བོད་ནང་གི་དགེ་འདུན་པ་ཞིག་གིས་རང་ལུས་
མེར་བསྲེགས་གཏོང་སྐབས་རྒྱ་ནག་དམག་མིས་
མེ་མདའ་རྒྱབ་ཡོད་།
སྤྱི་ཟླ་གཉིས་པའི་ཚེས་༢༧ཉིན་གུང་བོད་ནང་གི་ཆུ་ཚོད་དང་པོ་དང་སྐར་མ་ ༤༠ སྟེང༌། བོད་ཨ་མདོ་རྔ་བ་ཀིརྟི་དགོན་པའི་དགེ་འདུན་པ་བཀྲ་བྷེ་ལགས་ཀྱིས་བོད་བསྟན་སྲིད་ཀྱི་དོན་དུ་རང་ལུས་མེ་ལ་བསྒྲོན་ཏེ། ངོ་རྒོལ་སྐད་འབོད་བྱེད་སྐབས་རྒྱ་གཞུང་གི་ཉེན་རྟོག་པས་མེ་མདའ་བརྒྱབས་ཡོད་འདུག
བོད་ནས་ཁ་པར་བརྒྱུད་གནས་ཚུལ་འབྱོར་བ་ལྟར་ན། ཚེས་༢༦ཉིན་གྱི་ཕྱི་དྲོ་ཨ་མདོ་རྔ་བ་ཀིརྟི་དགོན་པ་དང་རྔ་བ་རྫོང་ཐོག་བཅས་སུ། ཁ་སང་གི་དམར་གསོད་ལ་མ་བསྐྲག་ན། དེ་རིང་གི་རྡུང་རྡེག་ལ་ཅིའི་ཕྱིར་སྐྲག སང་ཉིན་ང་ཚོས་ཡར་ལངས་རྒྱག་དགོས། ཞེས་བཀོད་པའི་སྦྱར་ཡིག་མང་པོ་ཞིག་སྦྱར་ཡོད་སྟབས། ཚེས་༢༧ཉིན་གྱི་ཞོགས་པར་རྔ་བ་རྫོང་ཐོག་གི་བོད་རིགས་མང་པོ་ཞིག་འདུ་འཛོམས་བྱས་ཡོད་པ་དང༌། དེ་ལས་མང་། »
མཚོ་སྔོན་ཞིང་ཆེན་ཁོངས་གཏོགས་བོད་མདོ་སྨད་མང་ར་ཀླུ་ཚང་དགོན་པའི་དགེ་འདུན་པ་ཚོས་བོད་ཀྱི་ལོ་སར་ཉིན་མར་མེའི་ཁྲོམ་སྐོར་གནང་ཡོད་།

ཀླུ་ཚང་དགོན་པའི་དགེ་འདུན་པ་ཚོས་མང་ར་རྫོང་སྲིད་གཞུང་གི་ལས་ཁུངས་མདུན་དུ་ཞི་བའི་མར་མེའི་ཁྲོམ་སྐོར་གནང་བ པར་དབང་།མགུར་འབུམ་རྒྱལ།
ཚེས་༢༦ཉིན་ཨེ་ཤ་ཡ་རླུངའཕྲིན་ཁང་ལ་ཁུངས་ལྡན་གནས་ཚུལ་ཡོང་ཁུངས་ནས་གསུང་པ་གཞིར་བཞག་ལྟར་ན། ད་ལོའི་སྤྱི་ཟླ་གཉིས་པའི་ཚེས་༢༥ཉིན་ནི་ད་ལོའི་བོད་ཀྱི་ལོ་སར་གྱི་ཉིན་མོར་འཁེལ་ཡོད་ལ་།ཉིན་དེའི་ས་གནས་དུས་ཚོད་དྲུག་དང་ཕྱེད་ཀ་ཙམ་ལ་མཚོ་སྔོན་ཞིང་ཆེན་ཁོངས་ཀྱི་མཚོ་ལྷོ་ཁུལ་གྱི་མདོ་སྨད་མང་ར་རྫོང་ཀླུ་ཚང་དགོན་པའི་དགེ་འདུན་པ་བརྒྱ་ལྷག་གིས་རྫོང་ཐོག་ཡོད་པའི་ལ་མོ་ཡོངས་འཛིན་ལྷ་ཁང་ནས་རྫོང་སྲིད་གཞུང་ལས་ཁུངས་བར་གྱི་སྤྱི་ལེ་གཅིག་ལྷག་ལ་ཞི་བའི་གོམ་བགྲོད་ཀྱིས་མར་མེའི་ཁྲོམ་སྐོར་གནང་ཡོད་པ་དང༌། དེ་ལས་མང་། »
ཟི་ཁྲོན་ཞིང་ཆེན་ཁོངས་གཏོགས་བོད་གསེར་རྟ་ས་ཁུལ་དུ་མི་མང་གིས་བོད་ཀྱི་ལོ་སར་ཉིན་ལས་འགུལ་སྤེལ་ཡོད་།
བཙན་བྱོལ་བོད་མི་མང་མདོ་སྨད་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་འོད་ཟེར་ལགས་ཀྱིས་ཚེས་༢༦ཉིན་ཁོང་གི་ཕ་ཡུལ་གྱི་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན༌།ཚེས་༢༥སྟེ་བོད་ཀྱི་ལོ་སར་ཚེས་གཅིག་གི་ཉིན་གུང་ཙམ་ལ་མདོ་སྨད་མགོ་ལོག་གསེར་རྟ་རྫོང་ཐོག་ཏུ་དགེ་འདུན་པ་ཞིག་ནས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་རྒྱ་ནག་གཞུང་གིས་ཕྱིར་བོད་ལ་ཕེབས་སུ་འཇུག་དགོས༌། བོད་ནི་ལོ་རྒྱུས་ཐོག་རང་བཙན་གཙང་མ་ཡིན་ཞེས་སྐད་འབོད་བྱས་ཏེ་སྐར་མ་བཅུ་ཁ་ཞིག་ཕྱིན་པའི་མཚམས་སུ་།རྫོང་སྤྱི་བདེ་མི་སྣས་གཅར་རྡུང་བྱེད་ཞོར་ཁོང་འཛིན་བཟུང་བྱས་ནས་ཁྲིད་ཡོད་ནའང༌། དགེ་འདུན་པ་དེའི་མཚན་དང་དགོན་པ་གང་གི་ཡིན་པ་སོགས་ད་ལྟའི་ཆར་རྩད་གཅོད་བྱེད་ཐུབ་མེད་ཚུལ་དང་།བོད་ནས་གནས་ཚུལ་དེ་དངོས་སུ་མིག་མཐོང་མཁན་ཞིག་གིས་ཁ་པར་ཐོག་འགྲེལ་བརྗོད་གནང་བྱུང་ཟེར༌། དེ་བཞིན་བོད་ཀྱི་ལོ་སར་ཚེས་གཅིག་ཉིན་།གསེར་རྟ་སེ་ར་དགོན་པའི་དགེ་འདུན་པ་དྲུག་བཅུ་བདུན་བཅུ་ལྷག་གིས་སེ་ར་དགོན་པ་ནས་ཁས་སྐོར་ཞང་བར་སྤྱི་ལེ་ཉི་ཤུའི་སར་ཡོང་ནས༌།་ ཉིན་གུང་ནས་བཟུང་ཤང་སྲིད་གཞུང་གི་ལས་ཁུངས་མདུན་དུ་ཟས་བཅད་ངོ་རྒོལ་བྱས་ཡོད་ལ༌། དེ་ལས་མང་། »
མེ་ཏོག་གི་རྐང་རྗེས།
བོད་དོན་གོམ་བགྲོད་པ་མཱ་རེ་ཁེ་ཁྲི་ལ་ཕུལ།
གློག་ཞགས
ལེ་དབར་ཉིས་བརྒྱ
རྣག་ཁྲག་གི་གོམ་པ་ཁྲི་སྟོང
མཛེས་མ རང་དབང་གི་ལྷ་མོ
ཁྱེད་ཀྱིས མཛེས་སྡུག་ཡོད་ཚད
རྣག་ཁྲག་གི་གོམ་པས་རྫི་དུས
ཁྱེད་རང སུ་ཞིག་གི་ཞི་བདེའི་ཁོང་ཁྲོ་ཡིན དེ་ལས་མང་། »
༈ རབ་རྒྱལ་ས་གླང་གནམ་ལོའི་གསར་ཚེས་ལ་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་གཞིས་བྱེས་བོད་རིགས་ཡོངས་ལ་སྩལ་བའི་གསུང་འཕྲིན།
ཕྱི་ལོ་ ༢༠༠༩ ཕྱི་ཟླ་ ༢ ཚེས་ ༢༥ རེས་གཟའ་ལྷག་པ།
༄༅། །བོད་རྒྱལ་ལོ་ ༢༡༣༦ རབ་བྱུང་བཅུ་བདུན་པའི་ས་གླང་གནམ་ལོ་གསར་ཚེས་ཀྱི་དུས་ཚིགས་འདིར་ངོས་ནས་བོད་ཕྱི་ནང་དུ་འཁོད་པའི་བོད་རིགས་ཡོངས་ལ་བཀྲ་ཤིས་བདེ་ལེགས་ཀྱི་འཚམས་འདྲི་དང༌། ལོ་འདི་ཆོས་འབྱོར་བདེ་སྐྱིད་ཀྱིས་འཚོ་ཞིང་བདེན་མཐའ་རིམ་པས་གསལ་བའི་མཆོག་གསུམ་ལ་སྨོན་ལམ་བྱེད་ཀྱི་ཡོད།
ས་ཡི་གོ་ལ་འདིར་ཉི་ཟླ་གཟའ་སྐར་གྱི་འགྲོས་དང་བསྟུན་ཏེ། ཉིན་ཞག་ལོ་ཟླའི་འཁོར་ལོ་རྒྱུན་མར་འཁོར་བའི་འཁྲུན་ཐག་ལ་གསར་རྙིང་གི་རྣམ་དབྱེ་མེད་ཀྱང༌། འཛམ་གླིང་གི་ཡུལ་གྲུ་ཡོངས་སུ་ལོ་འཁོར་སོ་སོར་གནམ་ལོ་གསར་ཚེས་ཀྱི་དུས་སྟོན་བྱེད་སྲོལ་རྒྱ་ཁྱབ་ཏུ་ཡོད་པ་བཞིན། གངས་ལྗོངས་བོད་ཀྱི་ཡུལ་དུའང་ཧོར་ཟླ་དང་པོར་གནམ་ལོ་གསར་ཚེས་ཀྱི་དུས་སྟོན་ལ་ལུགས་གཉིས་ཀྱི་དགའ་སྟོན་རྒྱ་ཆེ་བྱེད་སྲོལ་ཡུལ་གོམས་གཤིས་ལུགས་ཡོད། འོན་ཀྱང་འདས་པའི་ས་བྱི་ལོ་དེ་བཞིན་ཆོལ་གསུམ་བོད་ས་ཡོངས་སུ་བོད་རིགས་རྣམས་ཀྱིས་རྒྱ་ནག་གཞུང་གི་དབང་འཛིན་པའི་སྲིད་བྱུས་ལ་ཡི་མ་རངས་བའི་ཞི་བའི་ངོ་རྒོལ་རྒྱ་ཁྱབ་ཏུ་བྱས་ཡོད། དེ་ལས་མང་། »
འབྲས་སྤུངས་དགོན་དུ།
ཚེ་རིང་འོད་ཟེར་གྱིས་བརྩམས་།
གནམ་ལོ་ཡག་གིས་བསྒྱུར་།
༡
ཡང་འབྲས་སྤུངས་དགོན་པར་སླེབས་སོང༌། དགོན་པའི་གྲུ་ག་ཡོངས་ཀྱིས་ང་རང་ལ་སྤྲོ་སྣང་ཞིག་གནང་བྱུང༌།
ཚོར་ཤེས་དེ་དང༌། འཕྲེད་ཀྱིས་འཕྲོས་པའི་འོད་ཐིག་དེ། ད་དུང་མཚལ་མདོག་གི་དམར་མདངས་དེས་ང་རང་ལ་དུས་རྒྱུན་སྐྱེ་བ་སྔོན་མ་དང་འབྲེལ་བ་ཡོད་པའི་དུང་སྣང་ཞིག་ཀྱང་བསྐྱེད་འོངས།
དགེ་ལེགས་ཀྱི་ཁང་མིག་སྒོ་ར་གྲུ་བཞི་མ་ཞིག་གི་ནང་དུ་ཡོད་ཅིང༌། ཤིན་ཏུ་གཙང་ཞིང་ཧ་ཅང་ལྷིང་འཇགས་ལྡན་པ་ཞིག་རེད། ཉམས་དམའ་བའི་ལྗང་མདོག་གི་སྤང་ཐེམ་ཞིག་གི་སྒང་དུ་སྡོང་རྒན་གཉིས་དང་སྡོང་ཕྲུག་གཉིས་སྐྱེས་འདུག་པ་དང༌། སྡོང་རྒན་གྱི་ཡལ་གའི་བར་དུ་བྱ་ཚང་ཞིག་འདུག སྦྲང་མ་རྣམས་ཟ་ཟིའི་དབྱངས་འགྲོས་ཁྲོད་ཕར་འཕུར་ཚུར་འཕུར་བྱེད་ཀྱིན་པ་དང༌། སྡོང་ཕྲུག་གཉིས་ཀ་ཁམ་སྡོང་ཡིན་པའི་ཁར། ཁམ་བུའི་མེ་ཏོག་ཀྱང་བརྒྱད་དགུ་ཞིག་འབུས་ཟིན་པས། དགེ་ལེགས་ཀྱིས་རྗེས་ཕྱོགས་ཁམ་སིལ་འབུས་རྒྱུ་རེད་ཅེས་བཤད་བྱུང༌། ང་རང་ཡིད་ཆེས་དཀའ་བ་ཞིག་ནི། འདི་འདྲའི་ཕྲ་ཞིང་གཉོམ་པའི་ཡལ་གའི་སྒང་ཁམ་སིལ་ཞིག་འབུས་སྲིད་དམ། ངོ་མ་ཡ་མཚན་རེད།
དྲོད་འཇམ་ལྡན་པའི་ཉི་འོད་སྒོ་ར་གྲུ་བཞི་མའི་ནང་དུ་འཕྲོས་ཤིང༌། མཐོ་རྒྱུ་མེད་པའི་སྒོ་གྱང་རྒྱབ་ལོགས་སུ་མངོན་པ་ནི་དབྱར་དུས་གོས་སྐུད་ཆེན་མོ་བཤམས་གནས་རེད། སྐབས་དེར་མི་རྣམས་ལ་ཅི་འདྲའི་སྤྲོ་སྣང་ཞིག་ལྡན་ཨང༌། མཚར་སྡུག་ཡིད་དུ་འོངས་པའི་གོས་ཐང་ཞོགས་པའི་ཉིད་འོད་དང་ལྷན་དུ་དལ་གྱིས་བཤམས་དུས། དལ་ཅག་གེར་འཛུམ་དམུལ་ལེ་མེ་ཏོག་གི་ཚུལ་དུ་མཐོང་འོངས། ཐེངས་ཤིག་གྲྭ་བ་རྣམས་ཀྱིས་མགྲིན་དབྱངས་གཅིག་ཏུ་སྒྲིལ་བའི་འདོན་ཆོག་གྱེར་སྐབས། ཆོས་ལུགས་གཞན་ཞིག་གི་བསྟོད་དབྱངས་ཀྱང་འཕྱུར་སོང༌། དབྱངས་འགྲོས་གཞན་ཞིག བདེ་སྣང་གཞན་ཞིག དེ་ནི་ལྷ་ཡི་ཕོ་ཉ་གཞན་ཞིག་སྟེ། དབྱངས་འགྲོས་ཀྱི་ཁ་ཕྱོགས་དེད་ནས་བལྟ་དུས། སྐྲ་སེར་མིག་ལྗང་གི་ཕྱི་རྒྱལ་བ་རྣམས་ཀྱིས་མགོ་བོ་སྨད་ནས་བླ་མར་ཁ་བཏགས་བསྒྲོན་བཞིན་མཆིས། དེ་ལས་མང་། »
སྤྱི་ལོ་༡༩༥༨དང་སྤྱི་ལོ་༢༠༠༠ལོ།
སྐྱོ་དུབ་ཀྱིས་མནར་བའི་སེམས་པ།
གཟུངས་མོ་སྐྱིད།
ཁོར་ཡུག་འདི་ཆུང་དྲགས་སམ་སེམས་པ་འདི་གཉོམ་དྲགས
ཡང་ན དབང་བོ་སྣ་ལྔའི་ཚོར་ཤེས་འདི་རྣོ་དྲགས
གང་ལྟར གནས་འདི་ནས་མིག་ཟུང་་རིག་རིག་གི་ཕྱོགས་མེད་ལ་ལྟ་དུས
རྣ་བ་ཅོར་ཅོར་གྱིས་མཐའ་འཁོར་ལ་ཉན་དུས
བར་སྣང་ཧྲིལ་བོ་དུག་རླངས་ཀྱི་འཁོར་ལམ་རེད
ས་གཞི་ཡོད་ཚད་དབྱིན་དཀྲུག་གི་འཐབ་ར་རེད
བསམ་བསམ་ན ཞེ་སྡང་དང་ན་ཟུག་གིས་སེམས་པ་བཅུས་ནས་ཡོང
བསྡད་བསྡད་ན ཧམ་སེམས་དང་འགྲན་རྩོད་ཀྱིས་རང་གཞིས་བརླག་ནས་འགྲོ དེ་ལས་མང་། »
གཡུ་ཞུན་དྲ་བར་ཕུལ།
བཙན་བླ་རྡོ་།
གཡུ་བྱུར་གསེར་དངུལ་ཇི་བཞིན་རིན་ཐང་རང་ ཆེ་ཞིང་།།
ཞུན་མར་ཐུལ་བཞིན་མྱང་ན་བྲོ་བ་རང་ ཆེ་བའི།།
དྲ་གནས་བརྒྱུད་དེ་ཤེས་བྱའི་སྒོ་མོ་དེ་ཕྱེས་ཚེ།།
བ་སོའི་ཕྲེང་འཛིན་བོད་མིར་ཕན་ཐོགས་རང་ཆེའོ།།
༢༠༠༩།༠༢།༢༡།
བོད་ཀྱི་ཁམས་དཀར་མཛེས་ཏྲེ་ཧོར་ས་ཁུལ་གྱི་བཙུན་མ་ཞིག་འཛིན་བཟུང་བྱས་པའི་གནས་ཚུལ་ཐོན་འདུག
སྨོན་ལམ་མཐར་ཕྱིན་།
རྡ་ས་ཏྲེ་ཧོར་སྐྱིད་སྡུག་ནས་ཚེས་༢༡ཉིན་གསུང་གསལ་ལྟར་ན། ཁ་སང་ཕྱི་ཚེས་ ༢༠ ཉིན་གྱི་ཞོགས་པ་དཀར་མཛེས་རྫོང་ཐོག་ཏྲེ་ཧོར་དར་རྒྱས་རུ་མདའ་གྲོང་ནས་ཡིན་པའི་ཕ་ཕུར་བུ་རབ་བརྟན་དང༌། མ་བསོད་ནམས་དཔལ་སྐྱིད་གཉིས་ཀྱི་བུ་མོ་རང་ལོ་ ༤༣ ཅན་དར་རྒྱས་ཧ་དྷི་བཙུན་དགོན་གྱི་བཙུན་མ་བསོད་ནམས་ཆོས་སྐྱིད་ལགས་ཀྱིས་ྋགོང་ས་མཆོག་སྐུ་ཚེ་ཁྲི་ལོ་བརྟན་པོར་ཤོག་དང་རང་ཡུལ་གངས་ཅན་ཞིང་དུ་བཞུགས་གདན་འཇགས་དགོས་། བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་མྱུར་དུ་གློད་བཀྲོལ་གཏོང་དགོས་། བོད་ཀྱི་བདག་པོ་བོད་མི་ཡིན་། བོད་ལ་འགྲོ་བ་མིའི་ཐོབ་ཐང་དགོས་པ་སོགས་ཀྱི་སྐད་འབོད་ཤུགས་ཆེར་བྱས་མ་ཐག་ཉེན་རྟོག་པས་ཉེས་རྡུང་འོག་འཛིན་བཟུང་གིས་བཙན་ཁྲིད་བྱས་ཡོད་པ་ལས་།གནས་ཚུལ་ཞིབ་ཕྲ་གསལ་ཁ་བྱུང་མེད་།