བསྟན་འཛིན་ཟླ་བ།
-བོད་ཀྱི་དམངས་གཙོ་དབུ་བརྙེས་ནས་ལོ་ངོ་༥༠འཁོར་བར་རྗེས་དྲན་དུ།
ཆིག་སྔ་མོའི་མཁས་པའི་གསུང་རྩོམ་དེ་ཚོ་ཁ་ཟིན་སྣ་ཟིན་རེ་བཀླགས་ཚེ།།
སངས་རྒྱས་དང་ནི་བྱང་ཆུབ་སེམས་དཔའི་མཚན་གྱི་བསྟོད་སྟངས་མང་ན་ཡང།།
བདག་ནི་སོ་སྐྱེ་སོ་ནག་ཅིག་གིས་དེ་ཚོར་འགྲེལ་ཞིག་མི་ཕོག་མོད།།
འོན་ཀྱང་ལོ་རྒན་དོན་ལྔའི་ནང་གི་མཛད་ཆེན་འགའ་ཞིག་ཤེས་ཡོད་ལགས།།
ཡིན་ཡང་གཞན་དག་གླེང་ཁོམ་ཅང་མེད་དེ་རིང་དམངས་གཙོའི་དུས་ཆེན་ཡིན།།
ལོ་ངོ་ལྔ་བཅུའི་གོང་གི་དུས་འདིར་དམངས་གཙོ་ཞེས་པའི་ཚིག་ཙམ་ཡང།།
བཤད་དང་བཀྲམ་ན་སྐུ་དྲག་བཙན་པོས་མནར་གཅོད་སྣ་ཚོགས་གཏོང་སྲིད་ཀྱང།།
ཁྱེད་ཀྱི་ཐབས་མཁས་ཐུགས་རྗེའི་མཛད་པ་ཉི་ཤར་སྤར་མོས་ག་ལ་ཁེབས།།
དེ་རིང་སྐྱིད་པའི་རྐང་བྲོ་རྡུང་ཡ་ཆོལ་གསུམ་ཆིག་སྒྲིལ་འཁྲུངས་ཉིན་ཡིན།།
དེ་རིང་དགའ་བའི་གླུ་དབྱངས་ལེན་ཡ་སྐུ་དྲག་འཆིང་བ་གཅོད་ཉིན་ཡིན།།
སྒམ་ལ་ཟྭ་བརྒྱབ་ཟྭ་ལ་ཐེལ་བརྒྱབ་ཐེལ་ཙེ་ཉར་བའི་སྤྱི་ཚོགས་ཀྱི།།
ཕྱི་ཡི་སྤྱོད་པའི་བཀག་རྒྱ་གཏོར་ཅིང་ནང་གི་དམ་ཚིག་བསྲེལ་ཉིན་ཡིན།།
དེ་ལས་མང་།»
བོང་སྟག་མེ་ཟླུམ
གངས་ལྗོངས་ཤེས་རིག་གླིང་གི་འབོད་བརྡ་བརྙན་འཁོར
ངའི་སྙིང་ཁོང་རུས་པའི་གཏིང་ནས
དྲག་ཏུ་འཕྱོ་བཞིན་པའི་ཟུངས་ཁྲག་དམར་པོ་དེ
སུ་ཞིག་གིས་ཧུབ་གང་མཆོད་པ་ཡིན
——སྔོན་འགྲོའི་གཏམ
ཕ་ས་གངས་རི་དེས་གསང་བ
མ་ཁྱིམ་གངས་དཀར་དེས་ཝུ་ཁུང་ལ་དེད་པ
དུས་ཚོད་སྐར་མ་འགའ་ལས་མེད་ནའང
བསམ་གཞིག་གི་རྣོ་དབལ་རུམ་ཏེ
ལོ་ངོ་ཁྲི་ཕྲག་གི་ཕ་རོལ་ཞིག་ལ
རྡེའུ་དཀར་ནག་གི་ཁ་རྩོད་དེ་ཉིད
འཕྲུལ་ཆས་དཀར་པོའི་ལྕེ་འོག་ནས
དྲང་སྲོང་སྤུན་ཟླའི་སྙིང་སྟོབས་སྒྲེང་བ
དུས་ཚོད་ཀྱིས་མིག་ཟུང་ཅེར་ཆོག་ལ
ལོ་རྒྱུས་ཀྱིས་རྣ་བ་གླེགས་ཆོག
ཐེ་བོ་ཤེས་རབ་རྒྱ་མཚོ།
ཀྱེ་ཀྱེ་མགོ་འཕང་མ་དམའ་ཁྲག་རྩའི་སྦུབས་སུ་བཞུར་བའི་ཡར་ཀླུང་ཁྲག་རྒྱུུན་ད་དུང་མ་ཆད་པས།།
འུ་ཚོར་དེ་རིང་རྒྱ་མི་རེད་ཅེས་གང་སར་སྒྲོགས་པའི་སྤྱི་བརྟོལ་ཅན་གྱི་བླུན་པོ་དེ་ནི་སུ།།
སྔོན་ཚེ་ཁྱེད་ཀྱིས་དཔུང་བ་གཏུམ་པོས་ཁྲང་ཨན་ཡོམ་ཡོམ་བསྒུལ་ནས་ཐང་རྒྱལ་བདས་པའི་གྲིབ་གཟིགས་ཤིག།
དེ་རིང་ད་དུང་ང་ཡི་སེམས་ལ་ཁ་སང་ཁེ་ཉིན་བལྟས་པའི་གློག་བརྙན་བཞིན་དུ་ཁྲ་ལམ་ལམ།།
ཁྱོད་ཀྱིས་ཡབ་མེས་ཡིག་ཚང་ཁྲོད་ནས་ངེད་ཅག་ཟད་ནས་ཡལ་བའི་གཏམ་རྒྱུད་གོ་མྱོང་ཡོད་དམ་ཀྱེ།།
ཁྱོད་ཀྱིས་བཙན་པོའི་གདུང་རྒྱུད་ཁྲོད་ནས་ངེད་ཅག་སྒུར་ནས་སོང་བའི་འཁྱོག་གཟུགས་མཐོང་མྱོང་ཡོད་དམ་ཀྱེ།།
ཁྱོད་ཀྱིས་གུང་གུ་རྨེ་རུའི་འདབས་ནས་ངེད་ཅག་འགྱེལ་ནས་རུལ་བའི་དྲི་ངན་ཚོར་མྱོང་ཡོད་དམ་ཀྱེ།།
ཁྱོད་ཀྱིས་ཐེབ་ཇུ་བྲག་དཀར་རྩེ་ནས་ངེད་ཅག་ངུས་ནས་ཤི་བའི་ལོ་རྒྱུས་མཐོང་མྱོང་ཡོད་དམ་ཀྱེ།།
དབུས་འགྱུར་ཉི་མ་ལྷ་སའི་ཉི་འོད་དྲོན་པོ་ང་ཡིས་ཁྲག་དང་རྔུལ་ཆུས་བསྲུངས་པ་མིན་ན་སུ།།
ཧེབ་ཀྱིས་རི་བོ་ཟ་བའི་དགྱ་ནག་མགོ་བོ་ང་ཡིས་དཔུང་བའི་ཟིལ་གྱིས་མནན་པ་མིན་ན་སུ།།
ང་ཡིས་མཐའ་མཚམས་བརྟན་སྲུང་བྱེད་དུས་ནང་འཁྲུག་བརྒྱབ་ནས་ནང་དམེ་བྱེད་མཁན་ཁྱོད་རང་མིན་ན་སུ།།
ང་ཡིས་ཤི་གསོན་མཉམ་གནས་བྱེད་དུས་ཁང་ཁྱིམ་དྲུད་ནས་ས་མཐར་འབྲོ་མཁན་ཁྱོད་རང་མིན་ན་སུ།།
དེ་ལས་མང་།»
བསྟན་འཛིན་བདེ་སྐྱིད།
རིག་འབྱུང་དོན་གྲུབ་བཀྲ་ཤིས་ཀྱིས་བསྒྱུར།
འདི་ནི་གནས་ལུགས་གང་ཡིན་དགོས་པ་སྟེ།
ང་ཚོས་རྫ་གཡམ་སྔོན་པོའི་སྟེང་མིན་པར་རྡོ་གཅལ་ཐོག་གོམ་བགྲོད་བྱེད།
ཁྱེད་ཀྱིས་བློ་ཕམ་པའི་རྣམ་འགྱུར་སྟོན་ཁུལ་བྱེད།
འདི་ལ་ཆོ་གའི་རིན་ཐང་དེ་ཡོད་པར་འགྱུར།
ཞོགས་ཀའི་ཉི་མ་དེ་མཁའ་དབྱིངས་ནས་ཟགས་པར་འགྱུར།
ང་ཚོས་རང་ཉིད་དེའི་མེ་ལྕེ་ལས་སྲུང་བར་བྱེད།
དེ་ནི་བཟོད་དཀའ་བ་ཞིག་མིན་མོད།
ཡིན་ཡང།
ང་ཚོས་ཤར་ཕྱོགས་ནས་འབྱོར་བ་དེར་གཟབ་དགོས་བ་ཤེས་ཡོད།
ང་ཚོ་ནི་འདི་རུ་ཡིད་དུ་འོང་བ་ཞིག་མིན། དེ་ལས་མང་།»
བོད་ཁྲག
བོད་པ་ཚོ། ཕྱི་གླིང་བར་སྨོན་པ་འཆོར་གྱིན་འདུག
ཕྱི་གླིང་བ་ཚོ། བོད་པར་འགྲམ་ཆུ་ལྡང་གིན་འདུག
དོན་དམ་པར།
བོད་པ་ཚོ་སྨོན་པ་འཆོར་ས།
ཕྱི་གླིང་བའི་ཕྱིའི་དཔལ་འབྱོར་ལ་ཁའི་ན་བུན་རེད།
ཕྱི་གླིང་བ་ཚོ་འགྲམ་ཆུ་ལྡང་ས།
བོད་མིའི་ནང་སེམས་ཀྱི་བདེ་སྐྱིད་ནོར་བུ་རེད།
ཕྱིའི་དཔལ་འབྱོར་ནི་ཚན་རིག་གིས་བསྐྲུན་ཐུབ་ཀྱང༌།
ནང་སེམས་ཀྱི་བདེ་སྐྱིད་ནི་ནང་ཆོས་ཀྱིས་མ་གཏོགས་བསྐྲུན་ཐུབ་མེད།
མི་ཤེས་པ།
ཁྱིམ་གཞི་སྟོང་ཞིང་ཕ་མ་མེད་པའི་ཉམ་ཆུང་དྭ་ཕྲུག་བུ་ཆུང་ངས། །
ཕེ་ཞིག་བཏབ་ན་དགོས་པ་མེད་ཀྱང་བསམ་ཞིང་བསམ་ན་བཏབ་ན་འདོད། །
འཛམ་གླིང་སུམ་གཉིས་དབང་དུ་བསྒྱུར་བའི་མེས་པོ་དམ་པ་གོང་མ་ཡི། །
གངས་ར་དཀར་བོའི་མི་ཚང་འདི་ནི་དེ་རིང་ཁ་འཐོར་དགུ་འཐོར་རེད། །
ངེས་དོན་མཁས་དབང་གསེར་གྱི་ཉི་མ་ཕལ་ཆེར་མ་བཞུགས་ནུབ་རིར་གཤེགས། །
རིག་པའི་གཞུང་ལུགས་འོ་མའི་མཚོ་ལ་མི་གཙང་རྣག་ཁྲག་བཞུར་རྒྱུན་འགོས། །
ལོ་ངོ་ཁྲི་སྟོང་བླང་དོར་ཁྲོད་ནས་བྱུང་བའི་ཡབ་མེས་སྲོལ་གྱི་རྒྱུན། །
ལོ་རྒྱུས་ནག་པོའི་དཀྱོགས་མཚམས་འདི་ནས་མ་ལུས་ལྷག་མེད་ས་ལ་བསྲེས། །
གསེར་དངུལ་རིན་ཆེན་མཛོད་དུ་གྱུར་བའི་ཕ་མེས་བླ་རི་མཐོན་པོ་བྲུས། །
འགྲོ་བའི་སྐོམ་གདུང་སེལ་ལ་བྲེལ་བའི་རྨ་འབྲུ་ཆུ་བོའི་བཞུར་རྒྱུན་བཅད། །
སྔོ་ལྗང་སྤང་ཐང་ཡོད་ཚོད་བསློགས་ནས་འཛིན་མས་མ་བཟོད་ཁོང་ནས་འདར། །
ནགས་ཀླུང་སྔོན་མོ་དུམ་བུར་གཏུབས་ཏེ་སྡུག་པའི་མིག་ཆུ་གཏིང་ནས་འཁྲུགས། །
དེ་ལས་མང་།»
མི་ཤེས་པ།
ཉམ་ཆུང་གངས་དཀར་ཨ་མ་ཚང་གི་ངོས་ནས་དྲང་མོར་བཤད་པ་ན། །
ཏག་ཏག་དེང་གི་དུས་སྐབས་འདི་ནི་ཕྲ་ས་གསུམ་གྱི་ཉག་ས་རེད། །
ཕྱི་རྐྱེན་དགྲ་བོས་བྱེད་ཐབས་ནག་པོས་རང་མི་གཞོན་སྐྱེས་དགྲ་རུ་བསླངས། །
ནང་རྐྱེན་བསམ་བློ་ལོག་པར་ཕྱིན་ནས་ཕ་དང་མེས་པོའི་བརླ་རྐང་གཅོག །
ཕ་ཡིས་ཤུལ་བཞག་རིག་པའི་ནོར་མཆོག་གད་སྙིགས་ནང་དུ་ཤུགས་ཀྱིས་འཕེན། །
གཞན་གྱིས་གཡུགས་པའི་ལྷམ་ཀོག་སྐམ་པོ་གཉའ་ཡི་ནང་ལ་འཕྲེད་ཀྱིས་འཛིན། །
རང་ལ་ཡོད་ཚོད་དགྲ་རུ་བཟུང་ནས་དཔའ་བོའི་ཉམས་ཀྱིས་རྐང་བྲོ་བརྡུངས། །
དགྲ་ཡི་གཡོ་ཐབས་རྒྱན་དུ་ཁྱེར་ནས་ཕ་མའི་ངོ་ལ་མཆིལ་མ་འདེབས། །
གལ་ལ་ཐུག་ན་ཞིབ་བུས་མི་དཔྱད་རི་བོང་ཅལ་གྱི་རྗེས་སུ་རྒྱུགས། །
དོན་ལ་བབས་ན་ལག་ལེན་མེད་པས་ཁ་བཤད་ལྦུ་བ་རླུང་ལ་བསྐུར། །
ཁ་ནས་བཤད་ན་འཛམ་བུ་གླིང་ཡང་ལག་པའི་ནང་དུ་ལན་གསུམ་བསྐོར། །
ལག་ཏུ་བླངས་ན་རང་ལྟོ་ཙམ་པོ་མ་འཁྱོངས་གཡོ་དང་སྒྱུ་ཡིས་འཚོ། །
དེ་ལས་མང་།»
བྱ་དོར་ཕུན་ཚོགས་དབང་ཕྱུག
ས་རུབ་དུས་ངས་ཁོ་མོ་དྲན་འོངས་ཤིང༌།
རྨི་ལམ་གྱི་ཞིང་དུ་རྟག་ཏུ་ཁོ་མོའི་རྒྱབ་གཟུགས་མངོན་པས།
བརྩེ་འདང་གི་སྲད་བུར་བསྟར་བའི་འཛུམ་ཀོང་རེ་རེ།
མེ་ཏོག་ལྟར་ཡིད་འོང་གི་ངང་ཚུལ་དུ་བཞད།
ཟླ་ངོགས་ཀྱི་དྲན་འཆར་ཐོར་བུ།
སྙན་ངག་དང་མིག་ཆུའི་མཚེའུར་འཁྱིལ་ཞིང༌།
བསིལ་རླུང་གི་ཤུགས་བསྟན་ཁྲོད་འཕུར་ཀྱིན་པའི་ཁེར་ཟླ།
དོ་ནུབ། ངའི་ལས་དབང་གི་འགྲེལ་སྟངས་དམར་སྐྱ་དེ་མིན་ནམ་སྙམ།
མཚན་གུང་གི་བསམ་གཞིག་རིང་པོ།
བར་སྣང་གི་ཕོ་བྲང་ན། གཙང་ཆབ་ལྟར་བཞུར་དུས།
ཉི་མའི་དབྱངས་རྟ་དང༌། དུས་ཚིགས་གཞན་ཞིག་གི་ཆོ་ལོ།
བརྩེ་དུངས་ཀྱི་བརྙས་བཅོས་ཡིན་ངེས།
སྐར་མདའ་གཅིག་ཤེད་ཀྱིས་ཕྱུང་བ།
ལས་འཕྲོ་ཞིག་སིལ་བུར་འཐོར་བའི་བརྡ་རུ་གོ་ན།
ལོ་དེའི་སྟོན་ཁར།
ངང་མོ་ཟུང་ཕྱོགས་ཕྱོགས་སུ་འཕུར་དགོས་པ་མཐོང༌།
འབའ་རིག་ནོར།
དུང་ཞེན་དང་བརྩེ་དུང་གི་བཟི་ཁར་འཐམས་པའི་ངའི།
དེ་རིང་ཡང་སུའི་ཆེད་དུ་མིག་ཆུ་དང་འོ་དོད་འབོད་ཀིན་ཡོད།
ཅི་ཡང་མི་ཤེས་པའི་དེ་རིང་གི་དུས་ཚོད་འདིའི་ནང་།
ཁོ་བོའི་རྒྱང་རིང་གི་གྲོགས་མོ་ཞིག་གི་དུང་ཞེན་དང་འཁྲེང་སེམས་
ལ་རེ་སྨོན་དང་ཡིད་ཆེས་བྱས་ཡོད་པ་འདྲ།
ལས་དབང་གི་འཐབ་ར་ནས་གྱེར་བའི་གླུ་ཆུང་ཞིག
ལོ་ཟླའི་བང་རིམ་ལ་བསྙལ་བའི་དུང་བ་ཞིག
ངའི་སེམས་་ ངའི་སྙིང་་་་་་་ ངའི་མིག་་ མདོར་ན་ངའི་དོན་ལྔ་སྣོད་དྲུག་
དུ་གྲུབ་པའི་རྒྱང་རིང་གི་ཁོ་མོ། ནམ་ཞིག་གི་ཚེ་མཇལ་ཐུབ།
ནམ་ཞིག་གི་ཚེ་ཀླན་ཐུབ། ངའི་དུང་སེམས་ཀྱི་ཕྱེད་ཀ་ཁྱེར་ཤོག
དེ་རིང་སྐྱོ་གདུང་དང་སུན་སྣང་གི་ཁོར་ཡུག་འདི་ལས་ངའི་ཁྱོད་ལ་
ང་ཁྱོད་ཀྱི་ཉེ་སར་ཡོད་ཞེས་པའི་སྐད་སྒྲ་འདི་སྒྲོག་འདོད།
ང་ཁྱོད་ཀྱི་པང་དུ་ཡོད་ཞེས་པའི་དུང་གཏན་འདི་གླེང་ན་འདོད།
བརྩེ་བ་ལས་བརྩེ་བ། དུང་བ་ལས་དུང་བ།
རྒྱང་རིང་གི་གྲོང་ཁྱེར་དེ་ན། དུང་བ་ག་ཚོད་ཞིག་དང་སྐྱོ་བ་ག་འདྲ་ཞིག་གིས་
ང་ལ་ལེ་བདའ་དང་མིག་ཆུ་འདོན་ཀིན་ཡོད ཨ ཨ ངའི་སེམས་ཀྱི་ཕྱེད་ཀ
ངའི་དུང་བའི་བདག་མོ།
ངའི་ཁྱོད་ཀྱི་ཡ་ཆུང་ལས་བྱུང་བའི་དུང་གཏམ་དེ་ལ་
ནམ་དང་ནམ་དུ་ཡང་་
བོང་སྟག་མེ་ཟླུམ
བདག་པོ་དངོས་མ་རྒྱང་རིང་ལ་ཕྱིན་པའི་ཉིན་མོ་དེ་ནས
ང་ལ་གོམ་གང་སྤོ་བོའི་ཁོམ་པ་མ་ཡོད
ས་སྲུང་ནས ཆུ་སྲུང་ནས
མེ་སྲུང་ནས རླུང་སྲུང་ནས
ང་རང་ཡུན་གྱིས་རྒས་སོང
དུས་ཀྱི་སོ་ཁ་ན་ལྡད་ལ་ཁད
རླུང་གི་ཁ་ནང་ན་སྨྱོ་ལ་ཁད
གྲོགས་པའི་བསླུ་འོག་ན་འབོར་ལ་ཁད
བདག་པོ
ཁྱེད་རང་ག་དུས་ཕེབས་ངེས
ང་རང་ཉམ་ཐག་གིས་འཚོས་ཡོད