ན་ནིང་། ལྷོ་ཁའི་འཕྱོང་རྒྱས་སུ།

ན་ནིང་། ལྷོ་ཁའི་འཕྱོང་རྒྱས་སུ།

 

ལྗང་བུ།

ན་ནིང  ལྷོ་ཁའི་འཕྱོང་རྒྱས་སུ
གྲོ་ནས་ཀྱི་ཞིང་གསེབ་དང་རི་ཞོལ་དུ
ཞོགས་པའི་ཁོད་དུ  ཆར་བ་ཟམ་ཟིམ་འབབ་ཀྱིན་འདུག

ན་ནིང   ལྷོ་ཁའི་འཕྱོང་རྒྱས་སུ
བཟོ་དབྱིབས་འདྲ་ཡང་ཆེ་ཆུང་མི་སྙོམས་པའི
ས་ཕུང་ཁ་ཤས་གཡས་ཉལ་གཡོན་ལོག་བྱས་འདུག
མི་ལོ་སྟོང་ཕྲག་སྔོན་གྱི་མིང་ལ་བཙན་པོ་ཟེར་བ་ཁ་ཤས
ད་ལྟའང་ས་ནག་ཁྲོད་ན་ཉལ་འདུག་ཟེར

ན་ནིང  ལྷོ་ཁའི་འཕྱོང་རྒྱས་སུ
ང་ཡིས་བསམ་བློ་བཏང་བར
མི་ལོ་སྟོང་ཕྲག་གི་ས་ནག་ཁྲོད་ཀྱི་དེ་ཚོ
སྔར་ནས་རུལ་ཚར་ཡོད་དམ
                     ༢༠༠༡.༧.༢༡

༼ཡོང་ཁུངས་།མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ༽

གནམ་ལ་བསྲིངས་པའི་ལག་པ།

 

གནམ་ལ་བསྲིངས་པའི་ལག་པ།

 

ཆོས་ཤུལ་གསང་བདག གནམ་འོག་གི་རྨ་ཁུག་དང་པོ

ཀླད་ནས་བཞུར་འོང་བའི་ཆུ་ཐིགས

ལག་པའི་མཐིལ་དུ་ལྷུང་དུས

ངོ་གདོང་བཀྲུ་བྱེད་ཀྱི་ལག་ཕྱེ

གསང་བར་སྦེད་པའི་ཚིག་དུམ་ཞིག་དང་འདྲ

མིག་གིས་འཐོང་ཐབས་བྲལ

ནམ་མཁའི་དབྱིངས་སུ་ཡལ

 

རྒོད་པོ་ཞིག་གི་གཤོག་སྣེ

བྲག་ལ་བརྡར་བའི་ཉིན་ཞིག

ཁྱོད་ཀྱི་ནམ་མཁའ་ཏིལ་འབྲུ་ཙམ་པོ

སུ་ཞིག་གི་ཆེད་དུ་བསྲིངས་པའི་ལག་པ

ཕྱོགས་སོ་སོ་ནས་བསྲིངས་ཡོང

 

ལག་པར་གོན་པའི་སོར་གདུབ

བུ་མོ་ཞིག་གི་གམ་དུ་བཞག་རྗེས

རང་ཉིད་ལ་གཏོགས་པའི་ནེའུ་གསིང་དང་གཞིས་ཀ

རི་རབ་འདི་དག་གི་རྒྱབ་ཏུ་ཡིབ་ཡོད་པ་འདྲ་སྟེ

བདག་གིས་བཙལ་ཀྱང་རྙེད་རྒྱུ་མི་འདུག

  དེ་ལས་མང་། »

སྐྱོ་བ་བསྲན་པ།

 

སྐྱོ་བ་བསྲན་པ།

 

སྦྲ་ནག་བློ་བཟང༌། ཁྲ་མོ་གླིང༌།

 

མིག་ཆུ་ལྷུང་དུས་མཛའ་མོ་དྲན་ནམ

མིག་ཟུང་དེས་ས་རྡུལ་འཚུབ་པའི་བྱེ་གཞོང་དུ་བལྟས

རང་ཉིད་འཚོལ་བའི་ལམ་ཁ་ཀྱག་ཀྱོག་ཏུ་འཐེན་འདུག

ཡུལ་ལྗོངས་གང་ན་རང་ཉིད་གྲུབ་པ་སུ་ཞིག་གིས་བཤད་མྱོང་ངམ།

ང གནས་ངེས་མེད་དུ་གྲུབ་པ་དེ་ཡིན་ནམ

ཡུལ་གྲུ་འདི་ན་ཁེར་ཧྲེང་དུ་སྡོད་པའི་མྱི་དེ་ཡིན་ནམ།

འཆར་ཡན་གྱིས་དྲངས་པའི་ཁྱོད་ཀྱི་ངོ་གདོང་སྐྱ་བོ

ངོ་མ་མདུན་དུ་གསལ་བོ་མཐོང་གིན་པ་དེའང

སྐབས་རེར་མཐོང་ལམ་དེ་རབ་རིབ་ཏུ་གྱུར་སོང དེ་ལས་མང་། »

བདག་དང་སྦྲ་ནག་གི་ལེའུ།

 

བདག་དང་སྦྲ་ནག་གི་ལེའུ།            

                  

 

 སྦྲ་ནག་བློ་བཟང༌། ཁྲ་མོ་གླིང༌།

 

སྲིད་པ་རྒད་པོའི་བརྩེ་ཞེན་གྱིས་འཐག་པའི་འཁོར་བ

ཨ་མ་རྒན་མོའི་ངལ་རྩོལ་གྱི་རྔུལ་ཆུས་གླན་པའི་ཡ་ཐོག་གི་ལྡིང་ཁང

བྱིས་དུས  བདག་གི་དྭངས་གཙང་གི་སེམས་པས་བཙལ་བའི་འཇིག་རྟེན

ངུ་སྐད་ཀྱིས་བསྲེས་པའི་གནམ་སྔོན་པོ་དང་ས་ཆེན་པོ

 

 

འཆན་ཡན་གྱི་རྟོག་འགྱུ་འཕྱོ་བའི་ཕོ་བྲང་ཁོ་ན

སྐད་བསྐུར་དང་མེ་ཏོག་འདྲེས་པའི་རྒྱན་ཆ་གཅིག་པུ

རོལ་མོས་གཅུན་པའི་བུ་གཉོར་གྱི་གཞས་གདངས

ཟོལ་གྱིས་མ་བསླད་པའི་འབྲོག་པའི་རྫི་གླུ་འཁྱིལ་ས

  དེ་ལས་མང་། »

བོད་མདོ་སྨད་འགུ་ལོག་ས་ཁུལ་གྱི་བོད་མི་ཞིག་བཙོན་གྲོལ་རྗེས་སུ་འདས་གྲོངས་ཕྱིན་ཡོད་པའི་གནས་ཚུལ་ཐོན་ཡོད༌།

 

བོད་མདོ་སྨད་འགུ་ལོག་ས་ཁུལ་གྱི་བོད་མི་ཞིག་ཟླ་བ་སྔོན་མའི་ནང་བཙོན་ནས་གློད་གྲོལ་ཐོབ་སྟེ་ཡུལ་དུ་ལོག་ཡོད་ཀྱང་ཟླ་བ་གཅིག་ལྷག་ཙམ་གྱི་རྗེས་སུ་འདས་གྲོངས་ཕྱིན་ཡོད་པའི་གནས་ཚུལ་ཐོན་ཡོད༌།

ཉེ་ཆར་བོད་ནང་གི་བོད་མི་ཞིག་གིས་ཨེ་ཞི་ཡ་རང་དབང་རླུང་འཕྲིན་ཁང་ལ་གནས་ཚུལ་ངོ་སྤྲོད་གནང་བ་ལྟར་ན༌།སྤྱི་ལོ་༢༠༠༧ལོའི་སྤྱི་ཟླ་དགུ་པའི་ནང་བོད་མདོ་སྨད་འགུ་ལོག་ཁུལ་དགའ་བདེ་རྫོང་དུ་བོད་མི་དང་ཁ་ཆེའི་བར་འགལ་ཟླ་བྱུང་པའི་ཁྲོད་བོད་མི་བཅུ་བཞི་ཙམ་འཛིན་བཟུང་བྱས་པའི་ནང་དཔལའབྱོར་གྱི་ཆད་པ་སྒོར་མོ་ཁྲི་དྲུག་ནས་གསུམ་བར་བཅད་དེ་ལོ་ཕྱེད་དང་ཡང་ན་ལོ་གཅིག་རྗེས་སུ་མང་ཆེ་བ་གློད་གྲོལ་བཏང་ཡོད་པའི་ཁྲོད༌། དེ་ལས་མང་། »

ཕྱིར་དྲན་གྱི་ཟིན་ཐོ །

 

ཕྱིར་དྲན་གྱི་ཟིན་ཐོ 

 

མིག་གཉིས་ཀྱིས་བལྟས་ན་ད་གཟོད་འཇིག་རྟེན་གྱི་ཡོད་ཚད་མཐོང་ཐུབ་ལ་མིག་གཉིས་ཀྱིས་ནམ་ཡང་རང་ཉིད་བསླུ་མི་སྲིད ། དེའི་ཕྱིར་ཡ་ཐོད་ཀྱི་མིག་འདི་གཉིས་ཆེ་ཆེར་བགྲད་དགོས །

 

ཆོས་ཤུལ་གསང་བདག

 

བྱིས་དུས་ཀྱི་འཚོ་བ་ནི་ཕྱུགས་རྫི་དང་རྩྭ་ཐང་གི་ལྷིང་འཇགས་

བསྲུངས་ཏེ་ཕུལ་མྱོང་ལ་གཞོན་ནུ་ཞིག་གི་མིང་བྱང་ཁུར་པ་ནས་

རྒྱལ་བཀུག་དང་ཆང་འཐུང་རྐུན་མ་སོགས་བྱས་བྱས་མཐར ། ལྟས་དབང་ཞིག་གིས་འགྲུལ་བཞུད་པ་ཞིག་གི་ལས་དབང་ལ་སྐྱ་ཐིག་ཕབས ། ཕོ་ལོ་བཅོ་བརྒྱད་ཀྱི་ལོ་མགོ་ཞིག་ནས་ས་མཐའི་ཡུལ་གྲུ་ཞིག་ཏུ་ཀ་ཁ་སུམ་ཅུའི་ཀློག་འདོན་བྱེད་པའི་སྟ་གོན་ཐོག་མར་བྱས ། བདག་ལ་མཚོན་ན་དུས་ཡུན་རིང་བོ་ཞིག་ལ་སློབ་སྦྱོང་གི་གོ་སྐབས་ཐོབ་མ་མྱོང་བའི་འབྲོག་ཕྲུག་ཅིག་ཡིན ། ད་ལྟ་ཕྱིར་མིག་ཅིག་བལྟས་ན་རང་ཉིད་ཀྱང་རང་ཉིད་ལ་ཡིད་མི་ཆེས་པའི་སྣང་བ་ཞིག་སྐྱེས་འོང་ །

གང་ལྟར་ཀ་ཁ་སུམ་ཅུ་ངོ་ཤེས་པ་ནས་བཟུང་སྲོལ་རྒྱུན་རིག་གནས་ཀྱི་སློབ་གསོའི་འོག་ལོ་ངོ་བཅུ་ཕྲག་རིང་སློབ་སྦྱོང་བྱེད་མྱོང་ །  སྲོལ་རྒྱུན་རིག་གནས་ཀྱི་ཁོར་ཡུག་ཁྲོད་འཚར་ལོངས་བྱུང་བའི་རང་ཉིད་ལ་ཕྱིར་རྟོགས་ཐེངས་ཤིག་བྱས་ན་སྲོལ་རྒྱུན་རིག་གནས་ཀྱི་ཁོར་ཡུག་འོག་སློབ་གསོ་མྱོང་བའི་ལོ་ངོ་བཅུ་ཕྲག་ནི་བོད་མི་རིགས་ལ་བྱིལ་བྱིལ་བཏང་སྟེ་འོང་བ་ཞིག་རེད་ལ་མི་རིགས་ཤིག་གི་རྣམ་ཤེས་ལ་ཟབ་འཇུག་བྱེད་མྱོང་བའི་དུས་སྐབས་ཤིག་ཀྱང་རེད །  རང་ཉིད་ལ་མཚོན་ནས་བཤད་ན་དེ་ནི་རང་ཉིད་གཏོགས་པའི་མི་རིགས་འདིར་ངེས་ཤེས་ཟབ་མོ་ཞིག་སྐྱེས་མྱོང་བའི་དུས་ཤིག་ཀྱང་རེད །མི་སྒེར་ཞིག་ལ་ཕ་མ་གལ་འགངས་ཆེ་བ་ཇི་བཞིན་རང་ཉིད་གཏོགས་པའི་མི་རིགས་འདིར་ངོས་ཟིན་ཡང་དག་ཅིག་ཀྱང་ཡོད་དགོས་འདུག   དེ་ལས་མང་། »

རྒྱ་ནག་གི་མིག་གི་ཚེར་མར་བོད་པ་དང་ཡུ་གུར་མི་རིགས་།

 

རྒྱ་ནག་གི་མིག་གི་ཚེར་མར་བོད་པ་དང་ཡུ་གུར་མི་རིགས།

                   བོང་སྟག་རི་ལུ།

༢༠༠༨ལོ་ནི་རྒྱ་ནག་ནང་ཁུལ་ལ་མཚོན་ན་ཆེས་གལ་ཆེ་བའི་ལོ་ཞིག་ཡིན་པ་དང་།ལྷག་པར་དུ་ཨོ་ལེན་ཕིས་ཁི་ལུས་རྩལ་འགྲན་ཚོགས་ཏེ་རྒྱ་ནག་ནང་ཁུལ་དུ་འཚོགས་རྒྱུ་གཏན་འཁེལ་བྱས་པས་འཛམ་བུ་གླིང་གི་མི་ཚང་མས་མིག་གིས་ཀྲུང་གོར་བལྟས་པ་དང་རྣ་བས་ཀྲུང་གོར་ཉན་པ་རེད་།ཡིན་ན་ཡང་།རྒྱ་ནག་ནང་ཁུལ་དུ་ཆེས་མཐོང་མི་འདོད་པ་ཞིག་ནི་ཡུ་གུར་དང་བོད་པ་ཚང་གཙོ་བྱས་ཏེ་ཡར་ལངས་ཀྱི་ལས་འགུལ་སྤེལ་བ་དང་།སི་ཁྲོན་དང་ཀོས་ཀྲིག་གཙོ་བྱས་ཏེ་ངོ་རྒོལ་གྱི་གཏམ་ཡན་སྤེལ་བ་།ཐ་ན་ས་དང་ཆུ་ཡི་འཇིགས་པ་མང་པོ་ལ་བརྟེན་ནས་༢༠༠༨ལོ་ནི་ཕྱི་ནང་གང་རུང་ནས་བལྟས་ཀྱང་འུར་འུར་ཟིང་ཟིང་ཞིག་ཏུ་བཏང་སོང་། དེ་ལས་མང་། »

ད་ལོ་ནི་གླུ་ལེན་པའི་དུས་ཚོད་ཅིག་ཡིན་ནམ།

 

ད་ལོ་ནི་གླུ་ལེན་པའི་དུས་ཚོད་ཅིག་ཡིན་ནམ།

    གླུ་བ་ནམ་མཁའི་སེམས་ཁུར་དང་རྡུང་ལེན་སྤྲོ་ཚོགས་ཆེན་མོ་གླེང་བ།

                        བོང་སྟག་རི་ལུ།

 ༢༠༠༨ལོ་ནི་བོད་མི་རིགས་ལ་མཚོན་ན་།ཁྱོད་ཤི་ང་གསོན་དང་།ཤི་འཐམ་རོ་འཐམ་གྱི་ལས་འགུལ་ཆེན་པོ་ཞིག་ལངས་པའི་ལོ་ཡིན་ལ།ལྷ་སའི་པོ་ཏ་ལའི་བར་སྐོར་གཙོ་བྱས་ཏེ་མདོ་དབུས་ཁམས་གསུམ་གྱི་བོད་མི་གནས་སྡོད་བྱེད་སའི་ས་ཆ་གང་རུང་ནས་ཚེ་སྲོག་གི་མཆོད་པ་མ་ཕུལ་ས་ཞིག་གཏན་ནས་མེད་པ་འདྲ་།དེས་ན།༢༠༠༨ལོ་ལ་མི་རིགས་ཀྱི་བྱ་བཞག་རླབས་པོ་ཆེའི་དོན་དུ་ཚེ་སྲོག་གི་མཆོད་པ་ཕུལ་ཅིང་ངུ་འབོད་ཀྱི་སྐད་སྒྲ་མ་འཇགས་པའི་ཡར་སྔོན་ལ།ཨ་མདོའི་ཟི་ལིང་གྲོང་ཁྱེར་ནས་བོད་མི་རིགས་ལ་ཤ་ཞེན་རུས་ཞེན་ཆེ་ཟེར་བའི་བོད་ཀྱི་རྡུང་ལེན་པ་སྐོར་ཞིག་གིས་གླུ་སྐད་གཅིག་ལས་གཅིག་ལྷག་གིས་སྤྲོ་ཚོགས་རབ་དང་རིམ་པ་སྤེལ་པ་ནི་ཁོ་བོ་ཧ་ཅང་ཡིད་སྐྱོ་བའི་གནས་སོ་།

          ད་ལོའི་ཟླ་༡༡པའི་ནང་ཁོ་བོ་གཞུང་དོན་ཙག་ཙིག་ཞིག་གི་ཆེད་དུ་གནའ་མཁར་ཟི་ལིང་དུ་སོང་བ་ཡིན་ལ་།སྐབས་དེར་ཨ་མདོའི་རྡུང་ལེན་སྤྲོ་ཚོགས་ཆེན་མོ་རབ་དང་རིམ་པ་སྤེལ་བའི་དུས་དང་ཁེལ་བྱུང་།ཡིན་ནའང་།

ང་རང་སྤྲོ་ཚོགས་དེར་ཞུགས་འདོད་མ་བྱུང་བར་གྲོགས་པོ་ཁ་ཤས་དང་མཉམ་དུ་ཇ་ཁང་དཀྱུས་མ་ཞིག་ནས་སེམས་གཏམ་ལབ་རེས་བྱས་ཏེ་བསྡད་པ་ཡིན་ལ།དུས་དེར།རྡུང་ལེན་པ་ནམ་མཁའ་ཡིས་ང་རང་འབྱོར་ཡོད་པ་ཐོས་འཕྲལ་ཁ་པར་བཏང་ཡོང་ཞིང་ངེད་གཉིས་ཀྱིས་སྤྱིར་བཏང་གི་མགྲོན་ཁང་ཞིག་ཏུ་ཁ་བརྡ་མང་པོ་བྱས་ཤིང་སྐད་ཆ་དེ་དག་གི་ཁྲོད་ནས་ཁོའི་སེམས་གཏམ་མང་པོ་ཞིག་ང་ལ་དམར་རྗེན་རྗེན་དུ་ལབ་སོང་།སྐབས་དེར་ངས་ཁོར་།ཁྱེད་རང་རྡུང་ལེན་གྱི་སྤྲོ་ཚོགས་ཆེན་མོ་འདིར་མི་ཞུགས་པའི་དོན་ཅི།ཁེ་ཉིན་ད་དུང་སྒྲ་སྡུད་འཕྲུལ་ཆས་ལས་ཁྱེད་ཉིད་གཙོ་བྱས་ཏེ་ཨ་མདོའི་ཡུལ་གྱི་རྡུང་ལེན་པ་གྲགས་ཅན་མི་ཉེར་ལྔ་ཞུགས་བཞིན་ཡོད་ཟེར་བ་མིན་ནམ་ཞེས་དྲིས་པ་ན་།ཁོས་གདོང་ལ་མི་འདོད་པའི་རྣམ་འགྱུར་ཞིག་བསྟན་ཏེ་།ད་ལོ་ནི་ང་ཚོ་བོད་མི་རིགས་ལ་མཚོན་ན་གླུ་ལེན་པའི་ལོ་ཞིག་ཡིན་ནམ་།ང་རང་ད་ལོའི་སྤྲོ་ཚོགས་འདི་དག་ལ་ཞུགས་པར་ཧ་ཅང་སུན་པོ་འདུག་ཟེར་། དེ་ལས་མང་། »

འདི་ལྟར་བོད་ཀྱི་སྟོང་ལོ་གསར་བ་བསུ།།

 

 

འདི་ལྟར་བོད་ཀྱི་སྟོང་ལོ་གསར་བ་བསུ།།

          འོད་དཀར།

 

འཛམ་གླིང་ཤར་ཕྱོགས་གངས་རིའི་འཇིག་རྟེན་འདི།།

ནག་པོ་བདུད་ཀྱི་སྒྱུ་འཕྲུལ་དབང་ལ་ལྷུང་།།

རང་ལུས་འདོམས་གང་རང་ལ་མི་དབང་བར།།

རང་གི་མི་རིགས་གཞན་གྱིས་བྲན་འོག་བསྒྱུར།།

 

བླ་མ་ཕལ་ཆེར་སྒྲོ་ལོའི་ཆེད་དུ་བྱོན།།

མཁས་པ་ཕལ་ཆེར་སྡར་མའི་ངང་ཚུལ་འཛིན།།

གླེན་པ་ཕལ་ཆེར་གཤིན་རྗེ་ཡུལ་ལ་དྲངས།།

འཇོན་པོ་ཐམས་ཅད་ཕྱི་གླིང་ཡུལ་ལ་བྲོས།།

 

མཚོ་མོ་ཕལ་ཆེར་དམག་གི་རྟེན་གཞི་བྱས།།

ཁ་བ་དཀར་པོ་ཁྲག་གིས་དམར་པོར་བསྒྱུར།།

ཆུ་བོ་ཆེན་པོ་རྒྱ་ཡིས་འཁོར་སྤྱོད་བྱེད།།

རྩྭ་ཐང་ཆེན་པོ་དུ༔ཁའི་གནས་ལ་བསྒྱུར།། དེ་ལས་མང་། »

བོད་ཀྱི་ལོ་གསར་སྐོར་ལས་འཕྲོས་པའི་གཏམ།

 

བོད་ཀྱི་ལོ་གསར་སྐོར་ལས་འཕྲོས་པའི་གཏམ་།

རིག་པའི་རྡོ་རྗེས།   

༡༽  བོད་ཀྱི་དུས་འཁོར་སྐར་རྩིས།   

ཕྱི་ལོ་  ༡༠༢༧  ལོར་དུས་འཁོར་བོད་དུ་དར་བ་ནས་བཟུང་།   དུས་འཁོར་ལུགས་ཀྱི་སྐར་རྩིས་རིག་པའི་གཞུང་ལུགས་འདི་རྒྱ་ཆེར་དར་བ་རེད།    ད་ལྟའི་ཆར་བོད་ཀྱི་ནང་ཆོས་ཟེར་བ་བཞིན་བོད་ཀྱི་སྐར་རྩིས་ཞེས་བོད་རང་གི་ལུགས་ཀྱི་སྐར་རྩིས་རིག་པའི་གཞུང་ལུགས་ཤིག་ཏུ་གྱུར་ཡོད།   དེའི་ལུགས་ལ་ཁྱིམ་བཅུ་གཉིས་དང་།   སྒྱུ་སྐར་ཉེར་བདུན།   ཉི་ཟླར་སྒྲ་གཅན་འཇུག་ཚུལ།   གཟའ་ལྔ།   ཞག་གསུམ་སོགས་རྒྱས་པར་ཡོད་ཅིང་།   ཟླ་ལྷག་འདོན་སྟངས་ཐད།   མདའ་རོའི་ལྷག་མར་ཐིག་ཤར་ན།།   མཐའ་རུ་བཤོལ་བྱུང་གཟུགས་ཤར་ན།།   དབུས་སུ་ཟླ་བཤོལ་ཐོན་པ་ཡིན།།   ཞེས་སོགས་གསུངས་པ་ལྟར།    མདའ་ལྷག་སྟེ་ཟླ་བ་རེ་རེའི་མདའ་རོའི་ལྷག་མའི་ཐོག་ནས་ཟླ་ལྷག་འདོན་གྱིན་ཡོད་ལ།   འདི་ལྷ་སའི་ཕྱོགས་ནས་ལན་ལེན་བྱེད་ཀྱིན་ཡོད།     འོན་ཀྱང་ལྷ་སའི་ཕྱོགས་ནས་ཀྱང་རྒྱ་རྩིས་རྙིང་མའི་ལུགས་ཀྱི་དབུགས་སྒང་སོགས་ལེགས་ཆ་རྣམས་ཀྱིས་དུས་འཁོར་སྐར་རྩིས་ལ་ཁ་སྣོན་བྱས་མེད་པ་མིན་མོད།   ལག་ལེན་གྱི་ཐོག་ནས་བོད་རང་གི་སྐར་རྩིས་གཙོ་བོར་གནང་གིན་ཡོད།   དཔེར་ན་ཟླ་ལྷག་འདོན་སྟངས་ལྟ་བུ་རེད།     འདི་ཤིན་ཏུ་ལེགས། དེ་ལས་མང་། »

WordPress Themes