ཡང་དེ་རུ་ལུས་ཡོད། དེ་ལྟ་ནའང་། སྔོན་དང་ད་ལྟའི་གནས་བབ་ལ་བསྡུར་བ་ཅུང་ཙམ་བགྱིས་ན། བེ་ཧག་ཆེན་པོ་འདུག་པས་སེམས་པ་དེ་ཙམ་སྐྱོ་སྐྱོ་རེ་འདུག་ཨང་།
    དངོས་ཚུལ་གྱི་སྟེང་ནས་བལྟས་ན་ཁྱོད་ཚོར་ཡང་ཁག་མི་འདུག་སྙམ་པ་རེ་འདུག་ཀྱང་། འུ་ཚོ་སུ་ལའང་དེ་ལྟར་སྙམ་སྟེ་སྡོད་ཆོག་པའི་དུས་ཚོད་སྐར་ཆ་ཙམ་ཡང་མི་འདུག ཁྱོད་ཚོས་ཤེས་གསལ་ལྟར། འུ་ཚོས་སྔོན་ནས་ནུབ་བྱང་ཚང་ལ་བོད་ཀྱི་པེ་ཅིང་སློབ་ཆེན་ཞེས་འུད་སྒྲོག་བྱས་མྱོང་། ཡང་གཅིག་བཤད་ན། སྐབས་དེར་ནུབ་བྱང་ཚང་ནི་ངེས་པ་དོན་གྱིས་དེ་འདྲ་ཞིག་ཡིན་ཏེ། གནས་དེ་ནས་འུ་ཅག་གི་བསམ་བློའི་མེ་ལྕེ་ཐོལ་ཀྱིས་འཕྱུར་ཞིང་། འུ་ཅག་གི་མི་བུའི་སྒལ་ཚིགས་མཁྲེགས་སེ་འཆགས། དེ་ལྟར་ལགས་ཀྱང་། ད་ལྟ་ད་དུང་ཡང་དེ་འདྲ་ཡིན་ན་བསམ་རུང་། དངོས་ཚུལ་དེ་འདྲ་ཞིག་ཡིན་མིན་ནི་འུ་ཚོས་རང་གི་ལག་ཟུང་བྲང་གར་བཞག་ན། ལྷོག་ལྷོག་དུ་ལྡིང་གིན་པའི་སྙིང་དམར་བོ་དེས་ཁྱོད་ལ་གསལ་བཤད་རྒྱག་ངེས།
    འུ་ཚོ་ཚང་མས་འདི་ལྟར་འདོད་དེ། ནུབ་བྱང་ཚང་དུ༼ཤར་དུང་རི༽ཡོད་ལ། ༼རང་མོས་གླེང་སྟེགས༽ཡོད་པས། ནུབ་བྱང་ཚང་ནི་སློབ་གྲྭ་གཞན་དང་ཐུན་མོང་མ་ཡིན་པ་དེ་ཡིན་ནོ་སྙམ། དེ་ལྟར་འདོད་པ་ནི་འུ་ཚོ་ནོར་སོང་སྟེ། དོན་ལ་ནུབ་བྱང་ཚང་དུ་འུ་ཚོ་ཡོད་པས་གཞི་ནས་གཞན་དང་ཐུན་མོང་མ་ཡིན་པ་ཞིག་ཡིན་པ་རེད། ཡང་ན། ནུབ་བྱང་ཚང་དུ་འུ་ཚོ་དང་འུ་ཚོ་འདྲ་བའི་གསར་བུ་སྐོར་ཞིག་བྱུང་མྱོང་ཡོད་པས། གཞི་ནས་ནུབ་བྱང་ཚང་ནི་བོད་ཀྱི་པེ་ཅིང་སློབ་ཆེན་དུ་གྱུར་སོང་བ་རེད། འདི་ནི་འུ་ཚོས་ནམ་ཡང་བརྗེད་མི་རུང་བ་ཞིག་ཡིན་ལ། བརྗེད་དུ་མི་གཏུབ་པ་དེ་ཡང་ཡིན། དེ་ལས་མང་།»

  • བོད་ཕྱིའི་རླུང་བརྙན་འཕྲིན་ཁང་ཚོར་སྐད་བསྐུར།

  • ཨ་རིག་འགྱུར་མེད།

    ཕྱི་ཚེས་ ༡༨ ཉིན་རྒྱབ་ཉིན་གུང་གི་ཟ་མ་ཟོས་རྗེས་ངས་གཞུང་ལས་ཁང་དུ་དེབ་ཅིག་ཀློག་བཞིན་བསྡད་ཡོད། དེ་ནི་ཉིན་རྒྱབ་དེར་གློག་མེད་སྟབས་ང་ལ་དེབ་ཀློག་པ་དང་ངལ་གསོ་བའི་དུས་ཚོད་ཅིག་བྱུང་བས་ཡིན། སྐབས་དེར་ངའི་ལག་ཁྱེར་ཁ་པར་གྱི་སྒྲ་གྲགས་བྱུང་བས་ལག་ཏུ་བླངས་ནས་ལྟ་སྐབས། བྷེལ་རྗེམ་དུ་ཡོད་པའི་ངའི་ཡུལ་གྲོགས་ཨ་རིག་དམ་ཆོས་ལགས་རེད། ངེད་གཉིས་ཀྱིས་ཕན་ཚུན་ལ་ཁམས་འདྲི་དང་སྤྱིར་བཏང་བའི་སྐད་ཆ་འགའ་བཤད་རྗེས་ཁོང་གིས་ང་ལ་ཁ་པར་གཏོང་དགོས་པའི་གནད་དོན་གཏེ་བ་དེ་གསུངས་དོན། ངས་ད་ལྟ་རང་བོད་ནས་བཏང་ཡོང་བའི་ཁ་པར་ཞིག་ལ་ཉན་པ་ཡིན་ལ། བོད་ནས་ཁ་པར་གཏོང་མཁན་གྱིས་ང་ལ་བཤད་པའི་རེ་སྐུལ་ཞིག་ཁྱོད་ལ་བཤད་འདོད་བྱུང་ཞེས་ཟེར།
    ངས་བློ་རིམ་བསྒྲིམས་ཏེ་ཉན། ཁོང་གིས་བཤད་དོན། ང་ལ་ཁ་པར་གཏོང་མཁན་དེ་ད་ལྟ་རྒྱལ་ནང་གི་མགྲོན་ཁང་ཞིག་ཏུ་འདུག་ལ་ཁོས་མགྲོན་ཁང་གི་རིན་མེད་ཁ་པར་བརྒྱུད་ནས་ཨ་རིའི་བོད་སྐད་རླུང་འཕྲིན་ཁང་དང་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གཉིས་ལ་ཁ་པར་གཏོང་ཐབས་བྱས་འདུག་ཀྱང་། རྐྱེན་དབང་ཞིག་གིས་གཏོང་ཐུབ་པ་བྱུང་མི་འདུག་ལ། དེ་མིན་རང་གི་ལག་ཁྱེར་ཁ་པར་བེད་སྤྱད་ཚེ་སྲིད་གཞུང་གིས་ལྐོག་ཉན་བྱེད་པར་དོགས་ནས་བཏང་མི་འདུག
    བོད་མི་དེས་བརྗོད་ན་དེང་སྐབས་བོད་ནང་དུ་ཕྱི་ཡུལ་དུ་ཡོད་པའི་རང་རིགས་སྤུན་ཟླ་རྣམས་ལ་ཧ་ཅང་གི་ཆེ་མཐོང་དང་གདེང་འཇོག་གནང་གི་འདུག་པ་མ་ཟད། ལས་རིགས་འདྲ་མིན་ཐོག་ཡོད་པའི་ཆེད་ལས་མི་སྣ་རྣམས་ལ་དེ་བས་ཀྱང་ཚད་མཐོ་བའི་གདེང་འཇོག་བྱེད་ཀྱིན་ཡོད་འདུག དེའི་སྟབས་ཀྱིས་ཁོང་གིས་ཨ་རིའི་རླུང་བརྙན་འཕྲིན་དང་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་ལ་ལྟ་ཉན་བྱེད་སྐབས། བྱེས་འབྱོར་སྤྱི་ཚོགས་ཁྲོད་ཀྱི་ལས་རིགས་འདྲ་མིན་གྱི་མི་སྣ་སུ་འདྲ་ཞིག་ལ་བཅར་འདྲི་བྱས་རུང་། བོད་སྐད་དྭངས་མའི་ནང་དུ་རྒྱ་དབྱིན་ཧིན་གསུམ་གྱི་སྙིགས་རོ་མང་བོ་ཞིག་བསྲེ་བཞིན་པ་ཉུང་ཉུང་མིན་པར་བློ་ཕམ་བྱུང་འདུག་པ་མ་ཟད། དེ་ལས་མང་།»

  • བོད་ནང་གི་བོད་མི་ཞིག་གིས་ཧོར་འཇིགས་གཙོས་བྱེས་འབྱོར་ཤེས་ལྡན་པ་ཚོར་ཕུལ་བའི་ཡི་གེ

  • བོད་ནང་གི་གྲོགས་པོ་ཞིག

    ཧོར་འཇིགས་གཙོ་བྱས་པའི་བྱེས་འབྱོར་ཤེས་ལྡན་པ་རྣམས་ལ་ཞུ་རྒྱུར།
    ཁྱེད་ཅག་གི་བསམ་ཚུལ་དག་ལ་ཅུང་ཧང་སངས་དགོས་པ་བྱུང་། ཧོར་འཇིགས་ཀྱིས་བོད་གནམ་ལ་དགའ་བ་དང་རྒྱ་ས་ལ་དགའ་པའི་གཏམ་རྒྱུད་དེ༼གནམ་ས་གོ་འབྱེད༽དུ་འགྲེལ་བ་ནི་ཁོའི་ཆབ་སྲིད་ཀྱི་གོ་རྟོགས་དེ་ཇི་འདྲ་ཞིག་ཡིན་པ་ཤེས་ཐུབ།བཙན་བྱོལ་ཡུལ་དུ་ཧོར་འཇིགས་མཁས་ཆེན་ཞིག་ཏུ་བརྩི་བ་ནི་དེར་ཁྱབ་པའི་ཤེས་རིག་གི་ཟབ་ཚད་རྟོགས་ཐུབ། ཁོའི༼ཁྲག་ཐིག་ལས་སྐྱེས་པའི་ལྗང་མྱུག༽ཟེར་བ་དེའི་འགྲེལ་ནི་རྒྱ་དམར་བོའི་ཁྲག་གི་ཐིག་པ་ལས་སྐྱེས་པའི་ལྗང་མྱུག་དེ་ནི་དཔལ་དོན་གྲུབ་རྒྱལ་དང་ཞོགས་དུང་འབར་རྡེའུ་སོགས་ཡིན་རབས་དཔེ་དེབ་དེའི་ནང་གོ་ཐུབ།ད་རབས་གནམ་ས་གོ་འབྱེད་ཀྱང་ལོག་འགྲེལ་བྱེད་པ་ནི་ཁོ་གླིང་གི་ཁྲོ་ཐུང་ཡིན་པར་ཤེས་ཐུབ། མི་ལྟེ་བར་འཇོག་པའི་བོད་བཙན་པོ་རྒྱལ་རབས་ཀྱི་སྐབས་སུ་དམག་དོན་གྱི་སྟོབས་ཤུགས་ཆེས་ཆེར་རྒྱས་ཏེ་རྒྱ་ནག་གི་རྒྱལ་ས་བཅོམ་པའི་ལོ་རྒྱུས་རྒྱུན་གནས་ཡོད་པའི་སྐབས་སུ། སངས་རྒྱས་ཆོས་ལུགས་ཀྱིས་བོད་དུ་ལེགས་སྐྱེས་ཡག་པོ་ཞིག་བསྣམས་ཏེ་སྟོད་ཀྱི་མི་རབས་རྒོད་པ་དེ་ཚོ་ཐང་རྒྱལ་རབས་ཀྱི་དམག་ཤུགས་ཅི་ཡང་བཀོལ་མི་དགོས་པར་མི་བུའི་སྙིང་སྟོབས་སྒྲོག་ཏུ་བཅིངས། དེ་ནས་བོད་ཀྱི་ཆོས་ལུགས་པས་སྲིད་དབང་བཟུང་སྐབས་ཁོ་ཚོས་སོག་པོ་དང་མན་ཇིའི་སྦྱིན་བདག་ཆེན་མོ་ལག་ནས་ཤོར་བར་དོགས་ཏེ་སྦྱིན་བདག་གི་རེ་བ་དང་དུ་ལེན་དགོས་བྱུང་སྟེ། པཎ་ཆེན་སྐུ་ཕྲེང་བཞི་བ་དང་རྒྱལ་དབང་སྐུ་ཕྲེང་ལྔ་བ། ཀུན་མཁྱེན་སྐུ་ཕྲེང་དང་པོ་ས་སྐྱ་ཀུན་དགའ་སོགས་ཀྱིས་བོད་ཡུལ་གསར་གྱི་གཞོང་ར་དེ་མི་རིགས་གཞན་པའི་ས་ཁུངས་སུ་རང་ཉིད་ཀྱི་འཚོ་རྟེན་དུ་བརྗེས། དེ་ལས་མང་།»

  • འཐོར་ལ་ཉེ་བའི་འཇིག་རྟེན།

  • སྐྱོ་བྲག་དགའ་དབང་།

    ཆེས་མཛའ་བའི་གྲོགས་པོ་དཔའ་བརྟན་ལགས།
    དེང་སྐབས་ཁྱོད་རང་ཡོད་སའི་ས་གནས་ལ་གཞིག་པ་ཡིན་ན་མཚམས་མཚམས་ཛ་དྲག་པོའི་ལས་ཀ་ཁ་ཤས་ཙམ་ལས་རྒྱུན་ཆགས་པའི་ལས་ཀ་ཞིག་ནི་མེད་ལ།
    ཉེར་མཁོའི་མཐུན་རྐྱེན་ནི་ཡག་ཐག་ཆོད་བྱས་ཏེ་བཞུགས་ཡོད་ལས་ཆེ་སྙམ་ནས་དོན་དག་ཡོད་ལ་མེད་ཀྱི་འཕྲིན་ཡིག་འདི་བསྐུར་འདོད་བྱུང་།
    གྲོགས་པོ་ལགས།
    ང་ཚོའི་རིག་གཞུང་རྣམས་སུ་ཆོས་ཐམས་ཅད་མེད་བཞིན་སྣང་བའི་རྫུན་སྣང་ཙམ་ལས་བདེན་པ་བ་ཞིག་མེད་པར་བཤད་ལ།
    བཤད་པ་བཞིན་དོན་ལའང་གནས་པར་འཁུམས་ཏེ།
    ད་ལྟ་ང་ཚོ་རྒྱུ་སྐར་ཁྱིམ་རྒྱུད་ཀྱི་འཁོར་སྐར་ཞིག་གི་ཐོག་ཏུ་གནས་ཤིང་།
    འཁོར་སྐར་འདི་ནི་ལྒང་ཕུག་མཁའ་དབྱིངས་སུ་ལྡིང་བ་ལྟར་འཁོར་བཞིན་རྒྱུ་བ་ལས་རྟེན་གཞི་མེད་པའི་ཕྱིར་ན། དེ་ལས་མང་།»

  • ཚེ་རབས་གཏན་གྱི་གྲོགས་མཆོག་དཔལ་ལགས།

  • སྐྱོ་བྲག་དགའ་དབང་།

    ང་ཚོའི་སེམས་ཀྱི་ངོ་བོ་དེ་བདེ་བར་གཤེགས་པ་རྣམས་དང་ཁྱད་མེད་པ་སྐྱོན་ཀུན་ཟད་ཡོན་ཏན་ཀུན་ལྡན་གྱི་བདག་ཉིད་གསལ་སྟོང་ཟུང་འཇུག་ཏུ་བཞུགས་ཡོད།
    ཡིན་ནའང་རང་ངོ་མ་ཤེས་པའི་དབང་གིས་འཁོར་འདས་ཀྱི་སྣང་བ་སྣ་ཚོགས་པ་ཟད་མཐའ་མེད་པ་ཆུ་བོའི་གཉེར་མ་ལྟ་བུའི་ནང་དུ་འཐུམས་ཏེ་སྡུག་བསྔལ་འབའ་ཞིག་གིས་མནར་བ་འདི་ཇི་འདྲའི་སྐྱོ་བ་ཞིག་མ་རེད་དམ།
    གལ་ཏེ་འདི་ལས་ཐར་དགོས་ན་ཐབས་ལམ་གཅིག་རང་ཡོད་པ་དེ་ནི་སྟོན་པ་ཐུགས་རྗེ་ཅན་གྱིས་བསྟན་པའི་ལམ་བཟང་པོར་ཞུགས་རྒྱུ་དེ་རེད།
    ལམ་དེར་ཇི་ལྟར་ཞུགས་ན།
    སྟོན་པས་དངོས་ཡོད་གནས་ཚུལ་ལ་ག་རེ་ཡོད་པ་དེ་ཉིད་བསྟན་པའི་དོན་གནད་རྣམས་ཐོས་བསམ་གྱིས་ཤེས་པར་བྱས་ཏེ་ལག་ལེན་ཚུལ་མཐུན་དུ་བསྟར་བ་དེ་ཡིན།
    གྲོགས་མཆོག་ལགས།
    ཁྱོད་ནི་ཐོག་མར་སྐྱེས་པ་ནའང་ཁྱིམ་རྒྱུད་ཆེན་པོ་དང་ཕ་མ་བཟང་པོའི་བུ་ཕྲུག་ཏུ་སྐྱེས་ཤིང་།
    ཡ་རབས་ཚུལ་མཐུན་གྱི་བག་ཆགས་བརྟན་པོ་ཡོད་ཐོག
    འཚར་ལོང་ཡང་བཟང་པོའི་གོམས་སྲོལ་གྱི་ཁྲོད་དུ་བྱུང་བས་གཤིས་སྤྱོད་ཧ་ཅང་བཟང་བ་དང་། དེ་ལས་མང་།»

  • ཨ་རིའི་བོད་པར་སྤྲིངས་པ།

  • ལྷམ་ཀོག

    གུས་པར་འོས་པའི་སྐུ་ཞབས་ལགས།
    རྒྱང་རིང་བོ་ནས་སེམས་ཀྱི་གནད་ས་ཕ་ཡུལ་ལ་གཏད་ཅིང་། རིག་པའི་རྣོ་ཁ་དུས་རབས་ལ་བཙུགས་ཡོད་པ་མཐོང་འཕྲལ་དགའ་བོ་བྱུང་། དེང་གི་ཆར་ཤར་གྱི་དངོས་པོ་ནུབ་ལ་བསྐྱལ་བར་ཚེགས་མེད་ཅིང་། ལྷོ་ཡི་བརྡ་འཕྲིན་བྱང་དུ་སྤེལ་བར་ཆེས་ཤིན་ཏུ་མྱུར་བའི་དུས་འདིར། འཛམ་གླིང་ནི་ཆེ་ནས་ཆུང་དུ་འགྲོ་བར་བཤད་ཅིང་། རིག་གནས་ཀྱང་སྣ་གཅིག་ནས་སྣ་མང་དུ་འགྲོ་བར་མངོན་སུམ་གྱི་ཡུལ་དུ་གྱུར་བ་འདི་ལྟ་ན། འུ་ཅག་གིས་ཀྱང་ལག་པ་དམ་པོ་ལྷོད་དུ་གཏོང་མཚམས་ཤེས་པའི་སྒོ་ནས། ཕྱི་ཡི་རིག་གནས་ལ་བསེད་གྲོལ་གྱི་གོ་སྐབས་ཡོད་པའི་སྒོ་ནས་དུས་རབས་ཤིག་གི ཆབ་དཔལ་རིག་གསུམ་ནང་དུ་བསུ་དགོས་པ་ཡིན་དུས། ཕན་ཚུན་འཆམ་མཐུན་གྱི་རྩ་བ་ནི་རྨང་དུ་བྱས་ཤིང་། དེ་ཡི་ཁར་རྒྱང་རིང་བོ་ཞིག་གི་ལས་དོན་དེ་ལ་གཞོལ་དགོས་པ་ནི་ཉིད་ལ་ཞུ་མ་དགོས་པ་ཞིག་རེད།
    བོད་ཕྱི་ནང་གང་ན་ཡང་འཚོ་ཞིང་གཞེས་པའི་གསར་བུ་སྟག་འདྲ་གཟིག་འདྲ་དག་གི་སེམས་ཀྱི་རུས་པའི་སྣེ་ཁེན་ས་མི་རིགས་འདི་ཡིན་ཞིང་། ལག་གི་སྨྱུ་གུའི་ཁྲག་བཞུར་ས་ཡང་མི་རིགས་འདི་ཡིན་པ་ཧ་གོ་བ་བྱུང་ན། འུ་ཅག་ཕན་ཚུན་བར་སྡང་ཟུག་མེད་པར་འགྱུར་ངེས་པ་རེད། གྲོགས་པོ་ལགས་དེ་ལྟ་མོད། ལྟ་ཚུལ་ལམ་ལྟ་བ་ནི་དེ་ལྟ་རང་དུ་ཡིན་པས་སྣ་ཚོགས་ཤིག་ཏུ་ཆགས་ངེས་ཤིང་ཆགས་དགོས་པ་ཞིག་ཀྱང་རེད། མི་རིགས་ཤིག་གི་མདུན་ཐད་ནས་བཤད་ན་ཡང་། སྐབས་ཀྱི་དགོས་པ་ལ་དམིགས་ས་ཞིག་དང་། མཐར་གྱི་གནས་ལུགས་ལ་དམིགས་ས་རེ་ཡོད་པ་དེ་རྩྭ་ཀུ་ཤུའི་རྩེ་མོ་བཞིན་སོ་སོར་དབྱེ་འབྱེད་བྱ་དགོས་པ་ནི་གནད་ཀྱི་དམ་པ་རེད། ཕན་ཚུན་གྱི་ལྟ་ཚུལ་ལ་བརྩི་བཀུར་བྱས་ཏེ་རང་གི་ལྟ་བའི་རྒྱུན་སྐྱོང་སྟངས་ནི་རིག་གནས་མཉམ་གནས་ཀྱི་གཞི་རྐང་ཡིན་པ་འདྲ། དེ་སྔོན་ཉིད་ཀྱིས་སྐུ་ཞབས་དོན་འགྲུབ་རྒྱལ་དང་མཁས་དབང་དུང་དཀར་བ། མཁས་དབང་དགེ་ཆོས་སོགས་རེ་རེ་ལ་ཐལ་ཆེ་བའི་དགག་པ་བསྐྱོན་པ་དང་། དེ་སྔོན་མདོར་ན་བོད་ནང་གི་ཤེས་ཡོན་པ་ཡོད་ཚད་དམར་པོའི་ལུགས་སུ་བྱས་ནས་བཤད་པ་དེར། དྲང་ངེས་ལྡེམ་དགོངས་གི་ཁྱད་པར་ནི་ཡོད་དུ་མཆིའང་། དེ་ལྟར་བཤད་ན་དགོས་པ་ཅང་ཡོད་དམ། ལྷག་པར་དུ་མཁས་དབང་དུང་དཀར་བ་སོགས་ཀྱིས་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་དགེ་སློབ་སའི་རྡུལ་གྲངས་དང་མཉམ་པ་བསྐྱངས་ཤིང་། བརྩམས་ཆོས་གླང་མོ་ཆེའི་རྒྱབ་འཁལ་ལོངས་པ་ཞིག་ཕྱི་རབས་ཀྱི་བགོ་སྐལ་དུ་བཞག་འདུག་པ་འདིར་རིན་ཐང་ཡོད་མེད་བརྗོད་དུ་མེད་པ་ཞིག་མ་རེད་དམ། དེ་ལས་གཞན་བོད་ནང་གི་ན་གཞོན་དག་གིས་ཕོ་རྒོད་འཐབ་ཀྱི་རྒོད་དང་བྱིའུ་འཐབ་ཀྱི་བྱེའུ་ཚུལ་དུ་བྱ་འགུལ་རབས་དང་རིམ་པ་སྤེལ་བ་ནི་དམར་པོའི་རྒྱལ་ཁབ་ཀྱི་ཆེད་དུ་མ་ཡིན་པར་མི་རིགས་ཤིག་གི་དོན་དུ་ཡིན་པ་ངེས་པར་མཁྱེན་དགོས་ཨ། དེ་ལས་མང་།»

  • WordPress Themes