ཧུའུ་ཅིན་ཐོ་ཡིས་བོད་ཀྱི་གནད་དོན་ཐག་གཅོད་བྱེད་མི་སྲིད༌།
རྒྱ་ནག ལཱང་ཀྲི།
ང་རང་བོད་མི་མིན༌།ཡིན་ནའང་བོད་དེ་ངའི་སེམས་སུ་གནས་བབས་གལ་ཆེན་ཞིག་བཟུང་ཡོད༌། བོད་དང་འབྲེལ་བའི་སྐད་ཆ་རེ་ངས་སྔ་མོ་ནས་བཤད་འདོད་ཡོད་བྱུང༌། ཡིན་ནའང་དེ་ཚང་མས་ངོས་ལེན་བྱེད་མི་སྲིད༌། རྒྱུ་མཚན་ནི་༡༩༨༨ལོ་དང་༡༩༨༩ལོར་བོད་དུ་བྱུང་བའི་ཁྲག་དྲི་བྲོ་བའི་དོན་རྐྱེན་དེ་དག་ད་ལྟ་ད་དུང་སྦས་གསང་བྱས་ཡོད་པ་རེད༌།
༡༩༨༨ལོར་ང་རང་བོད་དུ་ཡོད༌། ༩༨ལོར་ང་རང་ས་གནས་དེར་མེད་ཀྱངའབྲེལ་ལམ་ཅུང་ཙམ་ཡོད༌། ངས་འབྲས་སྤུངས་དགོན་པའི་ནང་དམག་དཔུང་གིས་མེ་མདའ་རྒྱབ་པའི་དོན་རྐྱེན་དེ་བརྗེད་ཐབས་མེད༌།ད་ལྟ་ང་ཚོས་ཡིག་ཊུའུ་རྦི་youtubeནང་མཐོང་ཐུབ་པ་ནི་༨༩ལོའི་སྤྱི་ཟླ་གསུམ་པའི་ཚེས་ལྔ་ཉིན་ལྷ་སའི་དཀྱིལ་ན་ཡོད་པའི་གཙུག་ལག་ཁང་དུ་དྲག་ཆས་ཉེན་རྟོག་པས་དྲག་རྒོལ་གྱི་གནས་སྟངས་རེད༌། སྟབས་ལེགས་པ་ཞིག་ལ་ཨ་རིའི་ཡུལ་སྐོར་སྤྲོའཆམ་པ་ཞིག་གིས་དེ་པར་རྒྱག་ཐུབ་པ་བྱུང༌། འོན་ཀྱང་སྙིང་རྗེ་མེད་པའི་གདུག་རྩུབ་ཀྱི་གཟུགས་བརྙན་མང་པོ་ཞིག་གྲོང་ཁྱེར་དཀྱིལ་དུ་མིན་པས་རྐྱེན་པར་རྒྱག་ཐུབ་མེད༌། དེ་ལས་མང་། »
རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པས་པེ་ཅིན་གྱིས་བོད་མི་ཚོའི་སྣང་བརྙན་གདོན འདྲེ་ཅན་དུ་བསྒྱུར་བ་དེར་སྐྱོན་བརྗོད་བྱསའདུག
རྒྱལ་སྤྱིའིའགྲོ་བ་མིའི་ཐོབ་ཐང་ཚོགས་པས་རྒྱ་ནག་གཞུང་གིས་བོད་མིའི་སྣང་བརྙན་གདོནའདྲེ་ཅན་དུ་བསྒྱུར་བ་དེར་སྐྱོན་བརྗོད་ཀྱིས༌། ཉེ་ཆར་སི་ཁྲོན་དང་མཚོ་སྔོན་ཞིང་ཆེན་གྱི་བོད་ཁུལ་དུ་བྱུང་བའི་ཟིང་ཆའི་ཐད་ཀྱི་གནས་སྟངས་དངོས་རྒྱུན་ལོན་ཆེད༌། ས་ཁུལའདི་དག་ཏུ་རྒྱལ་སྤྱིའི་གསར་འགོད་པ་འགྲོ་རུ་བཅུག་ནས་གནས་སྟངས་དངོས་རྒྱུས་ལོན་བྱེད་དུའཇུག་དགོས་པའིའབོད་སྐུལ་བྱསའདུག རྒྱ་ནག་གཞུང་གིས་བོད་ནང་ཞིང་བྲན་ཁྲི་ཚོ་བརྒྱ་བཅིངས་འགྲོལ་ཐོབ་ནས་ལོ་༥༠ཟེར་བའི་དུས་དྲན་གཏན་འཁེལ་གྱིས་བོད་ནང་དམངས་གཙོའི་བཅོས་བསྒྱུར་བྱས་ཚུལའུར་བསྟོད་ཀྱིས༌། གཞན་གྱི་སྐྱོན་བརྗོད་སྣང་མེད་བསྐྱུར་བཞིན་པའི་དུས་མཚུངས་སུ༌། ཕྱོགས་གཞན་ཞིག་ནས་དུས་དྲན་སྐབས་ཟིང་ཆ་བྱུང་བར་སེམས་ཁྲལ་གྱིས༌། བོད་རང་སྐྱོང་ལྗོངས་དང་སི་ཁྲོན༌།མཚོ་སྔོན་སོགས་བོད་རིགས་འདུས་སྡོད་ས་གནས་སུ་དྲག་ཆས་ཉེན་རྟོག་པ་འབོར་ཆེན་མངག་གཏོང་གིས་དམ་དྲག་བྱེད་བཞིན་པ་དང༌། དེ་ལས་མང་། »
བོད་རིགས་ཏང་ཡོན་ཞིག་གིས་སྤྲིངས་
པ།
གུས་ཞིང་བརྩེ་བའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབུ་ཁྲིད་ཧུ་ཅིང་ཐའོ་ཡི་དྲུང་དུ།
གུས་པ་ནི་ལོ་མང་ཏང་དང་མི་དམངས་ལ་ཞབས་འདེགས་ཞུ་མཁན་གྱི་བོད་མི་ཏང་ཡོན་བསམ་པ་རྣམ་དག་ཞིག་ཡིན། གུས་པས་འདས་པའི་ལོ་ངོ་༤༠རིང་ལྷག་བསམ་རྣམ་དག་གིས་ཀྲུང་གོ་གུང་ཁྲན་ཏང་གི་དབུ་ཁྲིད་དང་། ཏང་གི་ལམ་སྟོན་ལ་མཐའ་གཅིག་ཏུ་བརྩི་བཀུར་གྱིས་མེས་རྒྱལ་གྱི་ནུབ་ཕྱོགས་ལ་གནས་པའི་བོད་ཀྱི་ས་ཁུལ་ཁག་ལ་སློབ་གསོ་དང་། དྲིལ་བསྒྲགས་ཀྱི་བྱ་བ་མི་ཉུང་བ་བསྒྲུབས་ཡོད་ཅིང་། ལོ་བཅུའི་གོང་ལ་རྒྱལ་ཁབ་ཀྱིས་དམིགས་བསལ་གཟིགས་སྐྱོང་གིས། ཀྲུང་དབྱང་ཏང་གི་སློབ་གྲྭར་བོད་རིགས་ལས་བྱེད་གསོ་སྐྱོང་འཛིན་གྲྭའི་ནང་ལོ་གཉིས་ཙམ་གྱི་སློབ་གསོ་གནང་བྱུང་། དེའི་རྗེས་ལ་གཞིས་རྩེ་ས་ཁུལ་གྱི་མི་དམངས་སྲིད་གཞུང་གི་བྱ་བ་སྒྲུབ་བཞིན་ཡོད། དེ་ལས་མང་། »
༧པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་དགོངས་པ་གཞན་དོན
་དུ་གཤེགས་ནས་མི་ལོ་ཉི་ཤུ་འཁོར་བའི་དྲན་རྟེན་དུ་ཕུལ་བ།
བཙན་བླ་རྡོ།
དཔལ་ལྡན་དཔལ་གྱིས་མངོན་པར་མཐོ་བ་འགྲོ་བའི་སྐྱབས་གཅིག་གཅིག་པུ་ཉིད།།
ས་གསུམ་ས་ཡི་དཀྱིལ་འཁོར་ཁྱོན་ལ་དགེ་ལེགས་ལེགས་ཚོགས་ཐམས་ཅད་དང་།།
བློ་ལྡན་བློ་གྲོས་གདུལ་བྱའི་ཚོགས་ལ་ཐབས་མཁས་མཁས་སྙན་བཀའ་གནང་མཁན།།
ཀུན་གཟིགས་ཀུན་མཁྱེན་སྣང་བ་མཐའ་ཡས་རྒྱལ་མཚན་མཚན་མ་ཤིས་གྱུར་ཅིག
སྣང་བ་མཐའ་ཡས་མི་ཡི་གར་བསྒྱུར་བློ་བཟང་ཡེ་ཤེས་རྟ་ལྗང་ཅན།།
རིས་མེད་མཁའ་ཁྱབ་འགྲོ་བའི་དཔལ་དུ་དམ་ཆོས་འོད་སྣང་འབར་བ་ཡིས།།
རྣམ་གྲོལ་ཐར་ལམ་འདབ་བརྒྱ་རབ་དགོད་བྱིན་རླབས་དྲི་གསུང་ཁྱབ་པའི་བཅུད།།
ལུས་ཅན་རྐང་དྲུག་དཔལ་དུ་བརྗིད་ཆགས་ཆོས་ཀྱི་རྒྱལ་མཚན་སྙིང་ནས་དྲན།།
དེ་ལས་མང་། »
སྔ་འགྱུར་རྙིང་མའི་མངའ་བདག་སྐྱབས་རྗེ་གྲུབ་དབང་པད་ནོར་རིན་པོ་ཆེ་དགོངས་པ་ཆོས་དབྱིངས་སུ་འཐིམ་པ༌།

སྐྱབས་རྗེ་གྲུབ་དབང་པད་ནོར་རིན་པོ་ཆེ།(1932-2009) photo:phayul
སྐྱབས་རྗེ་གྲུབ་དབང་པད་ནོར་རིན་པོ་ཆེ་ཉེ་ལམ་ནས་སྐུ་ཁམས་བདེ་མིན་བྱུང་པར་བརྟེན་རིན་པོ་ཆེའི་གདན་ས་རྣམ་གྲོལ་གླིང
་འདུས་མང་ཡོངས་ནས་ཇི་ལྟར་གསོལ་བ་བཏབ་བཞིན༌། སྐྱབས་རྗེ་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ་སོགས་བླ་ཆེན་ཁག་ཆེད་ཕེབས་ཀྱིས་བརྟན་བཞུགས་བསྟརའབུལ་ཞུས་པ་མ་ཟད༌། ཚེས་༢༧ཉིན་སྔའགྱུར་རྙིང་མ་ཡོངས་ནས་བརྟན་བཞུགས་འབུལ་རྒྱུའི་སྟ་གོན་གནང་ཡང༌། ཉིན་དེའི་རྒྱ་གར་གྱི་ཕྱི་དྲོའི་དུས་ཚོད་གསུམ་པ་ཙམ་ལ་དགོངས་པ་ཆོས་དབྱིངས་སུའཐིམ་པའི་ཡིད་སྐྱོའི་གནས་ཚུལ་ཐོནའདུག
སྐྱབས་རྗེ་གྲུབ་དབང་པད་ནོར་རིན་པོ་ཆེ་སྤྱི་ལོ་༡༩༣༢ལོར་ཁམས་སྤོ་བོ་ཁུལ་དུ་སྐུའཁྲུམས་པ་དང༌། སྤྱི་ལོ་༡༩༣༦ལོར་དཔལ་ཡུལ་དགོན་པའི་སྐྱབས་རྗེ་པད་ནོར་སྐུ་ཕྲེང་བཅུ་གཅིག་པར་ངོསའཛིན་དངའབྲེལ༌།དགོན་པ་དེར་ནང་ཆོས་ཐད་གསན་བསམ་གནང་ཞིང༌། དེ་ནས་བོད་ནང་དུསའགྱུར་བྱུང་བའི་རྗེས་རྒྱ་གར་དུ་ཕེབས་ནས་རིམ་པས༌།རྒྱ་གར་ལྷོ་ཕྱོགས་རྦེ་ལ་ཀོ་པིས་བོད་མིའི་གཞིས་སྒར་དུ་རྣམ་གྲོལ་གླིང་དགོན་པ་ཕྱག་བཏབ་དང་ཆབས་ཅིག ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཆོས་ཚོགས་མང་པོ་གསརའཛུགས་གནང་ཡོད༌། སྤྱི་ལོ་༡༩༩༢ལོར་རྙིང་མའི་བླ་ཆེན་ཁག་གིའོས་བསྡུ་གནང་བའི་ཐོག་ནས་སྔའགྱུར་རྙིང་མ་ཡོངས་ཀྱི་དབུ་ཁྲིད་ཀྱི་མཛདའགན་ལོ་གཅིག་རིང་བཞེས་པ་སོགས་ཀྱི་མཛདའཕྲིན་རླབས་ཆེན་བསྐྱངས་ཡོད༌།
༼ཡོང་ཁུངས་།ཕ་ཡུལ་དྲ་བ་དང་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་།༽
ཁམས་ཏྲེ་ཧོར་བྲག་མགོ་དགོན་པའི་གྲྭ་པ་ཞིག་རྒྱ་གཞུང་གིས་དམར་གསོད།

དགེ་འདུན་པ་ཕུན་ཚོགས་ལགས།
རིགས་སློབ་བྲག་མགོ་རིན་ཆེན་དབང་རྒྱལ་ལགས་ཀྱིས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན།
ཕྱི་ལོ་༢༠༠༩ ཕྱི་ཟླ་༣ པའི་ཚེས་༢༥ ཉིན་གྱི་དགོང་དྲོ་རུ་བྲག་མགོ་དགོན་པའི་གྲྭ་ཕུན་ཚོགས་རང་ལོ་༢༧ ཕ་མིང་དོན་གྲུབ། མ་མིང་འཇམས་དབྱངས་ལྷ་མོ། གྲོང་སྡེ་རྫོང་པཀྱིས་ང་ཚོ་བཟའ་རྒྱུ་མེད་པར་ཤི་སོང་ནའང་སྔ་ལོར་བོད་ས་ཡོངས་སུ་ཞི་བའི་ངོ་རྒོལ་ཁྲོད་བསད་རྨས་དང༌། བཙོན་འཇུག་གིས་སྡུག་སྦྱོང་མྱོང་མཁན་རྣམས་ལ་མྱ་ངན་གུས་འདུད་དང་གདུང་སེམས་མཉམ་སྐྱེད་ཆེད། ད་ལོར་བྲག་མགོ་རྫོང་ཡོངས་ཀྱི་ཡུལ་མི་རྣམས་ཀྱིས་ཞིང་ཁ་འདེབས་རྒྱུ་མེད་ལ། ཞིང་ཁ་བཏབ་ཚར་བ་འགའ་ཡོད་པ་འདི་ཚོས་རྗེས་མར་སྟོན་ཐོག་བསྡུ་རུབ་མ་བྱེད་རོགས་ཞེས་འབོད་སྐུལ་ཞུ་རྒྱུ་དང༌། གལ་ཏེ་ཞིང་ཁ་བཏབ་པ་དང་སྟོན་ཐོག་བསྡུ་རུབ་བྱས་ཚེ་ངས་ཁ་དར་ནག་པོ་ཞིག་འཁྱེར་ཏེ་ཁྱོད་ཚོ་སར་བཀྲིས་བདེ་ལེགས་ཞུ་བར་ཡོང་གི་ཡིན་ཞེས་འཁོད་པའི་ཡིག་ཆ་ཤོག་ལྷེ་བདུན་བརྒྱད་ཅིག བྲག་མགོ་སྨད་ཕྱོགས་རྒྱས་བཟང་ཆུས་ཉེན་རྟོག་ཡན་ལག་ལས་ཁང་དང༌། ཤྭ་ར་ཐང་རྡོ་ཟམ་དང༌།རྒྱས་བཟང་གཞུང་ལམ་གཡས་གཡོན་གྱི་ལྕང་མ་སོགས་ཀྱི་ངོས་རིམ་པར་སྦྱར་ཏེ། དེ་ལས་མང་། »
རྒྱ་ནག་གཞུང་གིས་བོད་ནང་ཞིང་བྲན་ཁྲི་ཚོ་བརྒྱ་ལ་ཡར་ལངས་བཅིངས་འགྲོལ་ཐོབ་པའི་དུས་དྲན་གྱི་ཉིན་མོ་ཟེར་བ་ཞིག་གཏན་འབེབས་བྱས་པ་དེར་སྐྱོན་བརྗོད་།
རྒྱ་ནག་གཞུང་གིས་བོད་ནང་ཞིང་བྲན་ཁྲི་ཚོ་བརྒྱ་ལ་ཡར་ལངས་བཅིངས་འགྲོལ་ཐོབ་པའི་དུས་དྲན་གྱི་ཉིན་མོ་ཟེར་བ་ཞིག་གཏན་འབེབས་བྱས་པ་དེར བཙན་བྱོལ་བོད་གཞུང་གིས་ངོས་ལེན་རྩ་བ་ནས་མེད་པའི་སྐྱོན་བརྗོད་གསལ་བསྒྲགས་དང་བཙན་བྱོལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་དེ་ལ་ངོ་རྒོལ་གྱི་གྲོས་ཆོད་ཅིག་བཞག་ཡོད༌།
ཚེས་༢༧ཉིན་བཙན་བྱོལ་བོད་གཞུང་བཀའ་ཤག་གིས་གསརའགོད་ལྷན་ཚོགས་བསྡུས་ནས་ཉེ་ཆར་རྒྱ་ནག་གཞུང་གིས་ལོ་རེའི་སྤྱི་ཟླ་༣པའི་ཚེས་༢༨ཉིན་ནི་བོད་ནང་ཞིང་བྲན་ཁྲི་ཚོ་བརྒྱ་ལ་ཡར་ལངས་བཅིངསའགྲོལ་ཐོབ་པའི་དུས་དྲན་ཉིན་མོ་ཟེར་བར་གཏནའབེབས་བྱས་པ་དེར་སྐྱོན་བརྗོད་ཀྱི་ཡོངས་ཁྱབ་གསལ་བསྒྲགས་གནང་བ་མ་ཟད༌། དེ་ནི་རྒྱ་ནག་གཞུང་གིས་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་དངོས་སྦས་གསང་གིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་མཐོང་ལམ་འཕྲུལ་ཐབས་བཟོ་གི་ཡོད་པ་རེད་ཟེར༌། དེའི་ཐད་བཙན་བྱོལ་བོད་གཞུང་ཕྱི་དྲིལ་ལས་ཁུངས་ཀྱི་བཀའ་བློན་སྟག་ལྟ་སྐལ་བཟང་དབྱངས་སྐྱིད་ལགས་ཀྱིས་དེ་ནི་བོད་ཀྱི་ལོ་རྒྱུསའཁྱོག་བཤད་དང་བོད་མི་ཚོར་དམའ་འབེབས་བརྙས་བཅོས་བཏང་བ་རེད་ཅེས་གསུང་དོན༌།བཀའ་ཤག་གི་ངོས་ནས་གསར་འགོད་གསལ་བསྒྲགས་གནང་དགོས་དོན་ནི་གཙོ་བོ་བོད་ནང་ལོ་ལྔ་བཅུའི་རིང་རྒྱ་ནག་དམར་པོའི་གཞུང་གི་སྒྲིག་འཛུགས་འོག་གདུག་རྩུབ་དང་བཙན་དབང་འོག་ལོ་ལྔ་བཅུ་འཁོར་བའི་རིང་སྡུག་བསྔལ་གྲངས་མེད་མྱང་བཞིན་ཡོད་པ་འཛམ་གླིང་ནང་གསལ་བོ་ཡིན་ཡང༌།དེ་ལས་ལྡོག་སྟེ་རྒྱ་ནག་གཞུང་གིས་བོད་ནང་ཞིང་བྲན་ཡར་ལངས་བཅིངས་འགྲོལ་བཏང་བའི་དུས་དྲན་ཟེར་བ་གཏན་འབེབས་བྱས་པ་ནི་བོད་མིར་བརྙས་བཅོས་དང༌། དེ་ལས་མང་། »
ཉེ་ཆར་མདོ་སྨད་མགོ་ལོག་རྭ་རྒྱ་དགོན་པའི་
དགེ་འདུན་ཞིག་རྨ་ཆུར་ལྕེབས་པའི་དོན་རྐྱེན་
ཐད་རྒྱ་ནག་གཞུང་གིས་མྱི་སྟོང་འཇའ་འདུག

རྨ་ཆུའི་འགྲམ་ན་ཆགས་པའི་རྭ་རྒྱ་དགོན་པ།
ཕྱི་ཟླ་༣ ཚེས་༢༡ ཉིན་རྭ་རྒྱ་དགོན་པའི་དུས་འཁོར་གྲྭ་ཚང་གི་གྲྭ་བཀྲ་ཤིས་
བཟང་པོ་མཆོག་ཉེན་རྟོག་ཁང་ནས་ཆབ་གསང་ལ་འགྲོ་དགོས་བརྗོད་ནས་ཕེབས་སྟེ་རྨ་ཆུའི་ནང་ལྕེབས་ཡོད་ན་ཡང་། དང་པོ་དགྱ་གཞུང་གིས་བྲོས་བྱོལ་ལ་ཕྱིན་འདུག་ཅེས་བརྗོད་ནས་ངོས་ལེན་བྱས་མི་འདུག ཡིན་ཡང་ས་གནས་དེའི་བུད་མེད་མ་བུ་གཉིས་ཀྱིས་བཀྲ་ཤིས་བཟང་པོ་རྨ་ཆུར་ལྕེབས་པ་དངོས་སུ་མཐོང་ཡོད་པ་དང་ཁོང་གི་སྐུ་གཟན་མཚོ་ཁ་ན་ཡོད་པ་སོགས་ཀྱི་བདེན་དཔང་ར་སྤྲོད་ཁུངས་ལྡན་ཡོད་པའི་རྐྱེན་གྱིས་ཁོ་ཚོས་རྗེས་སུ་ཁས་ལེན་བྱེད་དགོས་བྱུང་ཡོད་པ་དང་། དགྱ་གཞུང་ནས་དགེ་འདུན་པ་བཀྲ་ཤིས་བཟང་པོ་གྲོངས་པར་གུན་གསབ་བམ་སྟོང་འཇའ་བྱེད་དུ་རྒྱ་སྒོར་ཁྲི་ཉི་ཤུ་སྤྲད་འདུག དེ་ལས་མང་། »
རྒྱ་ནག་ཕྱི་འབྲེལ་ལྷན་ཁང་གིས་ཉེ་ཆར་བཙན་བྱོལ་བོད་གཞུང་གིསའགྲེལ་སྤེལ་བྱས་པའི་དངོས་བྱུང་གློག་བརྙན་དེ་ནི་རྫུན་སྒྲིག་བྱས་པ་ཡིན་ཚུལ་བསྐྱར་དུ་བརྗོད་འདུག
ཉེ་ཆར་བཙན་བྱོལ་བོད་གཞུང་ནས་ན་ནིང་བོད་ནང་བོད་མིའི་ཞི་རྒོལ་དུས་སུ་རྒྱ་ནག་དྲག་ཆས་ཉེན་རྟོག་པས་བོད་མི་ཚོར་གཅར་རྡུང་ཚད་མེད་བྱས་པ་སོགས་ཀྱི་དངོས་བྱུང་གློག་བརྙན་ཞིག་འགྲེལ་སྤེལ་བྱས་པ་དེར་རྒྱལ་སྤྱིའི་ཐོག་དོ་སྣང་ཤུགས་ཆེན་བྱེད་བཞིན་ཡོད་ཀྱང༌། ཡིག་ཊུའུ་རྦིས་ཐོག་བཞག་པ་དེ་རྒྱ་ནག་ཕྱོགས་ནས་ལམ་སང་བཀག་སྡོམ་གྱིས་རྫུན་མ་ཡིན་ཚུལ་བརྗོད་འདུག ཚེས་༢༦ཉིན་རྒྱ་ནག་ཕྱི་འབྲེལ་ལྷན་ཁང་གིའཆར་ཅན་གསརའགོད་ལྷན་ཚོགས་ཐོག་གསརའགོད་ཞིག་གིས་ཡིག་ཊུའུ་རྦིས་ཐོག་རྒྱ་ནག་དྲག་ཆས་ཉེན་རྟོག་པས་བོད་མིར་གཅར་རྡུང་བྱེད་པ་དེར་ལྟ་ཚུལ་ཅི་ཡོད་འདྲི་སྐབས༌། མགྲིན་ཚབ་པ་ཆིན་ཀང་གིས་བརྗོད་དོན་།དེ་ནི་ཧ་ལམ་ཏྭ་ལའི་རུ་ཚོགས་ཀྱིས་ནུབ་ཕྱོགས་བརྒྱུད་ལམ་ཁག་ལ་ལད་བཟློས་ཀྱིས་བསླབ་པའི་པར་རིས་དྲས་སྒྲིག་གི་ལག་རྩལ་ཡིན་སྲིད༌། དེ་ལས་མང་། »
བོད་ནང་གི་ཛ་དྲག་གནས་ཚུལ།
༢༠༠༩།༣།༢༥
ཕྱི་ཚེས་ ༢༥ དང་ ༢༦ ཉིན་གཉིས་ནི་སྡེ་དགེ་རྫོགས་ཆེན་དགོན་པའི་ཕུར་འཆམ་ཞེས་གར་འཆམ་གྱི་དུས་ཚོད་ཡིན་པ་དང༌། ད་བར་རྫོང་ནས་དྲག་དམག་འཕར་སྣོན་བྱུང་མེད་ཀྱང་ས་གནས་སུ་ཉེན་རྟོག་པ་དང་ཤང་གི་ལས་བྱེད་ཚོས་ཉིན་གཉིས་རིང་བོད་རང་བཙན་དགོས་པའི་ཁ་སྔོན་གྱི་ཡི་གེའི་ནང༌། བོད་རང་བཙན་དགོས། ཞེས་པ་གཅིག་དང༌། བོད་རང་བཙན་རྒོད། ཅེས་པ་རིགས་གཉིས་ཡོད་འདུག ཡི་གེ་འགྲེམས་གཏོར་བྱས་པ་རྣམས་བསྡུ་རུབ་བྱེད་བཞིན་ཡོད་འདུག་ཀྱང་ཕོན་ཆེ་བས་གཙང་སེལ་བྱེད་ཐུབ་ཡོད་མི་འདུག་ལ། གནས་ཚུལ་མཁོ་སྤྲོད་པས་བརྗོད་གསལ་ལྟར་ན་ད་ལྟ་ཡུལ་མི་ ༦༠༠༠ ཙམ་འཛོམ་གྱི་ཡོད་པ་དང༌། དེའི་རྐྱེན་གྱིས་གལ་སྲིད་ཧོབ་ཀྱིས་དམག་མི་ཕོན་ཆེ་གཏོང་ན་རྙོག་གྲ་དེ་བས་ཆེ་རུ་འགྲོ་སྲིད་པར་དོགས་ནས་ད་ལྟ་གཏོང་མེད་པ་ལས། གཏོང་རྒྱུ་ཡིན་པ་ཐག་གིས་ཆོད་ཟེར་གྱི་འདུག དེ་ལས་མང་། »