གཡུ་ཞུན་དྲ་བ

དོན་མེད་དོན་ལོག་གཉིས་ཀ་རེད།
རྭ་རྒྱ་བློ་དབང་།

ཉེ་སྔོན་ནས་བོད་ཡིག་གི་ད་ལྟའི་འབྲི་སྲོལ་འདི་རྗེས་ལུས་ཡིན་པ་དང་། གཅོད་མཚམས་མི་གསལ་བ། བཀླག་དཀའ་བ་སོགས་ཀྱི་རྒྱུ་མཚན་སྐོར་ཞིག་བགྲངས་ཏེ། ན་གཞོན་རྣམས་ལ་ལོབས་སྐྱེན་པ། ཕྱི་རྒྱལ་བས་ཤེས་སླ་བ། གསར་བརྗེའི་ལུགས་དང་མཐུན་པ་སོགས་བསྒྲུབ་ཕྱིར། ཚིག་རྡོག་མ་རེ་རེ་བཞིན་མཚམས་དབྱེ་དགོས་པ་དང་། ཚེག་ཆེ་ཆུང་གཉིས་དགོས་པ། ཡང་ན་དབྱངས་གསལ་སྐོར་ཞིག་གསར་དུ་སྣོན་དགོས་པ་སོགས་ཀྱི་གླེང་བརྗོད་སྔ་ཕྱིར་བྱུང་བ་དག་ལ་བསམ་འཆར་མདོར་བསྡུས་ཤིག་ཞུ་རྒྱུར།

མཚམས་དབྱེ་བ་དང་ཚེག་ཆེན་ཚེག་ཆུང་གཉིས་དགོས་པ་གང་ཞིག་ཡིན་ཀྱང་། སྒྲུབ་བྱེད་མཐར་ཐུག་པ་ནི་བཀླག་བདེ་བ་དང་། གཅོད་མཚམས་ཤེས་པར་ཕན་ཞེས་པ་ཡིན་འདུག་ལ། གཉིས་ཀའི་དགོངས་པ་གཅིག་ཏུ་མཐུན་པར་མ་ཟད། མི་རིགས་འདི་ལ་བསམ་དཀར་གྱི་ལས་ཤིག་ཏུའང་རློམ་གྱི་ཡོད་ངེས། འོན་ཀྱང་། ད་ལྟའི་བོད་ཡིག་གི་འབྲི་སྲོལ་འདི་བཀླག་དཀའ་སོང་བའི་མི་དེ་མཐར་གཏུགས་ན་བྱིས་པ་ཚོའམ་ཡང་ན་ཕྱི་རྒྱལ་བ། དེ་ཡང་མིན་ན་བོད་ཡིག་གི་བཀླག་དེབ་ཧྲིལ་བོ་ཞིག་ཀྱང་ཀློག་མ་མྱོང་བའི་བོད་རིགས་དར་མ་ཚོའི་ཆེད་དུ་ཡིན་པ་སྔ་ཕྱིར་གསལ་བཤད་བྱེད་ཀྱི་འདུག ཡིག་རིགས་གང་འདྲ་ཞིག་ཡིན་ཀྱང་འབྲི་ཀློག་སྦྱངས་གསུམ་གྱི་གོམས་པ་མ་བསྟེན་པར་ཤེས་འགྲོ་བ་ཞིག་ཡོད་མི་སྲིད་ལ། བརྩོན་པས་བསླབ་ན་མི་ཤེས་པ་ཞིག་ཀྱང་མེད་ངེས་ཡིན།  ཕྱི་རྒྱལ་བས་བོད་ཡིག་གི་གཅོད་མཚམས་མི་ཤེས་པ་ནི་། གཅིག་ན་ཐ་སྙད་ལ་རྨོངས་པ་དང་། གཉིས་ན་བོད་སྐད་ཀྱི་གཤིས་ལུགས་མ་ངེས་པ། གསུམ་ན་རང་སྐད་ཀྱི་གཅོད་མཚམས་གོམས་ཆེ་བས་ཡིན་ལ། བྱིས་པ་ཚོ་ལ་ནི་ཟ་སྐད་འཐུང་སྐད་ཙམ་གྱི་མྱོང་བ་ལས་མེད་སྟབས། གཞི་ནས་ཐ་སྙད་དང་བརྗོད་པ་གསར་བར་ཞུགས་ན་གཅོད་མཚམས་ཙམ་མ་ཟད། མིང་རྐྱང་རེ་རེ་བ་དང་། མིང་རྣམས་གྲངས་པ་དག་གིས་ཀྱང་མགོ་ཉོག་ཆེན་པོ་སྤྲོད་བཞིན་པ་མཐོང་གསལ་དང་། དེ་ཡང་སྐད་རིགས་ཡོངས་རྫོགས་ཀྱི་ཐུན་མོང་གི་ཆོས་ཉིད་ཅིག་ལས་བོད་ཡིག་ཁོ་ནའི་སྐྱོན་ངན་ཞིག་ཡིན་ཨེ་སྲིད།

མཚམས་འདི་ན་གནད་དོན་ཚབས་ཆེན་ཞིག་འབྱུང་བཞིན་པ་ནི་བོད་ཡིག་གི་སློབ་ཚན་ཡོད་པའི་འཛིན་གྲྭ་རིམ་བརྒྱུད་ཀྱིས་འཛིན་རིམ་བཅུ་གཉིས་ཐོན་པའི་ན་གཞོན་ཚོས་ཀྱང་བོད་ཡིག་གི་གཅོད་མཚམས་མི་ཤེས་པ་དེ་ཡིན། དེ་ཡང་ཁག་མི་འདུག་སྟེ། ཁོ་ཚོའི་འཁྲིས་སུ་བཅར་ན་བོད་ཡིག་བཀླག་མི་ཤེས་པ་མ་ཟད། བོད་སྐད་ཀྱང་བཤད་མི་ཤེས། དཔེར་ན། ང་རྐུབ་སྟེགས་སྒང་ནས་ move བྱས་པས་རིལ་སོང་། མི་དེ་ལ་ understand  ཁྱོན་ནས་མི་འདུག class room ནང་ལ་མི་ག་ག་སླེབས་འདུག བུ་མོ་དེར་ action ཞེ་དྲག་འདུག་ཅེས་པ་སོགས་སྤྱི་ཚོགས་ཀྱི་ཤུགས་རྐྱེན་ལས་བོད་ཡིག་དགོས་མེད་དུ་མཐོང་བ་དང་། དགེ་རྒན་གྱི་སློབ་གསོ་ལས་བོད་ཡིག་ལ་ཕུགས་འདུན་མ་མཐོང་བ། ལྷག་པར་དུ་གནའ་རབས་ཀྱི་བོད་རྩོམ་ཕལ་མོ་ཆེ་གཞུང་ལུགས་ཤ་སྟག་ཡིན་པ་དང་། དེང་རྩོམ་མང་ཆེ་བ་འགྲོ་བ་རིགས་དྲུག་གང་གི་ཡང་སྐད་ཁོངས་སུ་མ་གཏོགས་པ་རྐྱང་དུ་བྲིས་སྟབས། ལག་སྣེར་ལེན་ཆོག་ཆོག་གི་ཀློག་དེབ་ཅིག་ཀྱང་དཀའ་ཚོད་དུ་ཡོད།

རྒྱུ་རྐྱེན་འདི་དག་གིས་མི་རབས་གསར་པ་ཚོའི་བློ་ངོ་ན་བོད་ཡིག་གི་ཐ་སྙད་ཧ་ཅང་ཉུང་ལ། བོད་སྐད་ཀྱི་བརྗོད་པ་ངག་ཏུ་མི་བདེ་བའི་སྣང་ཚུལ་འདི་བྱུང་བ་རེད། རྒྱུ་རྐྱེན་འདི་དག་ལ་བཅོས་ཐབས་ཤིག་མ་བྱུང་ཕྱིན། བོད་ཡིག་ལ་མཚམས་དབྱེ་བ་དང་། ཚེག་ཆེ་ཆུང་གཉིས་ཀྱིས་མི་ཚད། ཡིག་འབྲུ་རེ་ཤོག་ངོས་རེར་འབྲི་རྒྱུ་བྱས་ཀྱང་ཕན་ཆ་མ་མཐོང་།

ད་ལྟ་དུས་དང་མཐུན་པའི་བརྡ་དག་དང་། སློབ་ཆས་(སྒྲ་དང་རི་མོ། བརྙན་རིས། མཉེན་ཆས། གློག་བརྙན། དྲ་རྒྱ་སོགས) སྣ་ཚོགས་དར་བཞིན་ཡོད་ལ། དེང་རབས་སྨྲ་བར་དགའ་བ་དག་གིས་འདི་དག་ལ་དཔེ་འགེབས་ཙམ་ཡང་བྱེད་ཨེ་ནུས་མི་ལྟ་བར་ཚེག་དང་བར་མཚམས་ཙམ་ལ་ཨུ་ཚུགས་སྟོན་པ་འདིས་ཁོང་ཅག་གི་འཇོན་ནུས་དང་། ཕུགས་འདུན། ལྷག་བསམ་བཅས་ལ་ངོས་གཞན་ཞིག་ནས་ཀྱང་མི་ལྟ་ཀ་མེད་རེད།

སྤྱིར་བཏང་ད་ལྟའི་མི་སྐོར་ཞིག་གི་སྙིང་ཁམས་ནི་དངོས་གནས་བརྗོད་དཀའ་བ་ཞིག་ཏུ་འདུག་སྟེ། མཚམས་དབྱེ་དགོས་པར་རྗོད་མཁན་བུ་མོ་དེ་དང་། ཚེག་གཉིས་ཀྱི་སྲོལ་འབྱེད་པོ་བླ་མ་ཁོང་སུ་ཡིན་ཀྱང་། ཨུ་ཚུགས་མཐར་སྐྱེལ་གྱིས་བདེན་པ་རྩོད་པ་ལྟ་བུའི་རྣམ་པ་ཞིག་ལས། བསམ་འཆར་རམ་རང་འདོད་བརྗོད་པའི་སྲོལ་ཙམ་ཡང་མི་འདུག   ཇི་ལྟར་རུང་བོད་ཡིག་ལ་ལོ་ངོ་ཆིག་སྟོང་སུམ་བརྒྱ་ལྷག་གིས་ལོ་རྒྱུས་ལྡན་ལ། འདིའི་ནང་བྱུང་བའི་རིག་པའི་གཞུང་ལུགས་ཀྱང་སྒྲོ་འདོགས་མིན་པར་གཏིང་ཟབ་ཅིང་རྒྱ་ཆེ་བ་སྣ་ཚོགས་ཡོད་པ་རེད།

ཡི་གེ་འདིའི་བདག་པོ་ཡང་ཧི་མ་ལ་ཡ་ཕྱི་ནང་གི་བོད་རིགས་སུ་གྱུར་བ་ཡོད་དོ་ཅོག་སྟེ་ཕལ་ཆེར་བྱེ་བ་གཅིག་ཡས་མས་ཀྱི་གྲངས་ཚད་ལོངས་པའི་མི་རིགས་འདི་རེད། ངེད་ཅག་སྐོར་ཞིག་གིས་ཅི་བསམ་ལག་ཏུ་ལེན་པ་དང་། གང་དྲན་པར་དུ་བསྒྲིགས་ཆོག་ཆོག་ཅིག་ག་ལ་ཡིན་ཨང་སྙམ་པ་དབང་མེད་དུ་དྲན་འོང་མོད། ལེགས་ཉེས་འབྱེད་པའི་རྣམ་དཔྱོད་སྟོར་ཞིང་། ཞིབ་འཇུག་གི་འབྲས་བུ་ཡིན་སྐད་ཀྱི་ལོག་གཏམ་དོན་མེད་རྡོལ་བ་འདིས་གནོད་ཆེན་པོ་ཞིག་སྐྱེལ་ཐུབ་པ་དཀའ་ཡང་། མི་རིགས་འདིའི་སྐད་ཡིག་དང་མི་རིགས་འདི་ལ་མཐོང་མེད་དང་ཆག་མ་བཞག་པའི་རློམ་སེམས་དེ་མངོན་པར་སྟོན་གྱི་འདུག

ལེགས་པར་སྦྱངས་ཤིང་བསླབ་ན་བོད་ཡིག་ལ་སྟོན་མི་ཐུབ་པའི་རིག་ཚན་ཞིག་མེད་ངེས་ཀྱི་སྤུས་ཚད་འཛོམས་ཡོད་ཀྱང་། དཔེ་དེབ་ཧྲིལ་བོ་ཞིག་ཀྱང་བཀླག་ཨེ་ཐུབ་མི་བལྟ་བར་གཅོད་མཚམས་མི་གསལ་བའི་སྐྱོན་འདོགས་གང་མིན་དུ་སྒྲོག་པ་ནི་རང་ཉིད་ཀྱི་སྔོ་ལོ་འཕྱར་བ་ཙམ་ལས་མ་འདས། བོད་སྐད་ཀྱི་བྱ་ཚིག་རིགས་སྣ་ཚོགས་དང་། བརྗོད་བྱའི་ཁྱད་ཆོས། རྣམ་འགྱུར། བྱེད་ལས། ཚད་གཞི་སོགས་སྟོན་པའི་ཚིག་རྣམས་ལ་དབྱེ་བ་དགར་དགོས་ངེས་ཀྱི་ཚད་དུ་སླེབས་ཡོད་པ་དང་། རིག་གནས་གསར་པ་དང་། ཐོན་རྫས་གསར་པ། བྱ་བ་གསར་པའི་སྐོར་ཚན་དག་ལ་མིང་བརྡ་གསར་དུ་སྦྱོར་དགོས་པ་དེ་བས་ཀྱང་གལ་ཆེན་དུ་གྱུར་ཡོད་མོད། ཕྱོགས་འདི་དག་གླེང་ཙམ་ཡང་བྱ་མི་ནུས་པར། ཚེགས་དང་བར་སྟོང་དགོས་སྐོར་གྱི་སྟོང་སྐད་དེས་ནི་རང་གི་དེ་ཉིད་འཛེམས་མེད་དུ་སྟོན་པ་དང་། མེས་པོའི་དམ་པའི་བླ་སྒུལ་བ་ཙམ་ལས་ཅི་ཡང་འཇོན་པ་མི་འདུག་གོ།

༼ཡོང་ཁུངས།བོད་ཀྱིས་དུས་བབ།༽

ཕྱིར་དྲན་ཞིག་གི་སྔ་རྗེས །
མི་ཉག་རིག་འཛིན།

ང་རང་ལོ་ན་བདུན་ཡིན་དུས་ཁུ་བོས་ཀ་ཁ་སློབ་མགོ་བརྩམས།དེ་དུས་སྣག་ཤོག་སོགས་ཀྱི་མཐུན་རྐྱེན་མ་འཛོམས་པ་གང་ཡིན་ཆ་མ་འཚལ་མོད།སཾ་ཊ་རྙིང་བ་ཞིག་གི་ཐོག་དབྱངས་གསལ་སོགས་ཀྱི་ཡིག་གཟུགས་རྣམས་དབུ་ཅན་ཐོག་བྲིས་ཏེ་སློབ་པར་གནང༌།

ཉིན་ཞིག་གང་ནས་ཁྱེར་ཡོང་མ་ངེས་ཀྱང་ཧ་ཅང་རྙིང་ཧྲུལ་དུ་གྱུར་ཅིང་མདུན་ཤོག་པགས་པའི་སྟེང་“སྐད་ཡིག”ཅེས་པའི་ཡིག་འབྲུ་གཉིས་མངོན་གསལ་དུ་ཡོད་པའི་སློབ་དེབ་ཅིག་ཁུ་བོས་ང་ལ་གནང་བྱུང༌།ངེད་ནས་བོད་ཡིག་གི་སློབ་དེབ་མགོ་བཙེམས་མཐོང་བ་དང་པོ་དང༌། ཁུ་བོས་སཾ་ཊའི་ཐོག་བསླབས་མྱོང་བའི་དབྱངས་གསལ་སོགས་ཕལ་ཆེ་ཞིག་དཔེ་ཆ་དེའི་ནང་ཡོད་སྟབས་ཧ་ཅང་དགའ་བོ་བྱུང༌།

དཔེ་དེབ་རག་པའི་ཉིན་མོ་དེ་ནས་ཁུ་བོ་ངེད་གཉིས་ཀྱིས་ཐལ་རྡུལ་འཚུབ་འཚུབ་ངང་སམ་ཊའི་སྟེང་བོད་ཡིག་སློབ་མཚམས་བཞག་སྟེ།སློབ་དེབ་དེ་ནང་ཡོད་པའི་ཡིག་འབྲུ་རྣམས་ཁུ་བོས་རེ་རེ་བཞིན་ཚེག་འདེད་ཀྱིས་ང་ལ་ཕྲལ་ཀློག་དང་སྦྱོར་ཀློག་གཉིས་རིམ་ཅན་དུ་བསླབས་པར་བརྟེན་དཔེ་དེབ་ནང་གི་སློབ་ཚན་རྣམས་བྱང་ཆུབ་པ་བྱུང༌།དེ་ཙམ་ཞིག་ནས་རང་ཉིད་ཀྱིས་བོད་ཡིག་ཁྱར་ཁྱོར་ཞིག་འབྲི་ཀློག་ཤེས་པར་གྱུར།

རང་ལོ་བཅུ་གཉིས་ཐོག་དགོན་པར་སླེབས་དུས་གྲྭ་ཕྲུག་གཞན་དག་ལས་རང་ཉིད་ཀློག་ལ་བྱང་ཆ་ལྡན་པ་དང༌།དགེ་རྒན་ཚོའི་མདུན་ནས་ཀྱང་བསྔགས་བརྗོད་ཐོབ་ཀྱི་ཡོད་པས་ང་རྒྱལ་གྱི་ཁེངས་པ་ཅི་བས་ཆེ།

དགོན་པའི་ཞབས་རིམ་ཞིག་གི་ཉིན་གྲྭ་མང་གིས་རྒྱལ་སྟོང་བ་འདོན་སྐབས་མཁན་པོ་རྣམ་གྲོལ་གྱིས་རྒྱལ་སྟོང་བའི་ཁྲོད་ཀྱི་ཡིག་འབྲུ་འགར་མིག་སྟོན་གནང་སྟེ་ཕྲལ་ཀློག་བྱེད་དུ་བཅུག  དེ་དུས་ཕྲལ་ཀློག་མ་ཐུབ་པ་ཇི་སྙེད་ཅིག་མཆིས་པས་ཧ་ཅང་ངོ་ཚའི་གནས་སུ་ལྷུང་པ་ནི་ད་དུང་བསམ་ཚེ་གདོང་ཚ་ལམ་ལམ་ཞིག་རེད།དེ་ནས་བཟུང་རང་ཉིད་ཀྱིས་ཤེས་མདོག་གི་ང་རྒྱལ་ལྒང་བུ་དེ་ཡང་རང་བཞིན་གྱིས་བྱིད་པར་གྱུར།

སྐབས་དེར་ངེད་ཀྱིས་འཁང་ར་བྱེད་ས་གཙོ་བོ་དེ་ཁུ་བོ་དང་“སྐད་ཡིག”ཅེས་པའི་སློབ་དེབ་དེ་གཉིས་ཆགས།དེ་ཅི་ཡིན་ཞེ་ན།གལ་སྲིད་“སྐད་ཡིག”ཅེས་པའི་སློབ་དེབ་དེ་ནང་སྔོན་རྗེས་དང་མགོ་འདོགས་སོགས་ཀྱི་སྦྱོར་བ་ཚང་བར་གྲུབ་ཅིང་ཁུ་བོས་ང་ལ་བསླབས་གནང་ཡོད་ཚེ།མཁན་པོ་རྣམ་གྲོལ་མདུན་གདོང་གློད་དེ་འདུག་དགོས་ག་ལ་མཆིས།

རྗེས་སོར་ངས་རྟག་འཇུག་སྦྱོང་སྐབས་དེ་སྔོན་མཁན་པོ་རྣམ་གྲོལ་མདུན་ཕྲལ་ཀློག་མ་ཐུབ་པའི་ཡི་གེ་དེ་དག་ནི།དེ་སྔ་སྦྱངས་མ་མྱོང་བ་སྟེ་མགོ་འདོགས་གཉིས་ལ་སྔོན་རྗེས་དང་དབྱངས་ཞུགས་པ་ཞེ་གཅིག་ཡིན་པར་ངེས་པ་རྙེད།དེ་ནས་ངེད་ཀྱིས་ལས་དང་པོ་བ་བོད་ཡིག་སྦྱོང་མཁན་ཚོར་སྔོན་རྗེས་དང་མགོ་འདོགས་ཚང་བའི་སློབ་དེབ་ཅིག་མེད་དུ་རུང་བ་ཚོར་ཞིང་ཡོད་ན་ཅི་མ་རུང་སྙམ་པ་དང་ཆབས་ཅིག  དེ་འདྲ་ཞིག་སྒྲིག་སྦྱོར་ཐུབ་པའི་རྨི་ལམ་ཡང་བཏང་མྱོང༌།

ཕྱིས་སུ་བཙན་བྱོལ་དུ་སླེབས་རྗེས་དགེ་གྲོགས་རེ་ཟུང་ལ་སློབ་དེབ་དེ་འདྲ་ཞིག་སྒྲིག་སྦྱོར་ཐུབ་ན། བོད་པ་ཙམ་དུ་མ་ཟད་བོད་བརྒྱུད་ནང་བསྟན་ལ་སློབ་གཉེར་གནང་མཁན་ཧི་མཱ་ལ་ཡ་དང༌། བོད་སྐད་སྦྱོང་མཁན་གྱི་ཕྱི་རྒྱལ་མི་རིགས་ཁག་ལའང་ཕན་ཐོགས་ཡོད་སྐོར་བཤད་ཀྱང་དེ་མུར་ལྷག

ད་རེས་ཧི་མཱ་ལ་ཡ་གཞོན་སྐྱེས་དང་བུད་མེད་ཤེས་ཡོན་འཕེལ་རྒྱས་ལྟེ་གནས་ཁང་གིས་འདོན་སྤེལ་བྱས་པའི་བོད་ཀྱི་བརྡ་སྐད་ལ་འཇུག་པའི་སྒོ་ཕྲལ་ཀློག་དང་སྦྱོར་ཀློག་སློབ་དེབ་ཅེས་པའི་དཔེ་དེབ་འདི་མཐོང་མ་ཐག ཡུན་རིང་སེམས་སུ་བརྣག་པའི་རེ་བའི་རྨི་ལམ་དེ་འདི་ན་དེ་རིང་མངོན་སུམ་དུ་གྱུར་འདུག་སྙམ་པའི་དགའ་ཚོར་ཆེན་པོ་བྱུང༌།

དེ་ཡང་སློབ་དེབ་འདིའི་ནང་དབྱངས་གསལ་རྣམས་སོ་སོར་ངོས་འཛིན་དང་སྦྱོར་ཚུལ་གྱིས་མཚོན་མགོ་འདོགས་གཉིས་དང༌།དེ་དག་ལ་སྔོན་རྗེས་གཉིས་དང་དབྱངས་ཀྱི་བྱ་བ་རྣམས་རེ་རེ་ནས་ཞུགས་ཚུལ་གསལ་ཞིང༌།ཞུགས་ནས་སྒྲ་དོན་ཇི་ལྟར་གསལ་བའི་ཚུལ་སོགས་དཔེར་བརྗོད་ཀྱི་ལམ་ནས་ཧ་ཅང་ཞིབ་རྒྱས་སུ་འཁོད་འདུག་སྟབས།བོད་ཡིག་སྦྱོང་མཁན་ལས་དང་པོ་བ་རྣམས་ལ་དཔེ་དེབ་འདི་ནི་ཧ་ཅང་ཁ་ཚ་དགོས་གཏུགས་ཤིག་ཡིན་པར་འདོད།

ལྷག་པར་དུས་ཀྱི་ཆར་བོད་ཕྱི་ནང་གཉིས་སུ་གནས་སྟངས་ཅི་རིགས་ཀྱིས་རང་རེའི་སྐད་ཡིག་སློབ་སྦྱོང་གི་གནས་བབ་ཧ་ཅང་ཉམ་དམའ་ཞིང༌།འདི་ལྟའི་སློབ་གཞི་གསར་བའི་ཁྱེའུ་ཞིག་འཁྲུངས་པ་འདིས་བོད་ཀྱི་བརྡ་སྐད་སྦྱོང་མཁན་གསར་བུ་གང་ན་སུ་བཞུགས་ཚང་མར་ཕན་ཐོགས་ངེས་ཅན་ཞིག་འབྱུང་རྒྱུར་ཐེ་ཚོམ་མི་འདུག་སྙམ།

གཞན་ཡང་གོང་གསལ་སློབ་གཉེར་ཁང་དེས་ཕྲལ་ཀློག་དང་སྦྱོར་ཀློག་སློབ་དེབ་ཙམ་དུ་མ་ཟད། ཆོས་ཕྱོགས་ཀྱི་བྱེད་སྒོ་སློབ་དེབ་ཅེས་པའི་དཔེ་དེབ་ཅིག་ཀྱང་འདོན་སྤེལ་ཟིན་ཡོད་པ་དང༌། སློབ་དེབ་དེ་ནང་དཀོན་མཆོག་ལ་མེ་ཐོག་ཕུལ་བ་དང༌། མཆོད་པའི་རྟེན་ལ་ཕྱག་བདར་བྱས་པ། རྒྱལ་བའི་གསུང་རབ་བཀླགས་པ། སྐོར་བ་བསྐོར་བ། ཕྱག་འཚལ་བ། ཡོན་ཆབ་ཕུལ་བ། དེ་བཞིན་ཚ་གསུར་དང༌།བསང་མཆོད།དར་ལྕོག་དང་ལབ་རྩེ་སོགས་ཀྱི་ཕན་ཡོན་དང་བྱུང་རིམ་ངོ་སྤྲོད་རྣམས་སངས་རྒྱས་ཀྱི་མདོ་ལུང་དང་ལོ་རྒྱུས་ཁུངས་ཐུབ་ཁག་ཅིག་ལ་གཞི་བཅོལ་ཏེ་ཞིབ་རྒྱས་སུ་བསྒྲིགས་ཡོད་པ་དང༌།སློབ་ཚན་དེ་དག་གི་ཁོངས་སུ་ཡོད་པའི་མིང་ཚིག་གོ་དཀའ་བ་རྣམས་དངོས་གཞིའི་སློབ་ཚན་མགོ་མ་བཙུགས་སྔོན་གྱི་སྦྱང་གཞི་དང༌།སློབ་ཚན་རེ་རེའི་ཐད་ཀྱི་ནང་དོན་གཙོ་བོ་ཁག་ལ་དྲི་བ་དྲིས་ལན་གདབ་རྒྱུའི་རིམ་པ་རྣམས་ཟུར་དུ་བཀོད་པ་སོགས་མདོར་ན།སློབ་གཞི་དེའི་སྔོན་གླེང་ནང་གསལ་བ་ལྟར་སྲོལ་རྒྱུན་གྱི་ཆོས་ཀྱི་བྱེད་སྒོ་ཕལ་ཆེ་ཞིག་དེང་སྐབས་རིམ་བཞིན་སྤྱི་ཚོགས་ཤིག་གི་ཡུལ་གོམས་གཤིས་ལུགས་ལྟར་གྱུར་ནས།དེའི་དགོས་པ་ཤེས་མཁན་དཀོན་པ་ནས་བག་ལ་ཞ་བཞིན་པ་རྣམས་ལ་སློབ་དེབ་འདིས་ཏན་ཏན་ཕན་ཐོགས་འབྱུང་ངེས་ལགས་ན། སློབ་གཞི་འདི་དག་འཁྲུངས་པར་བྱེད་པའི་སློབ་གཉེར་ཁང་དེའི་ལས་ཀྱི་སྣེ་མོ་ཆེ་ཕྲ་ཚང་མར་བཅོས་མིན་ཐུགས་རྗེ་ཆེ་ཡང་ཞུ་བར་འདོད་དོ། །

ལོ་རྒྱུས་ཀྱི་ཐེམ་པ་བརྒལ་བའི་སྔ་ནུབ།
བསྟན་འཛིན་ཟླ་བ།

-བོད་ཀྱི་དམངས་གཙོ་དབུ་བརྙེས་ནས་ལོ་ངོ་༥༠འཁོར་བར་རྗེས་དྲན་དུ།

ཆིག་སྔ་མོའི་མཁས་པའི་གསུང་རྩོམ་དེ་ཚོ་ཁ་ཟིན་སྣ་ཟིན་རེ་བཀླགས་ཚེ།།

སངས་རྒྱས་དང་ནི་བྱང་ཆུབ་སེམས་དཔའི་མཚན་གྱི་བསྟོད་སྟངས་མང་ན་ཡང།།

བདག་ནི་སོ་སྐྱེ་སོ་ནག་ཅིག་གིས་དེ་ཚོར་འགྲེལ་ཞིག་མི་ཕོག་མོད།།

འོན་ཀྱང་ལོ་རྒན་དོན་ལྔའི་ནང་གི་མཛད་ཆེན་འགའ་ཞིག་ཤེས་ཡོད་ལགས།།

ཡིན་ཡང་གཞན་དག་གླེང་ཁོམ་ཅང་མེད་དེ་རིང་དམངས་གཙོའི་དུས་ཆེན་ཡིན།།

ལོ་ངོ་ལྔ་བཅུའི་གོང་གི་དུས་འདིར་དམངས་གཙོ་ཞེས་པའི་ཚིག་ཙམ་ཡང།།

བཤད་དང་བཀྲམ་ན་སྐུ་དྲག་བཙན་པོས་མནར་གཅོད་སྣ་ཚོགས་གཏོང་སྲིད་ཀྱང།།

ཁྱེད་ཀྱི་ཐབས་མཁས་ཐུགས་རྗེའི་མཛད་པ་ཉི་ཤར་སྤར་མོས་ག་ལ་ཁེབས།།

དེ་རིང་སྐྱིད་པའི་རྐང་བྲོ་རྡུང་ཡ་ཆོལ་གསུམ་ཆིག་སྒྲིལ་འཁྲུངས་ཉིན་ཡིན།།

དེ་རིང་དགའ་བའི་གླུ་དབྱངས་ལེན་ཡ་སྐུ་དྲག་འཆིང་བ་གཅོད་ཉིན་ཡིན།།

སྒམ་ལ་ཟྭ་བརྒྱབ་ཟྭ་ལ་ཐེལ་བརྒྱབ་ཐེལ་ཙེ་ཉར་བའི་སྤྱི་ཚོགས་ཀྱི།།

ཕྱི་ཡི་སྤྱོད་པའི་བཀག་རྒྱ་གཏོར་ཅིང་ནང་གི་དམ་ཚིག་བསྲེལ་ཉིན་ཡིན།།

ཁམས་ལ་ཨ་མདོ་དགོས་མཁོ་མེད་ན་ཨ་མདོར་དབུས་གཙང་ཅིའི་ཕྱིར་མཁོ།།

དེ་བཞིན་དབུས་ལ་ཨ་མདོ་མི་མཁོ་ཨ་མདོར་ཁམས་པ་མཁོ་དོན་ཅི།།

འདི་ནི་མི་ལོ་ལྔ་བཅུའི་སྔོན་གྱི་བོད་པའི་རྒྱལ་ཞེན་བསམ་བློ་སྟེ།།

བསམ་བློ་འདི་ཡིས་རྒྱ་ནག་དམར་བོ་བོད་ལ་འཛུལ་བའི་ལམ་ཁ་བྱས།།

བཙན་པོའི་རྒྱལ་ཁབ་ཤོར་ལྷག་ཙམ་ལ་དབུས་རྒན་གྱོང་བས་རང་རློམ་བྱས།།

ཆུ་སྒང་དམག་གྲངས་མང་ཉུང་ཙམ་ལ་ཁམས་རྒན་བླུན་པོས་རང་བསྟོད་ཐེན།།

མཁས་ཆེན་འགའ་ཡི་མཛད་རྗེས་ཙམ་ལ་ཨམ་རྒན་གཏུམ་པོས་རང་མཐོང་བཞག།།

སྔ་མོའི་རྙིང་ཞེན་བསམ་བློ་འདི་ཚོ་ཕམ་པར་བརྒྱབ་ནས་དེ་རིང་སླེབས།།

དབུས་པའི་རང་རློམ་ཁམས་པའི་རང་བསྟོད་ཨ་མདོའི་རང་མཐོང་འདུ་ཤེས་དག།།

ད་ལྟའང་གཞིས་བྱེས་རྨོངས་རྟུལ་འགའ་ཡི་སེམས་ཀྱི་རྒྱུད་ལ་ཡོད་སྲིད་ཀྱང།།

སྤྱིར་ན་གངས་ཅན་མི་རབས་ཕྱི་མར་ཆོས་རྒྱུད་ཆོོལ་ཁས་མ་ཕྱེ་བའི།།

གནམ་གྱི་འོག་འདིའི་ཐུ་བྷོད་མི་རིགས་སྤུན་ཟླའི་འདུ་ཤེས་བརྟན་ཞིང་མཁྲེགས།།

ང་ཚོར་མཁྲེགས་པོའི་སྟོབས་ཤིག་དགོས་ན་ཆོལ་གསུམ་བོད་མིའི་ཆིག་སྒྲིལ་ཡིན།།

ང་ཚོར་འདུན་པའི་ལམ་ཞིག་དགོས་ན་ཆོལ་གསུམ་བོད་མིའི་དམ་ཚིག་ཡིན།།

དེའི་ཕྱིར་ཆོས་རྒྱུད་ཆོལ་ཁ་ཕྱར་ནས་མཐུན་སྒྲིལ་གཏོར་བཤིག་མ་གཏོང་རོགས།།

ཆོོོོོོས་གོས་སེར་བོའི་ན་བཟའ་ཅན་ཚོས་བསྟན་པའི་ཞབས་འདྲེན་མ་ཞུ་རོགས།།

ཕྱི་རབས་བོད་མིར་ཁེངས་དྲེགས་ཅང་མེད་རྒྱུད་ལ་དེང་རབས་ཤེས་ཡོན་འཛོམས།།

ཕྱི་རབས་བོད་མིར་ང་རྒྱལ་ཅང་མེད་ནང་ན་བློ་དང་སྤོབས་པ་ལྡན།།

རྒྱ་མི་དམར་བོའི་མཚོན་གྱིས་མི་ཆོད་རིགས་ཞེན་གསེར་གྱི་ཐག་པ་ཡོད།།

རྒྱ་མི་ནག་པོའི་སྒོར་གྱིས་མི་ཁྲོལ་སྒྲིལ་དམ་ཚིག་རྡོ་རྗེ་མདུད་པ་ཡོད།།

དེང་སང་གྲྭ་པ་སྟེར་བཟོ་ཅན་དང་དགའ་རོགས་བསྒྲིག་རྒྱུ་དར་སྲོལ་ཆག་པ་རེད་དམ།
འོད་ཟེར།

གངས་ལྷ་མོས་བསྒྱུར།

མཆན།རྒྱུ་མཚན་ག་གེ་མོར་བརྟེན་ནས་མདང་དགོང་ཡིག་ཆུང་དེ་བཟོ་བཅོས་བྱས་པ་ཡིན།དེའང་ཡིག་ཆུང་ནང་གི་གནས་ཚུལ་དེ་བདེན་པ་ཡིན་ཡང།་དོན་དག་གཞན་ལ་བརྟེན་ནས་ངའི་དེ་སྔོན་རྩོམ་ཐུང་ནང་གི་ནང་དོན་འགའ་འམ།་དཔེར་ན་གཞན་གྱིས་གནས་ཚུལ་དེའི་སྐོར་བཤད་སྟངས་དང་གླེང་མོལ་གཞན་དག་སོགས་བསུབ་ཚར་བ་ཡིན།

རྒྱ་རིགས་བུ་མོ་ཞིག་གིས་མོའི་ཟིན་བྲིས་ནང་མོ་རང་དང་བོད་ཀྱི་གྲྭ་པ་ཞིག་དབར་གྱི་སྙིང་ཉེའི་བརྩེ་དུང་སྐོར་བྲིས་འདུག་་ངས་ཤོག་ལྷེབ་ཁ་ཤས་བལྟས་རྗེས་མུ་མཐུད་དེ་ལྟ་ཐུབ་ཀྱི་མི་འདུག་དེ་ནི་ཐེ་ཝན་རྩོམ་པ་མོ་ཆུང་ཡོའི་བརྩེ་དུང་སྐོར་གྱི་སྒྲུང་དེ་དག་བསྐྱར་ཟློས་བྱས་པ་ཙམ་རེད་ལ།་མི་འདྲ་ས་ཅུང་ཡོད་པ་ནི་དེའི་ནང་གི་མི་སྣ་གཙོ་བོ་དེ་བོད་རིགས་ གྲ་པར་བསྒྱུར་བ་ཙམ་རེད།་

དོན་དངོས་ཐོག་སྒྲུང་འདི་འདྲའི་རིགས་ནི་ཉུང་ཉུང་མ་རེད།བཤད་སྲོལ་ལྟར་ན་དེ་ནི་བོད་རིགས་གྲ་པ་སྟེར་བཟོ་དོད་པོའམ་མཛེས་ཉམས་ཅན་དང་དགའ་རོགས་བསྒྲིག་པ་ཞེས་ཟེར་སྲོལ་ཡོད་འདུག

དེ་སྔོན་གཙུག་ལག་ཁང་དུ་བཟོ་ལྟ་ལེགས་པོའི་གྲྭ་པ་ཞིག་ཡོད་པ་དྲན་གྱི་འདུག་་ལོ་མང་སྔོན་ཁོ་རང་རབ་ཏུ་བྱུང་དུས་མཐོང་མྱོང་ཡོད་ལ་སྐབས་དེའི་དུས་སུ་ཁོང་ཕྲུ་གུ་ཞིག་རེད།་ཁོ་རང་ལོ་ཆུང་བྱིས་པའི་དུས་ནས་གཞོན་ནུ་བར་འཚར་ལོངས་བྱུང་བ་དང།་དེ་རྗེས་གློ་བུར་དུ་མཐོང་ལམ་ནས་ཡལ་ཚར་འདུག་ངས་ཁོ་རང་ག་བར་ཡོད་མིན་དྲིས་མྱོང་བས།་གཞི་ནས་པེ་ཅིང་ནས་ཡོང་བའི་ ཡུལ་བསྐོར་སྤྲོ་འཆམ་པའི་རྒྱ་རིགས་བུ་མོ་ཞིག་གིས་ཁོ་ལ་དགའ་བ་དང།་དེ་ནས་ཁོ་རང་ཡང་བུད་མེད་དེའི་མཉམ་དུ་ཕྱིན་ཚར་འདུག་་་རྒྱུ་མཚན་གང་ཡིན་མི་ཤེས་མོད།མ་རིང་བའི་རྗེས་སུ་ཁོ་རང་སླར་ཡང་ལྷ་སར་ཕྱིར་སླེབས་འདུག་ཡིན་ཡང་དེ་ནས་བཟུང་དགོན་པར་བཞུག་མི་ཆོག་པ་གྱུར་ཟིན།་གང་ཡིན་ཟེར་ན་ཁོ་རང་སྐྱ་སར་བབས་ཚར་བས་རེད།

ཨ་མདོར་ཆོས་ཕྱོགས་ཀྱི་གོ་གནས་ཧ་ཅང་གལ་ཆེན་ལྡན་པའི་དགེ་ལུགས་པའི་སྤྲུལ་སྐུ་ཞིག་ཡོད་།་ཁོ་རང་པེ་ཅིང་ནང་བསྟན་མཐོ་སློབ་ཏུ་སློབ་གཉེར་ཆེད་དུ་སོང་བ་དང།་ལོ་ན་གཞོན་ཞིང་སྟེར་བཟོ་དོད་པོ་ཡོད་པ་ངས་ཁོ་རང་མཐོང་མྱོང་ཡོད་ལ་ཁོས་རྒྱ་སྐད་ཀྱང་ཡག་པོ་བཤད་ཀྱི་འདུག་གོ་ཐོས་ལ་ལོ་ཤེས་སྔོན་ནས་ཁོ་རང་སྐྱ་སར་བབས་ནས་པེ་ཅིང་གློག་འཕྲིན་ཁང་གི་རྩོམ་སྒྲིག་ དང།་གསར་འགོད་པ་གཅིག་ཅོག་ཡིན་པའི་བུད་མེད་དེ་དང་མཉམ་དུ་བསྡད་ཡོད་པའི་གནས་ཚུལ་གོ་ཐོས་བྱུང།་ད་ལྟའི་ཆར་གང་འདྲ་ཡིན་མིན་ཤེས་མ་སོང།་

རྒྱ་རིགས་བུད་མེད་དེ་དང་བོད་རིགས་སྟེར་བཟོ་དོད་པའི་གྲྭ་པ་ཟེར་བ་དེའི་གཉིས་དབར་ལ་དངོས་གནས་བརྩེ་དུང་ཡོད་མེད་ངས་མི་ཤེས་ལ།་ཡང་ན་ཕན་ཚུན་འདོད་མོས་ཙམ་གྱིས་མཉམ་དུ་བསྡད་ཡིན་ནའང་ངས་མི་ཤེས།་ངས་དེའི་སྐོར་ལ་མང་པོ་ཞིག་དཔྱད་བརྗོད་བྱ་འདོད་མེད་པར་བརྟེན།་འདིར་བརྩེ་དུང་ལག་ནས་མ་ལྷོད།་ཟེར་བའི་ཟིན་བྲིས་ཤིག་བཀོད་ཀྱི་ཡིན་ལ།་གྲོགས་པོ་རྣམས་ཀྱི ས་དེང་སྐབས་བོད་རིགས་གྲྭ་པ་སྟེར་བཟོ་དོད་པོ་དང་དགའ་རོགས་བསྒྲིག་པ་དེ་ཕལ་ཆེར་དར་སྲོལ་ཆག་པ་ཡིན་མིན་སྐོར་ལ་ཤེས་རྟོགས་ཐེངས་ཤིག་བྱེད་བཅུག་རྒྱུ་ཡིན་།དེས་ན་རྒྱ་ནག་ཆིང་རྒྱལ་རབས་མཇུག་མའི་བརྩམས་སྒྲུང་ལོ་ཉི་ཤུའི་རིང་གི་མཐོང་སྣང་ཁྱད་མཚར།་ཞེས་པའི་མིང་གཡར་གྱི་ཡིན་ཞིང།་དེའང་ལོ་ཉི་ཤུའི་རིང་ནང་གི་ཁྱད་མཚར་བའི་གནས་སྟངས་ཤིག་ཀྱང་ཡིན་སྲིད་པ་རེད།< /span>

ཟིན་བྲིས་དེའི་ཐོག་མཆན་བུ་དོན་དག་ལྡན་པ་འདི་འདྲ་ཞིག་བཞག་འདུག

སངས་རྒྱས་ཀྱི་སྡེའི་ནང་སྐྱེས་པ་ནི་དགའ་སྤྲོ་ལྡན་པ་ཞིག་རེད།་དེང་སང་ཧྲིང་དཀའ་རིན་པོ་ཆེའང་འཆང་ས་བརྒྱབ་རྩིས་ཡོད་མ་རེད་པས།་ད་དུང་སྤྲུལ་སྐུ་གཞན་ཁ་ཅིག་གིས་ཀྱང་གླུ་གཞས་འོད་སྡེར་དང་དངོས་བྱུང་གློག་བརྙེན་བཟོ་བསྐྲུན་བཅས་ཀྱིས་སྒྱུ་རྩལ་གྱི་ལས་གནས་སུ་བསྐྱོད་བཞིན་ཡོད།་དེའང་སྐྲུལ་སྐུའང་སྨྱོ་ལ་ཉེ་བ།་ཞེས་བཤད་སྲོལ་ཡོད་པ་ལྟར།་སྐྲུལ་སྐུ་ཚ ོས་ཀྱང་བསམ་བློ་གུ་ཡངས་པོ་ཟེར་བ་དེ་འདྲ་ཆག་པ་དང།་སྟབས་བདེའི་ཐར་ལམ་ཟེར་བ་དེ་འདྲ་བཙལ་འཚོལ་བྱེད་བཞིན་པ་འདི་ལས་བཟང་པོ་ཞིག་ཡིན་ན།་ཡང་ན་ལས་ངན་པ་ཞིག་གང་ཡིན་མིན་ངས་མི་ཤེས།

ཁོ་ཚོས་དེ་ལྟར་བྱས་པ་དེས་མི་གཞན་རྣམས་ཀྱིས་ནང་ཆོས་ཉམས་ལེན་བྱེད་པའི་སེམས་ལ་ཕོག་ཐུག་གཏོང་གི་རེད་དམ།་གང་ལྟར་ཡང་ངའི་སེམས་ནང་སྐྱིད་པོ་ཞིག་མི་འདུག་་ངས་བལྟས་ན།་ཧྲིང་དཀར་རིན་པོ་ཆེ་ཡིན་ནའང་འདྲ།་དེ་མིན་བཤད་སྲོལ་ནང་གི་སྟེར་བཟོ་དོད་ཤེས་ཀྱི་དགེ་རྒྱས་རིན་པོ་ཆེས་གཟན་ཤམ་བནབས་ནས་ཆོས་བྱེད་པའི་དཔར་དེ་ནི་དཔར་བརྒྱབ་པའི་ཡོངས་རྫོགས་ནང་ནས་ས ྟེར་བཟོ་དོད་ཤོས་གཅིག་རེད།་ཕྱིའི་ངོ་གདོང་ནི་ཁོ་ཚོའི་ཚེ་གཅིག་གི་ཕྱི་པགས་ཙམ་རེད།དེར་དེ་ལྟ་བུའི་ཁྱབ་བསྒྲགས་བྱེད་དགོས་པའི་རྒྱུ་མཚན་ཡོད་དམ།་འོན་ཀྱང་ང་ནི་ད་དུང་ཡང་སྡུག་རུས་དང་དཀའ་བསྐྱེད་མཛད་པའི་བླ་མ་དེ་ཚོར་དད་པ་བྱེད་ཀྱི་ཡོད།་ཁོང་ཚོས་འགྲོ་བ་རིགས་དྲུག་སེམས་ཅན་ཐམས་ཅད་ཀྱི་རེ་བ་ཕྲག་པར་འཁྱེར་ཡོད་པའི་སྣང་བ་འདུག་ལ།་སེམས་ཅན་ཐམས་ཅད་ཀྱི་ཉ ེས་དམིགས་དག་ཐག་དང་ཐར་ལམ་འདྲེན་བཞིན་པ་ལྟར་རེད། དངོས་གནས་ཡིན།དུས་རབས་འདི་འདྲའི་ དཀའ་བ་བསྐྱེད་པ་ཟེར་བ་དེ་ནི་གང་འདྲ་རིན་ཐང་ཆེ་བ་ཞིག་རེད་ཨང།

འོད་ཟེར་ལགས་ཀྱི་གདོང་དེབ་དྲ་བ་ནས་བསྒྱུར།

མདོ་སྨད་འབྲུག་ཆུའི་ཆུ་ལོག་གོད་ཆག་ཆེད་བདུན་ཚིགས་གཉིས་པའི་མཆོད་འབུལ།
བསེ་རོང་འོད་ཟེར།

ཉེ་ཆར་མདོ་སྨད་ཐེ་བོ་སྨད་རྒྱུད་དམ་དེང་སང་འབྲུག་ཆུ་རྫོང་ཞེས་རྒྱ་ནག་དམར་པོའི་གཞུང་གིས་ས་ཆ་བཅད་བགོས་བྱས་པའི་ས་ཁུལ་འབྲུག་ཆུ་རྫོང་ནང་། རི་ཉིལ་དང་ཆུ་ལོག་འདྲེས་མས་གནོད་འཚེའི་འོག་འདས་གྲོངས་སུ་སོང་བ་རྣམས་ཀྱི་ཆེད་དུ་མཆོད་འབུལ་གཟབ་རྒྱས་ཤིག ༧ སྐྱབས་མགོན་ཀིརྟི་རིན་པོ་ཆེ་བཀའ་དྲིན་འོག་ཐེ་བོ་སྟོད་སྨད་བར་གསུམ་གྱི་བྱེས་འབྱོར་ཐེ་བོ་མི་མང་རྒྱ་བལ་ཁུལ་དང་ཕྱི་རྒྱལ་ཁག་ཏུ་གནས་སྡོད་ཐུན་མོང་གིས་གོ་སྒྲིག་བྱས་པའི་བདུན་ཚིགས་གཉིས་པའི་མཆོད་འབུལ། ཕྱི་ཟླ་ ༨ པའི་ཚེས་ ༢༡ གཟའ་སྤེན་པའི་སྔ་དྲོརཆུ་ཚོད་བརྒྱད་པའི་ཐོག་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ ༧ སྒྲུབ་བརྒྱུད་བསྟན་པའི་མངའ་བདག་དཔལ་༧རྒྱལ་དབང་ཀརྨ་པ་མཆོག་ཚོགས་མགོན་དུ་དབུ་བཞུགས་ཐོག བཙན་བྱོལ་བོད་གཞུང་གི་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་དང་། བཀའ་བློན་ཕྱག་རོགས་རྣམ་པ། གཞན་སྤྱི་འཐུས་ཁག་ཅིག་དང་། བཀའ་ཟུར་ཨ་ལགས་འཇིགས་མེད་རིན་པོ་ཆེ། དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་གི་མཁན་རིན་པོ་ཆེ་དང་། རྣམ་རྒྱལ་གྲྭ་ཚང་གི་མཁན་རིན་པོ་ཆེ། ཀིརྟིའི་བྱེས་པ་གྲྭ་ཚང་གི་མཁན་རིན་པོ་ཆེ་བཅས་མཁན་པོ་རྣམ་པ་གསུམ། དེ་བཞིན་བཞུགས་སྒར་ཁུལ་གྱི་དགོན་སྡེ་ཁག་གི་གྲྭ་བཙུན་སྔགས་གསུམ། བོད་གཞུང་གི་གཞུང་ཞབས་ལྷན་རྒྱས། མདོ་སྨད་དབུས་རྒྱུན་ལས། བོད་གཞུང་སྨན་རྩིས་ཁང་། བོད་གཞུང་དཔེ་མཛོད་ཁང་། བོད་གཞུང་བདེ་ལེགས་སྨན་ཁང་། བོད་གཞུང་ཟློས་གར། བོད་ཀྱི་གཞོན་ནུ་ལྷན་ཚོགས། བོད་ཀྱི་དབུ་མེད་ལྷན་ཚོགས། དགུ་བཅུ་གསུམ་ཚོགས་པ། བོད་རྒྱལ་ཡངས་མང་གཙོ་ཚོགས་པ། ངྷ་སྟེང་བོད་ཁྱིམ་གྱི་སློབ་ཕྲུག ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་། བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་སོགས་ཚོགས་སྡེ་ཁག་དང་། བོད་གཞུང་ཕྱི་དྲིལ་དྲ་གནས་དང་། བོད་ཀྱི་དུས་བབས། བོད་མིའི་རང་དབང་། ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་། བོད་ཀྱི་བང་ཆེན། ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་བཅས་གསར་ཁང་ཁག་གི་གསར་འགོད་པ། རྡ་སའི་མི་མང་བཅས་མཉམ་ཞུགས་ཀྱིས་བདུན་ཚིགས་གཉིས་པའི་མཆོད་འབུལ་གཟབ་རྒྱས་ངང་ཚོགས་འདུག

ཐེངས་འདིའི་མཆོད་འབུལ་སྐབས་བྱེས་འབྱོར་ཐེ་བོ་མི་མང་ནས་མཆོད་འབུལ་ཆེད་དུ་ཞབས་འདེབས་བསྡུ་རུབ་ཀྱི་ལས་འགུལ་གང་ཡང་སྤེལ་མེད་པ་དང་། ཁོང་ཚོས་ད་དུང་མུ་མཐུད་དེ་འདས་གྲོངས་སུ་སོང་བ་རྣམས་ཀྱི་ཆེད་དུ་དགེ་བསྔོ་སོགས་སྤེལ་རྒྱུའི་འཆར་གཞི་ཡོད་པའི་གནས་ཚུལ་འདུག

སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་ལགས་བཀའ་ཁྲིའི་འོས་གཞིར་ལངས་རྒྱུ་ཡིན་ཟེར།
སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་ལགས།

ཚེས་༢༨ཉིན་བོད་ཀྱི་དུས་བབ་ཀྱི་གསར་འགོད་པ་དོན་འགྲུབ་བཀྲ་ཤིས་ལགས་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན།  སྦེལ་ཀོབ་མཉམ་འབྲེལ་ལས་ཁུངས་ཀྱི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་འཕྲལ་སེལ་ཚོགས་དྲུང་ལས་ཁུངས་སུ་བཅར་ཏེ། སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་ལགས་སུ་བོད་གཞུང་དམངས་རྒྱལ་ཡོངས་ཚོགས་ཆེན་དང་འབྲེལ་ཏེ། ཕྱི་ལོ་ ༢༠༡༡ ལོའི་བཀའ་སྤྱིའི་འོས་བསྡུ་ཆེན་མོ་སླེབས་ལ་ཉེ་བའི་སྐབས་འདིར་བཞུགས་སྒར་ངྷ་རམ་ས་ལ་དང་ལྡི་ལི་བོད་སྒར་བསམ་ཡས་གླིང་། ལྷོ་ཕྱོགས་སྦེལ་ཀོབ་བོད་མིའི་གཞིས་སྒར་སོགས་སུ་ཚ་ཚ་འུར་འུར་གྱིས་བཀའ་བློན་ཁྲི་པའི་སྐོར་ལ་བགྲོ་གླེང་དང་། ལས་འགུལ་སྣ་ཚོགས་གོ་སྒྲིག་ཞུ་བཞིན་ཡོད་པ་དང་། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ཅིག་གི་བཀའ་ཁྲིའི་འོས་མིའི་ཁྲོད་སྐུ་ཉིད་སླེབས་ཡོད་སྟབས། སྐུ་ཉིད་སྒེར་ངོས་ནས་བཀའ་བློན་ཁྲི་པའི་འོས་གཞིར་ལངས་རྒྱུའི་ཐུགས་འདོད་ཡོད་མེད་བཅར་འདྲི་ཞུས་སྐབས་ཁོང་གིས། ང་བཀའ་བློན་ཁྲི་པའི་འོས་གཞིར་ལངས་རྒྱུ་ཡིན། ཕྱི་ཟླ་དགུ་བའི་ཚེ་ཤར་ལ་ང་ལ་རྒྱབ་སྐྱོར་བྱེད་མཁན་ཚོས་སྤྱི་ཚོགས་ནང་དངོས་སུ་ཁྱབ་བསྒྲགས་བྱས་ཏེ། ང་རང་གི་ཉམས་མྱོང་དང་། ཁྱད་ཆོས། དམིགས་འདུན་གསུམ་འཁོད་ཡོད་པའི་སྦྱར་ཤོག་ཆུང་ཆུང་ཞིག་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་ཏུ་འགྲེམ་རྒྱུ་རེད། དེ་བཞིན་ང་རང་གི་ངོས་ནས་ཀྱང་བཀའ་ཁྲིའི་སྐོར་གྱི་བགྲོ་གླེང་རིགས་ལ་ཞུགས་རྒྱུ་ཡིན། ཞེས་གསུངས་སོང་།

ཡང་ཁོང་གིས་བཀའ་འོས་གཞིར་བཞེངས་དགོས་པའི་རྒྱུ་མཚན་གསུངས་དོན། སྤྱིར་ང་རང་ལངས་ཚད་ཅུང་འཕྱི་དྲགས་ཡོད། ཐོག་མར་ང་མུ་མཐུད་སྤྱི་འཐུས་ནང་བསྡད་དེ། ཡང་བསྐྱར་ཚོགས་གཙོ་ཐོབ་རྒྱུར་རེ་བ་ཡོད་ན། སྤྱི་འཐུས་ཚོགས་གཙོ་དེ་དམངས་གཙོའི་ཀ་བ་གསུམ་གྱི་ཡ་གྱལ་ཞིག་ཆགས་ཡོད་སྟབས། ཚོགས་གཙོའི་ལས་འགན་འཁུར་བསྡད་ན་བཟང་གི་རེད་བསམ་སོང་། འོན་ཀྱང་ངས་ཉེ་ཆར་བཤད་པ་ལྟར། ང་རང་གི་སེམས་ན་རེ་བ་རྒྱག་སའི་མི་གཅིག་གཉིས་ཤིག་ཡོད། ཁོང་ཚོ་བཀའ་ཁྲིར་བཞེངས་པ་ཡིན་ན་ང་རང་མི་ལངས་བསམ་ཡོད། འོན་ཀྱང་ང་རང་གིས་རེ་བ་རྒྱག་སའི་མི་དེ་དག་ལངས་མ་སོང་། གཉིས་པ་ད་ཆར་བཀའ་བློན་ཁྲི་པའི་འོས་གཞི་མང་པོ་ཞིག་སླེབས་ཀྱིན་ཡོད་པའི་ནང་ལ་བལྟས་ཡོང་ན། སྤྱིར་ཁོང་རྣམ་པར་ངས་གུས་བརྩི་བྱེད་ཀྱི་ཡོད་ཀྱང་། ལས་ཀའི་ཉམས་མྱོང་དང་དགོངས་པ་བཞེས་སྟངས་ལ་གཞིགས་ན། ང་རང་ཡང་བཀའ་བློན་ཁྲི་པར་བཞེངས་ན་མ་འཐུས་པ་དང་། འགན་འཁུར་མ་ཐུབ་པ་མི་འདུག་སྙམ་པའི་སྤོབས་པ་ཞིག་ཡོང་གི་འདུག ཆུང་ས་ནས་བསམ་བློ་བཏང་ན་འོས་གཞིའི་གྲངས་འབོར་གྱི་གྲས་སུ་ཞུགས་ཏེ། མི་དམངས་ལ་གདམ་ཀ་ཡོད་པ་ཙམ་གྱིས་ཕན་ཆེན་པོ་ཐོགས་གི་རེད། ཚོགས་པ་སྒྲིག་འཛུགས་དང་མི་ཆེན་པོ་དེ་འདྲའི་ངོས་ནས་ད་སྔ་ང་ལ་རྒྱབ་སྐྱོར་བྱུང་མེད་ཀྱང་མང་ཚོགས་ལ་ཡིད་ཆེས་ཆེན་པོ་ཡོད། སོ་སོའི་འདོད་འདུན་དེ་སུ་ཞིག་གིས་བསྒྲུབ་ཐུབ་ཀྱི་འདུག་བསམ་པ་དེ་ལ་འོས་ལྡུག་གི་རེད། ཅེས་གསུངས་སོང་།

ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་ཁོང་ ༢༠༡༡ ལོའི་བཀའ་བློན་ཁྲི་པའི་འོས་གཞིར་བཞེངས་རྒྱུའི་ལས་འཆར་གྱི་སྦྱར་ཤོག་སྟེང་ཁོ་རང་གི་ཉམས་མྱོང་གི་སྐོར་ལ་ཚན་པ་ ༡༣ བཀོད་ཡོད་པའི་ནང་། འཛིན་རིམ་དགུ་པ་ནས་བཅུ་གཉིས་བར་སྦེལ་ཀོབ་སློབ་གྲྭའི་སྤྱི་ཁྱབ་རྒན་བདག་བྱས་ཤིང་། མ་རྡི་ར་སི་མཐོ་སློབ་ཏུ་དཔལ་འབྱོར་རིག་པའི་སློབ་སྦྱོང་བྱས་རིང་། ས་གནས་རང་བདེན་ཚོགས་ཆུང་གི་དྲུང་ཆེ་དང་། བོད་དང་ནཱི་ཇི་རི་ཡའི་སློབ་ཕྲུག་མཐུན་ཚོགས་ཀྱི་དྲུང་ཆེ་ཡི་ལས་འགན་ཁུར། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནང་ལོ་ ༡༤ རིང་ཕྱག་ལས་གནང་ཞིང་། ད་ལྟ་ཚོགས་གཙོའི་ལས་འགན་འཁུར་མུས་ཡིན། བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང་གི་ངེས་སྟོན་པ་ལོ་ ༧ རིང་བྱས་ཤིང་། རྒྱ་གར་དང་བཙན་བྱོལ་བོད་མིའི་འདུ་གནས་ཕལ་ཆེ་བར་ངོ་སྐྱོད་ཀྱིས་གཞི་རིམ་གནས་སྟངས་ལ་རྒྱུས་ལོན་བྱས། ཡུ་རོབ་དང་ཨ་རིའི་བོད་རིགས་ཚོར་རྒྱ་ཁྱབ་ཏུ་ཐུག་འཕྲད་ཀྱིས། དེ་དག་གི་གནས་སྟངས་ལ་རྒྱུས་མངའ་ཡོད། རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་བསྐྱར་འཛུགས་དང་། གནད་ཡོད་དཔོན་རིགས་ལ་འབྲེལ་གཏུགས་བྱས་པའི་ཉམས་མྱོང་གང་ལེགས་ཡོད་ཅིང་། རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་གཉིས་དང་། རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་གཉིས་གོ་སྒྲིག་བྱས། རྒྱལ་སྤྱིའི་ཚོགས་ཆེན་སྣ་མང་གོ་སྒྲིག་དང་མཉམ་ཞུགས། གཏམ་བཤད་སོགས་བྱས་མྱོང་ཡོད། རྒྱ་བལ་ནང་ཟབ་སྦྱོང་དང་སྦྱོང་བརྡར། བགྲོ་གླེང་སྣ་ཚོགས་གོ་སྒྲིག་དང་མཉམ་ཞུགས། གཏམ་བཤད་སོགས་ཐེངས་མང་བྱས་མྱོང་ལ། རྒྱ་ནག་གི་ཁྲིམས་སྒྲིག་དང་། རྒྱལ་སྤྱིའི་རང་སྐྱོང་གི་གནས་བབ་ཐོག་ལ་ཟབ་སྦྱོང་དང་བགྲོ་གླེང་མང་པོ་གོ་སྒྲིག་བྱས་ཤིང་། དབུ་མའི་ལམ་གྱི་སྲིད་བྱུས་དང་། བོད་རྒྱ་འབྲེལ་མོལ་གྱི་བརྒྱུད་རིམ་ཆ་ཚང་ལ་རྒྱུས་མངའ་ཆེན་པོ་ཡོད། ཅེས་བཀོད་འདུག

ཚན་པ་གཉིས་པ་ཁོང་རང་སྒེར་གྱི་ཐུན་མིན་གྱི་ཁྱད་ཆོས་ཁག་ ༦ ཙམ་བཀོད་ཡོད་པའི་ནང་། སྐྱ་སེར་དང་མཐོ་དམའ་རྒན་གཞོན་གྱི་དབྱེ་བ་མེད་པར་འདྲིས་གཤིབ་བདེ་ཞིང་། བཙན་བྱོལ་བོད་གཞུང་གི་ཁྲིམས་སྒྲིག་དང་འགྲོ་སྟངས། བྱེད་སྒོ་རྣམ་བཞག་ལ་ཤེས་རྟོགས་ལེགས་པ། བཙན་བྱོལ་བོད་གཞུང་གི་ལས་ཁུངས་མ་ལག་དང་བཅས་པར་མྱོང་རྒྱུས་ཟབ་པ། བོད་གཞུང་གི་སྲི་ཞུ་ལས་བྱེད་མཐོ་དམན་བར་མ་ཀུན་ལ་འབྲེལ་འདྲིས་བཟང་བ། བོད་དང་རྒྱ་ནག རྒྱལ་སྤྱི་སོགས་ཀྱི་ཆབ་སྲིད་འགྱུར་འགྲོས་ལ་ཆ་རྒྱུས་ཆེ་ཞིང་དོ་སྣང་ཟབ་པ། བོད་དབྱིན་ཧིན་གསུམ་གྱི་སྐད་ཡིག་རང་སྐྱ་འཕེར་ངེས་ཡོད་པ་བཅས་གསལ་འདུག

ཚན་པ་གསུམ་པ་དམིགས་འདུན་དང་ལས་འཆར་ཁག་ ༡༦ ཙམ་ངོ་སྤྲོད་བྱས་ཡོད་པའི་ནང་། ༧གོང་ས་མཆོག་གི་དགོངས་གཞི་ཁག་ལག་ལེན་བསྟར་རྒྱུར་ནུས་པ་རྩེ་གཅིག་ཏུ་འདོན་རྒྱུ་དང་། གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ཐོག་ཆབ་སྲིད་ཀྱི་འགྱུར་འགྲོས་དང་མཐུན་པའི་ནུས་པ་གང་ཡོད་འདོན་རྒྱུ། ཆབ་སྲིད་ཀྱི་གནད་དོན་གལ་ཆེན་ཐད་ཉམས་མྱོང་དང་ཤེས་ཡོན་ཅན་ལ་སྐབས་འཕྲལ་སོ་སོར་གོ་བསྡུར་བྱ་རྒྱུ་ཡིན་པ། བཀའ་ཤག་ཏུ་བུད་མེད་གསུམ་བསྐོ་བཞག་དང་། བཀའ་བློན་མཉམ་འདུས་ཀྱི་འགན་ཁུར་གོང་མཐོར་བཏང་སྟེ། སྤྱི་འཐུས་ལྷན་ཚོགས་དང་ནུས་པ་མཉམ་སྤུངས་ལ་འབད་འབུངས་བྱ་རྒྱུ་ཡིན། ལས་བྱེད་ཀྱི་ཕོགས་ཐོབ་དང་མཐུན་རྐྱེན་ཇེ་ལེགས་སུ་གཏོང་རྒྱུ་དང་། ལས་བྱེད་སོ་སོར་ཤེས་འཇོན་རྩལ་དུ་སྤྲུགས་པའི་གོ་སྐབས་སྤྲོད་རྒྱུ་ཡིན། གཞུང་དང་མི་དམངས་གི་འབྲེལ་ལམ་དམ་ཟབ་བཏང་སྟེ། རྒྱ་བལ་འབྲུག་གསུམ་དང་ཕྱི་རྒྱལ་ཡུལ་གྲུ་ཁག་གི་བོད་མིའི་གཞི་རིམ་སྒྲིག་འཛུགས་དང་ཚོགས་པ་ཁག་སྲ་བརྟན་དང་། དམགས་གཙོ་འཕེལ་རྒྱས་ལ་སྒོ་ཀུན་ནས་ཤུགས་རྒྱག་རྒྱུ། བོད་ནང་ཆོས་རིག་དང་ཤེས་ཡོན། འཕྲོད་བསྟེན། ཁོར་ཡུག་སྲུང་སྐྱོབ་སོགས་ཀྱི་ལས་གཞི་གང་མང་སྤེལ་རྒྱུར་ཐབས་ལམ་འཚོལ་རྒྱུ་དང་། གཞིས་བྱེས་བོད་མིའི་འབྲེལ་ལམ་གོང་མཐོར་གཏོང་ཐབས་སུ་འཕྲལ་ཕུགས་ཀྱི་འཆར་གཞི་སྣ་མང་འདིང་རྒྱུ། ཁྲིམས་ཡིག་གཏན་འབེབས་ལྟར་ཆོས་དོན་ལྷན་ཚོགས་འཛུགས་ཐབས་བྱ་རྒྱུ་དང་། གཞིས་ཆགས་ཡར་རྒྱས་གཏོང་ཐབས་སུ། ནང་སྲིད་ལས་ཁུངས་ཀྱིས་རྒྱ་ཁྱབ་ཞིབ་འཇུག་བྱེད་བཞིན་པ་དེའི་གྲུབ་དོན་གཞིར་བཟུང་། ཞིབ་ཕྲའི་ལས་འཆར་བང་བསྒྲིག་རྒྱུ་དང་། སྲོལ་རྒྱུན་སོ་ནམ་ལ་ཤུགས་སྣོན་དང་ཁྲོམ་ར་ཐབས་འཚོལ། ས་ཁང་སྒྲིག་གཞི་ལག་བསྟར་མི་ཐུབ་པའི་རིགས་བསྐྱར་བཅོས་བྱ་རྒྱུ་འཆར་ཡོད། ཅེས་དང་།

དེ་བཞིན། གཞི་རིམ་ཤེས་ཡོན་སྲིད་བྱུས་རྒྱུན་འཁྱོངས་དང་འབྲེལ། རྒྱ་ཁྱབ་ཏུ་ལག་བསྟར་ཡོང་ཐབས་དང་། བཙན་བྱོལ་བོད་མིའི་དགོས་མཁོ་དང་འཚམས་པའི་མཐོ་རིམ་ཤེས་ཡོན་སྲིད་བྱུས་གང་མྱུར་གཏན་འབེབས་དང་། རིགས་གཅིག་རྐང་འཛིན་གྱི་ཤེས་ཡོན་རོགས་རམ་མང་དུ་གཏོང་ཐབས་བྱ་རྒྱུ། དཔལ་འབྱོར་འདུ་འགོད་ཀྱི་ལས་གཞིར་བསྐྱར་ཞིབ་ཐོག བོད་མི་རང་ངོས་ནས་དང་། ཕྱི་རྒྱལ་ནས་མཐུན་འགྱུར་ཤུགས་ཆེན་ཡོང་ཐབས་བྱ་རྒྱུ་དང་། མི་མང་གི་དཔལ་འབྱོར་ཡར་རྒྱས་གཏོང་ཆེད་མཉམ་འབྲེལ། བལ་གོས་འཚོང་མཁན་ཚོར་གཞུང་ངོས་ནས་མཐུན་རྐྱེན་གང་ཐུབ་སྦྱར་རྒྱུ་དང་། ལུགས་མཐུན་ཐོག་ཕྱི་རྒྱལ་དུ་གཏོང་ཐབས་བྱ་རྒྱུ། བོད་དོན་རྒྱབ་སྐྱོར་གྱི་ནུས་པ་མཐོར་འདེགས་གཏོང་སླད། རྒྱལ་སྤྱིའི་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་སྒྲིག་འཛུགས་དང་ཚོགས་སྡེ་ཁག་ལ་འབྲེལ་གཏུགས་ཚད་མཐོ་རུ་གཏོང་རྒྱུ། རྒྱ་ནག་སྐམ་ས་ཆེན་མོ་དང་ཕྱི་རྒྱལ་ཡུལ་ལུང་ཁག་གི་རྒྱ་མིའི་ཚོགས་སྒེར་ལ་བོད་དོན་དཀའ་གནད་ངོ་སྤྲོད་དང་མཐུན་འབྲེལ་འཛུགས་ཐབས་བྱ་རྒྱུ་ཡིན། ཕྱི་རྒྱལ་དུ་གནས་སྡོད་བོད་མི་ཚོའི་གཞི་རིམ་གྱི་དཀའ་ངལ་ཁག་སེལ་ཐབས་དང་། བོད་མིའི་ཆོས་རིག་སྐད་ཡིག་སྲུང་འཛིན་ལ་མཐུན་འགྱུར་བྱ་རྒྱུ། དེ་བཞིན། བོད་ནས་གསར་དུ་འབྱོར་བ་རྣམས་ཀྱི་དཀའ་ངལ་སེལ་ཐབས་གང་ཡོང་དང་། ལུང་ཁུག་གཞིས་ཆགས་ཁག་ཏུ་ནད་པ་བོར་འདྲེན་སོགས་ལ་སྣུམ་འཁོར་གྱི་མཐུན་འགྱུར་བསྐྲུན་རྒྱུ་བཅས་ངོ་སྤྲོད་གནང་འདུག

༼གསར་འགོད་པ་དོན་འགྲུབ་བཀྲ་ཤིས་ཀྱིས་ལྷོ་ཕྱོགས་སྦེལ་ཀོབ་བོད་མིའི་གཞིས་སྒར་ནས་སྤེལ༽

༼ཡོང་ཁུངས།བོད་ཀྱི་དུས་བབ།༽

གློག་བརྙན་དེས་ཁོ་བོ་ཐང་ངེ་བཏང
བོང་སྟག་མེ་ཟླུམ

གངས་ལྗོངས་ཤེས་རིག་གླིང་གི་འབོད་བརྡ་བརྙན་འཁོར

ངའི་སྙིང་ཁོང་རུས་པའི་གཏིང་ནས

དྲག་ཏུ་འཕྱོ་བཞིན་པའི་ཟུངས་ཁྲག་དམར་པོ་དེ

སུ་ཞིག་གིས་ཧུབ་གང་མཆོད་པ་ཡིན

——སྔོན་འགྲོའི་གཏམ

ཕ་ས་གངས་རི་དེས་གསང་བ

མ་ཁྱིམ་གངས་དཀར་དེས་ཝུ་ཁུང་ལ་དེད་པ

དུས་ཚོད་སྐར་མ་འགའ་ལས་མེད་ནའང

བསམ་གཞིག་གི་རྣོ་དབལ་རུམ་ཏེ

ལོ་ངོ་ཁྲི་ཕྲག་གི་ཕ་རོལ་ཞིག་ལ

རྡེའུ་དཀར་ནག་གི་ཁ་རྩོད་དེ་ཉིད

འཕྲུལ་ཆས་དཀར་པོའི་ལྕེ་འོག་ནས

དྲང་སྲོང་སྤུན་ཟླའི་སྙིང་སྟོབས་སྒྲེང་བ

དུས་ཚོད་ཀྱིས་མིག་ཟུང་ཅེར་ཆོག་ལ

ལོ་རྒྱུས་ཀྱིས་རྣ་བ་གླེགས་ཆོག

སྐྱེས་དངོས་ཁོར་ཡུག་ལ་གཏོར་བརླག་ཐེབས་པའི་ལྡོག་མེད་མཇུག་འབྲས། ༢
གོད་ཆག་གཞུག་གི་མདོ་སྨད་འབྲུག་ཆུ་རྫོང་།

འབྲོག་མྱི།

༤༽འབྲུག་ཆུ་རྫོང་གི་ཤིང་ནགས་བརྒྱ་ཆའི་༩༠བཅད།

ས་གཞིས་བཟང་ཞིང་གནམ་གཤིས་དྲོད་གྲང་སྙོམས་པ་སོགས་རང་བྱུང་གི་གནས་བབ་བཟང་བའི་རྐྱེན་གྱིས་ཕྱི་ལོ་༡༩༥༠ལོའི་ཡར་སྔོན་དུ་རང་བྱུང་ནགས་ཚུལ་གྱི་འབྲུག་ཆུ་རྫོང་གི་ས་ཁྱོན་གྱི་བརྒྱ་ཆའི་༧༠ཁེབས་ཡོད་ཅིང་། རང་བྱུང་ཁོར་ཡུག་ལ་གཏོར་བརླག་ཐེབས་མེད། འོན་ཀྱང་འདས་པའི་ལོ་བཅུ་ཕྲག་འགའི་རིང་འབྲུག་ཆ་རྫོང་གི་རང་བྱུང་ནགས་ཚུལ་ལ་གཞུང་གིས་རྒྱལ་ཁབ་ཀྱི་འཕེལ་རྒྱས་ཆེད་ཁྲིམས་མཐུན་གྱི་བཅད་ནས་ནང་ལོག་ཏུ་སྐྱེལ་འདྲེན་བྱས་པ་དང༌། ས་གནས་མི་མང་གིས་ཀྱང་འབུད་ཤིང་དང་འཚོ་བར་ཁ་སྣོན་གྱི་ཆེད་དུ་རྐུ་གཅོད་རྐུ་ལེན་གང་ཐུབ་བྱས་ཡོད།

༡༩༩༨ལོར་རྒྱ་ནག་གཞུང་གི་ཤིང་ནགས་གཅོད་འབྲེག་མི་ཆོག་པའི་སྲིད་ཇུས་གཏན་འཁེལ་མ་བྱས་པའི་གོང་དུ། འབྲུག་ཆུ་རྫོང་གི་ནོར་སྲིད་ཀྱི་ཡོང་འབབ་ཀྱི་བརྒྱ་ཆའི་༩༥དེ་ཤིང་ནགས་ལས་རག་ཡོད་འདུག

རྒྱ་ནག་ལྟ་བུའི་རྒྱལ་ཁབ་དག་ཏུ་རང་བྱུང་གི་གནོད་འཚེ་ཞེས་པའི་ཁག་ཤན་སའི་མིང་ཚིག་འདིས་དངོས་དོན་ཞིག་བཀབས་ཡོད་པ་ནི་མིའི་འཁུར་དགོས་པའི་འགན་འཁུར་དེ་རེད།རྒྱུ་མཚན་ནི་མིའི་ནོར་འཁྲུལ་ཅན་གྱི་ཐག་གཅོད་ལས་གནོད་འཚེ་རིགས་མེད་པ་ནས་ཡོད་པ་དང་། ཆུང་ངུ་ནས་ཆེན་པོར་བཟོས་ཡོད་པ་ཟད། གནོད་འཚེའི་མཇུག་འབྲས་ཀྱང་ལྡབ་འགྱུར་གྱིས་ཚབས་ཇེ་ཆེར་བཏང་ཡོད།དཔེར་ན་འབྲུག་ཆུ་རྫོང་དུ་ཆུ་མཛོད་དང་ཆུ་གློག་༤༡འཛུགས་བསྐྲུན་བྱ་ཆེད་གང་ས་གང་དུ་ས་བརྐོ་རྡོ་སློག་སོགས་ཀྱིས་སའི་རང་བྱུང་གི་ཆགས་རིམ་ལ་གཏོར་བརླག་ཚབས་ཆེན་བཟོས་ཡོད་ལ། སྤྱིར་ན་འབྲུག་ཆུའི་ས་གཤིས་དེ་འདྲའི་མཁྲེགས་པོ་མེད་པས་ཁར་༡༩༩༠ལོའི་སྔོན་གྱི་ལོ་ངོ་བཅུའི་རིང་འབྲུག་ཆུ་ས་ཁུལ་གྱི་ཤིང་ནགས་ཕལ་ཆེར་ཤུལ་མེད་དུ་བཏང་བ་དང་།ད་ལྟ་འབྲུག་ཆུ་རྫོང་གི་ནགས་ཚུལ་ཀྱི་རྒྱ་ཁྱོན་དེ་དེ་སྔོན་གྱི་བརྒྱ་ཆའི་༧༠ནས་བརྒྱ་ཆའི་༡༠མ་གཏོགས་ལྷག་མེད་པ་དང༌།དེ་མིན་འབྲོག་པའི་ཕྱུགས་ཟོག་འཚོ་སྐྱོང་བྱེད་སའི་རྩྭ་ས་ཡོད་ཚད་ཐེམ་པ་ཅན་གྱི་ཞིང་སར་བསྒྱུར་བ་སོགས་གང་ལྟར་རང་བྱུང་ཁམས་ཀྱི་ཆགས་རིམ་དང་འགལ་བའི་ལས་གང་མང་ཞིག་ནི་མིའི་ནོར་འཁྲུལ་ཅན་གྱི་ཐག་གཅོད་ལ་བསྟེན་ནས་བྱུང་བ་ཤར་རྟགས་རེད།

༥༽ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་ད་ལྟ་ཆུ་རགས་༡༥༦བསྐྲུན་ཡོད།

དེ་རིང་པར་རིས་དང་བརྙན་འཕྲིན་སོགས་སུ་མཐོང་བའི་འབྲུག་ཆུ་རྫོང་ནི་ས་ཤུན་མེད་པའི་སྐྱ་ཐང་ངེར་འདུག་པའི་རི་ལུང་སྐམ་པོ་ཞིག་ཏུ་གྱུར་ཡོད་ཀྱང༌། འབྲུག་ཆུ་ས་ཁུལ་དུ་ཤིན་ཏུ་ཉུང་ཉུང་ཞིག་ལས་ལྷག་མེད་པའི་ཤིང་ནགས་རིགས་ད་དུང་མུ་མཐུད་ནས་གཅོད་འབྲེག་བྱེད་མུས་སུ་ཡིན་པས་སྤང་ཤུན་ལ་གཏོར་བརླག་ཆེན་པོ་ཐེབས་ཡོད་པ་དང༌། འབྲུག་ཆུ་རྫོང་དུ་ད་ཡོད་ཀྱི་ཆུ་རགས་༤༠ལྷག་གི་ཁར་ད་རུང་ཡང་ཆུ་རགས་༡༢བསྐྲུན་འཆར་ཡོད་པ་དང༌། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅིག་པུ་རུ་ད་ལྟ་ཆུ་རགས་༡༥༦བསྐྲུན་ཡོད་པའི་ཁར་ད་དུང་ཆུ་རགས་བཅུ་གྲངས་ཤིག་བསྐྲུན་འཆར་ཡོད་འདུག

དེ་ཡང་ས་གཤིས་ཆེད་མཁས་པ་ཝང་ཝུན་ལོའི་ཡིས་འབྲུག་ཆུ་ཐེམ་སྐུས་བཞིན་དུ་གསར་སྤེལ་བྱས་པ་དང་འབྲུག་ཆུ་ཆུ་རྐ་ཅན་དུ་དྲངས་པ་ནི་ཐེངས་འདིའི་འབྲུག་ཆུ་རྫོང་དུ་བྱུང་བའི་གནོད་འཚེ་འདིའི་རྒྱུ་རྐྱེན་གཙོ་བོ་ཡིན་ཞེས་དང་། དེ་མིན་ཁོང་གིས་ས་གནས་དཔོན་རིགས་ཚོས་ཆུ་མཛོད་དང་ཆུ་གློག་བཟོ་སྐྲུན་ལ་བསྟེན་ནས་ཡོང་སྒོ་བཙལ་ཐབས་བྱས་ཏེ་སོ་སོའི་བྱས་རྗེས་སུ་བསྒྲངས་ཡོད་ལ། རང་ཉིད་ཀྱི་མིག་སྔར་གྱི་ཁེ་བཟང་དེ་མ་གཏོགས་ཕུགས་ཀྱི་མི་དམངས་ཀྱི་བདེ་སྡུག་ལ་དོ་སྣང་མི་བྱེད། ཆུ་རགས་བསྐྲུན་ཆེད་ས་བརྐོ་རྡོ་སློག་བྱས་ཏེ་རི་ངོས་སུ་ས་དུང་ཆེན་པོ་མང་པོ་བརྐོས་རྗེས་ས་བླངས་ཤུལ་རྡོ་བརྐོས་ས་རུ་ཁ་གསབ་བསྐྱར་གསོ་སོགས་སླར་གསོའི་རིགས་ཅི་ཡང་མི་བྱེད་པར་བཞག་ཡོད་པས་རྡོ་རུད་ས་འཁྱོལ་བྱུང་རྒྱུར་རྒྱུ་རྐྱེན་བསྐྲུན་ཡོད་ཅེས་འགྲེལ་བརྗོད་བྱས་འདུག

༦༽འབྲུག་ཆུ་རྫོང་དུ་ས་འཁྱོལ་བྱུང་བ་ཐེངས་དང་པོ་མིན།

མདོ་སྨད་འབྲུག་ཆུ་རྫོང་དུ་ས་རུད་ཆུ་ལོག་གི་གོད་ཆག་བྱུང་བ་ད་ཐེངས་དང་པོ་མིན་ལ། དེ་སྔོན་༡༩༩༢ལོར་འབྲུག་ཆུ་རྫོང་དུ་ས་རུད་ཆུ་ལོག་གི་གོད་ཆག་ཅིག་བྱུང་བའི་ཁྲོད་ཡུལ་མི་༨༧རྐྱེན་འདས་སུ་གྱུར་ཡོད་པ་དང་། དེ་ནི་རྒྱ་ནག་རྒྱལ་ཁབ་དབུ་བརྙེས་ནས་བྱུང་བའི་ས་འཁྱོལ་གྱི་གོད་ཆག་ཆེ་ཤོས་སུ་ངོས་འཛིན་བྱས་ཡོད།

དེའི་རྗེས་༢༠༠༨ལོར་ཝུན་ཁྲོན་ས་འགུལ་གྱི་རྗེས་སུ་ས་གཤིས་ཆེད་མཁས་པའི་རི་ཁག་ཅིག་འབྲུག་ཆུ་སོགས་སུ་སོང་ནས་བརྟག་དཔྱོད་བཏང་པའི་འབྲས་བུ་རུ་འབྲུག་ཆུ་རྫོང་ཆགས་སའི་ས་ཁུལ་དེ་ནི་མི་འཚོ་སྡོད་མི་འོས་པའི་ས་ཁུལ་དུ་ངོས་འཛིན་བྱས་པ་མ་ཟད་མ་འོངས་བཅོས་སྐྱོང་གི་ཐབས་ལམ་གསུམ་དྲངས་ཡོད་པའི་དང་པོ་རུ་གནས་གཞན་དུ་སྤོ་རྒྱུ་བཞག་ཡོད། ཡིན་ན་ཡང་འབྲུག་ཆུ་རང་ལ་ནུས་ཤུགས་ཀྱི་མ་འདང་བ་དང༌། རྒྱལ་ཁབ་གཞུང་གིས་དེ་ལ་དོ་སྣང་མ་བྱས་པར་རྐྱེན་ངན་བྱུང་བའི་བར་དུ་རང་དགར་ལུས་སོང་བ་རེད།

འབྲུག་ཆུ་རྫོང་གི་རྫོང་དཔོན་གྱིས་ཧྲིན་ཀྲིན་དམིགས་བསལ་ས་ཁུལ་གྱི་ཚགས་པར་ལ་འགྲེལ་བརྗོད་བྱས་པ་ནང་བཞིན་ང་ཚོ་འབྲུག་ཆུས་རྒྱལ་ཁབ་འཕེལ་རྒྱས་ཆེད་ཤིང་ཆ་གྲངས་ལས་འདས་པ་ཕུལ་ནས་དཔལ་འབྱོར་འཕེལ་རྒྱས་ལ་ནུས་ཤུགས་ཆེན་པོ་བཏོན་ཡོད་ནའང་རྒྱལ་ཁབ་དང་སྲིད་གཞུང་གིས་ཉེན་ཁ་ཡོད་པ་ཤེས་བཞིན་དུ་འབྲུག་ཆུ་མི་དམངས་ཀྱི་བདེ་སྡུག་ལ་དོ་སྣང་མ་བྱས་པར་༢༠༡༠ལོའི་ཟླ་༨པའི་ཚེས་༨བར་ལྷག་ནས་མི་རྒྱུ་གཉིས་ལ་གྱོང་གུད་ཧ་ཅང་ཚབས་ཆེན་བྱུང་རྗེས་ད་བཟོད་དོ་སྣང་བྱས་ཀྱང་ཕྱི་དྲགས་པ་རེད།

ད་དུང་སྐྱི་གཡའ་དགོས་པ་ཞིག་ནི་འབྲུག་ཆུ་རྫོང་གི་དམར་ཤོག་ཚོགས་པའི་དྲུང་ཆེས་ཚེས་༡༦ཉིན་གསལ་བསྒྲགས་བྱས་པ་ལྟར་ན་འབྲུག་ཆུ་རྫོང་ས་གནས་རང་དུ་སླར་གསོ་བྱ་རྒྱུ་ལས་ས་གནས་གཞན་དུ་སྤོ་འཆར་མེད་ཅེས་བརྗོད་ཡོད།

༧༽རང་བྱུང་ཁམས་དང་ས་རྩོད།

དེ་མིན་འབྲུག་ཆུ་རྫོང་ཆགས་སའི་གནས་དེ་རུ་རྫོང་གི་གྲོང་ཁྱེར་ཆགས་སའི་ས་ཆའི་རྒྱ་ཁྱོན་དུ་སྤྱི་ལེ་གྲུབ་བཞི་མ་༡དང་གྲངས་ཆུང་བཞི་ལས་མེད་ཀྱང་། མི་ཁྲི་ལྔ་ལྷག་འཚོ་སྡོད་བྱས་པས་མི་འབོར་གྱི་འདུས་ཚད་དེ་ལན་གྲུ་གྲོང་ཁྱེར་དང་གཅིག་མཚུངས་རེད། རྒྱུ་མཚན་དེ་དག་གི་དབང་གིས་གྲོང་ཁྱེར་འཛུགས་སྐྲུན་ཐད་ཀྱང་ཉེན་ཁ་དང་ཕུགས་རྒྱང་ལ་བསམ་བློ་བཏང་བ་ཆུང་དྲགས་པ་དང་མིག་སྔར་གྱི་དགོས་དབང་དུ་སོང་བས་ཨུ་ཚུགས་ཀྱིས་རང་བྱུང་ཁམས་དང་ས་རྩོད་བྱས་ན་ཡོང་ཐབས་མེད་པ་ཞིག་རེད་ཅེས་འབྲུག་ཆུའི་རྫོང་དཔོན་གྱིས་གསུང་བ་ནང་བཞིན་རེད།

གང་ལྟར་འབྲུག་ཆུ་རྫོང་དུ་བྱུང་བའི་༨-༨རང་བྱུང་གནོད་འཚེ་འམ་ས་རུད་ཆུ་ལོ་གི་གོད་ཆག་དེ་ནི་རང་བྱུང་ཆོས་ཉིད་དང་མ་བསྟུན་པར་འབྲུག་ཆུ་གསར་སྤེལ་བྱས་པ་མང་དྲགས་པ་དང་གྲོང་ཁྱེར་འཛུགས་སྐྲུན་ཁྲོད་ཀྱི་ནོར་འཁྲུལ་ཀྱི་མཇུག་འབྲས་ཡིན་པ་ཆེད་མཁས་པས་བརྗོད་འདུག་ལ། དེ་ཡི་རང་བཞིན་ངོ་མ་ནི་ས་བརྐོ་རྡོ་སློག་དང་སྐྱེས་དངོས་ཁོར་ཡུག་ལ་གཏོར་བརླག་ཐེབས་པའི་ལྡོག་མེད་མཇུག་འབྲས་རེད།

ཕྱི་ལོ་༢༠༡༠ལོའི་ཟླ་༨པའི་ཚེས་༢༤ཉིན།

སྐྱེས་དངོས་ཁོར་ཡུག་ལ་གཏོར་བརླག་ཐེབས་པའི་ལྡོག་མེད་མཇུག་འབྲས། ༡
གོད་ཆག་སྔོན་གྱི་མདོ་སྨད་འབྲུག་ཆུ་རྫོང་།

འབྲོག་མྱི།

༡༽ད་ལོ་འབྱུང་བ་ཆུའི་འཇིག་པ་ཤིན་ཏུ་རྩུབ།

ཕྱི་ལོ་༢༠༡༠འདི་ནི་ས་ཡི་གོ་ལ་བྱིངས་དང་དེ་ལས་ཀྱང་གོ་ལའི་ཤར་ཕྱོགས་སུ་ཆར་ཆུ་མོད་ཅིང་འབྱུང་བ་ཆུའི་འཇིག་པ་ཤིན་ཏུ་རྩུབ་པའི་ལོ་ཞིག་ཡིན་པ་པཱ་ཀི་སི་ཏན་རྒྱལ་ཁབ་ཀྱི་ལྔ་ཆའི་གཅིག་ཆུའི་འོག་ཏུ་ནུབ་པ་དང་། རྒྱ་ནག་ཏུ་ཡུལ་མི་དུང་ཕྱུར་གཅིག་ལྷག་ལ་ཆུ་ལོག་གི་གནོད་འཚེ་ཐེབས་པ་སོགས་ཀྱིས་མཚོན་ཞིང་། སྒོས་སུ་༢༠༡༠ལོའི་ཟླ་༨བའི་ཚེས་༧གྱི་མཚན་མོར་གློ་བུར་དུ་བྱུང་བའི་ས་རུད་ཆུ་ལོག་གི་གནོད་འཚེ་ཡིས་མདོ་སྨད་འབྲུག་ཆུའི་རྫོང་གི་མི་འབོར་༢༠༠༠ཅན་གྱི་ཞིན་ཡོན་སྡེ་བ་ཤུལ་མེད་དུ་བཏང་དང་དུད་ཁྱིམ་༥༠༠༠ལྷག་ལ་གནོད་འཚེ་ཐེབས་ཤིང༌།འབྲུག་ཆུ་རྫོང་གི་ཕྱེད་ཀ་འདམ་རྡོའི་འོག་མནན་ནས་ཟླ་བརྒྱད་པའི་ཚེས་༢༠འི་ཡར་སྔོན་དུ་ཡུལ་མི་༡༤༠༠ལྷག་རྐྱེན་འདས་སུ་གྱུར་བའི་གོད་ཆག་དེ་ནི་ས་གནས་རྨིག་གོང་འདྲ་བ་ཞིག་ཏུ་རང་བྱུང་གི་གནོད་འཚེ་ལས་བྱུང་བའི་གོད་ཆག་ཚབས་ཆེན་ཞིག་ཏུ་ངོས་འཛིན་བྱས་ཡོད།

༢༽འབྲུག་ཆུ་རྫོང།

དགོས་དབང་གིས་འབྲུག་ཆུ་རྫོང་ངོ་སྤྲོད་མདོར་བསྡུས་ཤིག་བྱས་ན།འབྲུག་ཆུ་རྫོང་ནི་མདོ་སྨད་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་རྫོང་བདུན་གྱི་ཡ་གྱལ་དང༌། ཕྱི་ལོ་༡༩༥༩ལོའི་སྔོན་དུ་འབྲུག་ཆུ་རྫོང་མཁར་དུ་མི་ཆིག་ཁྲི་མ་གཏོགས་མེད་ནའང་ད་ལྟ་རྫོང་མཁར་དུ་མི་ཁྲི་ལྔ་འཚོ་སྡོད་བྱས་ཡོད་ཅིང༌། འབྲུག་ཆུ་རྫོང་ཡོངས་ལ་མི་འབོར་འབུམ་གཅིག་དང་ཁྲི་གསུམ་ལྷག་ཡོད་ལ། དེའི་ནང་དུ་བོད་མི་ཁྲི་བཞི་དང་ཕྱེད་ཙམ་ཡོད་པ་དང་། འབྲུག་ཆུ་རྫོང་གི་མངའ་ཁོངས་སུ་ཞང་༡༧དང་ཀྲིན་ཞེས་པའི་གྲོང་བརྡལ་གཉིས་དང༌། ཚོ་སྡེ་༢༡༠ཡོད། འབྲུག་ཆུའི་ལོ་རྒྱུས་ལྟར་ན་ལོ་ངོ་༥༠འི་ཡར་སྔོན་དུ་འབྲུག་ཆུ་ས་ཁུལ་མང་ཆེ་བ་རང་བྱུང་ནགས་ཚུལ་གྱིས་ཀུན་ནས་གཡོགས་ཤིང༌། ཆུ་གཙང་ལ་རི་ཡག དུས་བཞི་གསལ་ཞིང་དགུན་ཁར་མི་འཁྱག་དབྱར་ཀར་མི་ཚ་བའི་གནས་མཆོག་ཏུ་གྱུར་བ་ཞིག་རེད།

༣༽ཆེད་མཁས་བའི་སྡོམ་ཚིག—འབྲུག་ཆུ་རྫོང་གནས་སྤོ་དགོས།

འོན་ཀྱང་འདི་འདྲའི་གནས་མཆོག་ཏུ་གྱུར་བ་ཞིག་ལ་དེ་རིང་ཅིའི་ཕྱིར་འདི་ལྟ་བུའི་རང་བྱུང་གནོད་འཚེ་ཚབས་ཆེན་ཞིག་བྱུང་བ་དང༌། གནོད་འཚེ་དེའང་རང་བྱུང་གནོད་འཚེ་ཁོ་ན་ལས་མི་བཟོས་གནོད་འཚེ་ཐེ་མེད་དམ་ཞེ་ན། རྒྱལ་ཁབ་མང་པོའི་ས་གཤིས་ཆེད་མཁས་པ་དུ་མས་ཁ་གཅིག་གྲགས་དུ་རང་བྱུང་དུ་གྲུབ་བའི་རྒྱུ་རྐྱེན་ཀྱི་ཁར་མིས་ནོར་འཁྲུལ་ཅན་གྱི་རམ་འདེགས་ཧ་ལས་དགོས་པ་བྱས་ཡོད་པས་མི་བཟོས་ཀྱི་གོད་ཆག་ཏུ་ངོས་འཛིན་བྱ་རུང་ཅེས་བརྗོད་ཡོད།

དོན་དངོས་སུ་ལོ་གཉིས་ཀྱི་ཡར་སྔོན་ཏེ་ཝུན་ཁྲོན་ས་འགུལ་ཆེན་མོའི་རྗེས་སུ་ཆེད་མཁས་པའི་ཉེན་བརྡ་བཏང་ནས།ས་རུད་ཆུ་ལོག་གི་གནོད་འཚེ་མ་བྱུང་བའི་གོང་དུ་འབྲུག་ཆུ་རྫོང་ངེས་པར་དུ་གནས་གཞན་ཞིག་ཏུ་སྤོ་དགོས་ཅེས་གོང་རིམ་ལ་སྙན་ཞུ་ཕུལ་ཡོད་ཀྱང་རྒྱ་སྒོར་བྱེ་བ་བརྒྱད་ཀྱི་བཀོད་སྒྲིག་མ་དངུལ་འབྲུག་ཆུ་རྫོང་རང་ངོས་ལ་མ་འཛོམས་པ་དང་གོང་མས་མ་གནང་བས་ལག་ལེན་དུ་བསྟར་མ་ནུས་པར་རང་དགར་ལུས།

༢༠༠༨ལོའོ་ཟླ་༥བའི་ཚེས་༡༢ཉིན་བྱུང་བའི་སི་ཁྲོན་ཝུན་ཁྲོན་ས་འགུལ་གྱི་རྗེས་སུ། རྒྱ་ནག་རྒྱལ་ཁྱབ་མངའ་ཁོངས་ལྷན་ཁང་གིས་ས་གནས་སོ་སོར་ས་རུད་དང་ས་འཁྱོལ་སོགས་སྐུལ་བྱུང་གནོད་འཚེའི་རིགས་བརྟག་དཔྱོད་སྐབས་འབྲུག་ཆུ་རྫོང་དེ་ཉེན་ཁ་ཅན་གྱི་མིང་གཞུང་དུ་བཀོད་ཡོད་པ་པ་མ་ཟད། བདེ་འཇགས་ཡིན་པའི་ས་གནས་གཞན་ཞིག་ཏུ་གནས་སྤོ་རྒྱུ་ནི་འབྲུག་ཆུའི་མི་མངོན་པའི་རྐྱེན་ངན་སེལ་ཐབས་མཆོག་གྱུར་དེ་རེད་ཅེས་བསམ་འཆར་བཏོན་ཡོད། ཡིན་ན་ཡང༌། ཆེད་མཁས་པའི་སྡོམ་ཚིག་དེ་ནི་ནམ་ཡང་སྲིད་ཇུས་ཀྱི་རྗེས་སུ་འབྲང་དགོས་ལ། གནད་དོན་གཞན་ཞིག་ནི་སྒོར་མོ་ལ་ཐུག་ཡོད་པས་འབྲུག་ཆུ་རྫོང་རང་ངོས་ནས་དེ་འདྲའི་འགྲོ་སོང་ཕོན་ཆེན་ཞིག་གཏོང་མི་ཐུབ་པས་དེ་ལྟར་ལྷག་པ་རེད།

བརྟག་དཔྱོད་རི་ཁག་དེས་༼ཀན་སུའི་ཞིང་ཆེན་ཀན་ལྷོ་ཁུལ་འབྲུག་ཆུ་རྫོང་ས་འགུལ་བསྐྱར་བྱུང་གནོད་འཚེ་བརྟག་དཔྱོད་སྙན་ཐོ་༽ཞེས་པ་ཞིག་ས་གནས་སྲིད་གཞུང་ལ་ཕུལ་ཡོད་ལ། སྙན་ཐོའི་ནང་གཙོ་ཆེ་ཤོས་འབྲུག་ཆུ་རྫོང་ཆགས་སའི་ས་ཁུལ་དུ་བསྐྱར་བྱུང་ས་གཤིས་གནོད་འཚེའི་མངོན་པའི་རྐྱེན་ངན་ཤིན་དུ་ཚབས་ཆེན་ཡིན་པ་དང༌། བཅོས་སྐྱོང་བྱ་རྒྱུར་དཀའ་ངལ་ཆེ་བ།བཅོས་སྐྱོང་བྱ་རྒྱུར་འགྲོ་གྲོན་ཆེ་བ་སོགས་དངོས་ཡོད་གནས་སྟངས་སྐོར་དབྱེ་ཞིབ་བྱས་ཡོད།

འབྲུག་ཆུ་རྫོང་གི་ས་གཤིས་བརྟག་དཔྱོད་ནང་ཞུགས་པའི་པེ་ཅིན་རྒྱལ་ཁབ་མངའ་ཁོངས་ས་གཤིས་ཁོར་ཡུག་སྡེ་ཚན་གྱི་ཏུའུ་ཐོའོ་ཟེར་བས་ཕྱིར་དྲན་སྐབས། སྐབས་དེར་ང་ཚོ་པེ་ཅིན་གྱི་ཚད་གཞི་ལྟར་བཞག་ན་ང་ཚོའི་བསམ་འཆར་ནི་གནས་སྤོ་བྱ་རྒྱུ་དེ་ཡིན་ཞེས་བརྗོད་ཡོད།

དོན་དམ་པའི་དུས་རབས་༢༠བའི་ལོ་རབས་༨༠འི་ནང་ས་གཤིས་ཆེད་མཁས་པ་ཞིག་གིས་འབྲུག་ཆུ་རྫོང་ནི་ས་འཁྱོལ་བྱུང་སླ་བའི་ས་ཁུལ་ཞིག་ཡིན་པས་གནོད་འཚེ་གཡོལ་ཐབས་ཡག་ཤོས་དེ་ནི་གནས་སྤོ་རྒྱུ་དེ་རེད་ཅེས་ལམ་སྟོན་གནང་མྱོང་ཡོད་ལ། འབྲུག་ཆུ་རྫོང་རང་ངོས་ནས་ཀྱང་ཤིན་ཏུ་ནི་ཉེན་ཁའི་འོག་ཡོད་པའི་གྲོང་སྡེ་འགའ་ས་གནས་གཞན་དག་ཏུ་སྤོ་རྩིས་བྱས་ཀྱང་དེ་འདྲ་ཙམ་ལའང་སྒོར་བྱེ་བ་མང་པོ་དགོས་པས་འབྲུག་ཆུ་རྫོང་རང་ཉིད་ལ་དེ་འདྲའི་ནུས་བ་མེད་པར་བསྟུན་རེ་ཞིག་རེ་ཞིག་ཅེས་གནོད་འཚེ་བྱུང་བའི་བར་དུ་ལྷག་པ་རེད།

གནམ་ལྕགས་ཚགས་པར་གྱི་རྩོམ་སྒྲིག་པ་བཞི་འཛིན་བཟུང་།
འབར་ཁམས་མི་རིགས་སློབ་འབྲིང་ནང་གི་སློབ་མ་“གནམ་ལྕགས་ཚགས་པར་”ཞེས་པའི་རྩོམ་སྒྲིག་པ་བཞི་འདི་ལོའི་ཕྱི་ཟླ་༣ ནང་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་པ་དང། ད་ལྟའི་གནས་སྟངས་ནང་མི་འབྲེལ་ཡོད་སུས་ཀྱང་ཤེས་རྟོགས་བྱུང་མེད་འདུག

ཁོང་ཚོ་འཛིན་བཟུང་དགོས་དགོས་དོན་ཚགས་པར་ཐོག་སློབ་མ་ཚོས་མི་རིགས་དབྱེ་འབྱེད་ཡོད་སྐོར་དང། བོད་མི་རིགས་ཀྱི་དཀའ་ངལ། ༢༠༠༨ ལོའི་བོད་མིའི་ཞི་རྒོལ་ལ་རྗེས་དྲན་བྱས་པ་སོགས་ཀྱིས་ཡིན་འདུག

ཀ་ཉག་ཚེ་རིང་གིས་ཟླ་འདིའི་ཚེས་༢༦ ཉིན་གནས་ཚུལ་མཁོད་སྤྲོད་བྱས་པའི་ནང་འཁོད་དོན། གནམ་ལྕགས་ཚགས་པར་རྩོམ་སྒྲིག་པ་བསོད་ནམས་རིན་ཆེན། རང་ལོ་ ༡༩ འབར་ཁམས་མི་རིགས་ མཐོ་འབྲིང་སློབ་གྲྭར་ སློབ་གཉེར་བྱེད་བཞིན་པའི་ཕྱི་ལོ་ 2010 ལོའི་མཐར་ཕྱིན་སློབ་མ་ཡིན། ཁོ་བོ་ནི་མདོ་སྨད་ རྔ་བ་ཁུལ་མཛོད་དགེ་རྫོང་བྱམས་མེ་ཡུལ་ཚོའི་དགའ་ཆོམ་སྡེ་བ་ནས་ཡིན་ཞིང་། ཕ་མིང་ལ་རིན་རྡོར་དང། མ་མིང་ལ་རྟམ་རྡོ་ཟེར་བ་ཡིན། ཁོང་ཕྱི་ལོ་ ༢༠༡༠ ལོའི་ཟླ ༣ ཚེས་ ༡༧ ཉིན་རྒྱ་ནག་གཞུང་གིས་ མི་རིགས་ཁ་བྲལ་རིང་ལུགས་དང་སློབ་མར་ངན་སྐུལ་གྱི་སྣེ་ཁྲིད་པ་སོགས་ཀྱི་ཉེས་འཛུགས་བྱས་ཏེ་འཛིན་བཟུང་བྱས་ཤིང། རྗེས་སུ་འབར་ཁམས་ནས་ལོ་གཉིས་ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག། དེང་སྐབས་ས་གནས་གཞན་ཞིག་ཏུ་བསྐྱལ་ཡོད་ཚུལ་ཙམ་ལས་གནས་ཚུལ་གསལ་བོ་ཤེས་རྟོགས་མི་འདུག

གནམ་ལྕགས་ཚགས་པར་རྩོམ་སྒྲིག་པ་བསོད་ནམས་དོན་གྲུབ།  རང་ལོ་༡༨ ཁོ་བོ་ནི་མདོ་སྨད་རྔ་བ་ཁུལ་མཛོད་དགེ་རྫོང་བྱམས་མེ་ཡུལ་ཚོའི་བུམ་སྐོར་སྡེ་བ་ནས་ཡིན་ཞིང་། ཕ་མིང་ལ་འབྲུག་མཁར་དང། མ་མིང་ལ་འོ་ཕྲུག་ཟེར་བ་ཡིན། འབར་ཁམས་མི་རིགས་མཐོ་འབྲིང་སློབ་ གྲྭར་སློབ་གཉེར་བྱེད་བཞིན་པའི་ཕྱི་ལོ་ ༢༠༡༠ ལོའི་མཐར་ཕྱིན་སློབ་མ་ཡིན། ཁོང་ཕྱི་ལོ་ ༢༠༡༠ ལོའི་ཟླ ༣ ཚེས་ ༡༧ ཉིན་ རྒྱ་ནག་གཞུང་གིས་མི་རིགས་ཁ་བྲལ་རིང་ལུགས་དང་སློབ་མར་ངན་སྐུལ་གྱི་སྣེ་ཁྲིད་པ་སོགས་ཀྱི་ཉེས་ འཛུགས་བྱས་ཏེ་འཛིན་བཟུང་བྱས་པ་དང། ད་ལྟ་ད་དུང་འབར་ཁམས་སུ་བཀག་ཉར་བྱས་ཡོད་ཚུལ་ཙམ་ལས་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་མ་བྱུང་།

གནམ་ལྕགས་ཚགས་པར་རྩོམ་སྒྲིག་པ་ཡར་རྒྱས། ཁོ་བོ་ནི་མདོ་སྨད་རྔ་བ་ཁུལ་རྔ་པ་རྫོང་གི་ཡིན་ཞིང། འབར་ཁམས་མི་རིགས་མཐོ་འབྲིང་སློབ་གྲྭར་སློབ་གཉེར་བྱེད་བཞིན་པའི་ཕྱི་ལོ་ ༢༠༡༠ ལོའི་མཐར་ཕྱིན་སློབ་མ་ཡིན། ཁོང་ཕྱི་ལོ་ ༢༠༡༠ ཟླ ༣ ཚེས་ ༡༧ ཉིན་རྒྱ་ནག་གཞུང་གིས་མི་རིགས་ཁ་བྲལ་རིང་ལུགས་དང་སློབ་མར་ངན་སྐུལ་བྱེད་མཁན་གྱི་སྣེ་ཁྲིད་པ་སོགས་ཀྱི་ཉེས་འཛུགས་བྱས་ཏེ་འཛིན་བཟུང་བྱས་པ་དང། རྗེས་སུ་འབར་ཁམས་ནས་ལོ་གཉིས་ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག་ལ། དེང་སྐབས་ས་གནས་གཞན་དུ་བསྐྱལ་ཡོད་ཚུལ་ཙམ་ལས་གནས་ཚུལ་གསལ་བོ་ཤེས་རྟོགས་མ་བྱུང།

གནམ་ལྕགས་ཚགས་པར་རྩོམ་སྒྲིག་པ་གྲགས་ལྡན། ཁོ་བོ་ནི་མདོ་སྨད་རྔ་པ་ཁུལ་རྔ་པ་རྫོང་གི་ཡིན་པ་དང་། འབར་ཁམས་མི་རིགས་ཆེས་མཐོའི་སློབ་འབྲིང་དུ་སློབ་གཉེར་བྱེད་བཞིན་པའི་ཕྱི་ལོ་ ༢༠༡༠ ལོའི་མཐར་ཕྱིན་སློབ་མ་ཡིན།  ཁོང་ཕྱི་ལོ་ ༢༠༡༠ ཟླ ༣ ཚེས་ ༡༧ ཉིན་རྒྱ་ནག་གཞུང་གིས་མི་རིགས་ ཁ་བྲལ་རིང་ལུགས་དང་སློབ་མར་ངན་སྐུལ་བྱེད་མཁན་གྱི་སྣེ་ཁྲིད་པ་སོགས་ཀྱི་ཉེས་འཛུགས་བྱས་ཏེ་འཛིན་ བཟུང་བྱས་པ་དང། ད་ལྟ་ད་དུང་བཀག་ཉར་འོག་ཡོད་པ་ལས་གཞན་གནས་ཚུལ་གང་ཡང་ཤེས་རྟོགས་མ་ཐུབ།

གོང་གསལ་གནམ་ལྕགས་ཚགས་པར་གྱི་རྩོམ་སྒྲིག་པ་འབར་ཁམས་མི་རིགས་མཐོ་འབྲིང་སློབ་གྲྭའི་སློབ་མ་བཞི་འཛིན་བཟུང་བྱེད་དགོས་པའི་རྒྱུ་རྐྱེན་གཙོ་བོ་ཞིག་ནི་ཕྱི་ལོ་ ༢༠༡༠ ཟླ་༣ ཚེས་༡༧ ཉིན་འབར་ཁམས་མི་རིགས་མཐོ་འབྲིང་སློབ་གྲྭའི་ནང་གི་བོད་རིགས་སློབ་མ་རྣམས་ཀྱིས་ས་བྱི་ལོའི་ཞི་བའི་གསར་བརྗེར་རྗེས་དྲན་གྱི་འདུ་འཛོམས་བྱས་པ་དང་། གནམ་ལྕགས་ཚགས་པར་སྟེང་དུ་དེ་གའི་སློབ་མ་ཚོའི་མི་རིགས་འདྲ་མཉམ་མིན་པ་དང་བོད་ཁུལ་ཡོངས་ལ་རྒྱ་ནག་གཞུང་གིས་གཉའ་གནོན་འདྲ་མིན་སྣ་ཚོགས་བྱས་པར་སྙན་ངག་དང་འབོལ་རྩོམ་སོགས་རྩོམ་ལུས་འདྲ་མིན་གྱི་ལམ་ནས་དགག་སྒྲུབ་དང་ལྟ་ཚུལ་གསང་བོར་བརྗོད་པར་འབྲེལ་བ་ཡོད་འདུག་པ་བཅས། ཕྱི་ལོ 2010 ཟླ་ 8 ཚེས་ 26 ལ་གསར་འགྱུར་མཁོ་སྤྲོད་པ་ཀ་ཉག་ཚེ་རིང་གིས།

མཐའ་མའི་བསྐྱར་བཅོས། ( ‘༢༠༡༠, ༠༨, ༢༦’ )

༼ཡོང་ཁུངས། བོད་ཀྱི་བང་ཆེན།༽