ངེས་དོན་གྱི་བྱངས་སེམས།

 

ངེས་དོན་གྱི་བྱངས་སེམས།

              འོད་དཀར་།

རབ་འབྱམས་རྒྱལ་བ་གང་གཱའི་རྡུལ་གྱི་གྲངས་དང་མཉམ་པ་དེ་དག་གི།

འགྲོ་ལ་བརྩེ་བ་གཅིག་བསྡུས་སྤྱན་རས་གཟིགས་ཞེས་ཡོངས་སུ་གྲགས།།

ཁྱེད་ཀྱི་རྣམ་སྤྲུལ་ཞི་བདེའི་དེད་དཔོན་བསྟན་འཛིན་རྒྱ་མཚོ་མཆོག།

མགོན་མེད་བདག་གིས་གུས་པས་བཏུད་ཅིང་བསྟོད་ཚིག་མེ་ཏོག་ཕྲེང་བ་གཏོར།།

 

ཁྱེད་སྐུ་ཉི་གཞོན་སྟག་འཚེར་གནས་ནས་བྱམས་བརྩེའི་དྲོད་ཀྱི་འོད་རླབས་གོ་ལ་ཧྲིལ་བོའི་ཕ་མཐར་བརྒལ།།

འཛམ་གླིང་ས་ཆེན་འདི་ཡི་ལྟ་གྲུབ་འཛིན་པའི་མཁས་དབང་དག་ཀྱང་ཁྱེད་ལ་དུང་ཞིང་ཁྱེད་གསུང་བརྩི།།

བསྟན་པའི་བདག་པོ་སྟོན་པ་ཤཱཀྱའི་ལྟ་སྤྱོད་དག་ཀྱང་ཁྱེད་ཀྱིས་དཔྱོད་དང་སྤྱོད་པའི་ཞི་བདེའི་ལམ་ལ་དྲངས།།

ཉིད་ལ་མངའ་བའི་རྟགས་མ་དག་ལས་གཅིག་གི་གཅིག་ལ་འགྲན་པ་དཔག་བསམ་ཤིང་གི་རྩེ་མོར་བསྙེག།

 

དམར་ནག་རྒྱ་ཡི་འཐབ་ངོ་མི་ཡོང་རང་སྡུག་རང་ལ་སྟེར་བའི་སྐུ་དྲག་བཙན་པོ་ཡི།།

མི་འཇིགས་སེང་གེ་ཁྲི་ལ་ལང་ཚོས་ཆ་ཤས་མ་རྫོགས་བོད་འབངས་ཡོངས་ཀྱི་རེ་འདོད་ཞེས།།

གངས་རིའི་ལྷ་དང་བླ་མའི་ལུང་བསྟན་ཡིན་ཞེས་ཁྱེད་ལ་རྩེ་གཅིག་གུས་པས་གསོལ་འདེབས་བྱས།།

འདི་ལྟར་བོད་ཀྱི་སྐུ་དྲག་ངན་པའི་གཡོ་འོག་ནས་ཁྱེད་ལ་རང་བཙན་ཤོར་བའི་ནག་ཉེས་བཀལ།།

 

དམར་པོ་རྒྱ་དང་སྐུ་དྲག་བཙན་པོ་དག་གི་རྐྱེན་ངན་གྲོགས་སུ་ཤར་བའི་རྟེན་བཟང་ལས།།

མེ་ཏོག་པདྨོ་བཞད་པའི་ཁྱེད་ཀྱི་ཞབས་ཟུང་རི་མོ་འཕགས་ཡུལ་ཕྱོགས་སུ་གོམ་སྟབས་བསྒྱུར།།

ས་ཆེན་འདི་རུ་དཀར་ཕྱོགས་སྐྱོང་བའི་ལྷ་ཀླུ་དག་གིས་བཀྲ་ཤིས་མེ་ཏོག་ཤིས་ཚིག་གཏོར།།

ཀྱེ་མ་ཤཱཀྱཱའི་རྗེས་འཇུག་ཞི་བདེའི་དེད་དཔོན་དེང་འདིར་བཀྲ་ཤིས་ཉིན་མོ་ཤར་མགོ་ཚུགས།།

  དེ་ལས་མང་། »

བོད་ཀྱི་སྨྱུག་ཐོགས་པའི་འགན།

བོད་ཀྱི་སྨྱུག་ཐོགས་པའི་འགན།                 

                འོད་དཀར།
འཛམ་གླིང་སྟེང་སྨྱུག་འཛིན་པ་ཆེས་མང་བར་བརྗོད་ཀྱང་མི་ཆོག་པ་མེད་པའི་ང་ཚོ་སྒང་བ་བོད་ལ་མཚོན་ན་སྨྱུག་འཛིན་པ་དར་ཁྱབ་ཆེན་པོ་ཡོད་ལ། དེ་བཞིན་སྨྱུ་གུ་དང་འབྲེལ་བའི་ལས་གནས་གང་མང་ཞིག་དར་ཡོད།  མདོ་སྨད་ཕྱོགས་ལ་མཚོན་ན་ཞིང་འབྲོག་གི་རྒད་པོ་ཚོས་འུར་ཆ་དང་སོ་ར་མི་འཛིན་པར་སྒྲ་སྙན་འཛིན་ལ།  དགོན་པའི་གྲྭ་བ་དང་སློབ་གྲྭ་ཚོས་སློབ་དེབ་མི་འཛིན་པར་ཤོག་སྟོང་དང་སྨྱུ་གུ་འཛིན་པའི་དུས་འདིར་ང་ཚོའི་སྨྱུག་ཐོགས་པ་ཚོ་ལ་བསམ་གཞིག་བྱེད་དགོས།  དེ་བཞིན་སྨྱུག་འཛིན་པ་ཚོ་ཚད་ངེས་ཅན་ལ་སླེབས་ཐུབ་པ་བྱེད་དགོས་ཀྱི་འདུག
       
གཞི་རྩའི་བོད་ནང་དང་བཙན་བྱོལ་ཁྲོད་ཀྱི་སྨྱུག་ཐོགས་པ་གཉིས་ཀྱི་བོད་ཡིག་གི་ཤེས་ཚད་སོ་སོ་ཡིན་ལ་དེ་བཞིན་གཞི་རྩའི་བསམ་བློའི་ཁ་ཕྱོགས་ཀྱང་སོ་སོ་རེད།    ངས་འདིར་སྨྱུག་ཐོགས་པར་རློམ་པ་ཁ་ཤས་ལ་ཚིག་འགའ་བཤད་འདོད་བྱུང་།    མ་གཞི་སྨྱུ་གུ་འཛིན་ཤེས་པ་ཙམ་གྱིས་སྨྱུག་ཐོགས་པར་ངོས་འཛིན་བྱེད་ཀྱི་མེད།   ལྷག་པར་ཁྱེད་ཀྱི་མི་རིགས་གང་ཞིག་གི་གཞི་རྩའི་རིག་གཞུང་ལ་དོ་སྣང་དང་འགན་ཁུར་དགོས་ལ་ལྷག་བསམ་ཟོལ་མེད་ཀྱི་ངང་རང་ཉིད་ཀྱིས་གང་བཤད་པ་ལ་རང་གིས་འགན་ཁུར་དགོས།    སུམ་རྟགས་སྙན་གསུམ་ཤེས་ཙམ་གྱིས་ཁྱོད་ལ་སྤྱི་ཚོགས་ལ་རྗེས་མངའ་ཡོད་པར་མི་རློམ།   འདི་ཁྱེད་ཀྱི་གཞི་རྩའི་མི་གཞི་ལ་རག་ལས་ཡོད་ལ་དེ་བཞིན་སྤྱི་ཚོགས་ཀྱིས་ཁྱེད་ལ་བསྐྲུན་པའི་མཉམ་མྱོང་དང་།   ཁྱེད་ཀྱིས་སྤྱི་ཚོགས་ལ་བཞག་པའི་བག་ཆགས་དང་ལྷག་བསམ་མཚོན་ནུས།    ཁྱེད་ཀྱིས་སྨྱུ་གུ་ལག་ལ་བཟུང་བའི་ཉིན་མོ་ནས་ཁྱེད་ལ་ཁ་ཕྱོགས་ཞིག་དང་ཕུགས་མདུན་ཞིག་ངེས་པར་ཡོད་དགོས།    ལྷག་དོན་རང་ཉིད་དྲང་བདེན་ལ་ཕྱོགས་དགོས།    མི་རིགས་འདིའི་རིག་གཞུང་སྲུང་སྐྱོབས་ཆེད་སྨྱུག་ཐོགས་པ་ཡིན་པའི་འགན་ཡོད།   ཆེ་ས་ནས་ཚེ་སྲོག་དཔང་པོར་བཞག་ནས་དྲང་བདེན་སྐྱོང་བསམ་དགོས།   སྡུག་ས་ནས་སྨྱུ་གུ་འདི་མཚན་སྙན་དང་རང་ཉིད་ཀྱི་ཁེ་ཕན་གཅིག་པོར་མི་བསྐྱོད་བསམ་པའི་དམ་བཅའ་ཞིག་དགོས་ཀྱི་ཡོད།   དེ་ལས་མང་། »

གནད་དོན་གང་ཡིན་རུང་རང་ཉིད་ཀྱི་ལྟ་སྟངས་གཞིར་བཟུང་ཐག་གཅོད་དགོས།

གནད་དོན་གང་ཡིན་རུང་རང་ཉིད་ཀྱི་ལྟ་སྟངས་གཞིར་བཟུང་ཐག་གཅོད་དགོས།

ལྡོང་སྲས

བོད་ཀྱི་གླུ་མ་དང་སྤྱི་ཚོགས་ཀྱི་གནས་བབ་དཔྱད་བརྗོད་པ་འཇམ་དབྱངས་སྐྱིད་ལགས་ལ་བཅར་འདྲི་ཞུས་པ།

འཇམ་དབྱངས་སྐྱིད་ནི་མཚོ་སྔོན་ཞིང་ཆེན།    མཚོལྷོ་བོད་རིགས་རང་སྐྱོང་ཁུལ།   མང་ར་རྫོང་གི་གྲོང་གསེབ་ཞིག་དུ་སྐྱེས།   ཕྱི་ལོ་ ༡༩༨༤ ལོར་མཚོ་སྔོན་ཧེ་ནན་གྲངས་ཉུང་མི་རིགས་ཀྱི་ཚན་རྩལ་སློབ་གླིང་གི་དགེ་རྒན་འོས་སྦྱོང་སྡེ་ཚན་ནས་བསླབ་པ་མཐར་སོན་བྱས།   དེ་རྗེས་ཁོ་མོས་མཚོ་སྔོན་བོད་སྐད་བརྙན་འཕྲིན་ལས་ཁུངས་སུ་ཡིགསྒྱུར་དང་།   གསར་འགྱུར་རྒྱང་སྒྲོག    རྩོམ་འབྲི།    འགན་འཛིན་སོགས་ཀྱི་ལས་འགན་བསྒྲུབས་དང་སྒྲུབ་བཞིན་ཡོད    ཕྱི་ལོ་  ༡༩༩༣   ལོར་མཚོ་སྔོན་སློབ་གསོའི་ལྟེ་གནས་ཀྱི་ཡིག་ཟམ་བརྒྱུད་པའི་སློབ་སྦྱོང་འགོ་བཙུགས་ཏེ་ཕྱི་ལོ་  ༡༩༩༦  ལོར་ཐོན།

འཇམ་དབྱངས་སྐྱིད་ཀྱིས་ལས་ཞོར་དུ་གླུ་གཞས་གཏོང་བའི་བྱ་བར་གཞོལ་ནས་སྙན་གྲགས་ཆེན་པོ་ཐོབ་ཡོད    ཁོ་མོས་སྲོལ་རྒྱུན་དང་དེང་རབས་ཀྱི་སྒྱུ་རྩལ་མཉམ་བསྲེས་བགྱིས་ཏེ་རང་གི་ཐུན་མོང་མ་ཡིན་པའི་གླུ་དབྱངས་ཀྱི་ཁྱད་ཆོེས་གསར་གཏོད་བྱས་ཡོད་ལ།    ད་ཕན་ཁོ་མོས་གླུ་གཞས་འདྲ་མིན་གྱི་སྒྲ་སྡེར  CD  ལྔ་དང  བརྙན་སྡེར་ vcd  གསུམ་ཕྱོགས་སྒྲིག་བྱས་ཡོད།    ཁོང་གིས་བོད་ཀྱི་གླུ་གཞས་དང་རོལ་དབྱངས་ཀྱི་སྐོར་ལ་དཔྱད་རྩོམ་མི་ཉུང་བ་ཞིག་སྤེལ་ཡོད་པ་ལས་ཁ་ཤས་ནི་བཙན་བྱོལ་བོད་མིའི་སྤྱིཚོགས་ཀྱི་ཁྲོད་ནུས་ལྡན་གྱི་ཤནཞུགས་ཐུབ་བྱུང་ཡོད།

ཁོ་མོས་སྨིན་ཞུན་ནམ་རྨི་ལམ་ནང་གི་མུ་ཏིག་ཞེས་པའི་སྨྱུག་མིང་འོག་རྩོམ་སྤེལ་ཡོད་པ་དང་།   ཕྱི་ལོ་  ༢༠༠༨  ཟླ    ཚེས    ཉིནམཚོ་ཞིང་ཆེན་གྱི་ཉེན་རྟོག་མི་སྣ་ཁོ་མོའི་ལས་ཁུངས་ནང་ཡོང་སྟེ་ཁོ་མོ་འཛིན་བཟུང་བྱས་ཡོད་འདུག   གནས་ཚུལ་མཁོ་སྤྲོད་པས་ཟེར་ན་ཁོ་མོས་ཕྱི་རྒྱལ་དུ་དགའ་ཉེ་ཞིག་བརྒྱུད་དེ་གནས་ཚུལ་ཕྱིར་སྤྲོད་བྱས་ཡོད་བཟོ་དང་།   ཕྱིས་སུ་ཁོ་མོའི་སྡོད་ཤག་ནས་རྩིས་འཁོར་གཉིས་བསྔོགས་བཤེར་བྱས་ཏེ་ཁོ་མོས་ ཕྱི་རྒྱལ་གྱི་དྲ་ཚིགས་ལ་བལྟ་ཡོད་ལུགས་སོགས་བཤད་འདུག   དངུལ་གྱི་ཉེས་ཆད་ལྕི་མོ་ཞིག་སྤྲད་རྗེས་ཁོ་མོ་ཕྱི་ལོ་ ༢༠༠༨་ ཟླ་  ཚེས་ ༢༡ ཉིན་ཁག་ཐེག་བཞག་པའི་ཆ་རྐྱེན་འོག་བཙོན་གྲོལ་ཐོབ་ཡོད་འདུག

གཤམ་དུ་འཇམ་དབྱངས་་སྐྱིད་ལ་བོད་ཀྱི་རྩོམ་པ་པོ་གནམ་ལོ་གཡག་གིས   ཕྱི་ལོ་  ༢༠༠༧  ཟླ    ཚེས་  ༡༧  ཉིན་བཅར་འདྲི་ཞུས་པའི་ཟིན་ཐོའི་སྙིང་བསྡུས་ཤིག་དབྱིན་ཡིག་ནང་བཀོད་ཡོད་པ་དེ་བོད་ཡིག་ནང་སྒྱུར་ཡོད་པ་དང་།   བཅར་འདྲིའི་ཟིན་ཐོ་མ་ཕྱི་དེ་རང་དབང་གི་རྩེ་ཆེའི་མེ་ཞེས་པའི་དྲ་ཚིགས་(www.fireofliberty.org) (1)  སྟེང་རྒྱ་ཡིག་ནང་ཁྱབ་སྤེལ་བྱས་ཡོད་པ་རེད།

དྲི་བ།   ཁྱེད་རང་གི་གླུ་གཞས་ཀྱི་རྒྱུ་རྩལ་པའི་མདུན་ལམ་དེ་གོང་འཕེལ་བྱུང་སྟངས་སྐོར་མདོར་བསྡུས་ཤིག་ངོ་སྤྲོད་གནང་རོགས།   

 

འཇམ་དབྱངས་སྐྱིད།   ངོས་རང་གཞས་དང་ཞབས་བྲོའི་བྱེད་སྒོར་འཛུལ་ཞུགས་བྱེད་པ་དེ་རིམ་པས་གོང་འཕེལ་བྱུང་བ་ཞིག་ཡིན་རེད།    ང་ཆུང་དུས་ནས་གཞས་དང་ཞབས་བྲོའི་ཁོར་ཡུག་གི་ཁྲོད་ནས་འཚར་ལོངས་བྱུང་བ་ཞིག་ཡིན་ཙང་།    ངའི་ཕ་ཡུལ་ནི་ང་གཞས་སྣར་དགའ་དགོས་པའི་ཤུགས་རྐྱེན་རེད་ཟེར་ན་ཆོག    མྱོང་ཚོར་དེས་ངར་བག་ཆགས་ཟབ་མོ་ཞིག་སྟེར་ཡོད།    གང་དུ་སོང་ཡང་མི་ཚོས་སྐད་ངག་མཐོ་ལ་གསལ་བའི་དབྱངས་རྟ་དང་བཅས་འདོན་པ་འདོན་པ་འམ་གཞས་དང་ཞབས་བྲོར་གཞོལ་བའི་སྤྱི་ཚོགས་ཤིག་གི་ཁྲོད་དུ་ཆུ་ནང་གི་ཉ་མོ་བཞིན་གླུ་གར་གྱི་རོལ་རྩེད་ལ་རང་བཞིན་གྱིས་དབྱིངས་ཞུགས་པ་ཞིག་ཡིན།    ཆུང་དུས་ནས་བཟུང་ཕ་ཡུལ་གྱི་གླུ་གཞས་བཏང་གི་ཡོད་ལ་རོལ་དབྱངས་ལ་དབྱིངས་ཞུགས་པའི་གོམས་གཤིས་དེ་དོར་མེད་ལ།    ཕྱོགས་གང་ཅིའི་ཐད་ནས་གླུ་གཞས་ལ་རོལ་ཏེ་མྱོང་གོམས་བྱས།

གླུ་གཞས་དང་རོལ་དབྱངས་ཀྱི་སྒྱུ་རྩལ་སློབ་པའི་ཆེད་དུ་ཡུན་རིང་དཀའ་སྤྱད་བྱས་ཤིང་མཐུན་རྐྱེན་མ་འཛོམས་པའི་སྐབས་སུ་ཡིད་ཤིན་ཏུ་རྨུག་པར་གྱུར་ཡང་མྱོང་།    བྱས་ཙང་ཐོག་མར་གཞས་དང་ཞབས་བྲོའི་དོ་རར་ཞུགས་དུས་འགལ་རྐྱེན་འདྲ་མིན་སྟེ།    ངོ་ཤེས་སུ་ཡང་མེད་པ་དང་།    སུས་ཀྱང་ངར་གཞས་ཚིག་དང་དབྱངས་རྩོམ་རོགས་བྱེད་མཁན་མེད་པ།    གྲོན་དངུལ་གྱིས་ཕོངས་པ་སོགས་ཀྱི་དཀའ་ངལ་གདོང་ལེན་བྱེད་དགོས་བྱུང་།    དེ་བཞིན་ལས་གནས་ནས་ཀྱང་དགོངས་འཁྲོལ་ཐོབ་དཀའ་བ་བཅས་བྱུང་།

རང་གི་སྐྱེས་ཡུལ་ནས་ཐོན་རྗེས་ཁ་ཤས་ཀྱིས་འུད་སྒྲོག་དང་དཀྲོགས་གཏམ་བཟོས་ཏེ་ང་དང་ཕ་མའི་དབར་འགལ་ཟླའི་གནས་ཚུལ་ཀྱང་བཟོ་རྩིས་བྱས་མྱོང་།    ཕྱི་ལོ་  ༡༩༩༦  ལོར་ངས་ ཤམྦྷ་ལ།ཞེས་པའི་གླུ་གཞས་ཀྱི་སྒྲ་སྡེར་ CD གཉིས་དེ་ཕྱོགས་སྒྲིག་བྱེད་དུས་སེམས་ངལ་ཆེ་དྲགས་ནས་མཚན་ལ་གཉིད་ཀྱང་བདེ་མོ་ཞིག་མི་ཁུག་པའི་སྐབས་བྱུང་ལ།    རང་ཉིད་དཔལ་འབྱོར་གྱི་ཆ་རྐྱེན་འཛོམས་མཁན་ཞིག་མིན་པས་དངུལ་དཀོན་པ་དང་།    སྒྲ་སྡེར་ཕྱོགས་སྒྲིག་བྱེད་རྒྱུར་ཆེད་ལས་སྒྲ་འཇུག་བྱེད་པོ་དང་རོལ་དབྱངས་དགེ་རྒན་དང་བཅས་པར་ཉིན་རེའི་ལྟོ་དོད་ཡན་ཆད་མཁོ་སྤྲོད་བྱེད་དགོས་པ་སོགས་དཀའ་ངལ་ཆེན་པོ་འཕྲད་མྱོང་།   སུ་ཞིག་གིས་རོལ་དབྱངས་ཀྱི་སྒྲ་སྡེར་དང་བརྙན་སྡེར་སོགས་ཕྱོགས་སྒྲིག་བྱེད་དགོས་ན་གློག་དང་ལས་ཀའི་འགྲོ་གྲོན་ཡོངས་རྫོགས་སྔོན་ཚུད་ནས་སྔ་འདོན་བྱེད་དགོས་པ་དེ་འགྲོ་ལུགས་ཤིག་རེད་འདུག་པས།    སྐབས་དེར་རང་ཉིད་ལུས་ཁམས་བདེ་ཐང་ཡོད་མེད་དང་།    སྐད་ཀྱི་སྒྲ་གདངས་རྒྱུན་ལྡན་ཡིན་མིན་ལ་མ་ལྟོས་པར་སྒྲ་འཇུག་མི་བྱེད་ཀ་མེད་ཀྱི་གནས་ཚུལ་ཡང་ཡོང་གི་འདུག    དེས་ནི་སྐབས་དེའི་ངའི་མི་ཚེའི་གནས་བབ་མཚོན་པ་ཡིན།

 

དྲི་བ།   ཁྱེད་ཀྱི་ཁྱད་འཕགས་ལྡན་པའི་རོལ་དབྱངས་སྒྱུ་རྩལ་གྱི་ཆེད་དུ་དཀའ་སྡུག་ཇི་ཙམ་བཟོད་སྲན་བྱེད་རྩིས་ཡོད།    དེའི་དགོས་དམིགས་གང་ཡིན།

 

འཇམ་དབྱངས་སྐྱིད།   ངས་ལས་སླ་བའི་ངང་དེ་བདམས་མེད།   ངས་རང་ཉིད་ཀྱི་ལམ་སྣེ་གསར་བ་ཞིག་འཚོལ་འདོད་པ་བཞིན་སྔོན་ཆད་གཞན་གྱིས་བགྲོད་མ་མྱོང་པའི་སྒྱུ་རྩལ་གྱི་ཐབས་ལམ་གསར་བ་ཞིག་འཚོལ་སྙེགས་བྱས།   སྲོལ་རྒྱུན་གྱི་དམངས་གཞས་ཁག་ཅིག་གཞི་རྩར་བཟུང་སྟེ།    དེང་དུས་ཀྱི་རོལ་གཞས་གཏོང་ལུགས་ལ་སྦྱངས་བརྩོན་བྱས་ཏེ་དེ་གཉིས་མཉམ་བསྲེས་བྱེད་ཀྱིན་ཡོད།   ངའི་ཕ་ཡུལ་གྱི་མི་ཚོས་སྤྲོས་མེད་དགའ་སྤོབས་ལྡན་པའི་གླུ་གཞས་གཏོང་ལུགས་དེར་གསར་གཏོད་བྱ་ཡུལ་དེ་ཙམ་མེད་ན་ཡང་།    ཕ་ཡུལ་གྱི་གོམས་སྲོལ་ལས་ཐོབ་པའི་བག་ཆགས་དེར་བཀའ་དྲིན་བསམ་ཤེས་བྱེད་ཀྱིན་ཡོད།    ད་ཆ་རང་གི་སྒྱུ་རྩལ་ལེགས་ལམ་དུ་སོང་ནས་སྤྲོ་སྣང་ལྡན་པའི་བྱེད་སྒོ་མང་པོ་ཞིག་ལ་གཞོལ་བཞིན་ཡོད།    རོལ་དབྱངས་ཀྱི་སྒྱུ་རྩལ་ལ་ཆེད་སྦྱོང་བྱེད་པའི་གོ་སྐབས་མ་ཐོབ་པ་དེར་འགྱོད་སེམས་དྲག་པོ་ཡོད།   རོལ་དབྱངས་ནི་བྲེལ་ཚུབ་ཀྱིས་མིན་པར་ངང་རྒྱུད་རིང་མོའི་སྒོ་ནས་སྦྱོང་དགོས་པའི་ཁྱད་རྩལ་ཞིག་རེད།      དེ་ལས་མང་། »

སྤྱི་ལོ་༢༠༠༨ལོརའཛམ་གླིང་ཐོག་གསརའགོད་པ་དྲུག་ཅུ་ཙམ་གྱི་ཚེ་སྲོག་ཤོར་བ་དང་དྲུག་བརྒྱ་ལྷགའཛིན་བཟུང་བྱས་འདུག

སྤྱི་ལོ་༢༠༠༨ལོརའཛམ་གླིང་ཐོག་གསརའགོད་པ་དྲུག་ཅུ་ཙམ་གྱི་ཚེ་སྲོག་ཤོར་བ་དང་དྲུག་བརྒྱ་ལྷགའཛིན་བཟུང་བྱས་འདུག

དེ་རིང་རྒྱལ་མཚམས་མེད་པའི་གསརའགོད་པས་མཐུན་ཚོགས་ཀྱིས་བརྗོད་ན༌།སྤྱི་ལོ་༢༠༠༨ལོརའཛམ་གླིང་ཐོག་གསརའགོད་པ་དྲུག་ཅུ་ཙམ་གྱི་ཚེ་སྲོག་ཤོར་བ་དང་གསརའགོད་པ་དྲུག་བརྒྱ་བདུན་གསུམའཛིན་བཟུང་བྱས་ཡོད་པ་རེད༌། དེ་དག་ཁྲོད་ཨས་ར་ཁི་ནི་ཆེས་ཉེན་ཁ་ཅན་གྱི་ས་ཁུལ་དུ་ངོསའཛིན་བྱེད་བཞིན་ཡོད་ལ་ད་ལོར་ཨས་ར་ཁིའི་ནང་གསརའགོད་པ་བཅུ་ལྔའདས་གྲོངས་ཕྱིནའདུག ཧྤྷུ་རན་སུའི་རྒྱལ་ས་ཕ་རོས་སུའི་ནང་ ཡོད་པའི་རྒྱལ་མཚམས་མེད་པའི་གསརའགོད་པའི་མཐུན་ཚོགས་ཀྱིས་བརྗོད་ན༌། ད་ལོའདས་གྲོངས་ཕྱིན་པའི་གསརའགོད་པའི་གྲངསའབོར་༢༠༠༧ལོའི་ལོ་ལས་ཅུང་ཉུང་དུ་ཕྱིན་ཡོད་ཀྱང༌། གསརའགྱུར་ལས་རིགས་ཀྱིས་ཁོར་ཡུག་ཇེ་བཟང་ལ་སོང་མེད་པར༌། ས་ཁུལ་ཁ་ཤས་སུ་གསརའགོད་པས་ལས་རིགས་དེ་ཉེན་ཁ་ཆེ་བར་མཐོང་ནས་ལས་གནས་བརྗེ་བོ་རྒྱག་པ་དང༌། ད་དུང་གསརའགོད་པ་ཁ་ཤས་བདེའཇགས་ཆེད་ཕྱི་ལོག་ལ་བཙན་བྱོལ་དུའགྲོ་དགོས་ཆགས་པ་སོགས་ཀྱི་དཀའ་ངལ་ལའཕྲད་བཞིན་པ་བཀོདའདུག དེ་བཞིན་རྒྱལ་མཚམས་མེད་པའི་གསར་འགོད་མཐུན་་ཚོགས་ཀྱིས་བརྗོད་ན༌། རྒྱ་ནག་ནང་སྤྱི་ལོ་༢༠༠༨ལོར་གསརའགོད་པ་སུམ་ཅུ་སོ་བརྒྱདའཛིན་བཟུང་བྱས་ཡོད་པ་དེ་དག་ནང་མང་ཆེ་བ་པེ་ཅིན་ཨོ་ལེམ་ཕིས་ཁི་དངའབྲེལ་བ་ཡོད་ཟེར༌། ན་ནིང་རྒྱ་ནག་གཞུང་གིས་གནསའཕྲིན་དྲ་བའི་ཐོག་གཞུང་དང་ལྟ་བ་མི་མཐུན་པའི་རྩོམ་ཡིག་སྤེལ་མཁན་མི་གྲངས་བཅུའཛིན་བཟུང་དང༌། མི་གྲངས་སུམ་ཅུ་སོ་བརྒྱད་ཀྱི་གཟུགས་པོར་གནོདའཚེ་ཕོག་པ༌། ཉུང་མཐའ་མི་གྲངས་གསུམ་ལ་ཉེས་ཆད་བཅད་པ་བཅས་ཀྱི་གནས་ཚུལ་བཀོདའདུག དེ་བཞིན་ཨེ་ཞི་ཡ་རང་དབང་རླུངའཕྲིན་ཁང་ལ་གནས་ཚུལའབྱོར་བ་ལྟར་ན༌། མདོ་སྨད་མཚོ་སྔོན་བརྙནའཕྲིན་ཁང་གི་གསརའགོད་པ་དང་བོད་ཀྱི་གླུ་མ་སྐད་གྲགས་ཅནའཇམ་དབྱངས་སྐྱིད་དང་སུ་ཁྲོན་གསེར་རྟ་རྫོང་བརྙནའཕྲིན་ཁང་གི་སྙན་སྒྲོན་པ་རང་བྱུང་གཉིས་སྔ་རྗེས་སུ་ད་ལོའི་བོད་ཀྱི་དོན་རྐྱེན་བཞུག་ཏུ་རྒྱ་ནག་གཞུང་གིས་འཛིན་བཟུང་བཀག་ཉར་བྱས་མྱོང་ཡོད་ལ༌། རྗེས་སུ་གློད་གྲོལ་ཐོབ་ཡོད་འང་མུ་མཐུད་དུ་ལྟ་རྟོག་ནན་མོ་བྱེད་བཞིན་ཡོདའདུག

༼ཡོང་ཁུངས་།BBC,RFA

ཤི་གསོན་གཉིས་ཀྱི་རེ་བ།

ཤི་གསོན་གཉིས་ཀྱི་རེ་བ།

 རིག་པའི་རྡོ་རྗེ།

ད་ལོ་ནི་བོད་ཀྱི་རང་བཙན་དགྲ་ལ་ཤོར་དེ་གཞིས་བྱེས་གཉིས་སུ་གྱེས་ནས་མི་ལོ་ཧྲིལ་བོ་ལྔ་བཅུ་འགོར་ཞིང་།    སྙིང་སྟོབས་དང་རིགས་ཞེན་འགྲན་ཟླ་བྲལ་བའི་གངས་ལྗོངས་དཔའ་བོ་དཔའ་མོ་དུ་མས།   རྒྱལ་ཁབ་དང་མི་རིགས་ཤིག་གི་ཚེ་སྲོག་སྐྱོབས་ཆེད།   འཇིག་རྟེན་ན་གཅེས་པ་རང་གི་ལུས་དང་སྲོག་གི་མཆོད་འབུལ་རྒྱ་ཆེན་བྱས་ཏེ།    གངས་རི་དང་གཡུ་མཚོའི་ཁ་དོག་ཁྲག་གིས་བསྒྱུར་བའི་ཁ་བའི་དམར་མཆོད་ཆེན་མོ་དང་།    ལ་རྒྱའི་དཔུང་རྡང་བསྒྲིགས་པའི་གངས་རིའི་དཔའ་རྒོད་སྟོང་ཕྲག་མང་པོ་གཤིན་རྗེའི་བཙོན་དུང་ནག་པོར་བཙན་གྱིས་བཅུག་སྟེ།     བཟོད་དཀའ་དམྱལ་བའི་སྡུག་བསྔལ་དངོས་སུ་མྱོང་བཞིན་ཡོད་པ་སོགས་མདོར་ན།    གངས་ཅན་ཆོལ་ཁ་གསུམ་དུ་སྡུག་གི་མུན་པ་ནག་པོ་དབུས་ནས་འཐིབས་ཏེ།    སྐྱིད་ཀྱི་ཉི་མ་ལག་མཐིལ་ཙམ་ཞིག་མེད་པར།    བོད་མི་འབུམ་ཕྲག་དུ་མས་ཡ་ཆུང་སྡུག་གིས་བསགས།    མིག་མཐའ་མཆི་མས་བསྐོར་ཏེ་སྡུག་བསྔལ་གྱི་རྒྱ་མཚོར་ལྷུང་བའི་སྐབས་འདིར།    བྱེས་སྡོད་བོད་མི་རྣམས་དང་།    མཚོ་སྔོན་བོད་སྐད་རླུང་འཕྲིན་ཁང་སོགས་ཀྱིས།    དགྲ་བོར་རྩོད་དགོས་པའི་སྙིང་ནད་དང་།    གཉེན་ལ་སྟོན་དགོས་པའི་གདུང་སེམས།    ད་དུང་སྤྱིར་བཏང་གི་ཡ་རབས་ཁྲེལ་ཡོད་སོགས་བཟང་པོའི་བྱ་བ་རྣམས་སྦྲུལ་ཤུན་བཞིན་དོར་དེ།    གནམ་ལོ་གསར་བའི་དགའ་སྐྱིད་ལ་སྟ་གོན་བྱེད་བཞིན་ཡོད་པ་ནི།    ཁྲེལ་དང་ངོ་ཚ་ཡོད་པའི་མི་རིགས་ཤིག་གི་བྱེད་བབས་ལྟ་ཅི།    ཐ་ན་དུད་འགྲོའི་སྤྱོད་པ་ལས་ཀྱང་ཆེས་ཐབས་སྡུག་པ་ཞིག་ཡིན་པས།    གཞུང་དང་ཚོགས་སྡེ་ཁག    དེ་བཞིན་གང་ཟག་སྒེར་བཅས་ནས་བསམ་བློ་ནང་དུ་བཀུག་སྟེ་ད་ལོའི་ལོ་གསར་གྱི་མདུན་རྒྱབ་གཉིས་ལ་བསམས་གཞིགས་ངེས་ཅན་ཞིག་གཏོང་དགོས།    

གལ་ཏེ་ང་ཚོས་ད་ལོའི་ལོ་གསར་དགའ་སྟོན་ལ་སྤྲོ་སྐྱིད་ཀྱིས་རོལ་བ་ཡིན་ན།     མ་བོས་ཀྱང་ཕེབས་ངེས་པའི་ལོ་གསར་མགྲོན་པོ་དེ་དག་སུ་ཡིན་ངེས་པར་དུ་ཤེས་དགོས།     ཚེ་སྲོག་གི་མཆོད་པ་རྒྱལ་ཁབ་ཀྱི་ཆེད་དུ་ཕུལ་བའི་གངས་རིའི་དཔའ་རྒོད་བརྒྱ་ཕྲག་མང་པོའི་རྣམ་ཤེས་ཁ་བ་བུ་ཡུག་འཚུབས་པ་ལྟར།    ང་ཚོའི་གསོལ་སྟོན་ལ་ཀི་ཤར་དང་ངུ་ཤར་འདྲེས་མ་སྒྲོག་བཞིན་དངོས་སུ་སླེབས་ཏེ།   སྐྱོ་བའི་ཤུགས་གླུ་དང་།    ཡིད་ཆད་ཀྱི་ངུ་འབོད་བྱེད་ངེས་ཡིན་ལ།     ད་དུང་གངས་རིའི་ལས་དབང་དང་བདེ་སྐྱིད་འབའ་ཞིག་གི་ཆེད།    མི་ཡུལ་འདིར་གཤིན་རྗེའི་སྡུག་བསྔལ་མངོན་སུམ་དུ་མྱོང་བཞིན་པའི་ཉེས་མེད་བཙོན་པ་སྟོང་ཕྲག་མང་པོས་རེ་བ་གཏིང་ནས་ཆད་དེ།    ཡི་མུག་སེམས་ཀྱི་སྡུག་བསྔལ་བཟོད་ཐབས་བྲལ་བ་མྱོང་ངེས་ཡིན་པ་སྨོས་ཅི་དགོས།    

རྒྱུ་མཚན་ཅི་ཡིན་སྙམ་ན།    གངས་རིའི་དཔའ་བོ་དཔའ་མོ་རྣམས་ཀྱིས་བོད་མི་རིགས་ཀྱི་དཀའ་སྡུག་སེམས་ལ་བཟུང་ནས།    ཚེ་སྲོག་གི་ཁྲག་རྗེས་དམར་པོ་གངས་ཅན་མི་ཡུལ་འདིར་བཞག་ཏེ་རྒྱང་རིང་དུ་བཞུད་སོང་།    ཡིན་ན་ཡང་རེ་བའི་ཕྱི་མིག་གིས་ནམ་ཡང་ང་ཚོར་བལྟས་ཡོད།    ཞུམ་པ་མེད་པའི་དཔའ་རྒོད་སྟོང་ཕྲག་དུ་མས་ལ་རྒྱའི་སོ་སྒྲ་སྒྲོག་བཞིན།     སྡུག་གི་བཙོན་དུང་ནག་པོའི་སྲིབ་ཁ་ནས་ནམ་ཡང་ང་ཚོར་ཉན་དེ་རེ་སྒུགས་བྱས་ཡོད།    ད་དུང་དེ་དག་གི་ཤུལ་དུ་ལྷག་པའི་ཕ་མ་བྲལ་བའི་དྭ་ཕྲུག    བརྒྱ་ཅུའི་བུ་ཤོར་གྱི་ལོ་ལོན།    དེ་བཞིན་ཡུགས་ཕོ་ཡུགས་མོ་རྣམས་ཀྱིས་གློ་སྙིང་བྲང་གསུམ་གངས་རིའི་ཕྱི་རོལ་ཏུ་གཏད་དེ།     སྐྱོབས་པའི་མགོན་དང་མི་བསླུ་བའི་གྲོགས་ཞིག་ཡོད་བསམ་ནས་རེ་བ་རི་འདྲ་བ་ཞིག་སེམས་ལ་བཟུང་།    བློ་གཏད་རྡོ་འདྲ་བ་ཞིག་ལག་ལ་བཟུང་སྟེ།    རེ་སྒུག་གི་རྨི་ལམ་མཐུག་པོ་ལས་ད་དུང་སད་མེད་པ་ཁྱོད་ཚོའི་སེམས་ལ་ཁྲིགས་སེ་ལོས་ཡོད།      དེ་ལས་མང་། »

ཉིས་སྟོང་བརྒྱད་རྫོགས་སོང་། བོད་པ་ཚོ།

ཉིས་སྟོང་བརྒྱད་རྫོགས་སོང་། བོད་པ་ཚོ།

བོད་།ལྷ་ཀླུ་གཉན་གསུམ

ལོ་ངོ་མང་བོ་ཞིག་གི་སྔོན་ནས་བཟུང་རེ་བ་བྱེད་མྱོང་བས་ཉིས་སྟོང་བརྒྱད། ད་ནི་ཉིན་མ་གཉིས་ཀྱི་རྗེས་སུ་ཉིས་སྟོང་བརྒྱད་ལོ་ངོ་ཧྲིལ་བོ་དེ་རྫོགས་སོང་བ་རེད། བོད་པ་ཚང་གི་རེ་སྒུག་ཁྲོད་ཀྱི་ཉིས་སྟོང་བརྒྱད། བོད་ནང་གི་བོད་མི་གང་མང་མང་ཞིག་གིས་ད་ལོ་ལ་རེ་བ་དང་སྤོབས་པའི་བཏེགས་ནས་རང་གི་ཚེ་སྲོག་ཡང་ལག་སྐྱེས་སུ་འབུལ་ནས།
ད་དུང་ཡང་རྣམ་ཤེས་དེ་དག་གི་ཕྱིར་མིག་གསོན་པོ་མ་ཡལ་བར་བོད་པ་ཚང་གི་རྗེས་རབས་པ་ང་ཚོ་ལ་བལྟས་དེ་བསྡད་ཡོད་ངེས་ཡིན་མོད། འོན་ཀྱང་། བོད་པ་ཚང་གི་མི་མང་བོ་ཞིག་གིས་ལོ་འདི་མ་གསར་གོང་ནས་བརྗེད་ཚར་ཡོད་ངེས་རེད། ལོ་གསར་ལ་ཆང་ག་རེ་འཐུང་དགོས་ཡོད་ན། ལོ་གསར་ལ་སྐྱིད་པོ་ག་རེ་གཏོང་དགོས་ཀྱི་ཡོད་ན། ལོ་གསར་ལ་མ་ཅང་གང་ནས་རྩེད་དགོས་ཀྱི་ཡོད་ན།
ལོ་གསར་ལ་གང་ནས་འཛོམ་ན་ཡག་པོ་ཡོད་ན། ལོ་གསར་ལ་གོན་པ་གསར་བ་གང་ཞིག་གོན་དགོས་ཀྱི་ཡོད་ན། ལོ་གསར་ལ་འགྲོ་སོང་ཆེན་པོ་ཡོད་ན། ད་ལོ་ལོ་གསར་མ་བྱས་ན་ག་འདྲ་ཡོད་ན། འདི་ལྟར་རང་གི་མི་རིགས་ཀྱི་བདེན་དོན་ཆེད་དུ་སྐུ་གཤེགས་པའི་དབའ་བོ་དབའ་མོ་དག་གི་ཁ་ཆེམས་དང་སྙིང་སྟོབས་དེ་དག་ཉིན་མ་གཉིས་ཀྱི་རྗེས་སུ་བརྗེད་སྲིད་དམ། དེ་འདྲ་ཞིག་ཡིན་ན་ནི།
བོད་པ་ཟེར་བ་འདི་ཡང་ཁྲེལ་གཞུང་ཡོད་མཁན་གྱི་མི་རིགས་ཤིག་ལ་དྲངས་ན་ནོར་གྱི་འདུག དེ་དག་མ་ཡིན་པར་བོད་པ་ཚང་གི་མིང་ཐོག་ཚད་ཀྱིས་རང་རང་གི་ས་ནས་ད་ལོ་བོད་ནང་གི་བོད་མི་གང་མང་ཞིག་བོད་ཀྱི་བདེན་དོན་སླར་གསོའི་ཆེད་དུ་གཅེས་པའི་ལུས་སྲོག་ཀྱང་གཏོང་འཕོད་ས་ནས།
ང་ཚོས་འདི་ནས་མྱ་ངན་བྱེད་པ་དང་སྐད་འབོད་ཙམ་ཡང་རྒྱགས་མ་ཐུབ་པ་ཡིན་ན་ནི་དངོས་ནས་ཐབས་སྐྱོ་བོ་དྲན་ཐུབ་པ་ཡིན་ན་ནི། འདས་པོ་དེ་དག་གི་རྣམ་ཤེས་ཀྱང་ལྷོད་དུ་འབབ་ངེས་ཡིན་ལ། མི་རིགས་གཞན་པ་དག་གིས་ཀྱང་བོད་པ་ཟེར་བ་འདི་ནི་ལས་སླ་བོའི་མི་རིགས་ཤིག་གཏན་ནས་མིན་པ་ར་སྤྲོད་བྱེད་ཐུབ་ངེས་རེད།

རེ་བའི་ནང་གི་ཉིས་སྟོང་བརྒྱད། ཉིན་མ་གཉིས་ཀྱི་རྗེས་སུ་རྫོགས་འགྲོ་ངེས་རེད། དེ་ལ་སུས་ཀྱང་འགྱུར་བ་གཏོང་མི་ཐུབ།
ད་ནི་ངེད་ཅག་གི་རེ་བ་དང་རྨི་ལམ་བྱེད་རྒྱུ་མཚམས་བཞག་ནས་གསར་དུ་སླེབས་བཞིན་པའི་ཉིས་སྟོང་དགུ་ལ་བོད་ཟེར་ན་ག་འདྲ་ཞིག་དང་བོད་ཀྱི་ཆིག་སྒྲིལ་དང་འཚེ་མེད་ཞི་བའི་སྟོབས་ཤུགས་ཀྱི་ནུས་པ་ཟེར་ན་ག་འདྲ་ཞིག་ཡོད་པ་དེ་རྒྱ་ནག་སྲིད་གཞུང་གི་གཙོ་བའི་འཛམ་གླིང་མི་དམངས་ལ་ཤེས་སུ་འཇུག་པའི་དུས་སུ་སླེབས་ཡོད་ཕན་ཚུན་གྱི་གསལ་བོ་ཤེས་དགོས།
འདི་ལྟར་ལོ་ངོ་ལྔ་བཅུ་ངེད་ཅག་གཞིས་བྱེས་གཉིས་སུ་གྱར་དེ་བསྡད་པའི་སྡུག་བསྔལ་ཡོད་ཚད་བདེ་སྐྱིད་ལ་བསྒྱུར་བའི་དུས་སུ་སླེབས་པ་ཤེས་སུ་འཇུག་དགོས། དེ་ལས་མང་། »

རླུང་རྟའི་སྟག་སེང་ཁྱུང་འབྲུག་སྐོར་ལ་ཅུང་ཟད་དཔྱད་པ།

 ༄༅།།  རླུང་རྟའི་སྟག་སེང་ཁྱུང་འབྲུག་སྐོར་ལ་ཅུང་ཟད་དཔྱད་པ།

རིག་པའི་རྡོ་རྗེ་།

བོད་ཀྱི་དར་ལྕོག་ནི་སྤྱིར་བཏང་བོད་ཀྱི་དམག་དར་འཕྱར་སྲོལ་ལས་བྱུང་བ་ཡིན་ལ།   དེ་ཡང་སྔོན་བཙན་པོ་རིམ་བྱོན་གྱི་སྐབས་དམག་དཔུང་ངམ་རུ་ཁག་སོ་སོར་ཁ་དོག་དང་མཚོན་རྟགས་མི་འདྲ་བའི་དམག་དར་དུ་མ་ཡོད་ཅིང་།   དེ་ལ་རལ་གྲིའི་ཡུ་བ་ཅན་དང་མདའི་ཡུ་བ་ཅན་སོགས་མང་དུ་ཡོད།   གང་ལྟར་བར་སྐབས་ཤིག་ནས་ས་གནས་གང་དུ་བོད་ཀྱི་དམག་དཔུང་ཡོད་པ་མཚོན་བྱེ ད་དུ་རི་རྩེ་དང་ལ་ཁ་རྣམས་སུ་དམག་དར་བསྒྲེང་འཛུགས་བྱས་པས་ལ་རྩེ་འམ་ལབ་ཙེ་ཞེས་གྲགས།   དེའི་ཕྱིར་དེང་དུས་ལབ་ཙེའི་ནང་དུ་མདའ་མདུང་དར་གྱིས་བརྒྱན་ནས་འཛུགས་ཀྱིན་ཡོད་པའི་རྒྱུ་མཚན་དེ་རེད།   

བར་སྐབས་ཤིག་ནས་དམག་དར་དེ་གྲོང་དང་ཁྱེར་དུ་འཛུགས་སྲོལ་དར་བ་མ་ཟད།    དར་ལྕོག་གི་ངོས་སུ་གཟུངས་སྔགས་སོགས་གསུང་རབ་དཔར་བྲིས་བྱས་ཏེ་ཁྱིམ་ཚང་རེ་རེའི་ཁང་ཐོག་དང་འབྲོག་པའི་སྦྲའི་ཐོག་ཏུ་འང་འདོགས་སྲོལ་བྱུང་བས།    ད་ལྟ་བོད་ཨ་མདོའི་ཁུལ་དུ་ཅོ་དར་དང་དར་མདུང་ཟེར་ཞིང་།   དབུས་ཕྱོགས་དང་ས་ཁུལ་གཞན་ནས་དར་ལྕོག་གམ་རླུང་རྟ་ཞེས་གྲགས་ ལ།    ད་ལྟའི་ཆར་རྒྱལ་ཁབ་གཞན་པའི་ནང་དུ་མཚོན་ན་དར་ལྕོག་ནི་བོད་མིའི་ངོ་བོ་མཚོན་བྱེད་ཞིག་ཏུ་གྱུར་ཡོད་པ་དཔེར་ན།    དར་ལྕོག་ཞིག་གང་ན་ཡོད་ན་དེ་གར་བོད་མི་ཞིག་ཡོད་པའམ།   ཡང་ན་བོད་མི་དང་འབྲེལ་ཡོད་ཞིག་ཡོད་པ་གསལ་སྟོན་ཐུབ་ཀྱི་ཡོད།       

དེ་ལྟར་རིམ་གྱིས་འགྱུར་བ་སོང་གིན་སོང་གིན་མཐར་འབྱུང་རྩིས་ནས་བསྟན་པའི་གང་ཟག་སྒེར་སོ་སོའི་སྲོག་ལུས་དབང་ཐང་རླུང་རྟ་བཞི་དང་།   འབྱུང་བའི་ཁམས་ཉམས་པ་གསོ་ཕྱིར།   དར་ལྕོག་གི་ངོས་སུ་རླུང་རྟའི་སྟག་སེང་ཁྱུང་འབྲུག་ཟེར་བའི་གཟུགས་བརྙན་དང་།   རླུང་རྟ་བསྐྱེད་པའི་ཤིས་ཚིག་བཅས་དཔར་ཏེ་འཛུགས་པ་དང་།   ཤོག་བུའི་ངོས་སུ་དཔར་བཏབ་ནས་རླུང་ལ་བསྐུར་བས་རླུང་རྟ་ཞེས་གྲགས་པ་ཡང་བྱུང་།   གང་ལྟར་རླུང་རྟ་ལ་ར་རླུང་དང་ཀ་ཀླུང་སྟེ་འབྲི་ཚུལ་མི་འདྲ་བ་གཉིས་ཡོད་མོད།   དང་པོ་ལྟར་བྲིས་ན་རྒྱུ་མཚན་ལྡན་སྙམ། དེ་ལས་མང་། »

མ་ཎི་ལུང་བའི་རྟོགས་སད།

མ་ཎི་ལུང་བའི་རྟོགས་སད

 ཤིས་ཚང་ལྗང་མྱུག

 

རྒྱན་དང་ཤོ་ལ་འཐམ་པའི་སྐུ་རྩེད་གཡེང་བས།།

གནམ་སའི་ལེའུ་སྒུལ་བའི་གོད་ཆག་མ་ཚོར།།

ཉི་ཟླའི་ཟིལ་ཤུགས་རྒུད་པའི་ལོ་ཟླའི་གཞོང་ནས།།

ས་ཆེན་སྨག་གིས་བཟུང་བ་ལས་ལ་བཅོལ་ཡོད།།

 

ཨོཾ་ཆེན་ཀ་བ་འགྱེལ་བའི་དུས་ཚིགས་སྐྱ་བོས།།

ཁྱིམ་གྱི་ལྷིང་འཇགས་རླུང་ཁའི་ཙག་ལ་བསྒྲེས་ཀྱང་།།

གསོན་པོའི་དབུགས་སྐད་ཆད་པའི་མུ་གེ་ཐང་དུ།།

བདེན་དོན་རུས་པ་འཐོར་བའི་ལོ་རྒྱུས་ལྷག་ཡོད།། དེ་ལས་མང་། »

བོད་རྒྱའི་གྲོས་མོལ་སྐབས་བོད་ཕྱོགས་ནས་བཟོད་སྒོམ་དང་མཐུན་ཐབས་ཡོད་ཚད་སྐྲུན་ཡོད་ཅེས་བཀའ་བློན་ཁྲི་བ་མཆོག་ནས་གསུངས་འདུག

བོད་རྒྱའི་གྲོས་མོལ་སྐབས་བོད་ཕྱོགས་ནས་བཟོད་སྒོམ་དང་མཐུན་ཐབས་ཡོད་ཚད་སྐྲུན་ཡོད་ཅེས་བཀའ་བློན་ཁྲི་བ་མཆོག་ནས་གསུངས་འདུག

                                      འབྲོག་མྱི

རྒྱ་གར་གྱི་རྒྱལ་ས་ན་ཡོད་པའི་བོད་ཀྱི་གྲོས་ཚོགས་དང་ཆབ་སྲིད་ཞིབ་འཇུག་ལྟེ་གནས་ཀྱིས་བཙོན་བྱོལ་བོད་ཀྱི་སློབ་མ་ཚོར་ཆེད་དམིགས་ཀྱིས་དམངས་གཙོ་དང་བོད་ནང་གི་གནས་སྟངས་ཞེས་པའི་བརྗོད་གཞིའི་སྟེང་ཟབ་སྦྱོང་ལས་འགུལ་ཞིག་སྤེལ་ནས་ཚོགས་ཉིན་བཞི་པའི་སྐབས་བཙན་བྱོལ་བོད་གཞུང་བཀའ་བློན་ཁྲི་བ་ཟམ་གདོང་རིན་པོ་ཆེས་ཟབ་སྦྱོང་ཚོགས་ཐོག་ཏུ་གསུང་བཤད་གནང་སྐབས་བོད་རྒྱའི་གྲོས་མོལ་སྐབས་བོད་ཕྱོགས་ནས་བཟོད་སྒོམ་དང་མཐུན་ཐབས་ཡོད་ཚད་སྐྲུན་ཡོད་ཅེས་གསུངས་འདུག བཀའ་ཁྲི་ཟམ་གདོང་རིན་པོ་ཆེས་༧གོང་ས་མཆོག་གིས་བཏོན་པའི་སི་ཊ་སུ་སྦག་གི་དགོངས་འཆར་ནང་བོད་ལའང་ཧོང་ཀོང་དང་འདྲ་པའི་རང་སྐྱོང་སྤྲད་ནས་གཞི་རྩའི་ཁྲིམས་ལུགས་དང་དམངས་གཙོའི་སྒྲིག་གཞི་ལག་བསྟར་བྱེད་རྒྱུའི་རེ་འདུན་བཏོན་ཡོད་མོད༌། འོན་ཀྱང་བོད་རྒྱའི་གྲོས་མོལ་རིམ་བྱུང་ཁྲོད་ཡར་རྒྱས་ཀྱི་རྣམ་པ་སྤུ་ཙམ་ཡང་བྱུང་མེད༌། ༢༠༠༤ནས་༢༠༠༥ལོ་ནས་བཟུང་བཙན་བྱོལ་བོད་གཞུང་གིས་༧གོང་ས་མཆོག་གི་དགོངས་འཆར་གཞིར་བཞག་གི་ཐོག་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་སྤྱི་ལོ་༡༩༨༢ལོར་གསར་དུ་གཏན་འཁེལ་བྱས་པའི་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་ཀྱི་ནང་དོན་ཁག་ཡོངས་སུ་ལག་བསྟར་བྱས་ན་ང་ཚོའི་རེ་འདུན་སྐོང་ཐུབ་པའི་རེ་འདུན་ཞུས་ཡོད༌། བོད་རྒྱལ་གྲོས་མོལ་ཐེངས་བརྒྱད་པའི་སྐབས་བཙན་བྱོལ་བོད་གཞུང་གིས་རྒྱ་ནག་གཞུང་ལ་སྤྲད་པའི་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ནང་དུ་གཞི་རྩའི་ཁྲིམས་ལུགས་ཀྱིས་སྐོར་ཅི་ཡང་གླེང་མེད་པ་དང༌། དམངས་གཙོའི་སྒྲིག་གཞིའི་སྐོར་ཡང་གླེང་མེད༌། རྒྱ་ནག་གཞུང་གིས་གཏན་འཁེལ་བྱས་ཡོད་པའི་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་ཀྱི་ནང་དོན་ཁག་དངོས་སུ་ལག་བསྟར་བྱས་ཏེ་བོད་ལ་མིང་དོན་མཚུངས་པའི་རང་སྐྱོང་དགོས་པའི་རེད་འདུན་བཏོན་ཡོད༌། དེ་ནི་བོད་རྒྱའི་གྲོས་མོལ་རིམ་བྱུང་གྲོས་མོལ་བྱས་པའི་བརྗོད་བྱའང་ཡིན་ལ༌། བཙན་བྱོལ་བོད་གཞུང་གིས་བོད་དོན་དང་འབྲེལ་བ་ཡོད་པའི་གནད་དོན་དང་རྒྱ་ནག་གཞུང་དང་གླེང་མོལ་བྱེད་དགོས་པའི་ནང་དོན་ཡོད་ཚད་བསམ་འཆར་ནང་བཀོད་ཡོད་པས་དགོས་དབང་ཅན་གྱི་ནང་དོན་ཁག་གཅིག་ཀྱང་ལྷག་མེད་ཅེས་གསུངས་ཡོད་འདུག ཟབ་སྦྱོང་ཚོགས་འདུ་འདིའི་ནང་རྒྱ་གར་དང་བལ་ཡུལ་སོགས་སུ་ཡོད་པའི་བོད་ཀྱི་སློབ་གྲྭ་༢༠ནས་ཡོང་པའི་སློབ་མ་༡༡༣དངོས་ཞུགས་བྱས་ཡོད་པ་དང༌། ཟབ་སྦྱོང་དེ་གཟའ་ཕུར་པའི་ཉིན་མཇུག་སྒྲིལ་རྒྱུ་རེད༌།

( ཡོང་ཁུངས་།RFA)

རྒྱ་ནག་མི་དམངས་ཤོག་སྒོར་བོད་དུ་བཀོད་སྤྱོད་སྐོར་།

རྒྱ་ནག་མི་དམངས་ཤོར་སྒོར་དེ་རྒྱ་ནག་གི་བོད་བཙན་འཛིན་བྱས་རྗེས་ད་བཟོད་བོད་ནང་འགྲེམ་སྤེལ་བཀོད་སྤྱོད་བྱས་པ་ཞིག་རེད༌།

                             འབྲོག་མྱི

རྒྱ་ནག་གཞུང་གིས་བོད་ནི་གནའ་ནས་ད་བར་རྒྱ་ནག་གི་ཆ་ཤས་ཤིག་ཡིན་ལུགས་བརྗོད་ཀྱིན་ཡོད་ནའང༌། རྒྱ་ནག་མི་དམངས་ཤོག་སྒོར་དེ་རྒྱ་ནག་གིས་བོད་ལ་དྲག་པོའི་བཙན་འཛིན་བྱས་ཏེ་སྤྱི་ལོ་༡༩༥༩ལོར་༧གོང་ས་མཆོག་གཙོ་ཡིན་པའི་བོད་འབུམ་གཅིག་ལྷག་རྒྱ་གར་ནང་བཙན་བྱོལ་དུ་ཕྱིན་པའི་རྗེས་སུ་ད་བཟོད་འགྲེལ་སྤེལ་བཀོད་སྤྱོད་བྱས་འདུག རྒྱ་ནག་གཞུང་འབྲེལ་ཞིན་ཧྭ་གསར་ལས་ཁང་གིས་ཧྲི་་ཀྲོང་ཉིན་རེ་ཚགས་པར་གྱི་རྩོམ་ཡིག་ཅིག་ལུང་འདྲེན་བྱས་པའི་ནང༌། ཉེ་ཆར་རྒྱ་ནག་ཧིཔེ་ཞིང་ཆེན་ཧྲི་ཇ་ཀྲོང་ཉིན་རེའི་ཚགས་པར་གྱི་སྤེལ་པའི་ཁ་བྱང་ལ་མི་དམངས་ཤོར་སྒོར་ཐོག་མའི་གཅེས་ནོར་བཅུ་ཞེས་བཀོད་པའི་རྩོམ་ཡིག་ནང༌། སྤྱི་ལོ་༡༩༤༨ལོའི་ཟླ་༡༢པའི་ཚེས་༡༥འི་ཉིན་ཧི་པེ་ཞིང་ཆེན་ཧྲི་་ཀྲོང་གྲོང་ཁྱེར་དུ་རྒྱ་ནག་མི་དམངས་དངུལ་ཁང་དབུ་བརྙེས་པ་དང་ཆབས་ཅིག་མི་དམངས་ཤོར་སྒོར་ཐོག་མ་དེ་འགྲེམ་སྤེལ་བྱས་ཡོད་ཅིང༌། རྩོམ་ཡིག་ནང་རྒྱ་ནག་མི་དམངས་ཤོག་སྒོར་དེ་སྐབས་དེར་བོད་རང་སྐྱོང་ལྗོངས་དང་ཐེ་ཝན་སུ་འགྲེལ་སྤེལ་དང་བཀོད་སྤྱོད་བྱས་མེད་པ་དང༌། ཏཱ་ལེའི་བླ་མས་འགོ་ཁྲིད་པའི་བོད་གཞུང་དང་བོད་མི་ཁག་ཅིག་རྒྱལ་གར་དུ་བཙན་བྱོལ་དུ་ཕྱིན་པའི་རྗེས་སུ༌། སྤྱི་ལོ་༡༩༥༩ལོའི་ཟླ་༧པའི་ཚེས་༡༥ཉིན་ད་བཟོད་རྒྱ་ནག་མི་དམངས་ཤོག་སྒོར་དེ་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་འགྲེལ་སྤེལ་བཀོད་སྤྱོད་བྱས་ཅེས་བཀོད་འདུག གནས་ཚུལ་འདིའི་ཐད་༡༩༥༩ལོའི་སྔོན་དུ་བོད་རང་སྐྱོང་ལྗོངས་ཀྱི་གཞུང་ཕྱོགས་ཀྱི་ཕྱག་ལས་གནང་མྱོང་པའི་སྐུ་ཞབས་སྣ་སྐྱིད་ངག་དབང་དོན་གྲུབ་ཀྱིས་ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་བཅར་འདྲི་སྐབས་རྒྱ་ནག་གིས་བོད་ལ་བཙན་འཛིན་མ་བྱས་པའི་སྔོན་དུ་མི་དམངས་ཤོར་སྒོར་ཕར་ཤོ་དངུལ་སྒོར་ཡང་བོད་ཀྱིས་བཀོད་སྤྱོད་བྱས་མེད་ཅེས་དང༌། དེ་མིན་ཁོང་གིས་ད་དུང་ཡང་སྤྱི་ལོ་༡༩༥༩ལོའི་སྔོན་དུ་བོད་ཀྱི་ཤོ་སྒོར་དང་སྦྲགས་ཁང་སོགས་ཚང་མ་རང་བཙན་གྱི་རྣམ་པས་འཁོར་སྤྱོད་བྱེད་ཀྱིན་ཡོད་ཅེས་འགྲེལ་བརྗོད་བྱས་བྱུང༌།

༼ཡོང་ཁུངསRFA,VOT

 

WordPress Themes