དཀར་ཆག: སྣ་ཚོགས་།
འཁྲིག་གཏམ་དམར་རྗེན་མ་ཞེས་པའི་དཔེ་དེབ་ཅིག་ཐོན་གྲབས་ཡོད་པ།
རྒྱ་ཆེའི་ཀློག་མཁན་རྣམ་པ། མི་རིང་བར་འགྲེམ་སྤེལ་བྱེད་ལ་ཉེ་བའི་ ༼ འཁྲིག་གཏམ་དམར་རྗེན་མ་ ༽ ནི་རྐང་བཙུགས་ནས་ཁྱེད་ཀྱི་ཆེད་དུ་བྲིས་པའི་ཆེད་རྩོམ་ཕྱོགས་བསྒྲིགས་ཀྱི་དེབ་ཅིག་ཡིན། དེབ་འདིའི་ནང་ཁྱེད་ཀྱི་དགའ་ཁ་འཁྱེར་ཕྱོགས་ལྟར་འཁྲིག་གཏམ་འཁྲིག་ལས་སྐོར་གྱི་གལ་ཆེའི་ཤེས་བྱ་དང་། བཟའ་ཟླའི་བཟའ་རྙོག་སྐོར་གྱི་རྒྱུན་ཤེས་བྲིས་ཡོད། འཁྲིག་གཏམ་དམར་རྗེན་མ་བཀླག་རྗེས་ཁྱེད་ཀྱི་འཚོ་བ་ལ་འགྱུར་ལྡོག་གསར་བ་ཞིག་དང་། ཁྱེད་ཀྱིས་སྤྱི་ཚོགས་འཚོ་བར་བཟུང་བའི་རིན་ཐང་ལྟ་ཚུལ་ལའང་འགྱུར་བ་འགྲོ་སྲིད། གང་ལྟར་ཡང་འཁྲིག་གཏམ་དམར་རྗེན་མ་ནི་ཁྱེད་ཀྱིས་མ་བཀླག་ན་སྡོད་མི་ཚུགས་པའི་དེབ་ཅིག་ཏུ་གྲུབ་ཡོད། དེ་མ་བརྗེད།
འཁྲིག་གཏམ་དམར་རྗེན་མའི་ནང་དུ་ལེ་ཚན་ཆེན་མོ་གསུམ་ཡོད་ལ། ལེ་ཚན་དང་པོ་འཚོ་བའི་ལམ་ཡིག་ཅེས་པའི་ནང་། བཟའ་ཟླ་བདམས་ནོར་ཤོར་འདུག་དང་རང་གི་བཟའ་ཟླ་ལ་འཁང་ར་མེད་པ་གནང་རོགས། བཙོན་མ་ལྟ་བུའི་ཁྱོ་ག གྲ་སྒྲིག་ཡོད་པ་གནང་རོགས། གལ་སྲིད་བཟའ་འཐོར་བྱུང་ན། འཇིག་རྟེན་པའི་གཏམ་རྒྱུད་སོགས་ནང་གསེས་སྡེ་ཚན་ ༡༡ ཡོད་ལ། ལེ་ཚན་དང་པོ་བཀླག་རྗེས་ཁྱེད་རང་སྔར་བས་ཀྱང་རང་གི་ཆུང་མ་དང་ཁྱོ་གར་མཛའ་བརྩེ་ཇེ་ཟབ་དང་དུང་བ་ཇེ་མཐུག་ཏུ་འགྲོ་བ་དང་། བཟའ་ཟླའི་སྐོར་གྱི་རྒྱུན་ཤེས་དང་བཟའ་ཟླ་ཕན་ཚུན་བར་དགོས་མེད་ཀྱི་རྩོད་རྙོག་རིགས་ཉུང་དུ་འགྲོ་བར་ཕན་ཐོགས་སྲིད། དེ་ལས་མང་།»
གསལ་བསྒྲགས།
རང་རིགས་བྱེས་འཁོད་རྒྱ་ཆེའི་མི་མང་ཡོངས་ཀྱི་སྙན་ལམ་དུ་ཆེད་ཞུ།
ཕྱི་ལོ་ ༢༠༡༠ ཟླ་ ༤ ཚེས་༡༤ ཉིན་བོད་མདོ་ཁམས་སྐྱེ་རྒུ་ཡུལ་ཤུལ་ཁུལ་དུ་འཇིགས་སུ་རུང་བའི་རང་འབྱུང་ས་ཡོམ་ཤུགས་ཆེན་ཐེབས་ཏེ་ལོ་རྒྱུས་ཐོག་བྱུང་མ་མྱོང་བའི་མི་ཤི་རྒྱུ་གྱོང་གི་གོད་ཆགས་བསམ་ཡུལ་ལས་འདས་པ་ནི། རོ་ཡི་རི་བོ་བརྩེགས་པ་དང་། ཁྲག་གི་རྒྱ་མཚོ་འཁྱིལ།
ཡུལ་གྲོང་ཁང་པའི་ཁྱིམ་ཤུལ་ཐམས་ཅད་ཇི་ལྟར་ཡིན་མིན་ངོས་འཛིན་མི་ཤེས་པའི་རྩ་འཐོར་དགུ་འཐོར་དུ་སོང་བ་དེ་དག་མཐོང་ཚེ་མིག་ཆུ་དབང་མེད་དུ་ཤོར་རྒྱུ་ལས་མ་འདས། ང་ཚོ་བྱེས་སུ་འཁོད་པའི་བོད་མི་ཚོ་ས་གནས་ཡུལ་ཤུལ་དུ་ཕྱིན་ཏེ་རོགས་རམ་བྱ་ཐབས་དབེན་ནའང་༸སྤྱི་ནོར༸གོང་སྐྱབས་མགོན་ཆེན་པོ་མཆོག་གི་དབུ་ཁྲིད་པའི་ཆོས་བརྒྱུད་ཆེན་པོ་བཞི་དང་།
གཡུང་དྲུང་བོན་བཅས་ཀྱི་བླ་ཆེན་བླ་སྤྲུལ་རྣམ་པ་ཡོངས་སུ་རྫོགས་པ་རྒྱ་གར་འཕགས་པའི་ཡུལ་དུ་སྐུ་ཟིལ་པ་ཕྲོམ་མེར་བཞུགས་ཡོད་པ་དང་། སྐྱབས་ཡུལ་དགེ་འདུན་རྒྱ་མཚོའི་ཐུགས་རྗེ་བླ་ན་མེད་པའི་དྲིན་གྱིས་བསྐྱངས་ཡོད་པར་བརྟེན། འདས་གསོན་དེ་དག་སྐྱབས་པའི་ནུས་པ་སྐྱབས་གནས་ལས་ལྷག་པ་ཞིག་མེད་པ་ཀུན་གྱིས་མཁྱེན་གསལ་ལྟར་། དེ་ལས་མང་།»
ཞིག་རོའི་ཁྲོད་ཀྱི་རྣམ་ཤེས་ཆུང་ཆུང་།
འདིར་མནན་ནས་གླུ་གཞས་ལ་གསན་གཟིགས་གནོངས།

ཡོང་ཁུངས།མཚོ་སྔོན་པོའི་དྲ་བ།
ས་འགུལ་གོད་ཆག་ལ་གདུང་སེམས་མཚོན་ཕྱིར་མ་ཎི་འུར་འདོན་ནང་ཞུགས་རོགས།

མ་ཎི་འུར་འདོན་ཞེས་པའི་དྲ་ཚིགས་འདི་ནི་བོད་མི་རྩོམ་འབྲི་བ་ཚོས་རྩོམ་ཡིག་གི་ལམ་ནས་ཡུལ་ཤུལ་ལམ་ཁམས་སྐྱེ་རྒུ་མདོའི་ས་འགུལ་གྱི་གོད་ཆག་ཐེབས་ཁུལ་ཡུལ་མི་སྤུན་ཟླ་ཚོར་གདུང་སེམས་མཉམ་བསྐྱེད་དང་།མྱ་ངན་གུས་འདུད་ཡང་ན་ཐུགས་གསོ་གནང་སའི་གཤིན་ས་ཞིག་ཡིན་པ་མ་ཟད།རྩོམ་ཡིག་རེ་རེའི་མཐར་མ་ཎི་གསོག་སྒྲུབ་བྱེད་ས་ཡོད་པ་དེ་ནས་ཀློག་པ་པོ་ཚོས་མ་ཎི་གང་མང་གསོག་ནའང་ཆོག་པས།གཞེས་བྱེས་རྩོམ་འབྲི་བ་དང་ཀློག་པ་པོ་རྣམས་དྲ་ཚིགས་འདིར་ཞུགས་པའི་སྨོན་ལམ་འདེབས།ཨྂ་མ་ཎི་པདྨེ་ཧཱྂྂ༔
http://yushul414.blogspot.com/
ཕ་ཡུལ
གླུ་ཚིག་དང་ལེནམཁན།སྒྲོལ་མ་སྐྱབས།
སྲིད་པའི་གངས་རི།
ས་ཆེན་མཁའ་ལ་འཕགས་པའི་གཤོག་པ།
སུ་ཡིས་རྨི་ལམ་གང་ལ་ཁྱེར་སོང་།
ག་རེ་ལུས་སོང་།
སུ་ཡི་ལྷམ་ཆུང་རླུང་གིས་ཟད་སོང་།
རང་ཡུལ་དྲན་སོང་།
གངས་རི།
སྐྱེས་དུས་མིག་ལ་ཐོགས་པའི་གངས་རི།
རྒས་དུས་ཞེ་ལ་ཐོགས་པའི་གངས་རི།
ཕ་ཡུལ་་་་་ ་ ་་ ་ ཕུ་ཡུལ
བོད་ནས་འབྱོར་བའི་ཆག་ཀྲུམ་དམར་པོ་ཞེས་པའི་བརྙན་སྡེར།
ཁག་དང་པོ།
ཁག་གཉིས་པ།
ཁག་གསུམ་པ།
ཁག་བཞི་བ།
ཆག་ཀྲུམ་དམར་པོ་ཞེས་པའི་བརྙན་སྡེར་འདི་ཁ་སྔོན་བོད་ནས་འབྱོར་སྐབས་རེ་ཞིག་འདིར་བཀོད་མྱོང་ཡོད་ལ།རྗེས་སུ་རྒྱུ་རྐྱེན་སྣ་ཚོགས་ཀྱིས་སྐབས་ཤིག་ཕྱི་ལ་འགྲེམ་སྤེལ་མཚམས་འཇོག་བྱས་བ་དང་།ད་ལྟ་འབྲེལ་ཡོད་མི་སྣས་རེ་བ་ལྟར་ཡང་བསྐྱར་འདིར་བཀོད་ཡོད་པས་ན།ཚང་མས་གཟིགས་ཀློག་དང་དགོངས་འཆར་ལྷུག་གསུང་གནང་རོགས་ཞུ།





![book_cover11111[1]](http://youshun12.com/wp-content/uploads/2010/06/book_cover111111-201x300.jpg)
