དཀར་ཆག: འགྱུར་རྩོམ།

དེང་སང་གྲྭ་པ་སྟེར་བཟོ་ཅན་དང་དགའ་རོགས་བསྒྲིག་རྒྱུ་དར་སྲོལ་ཆག་པ་རེད་དམ།

  • འོད་ཟེར།
    གངས་ལྷ་མོས་བསྒྱུར།
    མཆན།རྒྱུ་མཚན་ག་གེ་མོར་བརྟེན་ནས་མདང་དགོང་ཡིག་ཆུང་དེ་བཟོ་བཅོས་བྱས་པ་ཡིན།དེའང་ཡིག་ཆུང་ནང་གི་གནས་ཚུལ་དེ་བདེན་པ་ཡིན་ཡང།་དོན་དག་གཞན་ལ་བརྟེན་ནས་ངའི་དེ་སྔོན་རྩོམ་ཐུང་ནང་གི་ནང་དོན་འགའ་འམ།་དཔེར་ན་གཞན་གྱིས་གནས་ཚུལ་དེའི་སྐོར་བཤད་སྟངས་དང་གླེང་མོལ་གཞན་དག་སོགས་བསུབ་ཚར་བ་ཡིན།

    རྒྱ་རིགས་བུ་མོ་ཞིག་གིས་མོའི་ཟིན་བྲིས་ནང་མོ་རང་དང་བོད་ཀྱི་གྲྭ་པ་ཞིག་དབར་གྱི་སྙིང་ཉེའི་བརྩེ་དུང་སྐོར་བྲིས་འདུག་་ངས་ཤོག་ལྷེབ་ཁ་ཤས་བལྟས་རྗེས་མུ་མཐུད་དེ་ལྟ་ཐུབ་ཀྱི་མི་འདུག་དེ་ནི་ཐེ་ཝན་རྩོམ་པ་མོ་ཆུང་ཡོའི་བརྩེ་དུང་སྐོར་གྱི་སྒྲུང་དེ་དག་བསྐྱར་ཟློས་བྱས་པ་ཙམ་རེད་ལ།་མི་འདྲ་ས་ཅུང་ཡོད་པ་ནི་དེའི་ནང་གི་མི་སྣ་གཙོ་བོ་དེ་བོད་རིགས་ གྲ་པར་བསྒྱུར་བ་ཙམ་རེད།་
    དོན་དངོས་ཐོག་སྒྲུང་འདི་འདྲའི་རིགས་ནི་ཉུང་ཉུང་མ་རེད།བཤད་སྲོལ་ལྟར་ན་དེ་ནི་བོད་རིགས་གྲ་པ་སྟེར་བཟོ་དོད་པོའམ་མཛེས་ཉམས་ཅན་དང་དགའ་རོགས་བསྒྲིག་པ་ཞེས་ཟེར་སྲོལ་ཡོད་འདུག

    དེ་སྔོན་གཙུག་ལག་ཁང་དུ་བཟོ་ལྟ་ལེགས་པོའི་གྲྭ་པ་ཞིག་ཡོད་པ་དྲན་གྱི་འདུག་་ལོ་མང་སྔོན་ཁོ་རང་རབ་ཏུ་བྱུང་དུས་མཐོང་མྱོང་ཡོད་ལ་སྐབས་དེའི་དུས་སུ་ཁོང་ཕྲུ་གུ་ཞིག་རེད།་ཁོ་རང་ལོ་ཆུང་བྱིས་པའི་དུས་ནས་གཞོན་ནུ་བར་འཚར་ལོངས་བྱུང་བ་དང།་དེ་རྗེས་གློ་བུར་དུ་མཐོང་ལམ་ནས་ཡལ་ཚར་འདུག་ངས་ཁོ་རང་ག་བར་ཡོད་མིན་དྲིས་མྱོང་བས།་གཞི་ནས་པེ་ཅིང་ནས་ཡོང་བའི་ ཡུལ་བསྐོར་སྤྲོ་འཆམ་པའི་རྒྱ་རིགས་བུ་མོ་ཞིག་གིས་ཁོ་ལ་དགའ་བ་དང།་དེ་ནས་ཁོ་རང་ཡང་བུད་མེད་དེའི་མཉམ་དུ་ཕྱིན་ཚར་འདུག་་་རྒྱུ་མཚན་གང་ཡིན་མི་ཤེས་མོད།མ་རིང་བའི་རྗེས་སུ་ཁོ་རང་སླར་ཡང་ལྷ་སར་ཕྱིར་སླེབས་འདུག་ཡིན་ཡང་དེ་ནས་བཟུང་དགོན་པར་བཞུག་མི་ཆོག་པ་གྱུར་ཟིན།་གང་ཡིན་ཟེར་ན་ཁོ་རང་སྐྱ་སར་བབས་ཚར་བས་རེད། དེ་ལས་མང་།»

  • བོད་རིགས་ཤེས་ལྡན་མི་སྣས་ངོ་ལོག་དང་ལོག་ཕེབས།

  • —-བཀྲ་རྒྱལ་དང་ལྟ་བ་གསར་བའི་ཕྱོགས་ཁག་རགས་ཙམ་གླེང་བ།

    མྰོ་ལི།

    ༼ཁོ་ཚོ་ཐོན་བྱུང་། ད་ཐེངས་ང་བཙོན་དུ་འགྲོ་དགོས་༽ཟི་ལིང་གྲོང་ཁྱེར་སྤྱི་བདེ་ལས་ཁུངས་ཀྱི་ཉེན་རྟོག་པ་ཁ་ཤས་གཞུང་སྒྲུབ་ཁང་དུ་སླེབས་སྐབས། བཀྲ་རྒྱལ་༼སྨྱུག་མིང་ཞོགས་དུང༌།༽གྱིས་རང་གི་ཆུང་མར་དེ་ལྟར་ཚིག་གཅིག་ལབ་རྗེས། ཉེན་རྟོག་པས་ཁྲིད་སོང་། དེ་ནི་ད་ལོའི་སྤྱི་ཟླ་༤པའི་ཚེས་༢༣རེད། ཡུལ་ཤུལ་ས་འགུལ་རྗེས་སུ། བཀྲ་རྒྱལ་གྱིས་ཁོང་གི་བོད་རིགས་སྤུན་ཟླ་ཚོར་རོགས་སྐྱོར་དང་། རྨས་སྐྱོན་ཕོག་པ་རྣམས་ལ་རོགས་འདེགས་ཀྱི་ལས་ལ་བྲེལ་དུས་རེད།
    བོད་ཁུལ་དུ་གནོད་སྐྱོབ་སྐབས་ཁོང་འཛིན་བཟུང་བྱས་རྗེས། གཞི་ནས་རྒྱ་ཡིག་གར་སྟེགས་སུ་བོད་ཀྱི་ཤེས་ལྡན་མི་སྣ་བཀྲ་རྒྱལ་དང་ལྟ་བ་གསར་བའི་ཕྱོགས་ཁག་འདི་ཤེས་རྟོགས་བྱུང་བ་རེད། བཀྲ་རྒྱལ་གྱི་བརྩམས་ཆོས་དང་ལྟ་བ་གསར་བ་བརྗོད་པ་ཚང་མ་བོད་ཡིག་ནང་རྒྱས་བཤད་བྱས་པ་ཡིན་པས། རྒྱ་ཡིག་ཀློག་པ་པོ་ཚོའི་ནང་ཤེས་རྟོགས་བྱེད་མཁན་ཧ་ཅང་ཉུང་ཉུང་རེད། བོད་རིགས་གཞོན་སྐྱེས་འདི་བ་ནི་མིང་གྲགས་ཆེ་བའི་ཤེས་ལྡན་མི་སྣ་ཞིག་དང་། རྩོད་གཞི་ཅན་གྱི་མི་སྣ་ཞིག་ཀྱང་རེད། ཕྱོགས་གཅིག་ནས་བཀྲ་རྒྱལ་ནི་རྒྱ་ནག་གུང་ཁྲན་གཞུང་ལ་ཕྱོགས་ཞེན་གྱི་ཤེས་ལྡན་མི་སྣ་ཡིན་ཚུལ་བརྗོད་མཁན་ཡོད་ལ། ཕྱོགས་གཞན་ཞིག་ནས་ཁོང་དང་བོད་རིགས་ཤེས་ལྡན་མི་སྣ་གཞན་བདུན་གྱིས་ཐུན་མོང་གིས་མངོན་གསལ་ཡི་གེ་སྤེལ་ནས་། ཡུལ་ཁུལ་ས་འགུལ་གནོད་ཁུལ་དུ་གཞུང་ཕྱོགས་བརྒྱུད་ནས་རྒྱུ་དངོས་ཞལ་འདེབས་གནང་རྒྱུ་མེད་པས་འབོད་སྐུལ་ཞུས་པར་བརྟེན། རྒྱ་ནག་གུང་ཁྲན་གཞུང་གིས་ཁ་བྲལ་ལ་ངན་སྐུལ་གྱི་ནག་ཉེས་འཛུགས་ཀྱི་ཡོད་པ་རེད།
    བཀྲ་རྒྱལ་དང་ལྟ་བ་གསར་བའི་ཕྱོགས་ཁག་ཤེས་རྟོགས་ཆེད་། ང་ཚོས་ཤེས་འཇོན་ལྡན་པའི་བོད་རིགས་གཞོན་རབས་པ་ཚོར་གསང་ལྟ་དུས་སུ། དེ་ནི་དཀའ་སྡུག་གིས་མནར་བའི་མི་རིགས་ཤིག་གི་འཇིག་ཉེན་སྐྱོབ་ཐབས་ཆེད། ཁོང་ཚོས་སྡུག་བསྔལ་གྱི་བསམ་གཞིགས་དང་འཚོལ་ཞིབ་ཁྲོད། སྣ་མང་རྙོག་འཛིང་ཆེ་བའི་བསམ་པའི་བགྲོད་ཤུལ་ཏེ་ངོ་ལོག་དང་ལོག་ཕེབས་ཀྱི་གོ་རིམ་ཞིག་རེད། དེ་ལས་མང་།»

  • ངའི་ཨ་རི་ལ་ཕུལ།

  • ཚའོ་ཁྲང་ཆིང་གིས་བརྩམས།
    གངས་ལྷ་མོས་བསྒྱུར།

    ཨ་རིའི་བསམ་བློ་རང་དབང་གིས་མི་རྣམས་ལ་སྒེར་གྱི་གསར་སྤེལ་ནུས་ཤུགས་ཚད་མཐོ་ཤོས་བེད་སྤྱོད་གཏོང་ཆོག་པའི་གོ་སྐབས་བསྐྲུན་ཡོད་པ་དུས་མཚུངས་སུ། ཨ་རིའི་མ་རྩ་རིང་ལུགས་ཀྱི་རང་དབང་གི་ཁྲོམ་རྭ་དཔལ་འབྱོར་གྱིས་མི་རེ་རེར་རང་ དབང་གིས་ཚོང་རྫས་སམ་སྒེར་གྱི་གྲུབ་འབྲས་ཉོ་ཚོང་ཐུབ་པའི་ཁོར་ཡུག་སྤྲད་ཡོད་ པར་བརྟེན། དཔལ་འབྱོར་དར་རྒྱས་ནི་ཡིན་ལུགས་ཀྱི་བྱུང་འབྲས་གཅིག་རེད།
    དེ་བཞིན་ཕྱི་དངོས་པོའི་དར་རྒྱས་དེས་མི་རྣམས་ལ་དཔལ་འབྱོར་རང་དབང་སྔར་ བས་ཆེ་བ་སྤྲད་ཡོད་ལ། མི་མང་པོར་ཁོར་ཡུག་གང་མང་ནས་སྒེར་གྱི་ནུས་པ་བཏོན་ཐུབ་པ་དང་སྒེར་ངོས་ཟིན་པ། འབྱུང་འབྲས་གསར་པ་སྐྲུན་ཐུབ་ཀྱི་ཡོད་པར་བརྟེན་། འཛམ་གླིང་ཡོངས་སུ་མི་ག་ཚད་ཀྱིས་དཔལ་འབྱོར་རང་དབང་ལ་ངོ་རྒོལ་བྱས་ཀྱང༌། འཛམ་གླིང་མི་མང་ཡོངས་རྫོགས་ལམ་ཁ་དེར་སྤྱོད་བཞིན་པ་རེད། དེའང་འགོག་ཐབས་མེད་པའི་དོན་དངོས་ཡིན།

    མ་རྩ་རིང་ལུགས་ནི་ཨ་རིའི་ནས་འགོ་བརྩམས་པ་ཡིན་ལ། Capitalismའདིའང་རྩ་བའི་ཆ་ནས་ཨ་རིའི་གསར་གཏོད་བྱས་པའི་མིང་ཚིག་ཅིག་རེད། དེ་སྔོན་གྱི་ལོ་བརྒྱ་ཁྲག་རིང་མ་རྩ་རིང་ལུགས་ཟེར་བའི་ཚིག་འདིར་ལོག་འགྲེལ་ཚབ་ ཆེན་བྱས་པ་རེད། མ་རྩ་རིང་ལུགས་ནི་བཤུ་གཞོག་དང་དབུལ་ཕྱུག་དབར་གྱི་ཧེ་བག་བཅས་ལ་གོ་ཡི་ཡོད་ པའི་ཟོལ་འདྲ། དེ་བཞིན་ངན་པ་མཚོན་གྱི་ཡོད་པར་ལོག་འགྲེལ་བྱས་ཡོད་ཀྱང༌། དེ་ནི་རྦེད་དེ་ནོར་འཕྲུལ་གྱི་འགྲེལ་བརྗོད་དང་ཡོངས་རྫོགས་ནོར་ཡོད་པ་རེད། དོན་དངོས་ཐོག་མ་རྩ་རིང་ལུགས་ཀྱིས་རང་དབང་མཚོན་གྱི་ཡོད་ལ། མ་རྩ་རིང་ལུགས་ནས་གོ་སྐབས་དང་བཟང་ཕྱོགས་ཀྱིས་ལུགས་མཐུན་ངང་རྒྱུ་ནོར་བགོ་ འགྲེམ་གྱི་རྩ་དོན་དེ་མཚོན་གྱི་ཡོད་། ་དེ་ནི་ངལ་རྩོལ་གྱི་ཚད་གཞིར་བརྟེན་ནས་དེའི་ཚོད་ཀྱིས་འགྲུབ་འབྲས་རག་ཐུབ་པར་ མཚོན་གྱི་ཡོད། འོན་ཀྱང་གུང་ཁྲན་རིང་ལུགས་དང་སྤྱི་ཚོགས་རིང་ལུགས་ནི་ཕྱུག་པོ་བཅོམ་འཕྲོག་ གིས་དབུལ་ཕོངས་ལ་རོགས་སྐྱོར་ཟེར་བ་དེ་ཡིན་ཞིང༌། དེ་ལས་མང་།»

  • ཉིས་སྟོང་དགུ་ལོར་རྒྱ་ནག་གཞུང་དམངས་གཉིས་དབར་བྱུང་བའི་དོན་རྐྱེན་ཁག་སུམ་ཅུ།

  • གངས་ལྷ་མོས་བསྒྱུར།

    2009ལོར་རྒྱ་ནག་ཏུ་རང་དབང་སྲུང་སྐྱོབ་ཀྱི་ལས་འགུལ་ཚ་ཚ་འུར་འུར་གྱིས་སྤེལ་ཡོད་པ་དང༌། གཞུང་དྲག་པོའི་ཕྱོགས་ནས་ཀྱང་དེར་གཉའ་གནོན་དང་རྡུང་རྡེག་གི་ཚད་གཞི་ཇེ་ཆེར་བཏང་ཡོད་པ་རེད། དེའི་སྐོར་གྱི་གནད་དོན་ཁྲི་ལ་བརྒལ་བ་ཡོད་ཀྱང་འདིར་དོན་རྐྱེན་ཁག་སུམ་ཅུ་འགོད་ཀྱི་ཡིན། ཟླ་བ་དང་པོར།
    གཞུང་ངོས་ནས་དུག་རྫས་འོ་རྩམ་གྱིས་གྱོང་རྒུད་ཕོག་པའི་ཁྱིམ་མིའི་གླེང་ཕྱོགས་དག་ལ་བཀག་འགོག་བྱས་ཡོད་པ་དང༌།དུག་རྫས་འོ་རྩམ་གྱིས་ནད་དུག་ཕོག་པའི་བྱིས་པའི་ཁྱིམ་མི་རྣམས་ཀྱིས་གོང་གསལ་འབྲེལ་ཡོད་སྡེ་ཚན་དུ་ཞུ་གཏུག་སྙན་ཞུ་ཐེངས་མང་ཕུལ་བ།
    ཟླ་བ་གཉིས་པ།
    ཨ་རིའི་ཕྱི་སྲིད་ལྷན་ཁང་གི་ཕྱི་སྲིད་དྲུང་ཆེ་ལྕམ་ཧེ་ལི་རོས་ཁི་ལེན་ཌོན་པེ་ཅིང་ལ་འཚམས་འདྲིར་སོང་སྐབས་གཞུང་གིས་ཞུ་གཏུག་བྱེད་མཁན་མི་དམངས་ལ་བཀག་འགོག་བྱས་པ་དང༌། ལྡོག་ཕྱོགས་ཀྱི་བསམ་བློ་སྨྲ་མཁན་ཚོ་བཙོན་འཇུག་བྱས་ཡོད་པ་རེད།
    ཁེ་དབང་སྲུང་འཛིན་མཁན་གྱི་ཁྲིམས་རྩོད་པ་ཀོ་ཀྲི་ཧྲིན་ས་གནས་ཉེས་རྟོག་པས་རང་ཁྱིམ་ནས་འཛིན་བཟུང་བྱས་རྗེས་ད་བར་གར་སོང་ཆ་མེད་དུ་གྱུར་བ།
    རྒྱ་ནག་དབུས་གཞུང་གི་ཁང་བརྩེགས་ཆེན་མོར་མེ་ཤོར་བར་དྲ་གྲོགས་མང་པོས་དྲ་ལམ་དུ་རྩོམ་མང་སྤེལ་ནས་དགའ་ཚོར་བྱུང་ཚུལ་བརྗོད་པ། དེ་ལས་མང་།»

  • མི་དབང་ང་ཕོད་བཞུད་ཐལ། ལོ་རྒྱུས་བསླབ་བྱ་བཞག་ཡོད།

  • ལྷ་སྡེ་གནམ་ལོ་ཡག

    ཝེ་ཀེ་མིང་མཛོད་ཆེན་མོའི་ནང་ང་ཕོད་ངག་དབང་འཇིགས་མེད་ལགས་ནི་བོད་རིགས་ཡིན་པ་དང༌། འཁྲུངས་ཡུལ་ལྷ་ས་རེད། ཁོང་ ༡༩༥༥ ལོར་བཅིངས་འགྲོལ་དམག་གི་སྤྱི་དཔོན་འབྲིང་བར་བསྐོས་ཤིང༌། དེང་སྐབས་སྲིད་གྲོས་རྒྱལ་ཡོངས་མཐུན་ཚོགས་ཀྱི་ཚོགས་གཞོན་ཡིན་ཞེས་འཁོད་ཡོད། ཡང་ཁ་ཉིན་ཁོང་སྐུ་གཤེགས་པའི་དྲན་གསོར་རྒྱ་དམར་དབུས་གཞུང་གིས་རླབས་ཆེན་གྱི་རྒྱལ་གཅེས་པ་དང༌། སྙན་གྲགས་ཅན་གྱི་སྤྱི་ཚོགས་ལས་འགུལ་བ། བོད་མི་རིགས་ཀྱི་བུ་རྒོད་པོ། མི་རིགས་མཐུན་སྒྲིལ་ལ་གཞི་རྟེན་འཛུགས་མཁན་གྱི་དབུ་ཁྲིད་དམ་པ། རྒྱ་ནག་དམར་ཤོག་ཚོགས་པར་ཟབ་འདྲིས་ཆེ་བའི་གྲོགས་མཆོག་ཅེས་ཀྱང་བཀོད་འདུག

    གྲོས་མཐུན་ལ་མིང་རྟགས་བཀོད་མཁན་ཁོང་ཡིན་ལ། གྲོས་མཐུན་མ་བྱུང་ཟེར་མཁན་ཁོང་ཡིན།

    ངས་གོ་ཚོད་ལ་ ༡༩༨༩ ལོའི་ཟླ་ ༡༠ ཚེས་གང་རུང་ཞིག་ལ། ང་ཕོད་ཀྱིས་༧གོང་ས་མཆོག་ལ་ནོ་སྦེལ་ཞི་བདེའི་རྟགས་མ་རག་པའི་སྐོར་ལ་གཏམ་བཤད་སྤེལ་དགོས་བྱུང་ཞིང༌། དེ་ནི་རྒྱ་གཞུང་གིས་ཆེད་མངགས་གོ་སྒྲིག་བྱས་པ་ཞིག་ཡིན་པ་བཤད་མ་དགོས་ཤིང༌། སྐབས་དེར་ཁོང་གིས་དོན་ཚན་བཅུ་བདུན་བཞག་པའི་སྐབས་ཀྱི་ནང་གསང་དེ་ཚིག་གཅིག་གིས་མཐིལ་བརྡོལ་བར་བྱས་པ་ནི། ང་ཚོ་ཕྱོགས་གཉིས་ཀྱིས་གྲོས་མཐུན་བཞག་པ་དང་འབྲེལ། དེ་ལས་མང་།»

  • རང་བཙན། བོད་མི་དམངས་ཀྱི་རེ་སྨོན། ཁག་དང་པོ།

    ccq[1]

  • ཚའོ་ཁྲང་ཆིན་གྱིས་བརྩམས། འབྲོག་མྱིས་བསྒྱུར།

    ལོ་བཅོ་ལྔའི་ཡན་ཆད་དེ་སྤྱི་ལོ་༡༩༩༤ལོར། ངས་< <པེ་ཅིན་གྱི་དཔྱིད་ཁ་>>ཞེས་པའི་དུས་དེབ་སྟེང་< <རང་བཙན། བོད་མི་དམངས་ཀྱི་ཐོབ་ཐང་>>ཞེས་པའི་དཔྱད་རྩོམ་རིང་པོ་ཞིག་ཆེད་དུ་སྤེལ་ནས་ཞིབ་གླེང་བྱས་མྱོངས། ལོ་རྒྱུས་དྲང་བརྗོད་དང་། དངོས་དོན་ལ་དྲང་ལྟ། མི་ལ་རང་དབང་དང་རང་སྐྱོང་རྩོད་ལེན་གྱི་ཐོབ་ཐང་ཡོད་པ་ལ་སོགས་པའི་ཆ་ནས་བོད་མི་དམངས་ཀྱིས་རང་གི་རྒྱལ་ཁབ་རང་བཙན་ཆེད་རྩོད་ལེན་བྱས་པ་ནི་ཁྲིམས་དང་མཐུན་པ་དང་། གནས་ལུགས་དང་ཡང་མཐུན་པ་མ་ཟད། ཚུལ་མཐུན་ལུགས་མཐུན་ཞིག་ཡིན་པ་སྨྲོས་མ་དགོས།
    ལོ་བཅོ་ལྔའི་ནང་རོལ་དུ། བོད་ལ་དོ་སྣང་བྱེད་མཁན་དང་བོད་མིའི་འགྲོ་བ་མིའི་ཐོབ་ཐང་གི་ཆེད་འབོད་སྐུལ་གནང་མཁན་རྒྱ་ནག་ཤེས་ལྡན་མི་སྣ་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་པ་དང་ཆབས་ཅིག་བོད་རང་བཙན་ལ་རྒྱབ་སྐྱོར་བྱེད་མཁན་གྱི་དཔུང་ཁག་ནང་ཞུགས་མཁན་ཡང་སྔོན་ཆད་ལས་ཇེ་མང་དུ་སོང་ཡོད་མོད། འོན་ཀྱང་། བོད་མིའི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་རྒྱལ་བ་རིན་པོ་ཆེ་དང་བཙན་བྱོལ་བོད་གཞུང་གིས་བསྟུད་མུར་དབུ་མའི་ལམ་དུ་བསྐྱོད་རྒྱུར་ནན་གྱིས་སྐུལ་ནས་ཨུ་ཚུགས་བརྒྱབ་དང་རྒྱག་བཞིན་ཡོད།
    དབུ་མའི་ལམ་ཞེས་པ་དེ་ནི་མཐའ་གཉིས་སུ་མ་ལྷུང་པའི་ལམ་བུ་ཞིག་སྟེ་བོད་རང་བཙན་ཀྱི་ལྟ་བ་ལངས་ཕྱོགས་དོར་ཡང་རྒྱ་ནག་གིས་བོད་ནང་སྤེལ་པའི་མི་སེར་རིང་ལུགས་གྱི་དབང་བསྒྱུར་ངོས་ལེན་མི་བྱེད་རྒྱུ།བོད་དེ་རྒྱ་ནག་གི་ཆ་ཤས་ཤིག་ཡིན་པར་ངོས་ལེན་བྱས་ཀྱང་ཚད་མཐོའི་རང་སྐྱོང་གི་དགོས་འདུན་བཏོན་ཡོད།(དམངས་གཙོའི་འདེམས་བསྐོའི་ལམ་ལུགས་ཀྱང་ཐེ་ཡོད།)
    ཉེ་སྔོན་ཇི་ནེ་ཝར་བསྐོངས་པའི་༼བོད་རྒྱ་བགྲོ་གླེང་ཚོགས་འདུའི་༽སྟེང་༧སྤྱི་ནོར་༧གོང་ས་རྒྱལ་བ་རིན་ཆེ་ཚོགས་མགོན་དུ་ཆིབས་བསྒྱུར་གྱིས་བཀའ་སློབ་བསྩལ་པའི་ནང་དུའང་མུ་མཐུད་ནས་དབུ་མའི་ལམ་རྒྱུན་འཁྱོངས་བྱ་རྒྱུ་ཡིན་ཞེས་གསུངས་པ་དང་། མི་དམངས་ཀྱི་ཐད་ཀར་འོས་འདེམས་ལས་བྱུང་པའི་བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་བ་ཟམ་གདོང་རིན་པོ་ཆེའི་གསུང་བཤད་ནང་ཡང་གཅིག་མཚུངས་ཀྱིས་ལམ་ལུགས་དེ་རྒྱུད་འཛིན་བྱས་འདུག་པ་ལས་རྒྱ་ནག་གཞུང་དང་ལྷན་དུ་གྲོས་མོལ་ཡོང་ཐབས་དང་། བོད་ལ་དོན་དམ་པའི་རང་སྐྱོང་ཞིག་རེག་ན་༼གཉིས་ཕན་༽གྱི་གོ་སྐབས་ཤིག་ལ་ངོས་འཛིན་གྱིས་མུ་ནས་མུ་རུ་རེ་སྒུག་བྱས་ཡོད་པ་ཤེས་ཐུབ། ནམ་རྒྱུན་དང་མི་འདྲ་ས་གཅིག་པུ་ནི་བཙན་བྱོལ་བོད་གཞུང་གི་དེ་སྔོན་གྱི་སྲིད་བྱུས་ཏེ་ནུབ་ཕྱོགས་ལྟེ་བར་འཛིན་རྒྱུ་དང་། རྒྱ་གཞུང་འགག་རྩར་བཞག་པའི་(པེ་ཅིན་དང་གྲོས་མོལ་གྱི་རེ་སྙེག)ཁ་ཕྱོགས་བསྒྱུར་ནས་རྒྱ་ནག་དམངས་ཁྲོད་དུ་ཕྱོགས་འདུག ནང་སྒོས་སུ་ཕྱི་རྒྱལ་ཡུལ་གྲུ་ཁག་གི་རྒྱ་རིགས་ཤེས་ལྡན་མི་སྣར་དོ་སྣང་འཕར་མ་ཞིག་བྱས་ནས་ཁོང་ཚོ་བརྒྱུད་བོད་ཀྱི་བདེན་དོན་དེ་ཁྱབ་སྤེལ་བྱ་རྒྱུར་རེ་ཐག་བཅངས་ཡོད་པ་འདྲ།
    དམངས་གཙོ་དང་སྲིད་དབང་སྒེར་གཅོད་གཉིས་མཉམ་གནས་བྱ་རུང་ངམ། དེར་གཉིས་ཕན་གྱི་གྲུབ་འབྲས་ཐོབ་སྲིད་དམ་།
    ང་ཡང་ཐེངས་འདིའི་ཚོགས་མིང་ལ་༼ཐུན་མོང་གི་ལྟེ་གནས་འཚོལ་བ་༽ཞེས་པའི་བོད་རྒྱའི་བགྲོ་གླེང་ཚོགས་འདུ་དེར་ཞུགས་པ་ཡིན། བཀའ་ཁྲི་ཟམ་གདོང་རིན་པོ་ཆེའི་དབུ་འབྱེད་གསུང་བཤད་ཀྱི་རྗེས་དྲི་བ་དྲི་རྒྱུར་དང་ལེན་གྱི་རང་དབང་དུས་ཚོད་སྐབས། ༧གོང་ས་ཏཱ་ལའི་བླ་མ་དང་བཙོན་བྱོལ་བོད་གཞུང་གི་༼དབུ་མའི་ལམ་༽དང་༼གཉིས་ཕན་༽གྱི་རེ་འདོད་ཐད་ངས་དྲི་བ་གཉིས་དྲིས་པ་ཡིན།
    དང་པོ། འགྲོ་བ་མིའི་ལོ་རྒྱུས་ཁྲོད། སྲིད་དབང་སྒེར་གཅོད་དང་དམངས་གཙོ་ཞེས་པའི་རིན་ཐང་འདི་གཉིས་སྒྲིག་གཞི་གཅིག་གི་འོག་ཏུ་མཉམ་གནས་དང་ལག་ལེན་བྱས་མྱོངས་ཡོད་དམ་མེད། ད་རུང་༼གཉིས་ཕན༽གྱི་གྲུབ་འབྲས་ཐོབ་ཡོད་དམ་མེད། གལ་ཏེ་མེད་པའི་དབང་དུ་སོང་ཚེ། འོ་ན་ཟམ་གདོང་རིན་པོ་ཆེ་གཞུང་གིས་ཅིའི་ཕྱིར་འདི་ལྟ་བུའི་དངོས་དོན་དང་མི་མཐུན་པའི་ཁ་ཕྱོགས་ཤིག་ལ་རེ་ལྟོས་བྱེད་ཀྱིན་ཡོད།
    གཉིས་པ། ༼དབུ་མའི་ལམ་༽ལ་དུས་བཅད་(Deadline)ཡོད་དམ་མེད། བཙན་བྱོལ་བོད་གཞུང་གིས་བོད་རང་བཙན་དོར་བའི་ཐག་གཅོད་དེས་བོད་མི་ས་ཡ་དྲུག་དང་ཁོང་ཚོའི་བུ་རབས་ཚ་རྒྱུད་ཚོའི་རྒྱལ་ཁབ་ཀྱི་མདུན་ལམ་གྱི་གདམ་གའི་དབང་ཆ་བཙན་འཕྲོག་བྱས་པ་མ་ཡིན་ནམ། དེ་ལས་མང་།»

  • དམངས་གཙོ་ནི་ཁྱབ་སྤེལ་བྱེད་པའི་གོ་རིམ་ལ་རག་ལས་ཡོད་།

    ཝང་ལི་ཞུང་།
    རྒྱུན་ཏུ་ཤེས་ལྡན་མི་སྣ་ཚོས་མི་མང་ལ་དམངས་གཙོའི ་འདུ་ཤེས་མེད་ཚུལ་འཁང་ར་བྱེད་ཀྱི་ཡོད༌། གལ་སྲིད་ཁོང་ཚོར་དམངས་གཙོའི་གོ་སྐབས་བྱིན་ཡང་སྣང་མེད་བསྐྱུར་བ་མིན་ན༌། ཧུར་བརྩོན་གྱིས་དེའི་ཁྲོད་མི་ཞུགས་པ། ཡང་ན་ཁེ་བསྲང་ཆུང་ཆུང་ཞིག་ལ་རང་གི་དམངས་གཙོའི་ཁེ་དབང་དེ་བརྗེ་བ༌། ཡང་ན་ཆོས་ལུགས་དང་ཕྱོགས་ཁག་གི་འགྲམ་རྩོད་མི་ལེགས་པའི་ཁྲོད་ཞུགས་པ་སོགས་བྱེད་ཀྱི་ཡོད་ཟེར༌། དེ་བས་དམངས་གཙོ་མངོན་འགྱུར་བྱེད་ན༌། ངེས་པར་དུ་དུས་ཡུན་རིང་པོར་དམངས་གཙོའི་སློབ་གསོ་བྱས་ནས༌། མི་མང་གི་སྤུས་ཚད་ཇེ་མཐོར་བཏང་ན་ད་གཟོད་འགྲུབ་སྲིད་པ་རེད་ཟེར༌།
    དོན་དངོས་ཐོག་ལོ་ངོ་བརྒྱ་ཡི་སྔོན་ལ་རྒྱ་ནག་གི་ཤེས་ལྡན་པ་ཞིག་གིས་གོང་གི་སྐད་ཆ་དེ་བརྗོད་མྱོང་བ་རེད༌། ལོ་བརྒྱ་ཡི་རིང༌། དེ་སྔའི་བློ་སྒོ་འབྱེད་པའི་དུས་ནས་མཚམས་ཆད་མེད་པར་འབད་བརྩོན་གནང་ཡོད༌། དུས་དེ་རིང་བར་གྱི་རྒྱ་ནག་གི་མི་མང་གི་དམངས་གཙོའི་འདུ་ཤེས་ཡར་རྒྱས་ཕྱིན་མེད་ཅེས་བརྗོད་མི་ཐུབ་ནའང༌། ཤེས་ལྡན་པ་ཚོས་ཚད་གཞིའི་ཆུ་ཚད་དང་ད་དུང་ཡང་ཧ་ཅང་རྒྱང་ཐག་་རིང་པོ་རེད༌། མིག་སྔར་སྡེ་བ་རིམ་པའི་དམངས་གཙོའི་འོསའདེམས་ཉག་ཅིག་ཡོད་པ་དེར་ཆ་མཚོན་ནའང༌། ཞན་ཆ་སྔར་བཞིན་མང་པོ་ཡོད༌།
    ངོ་མ་རེད༌། དམངས་གཙོ་ལག་ལེན་གྱི་བརྒྱུད་རིམ་ཁྲོད་མི་མང་གི་སྐྱོན་ཆ་གྲངས་མེད་ཅིག་ལུང་འདྲེན་བྱེད་རྒྱུ་ཡོད༌། ཡིན་ནའང་ངས་བསམ་ན༌། དེའི་འགན་འཁྲི་དེ་མི་མང་གི་ཐོག་བཞག་ན་མི་འགྲིག་པར༌། གནད་དོན་དེ་དམངས་གཙོ་ཁྱབ་སྤེལ་བྱེད་པར་ཐུག་ཡོད༌། དཔེར་ན་མི་མང་གིས་དམངས་གཙོ་སྣང་མེད་འཇོག་པ་ནི༌། མི་མང་དོན་ནུས་ལྡན་པའི་ངང་དམངས་གཚོའི་གོ་རིམ་ནང་ཞུགས་མི་ཐུབ་པའི་རྐྱེན་ཡིན་སྲིད༌། ཡང་ན་ཁྱབ་སྤེལ་བྱས་པའི་དམངས་གཙོ་དེར་དོན་འབྲས་ལྡན་པའིའབྲས་སུ་ཐོན་མི་ཐུབ་པར་རག་ལས་སྲིད༌། དེ་བས་མི་མང་གིས་དམངས་གཙོ་སྣང་མེད་བསྐྱུར་བ་ནི་གནས་ལུགས་ལྡན་པ་ཞིག་རེད༌། མི་རྣམས་ཀྱིས་འོསའདེམས་ཁྲོད་ཞུགས་པའི་མི་ལ་ཆ་རྒྱུས་མེད་པའི་དུས་སུ༌།འོསའདེམས་ཏེ་ཁོང་ཚོར་ཆ་མཚོན་ན་དོན་སྙིང་མེད་པ་ཞིག་རེད༌། གཤིས་གཙང་ལྷད་མེད་རྣམས་དེར་ཞུགས་པའི་སྤྲོ་སེམས་མེད་པས་ན༌། དངོས་དོན་གཉེར་མཁན་ཚོས་ཁེ་བསྲང་བརྗེ་བསྒྱུར་བྱས་ནས༌།འོསའདེམས་ཁྲོད་ལྐོག་རྔན་སྤྲོད་པའི་གནས་ཚུལ་བྱུང་གི་ཡོད་ལ༌། ཐོག་མར་དེ་ནི་མི་མང་གི་སྤུད་ཚད་དམའ་བའི་སྐྱོན་མ་ཡིན་པར༌།འོསའདེམས་ཁྲོད་ཀྱི་བཟང་ཆ་དེ་འོས་མིས་རྔན་པ་སྤྲད་པའི་ཆང་དང་དུ་བ་སོགས་ཀྱི་དོ་ཟླར་མ་ཡོང་བ་རེད༌། དེ་བས་འོསའདེམས་ཁྲོད་ཀྱི་བྱ་སྤྱོད་མི་ལེགས་པ་མང་པོ་ཞིག འོསའདེམས་མ་དཔེ་ལས་རང་ཉིད་ཇེ་མཐོར་བཏང་སྟེ་ཕ་རོལ་བ་སྣང་ཆུང་བྱས་ན་ད་གཟོད་རྒྱལ་ཁ་ཐོབ་པའི་རྐྱེན་རྩ་གཏན་འཁེལ་བྱས་པ་རེད༌། དེ་བཞིན་བདམས་ཐོན་བྱུང་བ་ན་རང་སྣང་གང་ཤར་གྱིས་དབང་ཆ་བེད་སྤྱོད་དང༌། རྐུབ་སྟེགས་རྒྱུན་གནས་སུ་ཐུབ་པས༌།འོས་འདེམས་བྱེད་མཁན་མི་མང་ལ་དབང་ཆ་ཅི་ཡང་མེད༌། ཕྱོགས་གཅིག་ནས་མི་མང་ལ་ཡིད་ཆེས་བརླག་ཏུ་བཅུག་པ་དང༌། ཕྱོགས་གཞན་ཞིག་ནས་དབང་ཆ་སྒེར་གཅོད་པར་ཐབས་ཤེས་སྣ་ཚོགསའཐེན་ནས་འོསའདེམས་ལ་རྒྱལ་བ་ལེན་པའི་དབང་ཤུགས་སྤྲད་པ་རེད༌། དེ་ལས་མང་།»

    གསར་འགྱུར་དེ་གནས་ཚུལ་རྙིང་བར་གཏོང་བར་ལག་སྔ་གང་མགྱོགས་བྱེད་དགོས་།

    ཝང་ལི་ཞུང་།
    ཉེ་ཆར་གྱི་སྐབས་ཅིག་ལ་རྒྱ་ནག་གཞུང་གིས་ཐོལ་བྱུང་གི་དོན་རྐྱེན་ཟེར་བ་ཕྱི་ལོག་ལ་གནས་ཚུལ་བརྒྱུད་སྒྲོག་ཐད་འགྱུར་བ་གསར་བ་ཞིག་བྱུང་བཞིན་ཡོད་ལ༌། དེ་ནི་སྔོན་མར་གཞུང་ཕྱོགས་ནས་ཅི་ཐབས་གང་ཐུབ་ཀྱིས་གནས་ཚུལ་སྦས་གསང་བྱེད་པ་དེ༌། རྒྱ་ནག་གཞུངའབྲེལ་ཞིན་ཧྭ་གསར་སྤེལ་ཁང་གིས་ཆེས་སྔ་ཤོས་སུ་གནས་ཚུལ་སྒྲོག་པ་དེ་རེད་ལ༌། ད་ལོའི་སྤྱི་ཟླ་གསུམ་པ་ནས་བོད་ཁུལ་དུ་བྱུང་བའི་དོན་རྐྱེན་ཁ་ཤས་ཐད༌། རྒྱ་ནག་གཞུང་གིས་ཐབས་ལམ་འདི་བེད་སྤྱོད་བཏང་ཡོད༌།
    རང་བཞིན་གྱིས་ཤེས་ཐུབ་པ་ནིའགྱུར་བ་དེ་ནི་གློ་བུར་དུ་བྱུང་བ་མ་ཡིན་པར༌། བསམ་བློ་གཏིང་ཟབ་མོ་བཏང་རྗེས་གཞི་ནས་ཞིབ་ཚགས་པོར་བཀོད་སྒྲིག་བྱས་པ་ཞིག་རེད༌། དེ་ལ་དམིགས་ཡུལ་ཡོད་པ་དང༌། གྲུབ་འབྲས་ལྡན་པ་རེད༌། གྲུབའབྲས་ནི་བྱུང་ཟིན་པའི་དོན་དངོས་ཁག་ལས་མཐོང་ཐུབ་ལ༌། ཞིན་ཧྭ་གསར་སྤེལ་ཁང་གིས་དོན་རྐྱེན་དེ་དག་སྔོན་ལ་འཕྲོག་ནས་བཤད་པ་ཡིན་ན༌།ཕྱི་རྒྱལ་གྱི་གསརའགྱུར་བརྒྱུད་གལ་ཆེན་ཁག་གིས་དེ་གསརའགྱུར་དུ་བརྩིས་ནས་བེད་སྤྱོད་བྱེད་ཀྱི་རེད༌། གང་ལ་ཞེ་ན༌། གནས་ཚུལ་ཡོང་ཁུངས་གཞན་པ་ཡོད་པ་མ་རེད་ལ༌། དུས་ཚོད་ཆེས་སྔ་ཤོས་སུ་གནས་ཚུལ་གསར་བ་འཚོལ་སྒྲུབ་བྱེད་རྒྱུ་ཁག་པོ་རེད༌། དེ་བས་ཞིན་ཧྭ་གསར་སྤེལ་ཁང་གི་གནས་ཚུལ་ལུང་འདྲེན་མི་བྱེད་རང་བྱེད་རེད༌། གནས་ཚུལ་དེ་གཏོང་སྐབས་རྒྱ་ནག་གཞུངའབྲེལ་ཞིན་ཧྭ་གསར་སྤེལ་ཁང་གི་གནས་ཚུལ་ཡིན་པ་གསལ་བཤད་བྱས་ཏེ༌།ཀློག་མཁན་དང་ཉན་མཁན་རྣམས་ལ་དེ་ནི་རྒྱ་ནག་གཞུངའབྲེལ་གྱི་ལྟ་བ་ཡིན་པ་ཤེས་རྟོགས་བྱེད་དུའཇུག་གི་ཡོད་ནའང༌། དེ་ལས་མང་།»

    དགེ་འདུན་པ་འཇིགས་མེད་ལགས་གློད་གྲོལ་ཐོབ་པའི་རྒྱུ་རྐྱེན་གང་ཡིན་ནམ །

    ཝང་ལི་ཞུང་།
    རྒྱ་ནག་ནང་ཁྲིམས་རྩོད་པས་ནུས་བ་འདོན་ཐུབ་མིན་ཐད་གནས་སྟངས་མི་འདྲ་བའི་འོག་ནས་མི་འདྲ་བ་རེད་།གལ་སྲིད་ཆབ་སྲིད་ཀྱི་གྱོད་དོན་མིན་པའམ་།ས་གནས་ཏང་སྲིད་དཔོན་རིགས་ཀྱིས་ཐེ་གཏོགས་མ་བྱས་པའི་གྱོད་དོན་ཞིག་ཡིན་ན་།ཁྲིམས་རྩོད་པའི་ནུས་བ་ཐོན་སྲིད་པ་རེད་།རྒྱུ་མཚན་ནི་སྐབས་དེར་གཙོ་བོ་ཁྲིམས་ལུགས་ཀྱི་འཕྲུལ་ཆས་འཁོར་བསྐྱོད་བྱེད་པ་རེད་།ནང་ཁུལ་ངན་རུལ་དང་རུལ་སུངས་བྱ་སྤྱོད་ཡོད་ནའང་།མཐར་ཐུག་ན་ཁྲིམས་ལུགས་དེར་བཞག་ནས་ཡོད་པ་རེད་ལ་།སྤྱི་བདེ་དང་ཞིབ་དཔྱོད་།ཁྲིམས་ཁང་བཅས་ཀྱི་བར་དུ་ཕན་ཚུན་ཚོད་འཛིན་གྱི་སྒྲིག་གཞི་ཡོད་པས་།ཁྲིམས་རྩོད་པར་ཡང་ཁག་ཐེག་གང་འཚམ་ཡོད་པ་རེད་།འདི་ནི་རྒྱ་ནག་གི་ཁྲིམས་ལུགས་ཡར་རྒྱས་ཀྱི་རྣམ་པ་ཞིག་ཡིན་པས་དེར་ཁས་ལེན་བྱེད་འོས།
    ཡིན་ནའང་གལ་ཏེ་ཏང་སྲིད་དབང་ཤུགས་ཀྱིས་ཐེ་གཏོགས་བྱས་བ་ཡིན་ན་།ངོ་བོར་འགྱུར་བ་ཐེབ་ངེས་རེད་།རྒྱུ་མཚན་ནི་རྒྱ་ནག་གི་ཁྲིམས་ལུགས་ནི་མིང་ཐོག་ནས་རང་བཙན་ཡིན་ཡང་།དོན་དངོས་ཐོག་སྲིད་ཏང་ཚོགས་པས་སྟངས་འཛིན་བྱས་ཡོད་།སྤྱིར་བཏང་གི་གྱོད་དོན་ཐད་སྲིད་ཏང་ཚོགས་པས་བདག་དམ་བྱེད་ཀྱི་མ་རེད་།ཁྲིམས་ལུགས་ནི་བལྟོས་ས་བལྟོས་འཇོག་གིས་རང་བཙན་རེད་།ཡིན་ནའང་སྲིད་ཏང་ཚོགས་པས་ལག་པ་བསྲིངས་ཡོང་དུས་།ཁྲིམས་ལུགས་ནི་སྲིད་ཏང་གིས་འདུད་པ་རེད་།རིམ་པ་སོ་སོའི་ཏང་ཨུའི་ནང་ཆེས་གནད་འགག་གི་སྡེ་ཁག་ཅིག་ཡོད་པའི་མིང་ལ་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་ཟེར་བ་དང་།སྤྱི་བདེ་དང་ཞིབ་དཔྱོད་ཁང་།ཁྲིམས་ཁང་ཚང་མ་དེའི་བདག་དམ་བྱེད་བཞིན་པ་རེད་། དེ་ལས་མང་།»

    བོད་ཀྱི་མདུན་ལམ་དེ་དམངས་གཙོའི་མ་དཔེ་ལས་ཐག་གཅོད་གནང་དགོས་།

    ཝང་ལི་ཞུང་།

    གོང་ས་ཏྭ་ལའི་བླ་མས་བཙན་བྱོལ་གྱི་སྤྱི་ཚོགས་ནང་དམངས་གཙོ་སྐུལ་སྤེལ་གནང་བཞིན་ཡོད་ནའང༌།བོད་མི་ཚོས་གོང་ས་ཏྭ་ལའི་བླ་མར་དད་གུས་དང་ཆ་རྐྱེན་གང་ཡང་མེད་པའི་སྒོ་ནས་བཀའ་བརྩི་དང་ལེན་བྱེད་པ་ལས་རྟག་པར་དམངས་གཙོ་དེ་ཕྱིའི་རྣམ་པར་ཆགས་ཡོད༌།སྟབས་ལེགས་པ་ཞིག་ལ་གོང་ས་ཏྭ་ལའི་བླ་མ་སྐུ་ཕྲེང་འདི་བས་ཡང་དག་པའི་ཁ་ཕྱོགས་ལ་བཏང་འཛིན་གནང་ཡོད་ཕྱིར༌།བར་སྐབས་རིང་དོན་དག་འདྲ་བྱུང་མེད་པ་འདྲ༌། ཡིན་ནའང་ནམ་ཞིག་ཁོང་དགོངས་པ་ཆོས་དབྱིངས་སུའཐིམས་པའི་དུས་ལ་སུ་ཞིག་གིས་ཁ་ཕྱོགས་ལ་བཏང་འཛིན་བྱེད་དམ༌། ཁ་ཕྱོགས་ནོར་སྲིད་དམ༌། དཀའ་རྙོག་བྱུང་ན་ཇི་ལྟར་ཐག་གཅོད་བྱེད་དགོས་སམ༌། ཐུན་མོང་གི་དད་གུས་གནང་སའི་བར་འདུམ་ཐག་གཅོད་གནང་མཁན་མེད་པ་དང༌།དམངས་གཙོའི་སྒྲིག་གཞི་འཐུས་ཚང་དུ་གྱུར་མེད་པས་དུས་སུ་གནད་དོན་སྣ་མང་བྱུང་སྲིད༌།

    དེ་ལས་མང་།»

    WordPress Themes