སྐབས་རྗེས་མའི་བཀའ་བློན་ཁྲི་བ་དེ་ཇི་ལྟར་འདེམ་དགོས་སམ་།
ཝང་ལི་ཞུང་།
ཁེ་ན་ཊའི་མིན་ཐི་རེཡོ་གྲོང་ཁྱེར་ནང་གནས་སྡོད་བོད་ཀྱི་ལས་འགུལ་དོན་གཉེར་བ་ཐུབ་བསྟན་བསམ་གྲུབ་ལགས་ཀྱིས་སྤྱི་ལོ་༢༠༠༨ལོར་གནས་འཕྲིན་དྲ་བ་ཞིག་གསར་འཛུགས་གནང་ནས༌།འཛམ་གླིང་རྒྱལ་ཁབ་འདྲ་མིན་ནང་ཡོད་པའི་བཙན་བྱོལ་བོད་མི་ཚོ་གདན་འདྲེན་གྱིས་བཀའ་བློན་ཁྲི་བ་སྐབས་ཐོག་རྗེས་མའི་འོས་མི་འདེམ་པའི་ལསའགུལ་ཞིག་སྐུལ་སྤེལ་བྱེད་བཞིན་ཡོད༌། དྲ་གནས་དེས་འོས་མི་རེ་རེ་ནས་སོ་སོའི་སྒེར་གྱི་ནུས་པ་དང་ཆབ་སྲིད་ལངས་ཕྱོགས་གསལ་སྟོན་གྱི་བར་གསེང་ཞིག་མཁོ་སྤྲོད་གནང་ནས༌། བརྙན་འཕྲིན་དང་རླུང་འཕྲིན༌། ཚགས་པར༌། དྲ་གནས་བཅར་འདྲི་བཅས་ཀྱི་ལམ་ནས་འོས་མི་ངོ་སྤྲོད་ཀྱི་ལས་དོན་སྐུལ་སྤེལ་བྱས་ཏེ། སྤྱི་ལོ་༢༠༡༡ལོའི་སྐབས་ཐོག་རྗེས་མའི་བཀའ་བློན་ཁྲི་བའི་ཆ་ཤས་ལེན་པར་བརྩོན་ལེན་བྱས་ནས༌། བཙན་བྱོལ་སྤྱི་ཚོགས་ནང་འོས་མི་སྐོར་ཅིག་མི་མང་གིས་ཤེས་རྟོག་བྱེད་དུ་བཅུག་ནས༌། དེ་དག་ཁྲོད་ཆེས་ལེགས་ཤོས་དེ་བཀའ་བློན་ཁྲི་བ་སྐབས་ཐོག་རྗེས་མ་དེར་འདེམ་པའི་གྲ་སྒྲིག་བྱེད་བཞིན་ཡོད༌། དེ་ལས་མང་། »
རྒྱ་ནག་གཞུང་གིས་ཁམས་དཀར་མཛེས་ཁུལ་གྱི་ཕུར་བུ་ཚེ་རིང་རིན་པོ་ཆེར་ཁྲིམས་ཆད་ཁྱབ་བསྒྲགས་ཀྱི་ཉིན་མོ་ཕྱིར་འགྱངས་བྱས་ཡོད་པས་གནས་ཚུལ་ཐོནའདུག
བདུན་ཕྲག་སྔོན་མར་དཀར་མཛེས་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཁམས་དཀར་མཛེས་ཁུལ་དུ་སྙན་གྲགས་ཅན་གྱི་བླ་མ་ཕུར་བུ་ཚེ་རིང་རིན་པོ་ཆེས་ཁྱིམ་དུ་ཐུང་མདའ་དང་མདེའུ་སྦས་སྐོང་བྱས་པ་དང་གཞུང་གི་རྒྱུ་ནོར་ལོག་སྤྱོད་སོགས་ཀྱི་ནག་ཉེས་བཙུགས་ནས་ཁྲིམས་བཤེར་བྱས་ཡོད་ལ༌། ཁྲིམས་ཆད་མཇུག་འབྲས་བདུན་ཕྲག་འདིས་ནང་ཁྱབ་བསྒྲགས་བྱེད་རྒྱུ་ཡིན་ཚུལ་བརྗོད་རྗེས༌། རྒྱལ་སྤྱིའི་གསརའགྱུར་བརྒྱུད་ལམ་ཁག་དང་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ༌། བཙན་བྱོལ་བོད་མི་བཅས་ཀྱིས་དོ་སྣང་ཤུགས་ཆེན་བྱས་ཡོད་ལ༌། ཚེས་༢༧ཉིན་ཕུར་བུ་ཚེ་རིང་རིན་པ་ཆེའི་པེ་ཅིན་གྱི་ཁྲིམས་རྩོད་པ་ལིས་ཧཕང་ཕེན་གྱིས་དབྱིན་ཇིའི་གསར་ཤོག་ཞིག་ཏུ་བརྗོད་ན༌། དེ་ལས་མང་། »
བོད་ནང་གི་བོད་མི་ཞིག་གི་སྙིང་གཏམ༌།
སྤྱིར་མ་རིགས་གང་ཞིག་ཡིན་རུང་མི་རིགས་དེའི་སྐད་དང་ཡི་གེ་ལུགས་སྲོལ་གོམ་གཤིས་ལ་སོགས་ཉམས་དམས་ཕྱིན་པ་ཡིན་ན༌།མི་རིགས་དེ་རྩ་མེད་ཆགས་པ་འཛམ་གླིང་གི་ཤེས་ལྡན་པ་ཚང་མས་ཤེས་གསལ་རེད༌།ནང་སྒོས་ཆབ་སྲིད་དང་དམག་དོན་མཁས་པ་སི་ཏ་ལེན་གྱིས་མི་རིགས་ཤིག་ཡིན་ན༌། མི་རིགས་ཏེ་དར་སྤེལ་དང༌།མི་རིགས་ཏེ་ས་སྒང་ཧྲིལ་པོའི་ཐོག་མགོ་ཡར འདེགས་ཐུབ་པ་བྱེད་དགོས་ན༌།མི་རིགས་དེའི་སྐད་དང་ཡི་གེ་རྒྱུན་འཛིན་བྱེད་དགོས་ལ༌། གལ་ཏེ་དེ་ལས་ལྡོག་ནས་མི་རིགས་ཏེ་རྩ་མེད་བཟོ་དགོས་ན༌།སྔོན་ལ་མི་རིགས་དེའི་སྐད་དང་ཡི་གེ་མེད་པར་གཏོང་དགོས་ཞེས་གསུང་བ་ལྟར༌། ང་ཚོའི་མི་རིགས་འདི་ད་ལྟ་དཔལ་འབྱོར་སོགས་གང་ཅིའི་ཐད་རྗེས་ལུས་ཡིན་པ་སྨོས་མ་དགོས་པ་རེད་མོད༌།འོད་ཀྱང་རིག་གནས་ཀྱི་ཐད་ནས་ནང་པའི་ཆོས་སོགས་སྔོན་ཐོན་མི་རིགས་རྣམས་དང་གདོང་བ་སྟོན་ཆོག་ཆོག་དང་ངོ་གནོང་མི་དགོས་པ་ཡོད་པ་ཚང་མས་ཤེས་གསལ་རེད༌། དེ་ལས་མང་། »
དོ་དགོང་གི་སྐུ་མགྲོན
གཅན་མེ་སྟག
ཤིང་བལ་ལྟ་བུའི་སྤྲིན་ཕུང་དེའི་གསེབ་ནས་ཆས་ཏེ
མི་ལོ་ལྔ་བཅུ་ལྷག་འདས་སོང
ལོ་ངོ་ལྔ་བཅུ ཡང་དྲགས་ནས་རླུང་གིས་ཀྱང་འཁུར་མ་ཐུབ་པའི་ཁྱོད
དོ་དགོང མུན་པ་ཚོམ་བུ་ཚོམ་བུར་མཆེད་པ་དག་གི་སྦུབས་ནས
ང་ལ་འཕུར་ཀྱིན་ཡོད་དམ
ནེམ་འབོལ་གྱི་རས་ཡུག་དཀར་པོ་ཞིག་དང་འདྲ་བའི་རྨི་ལམ་འདི
དོ་དགོང ངའི་སྔས་འགྲམ་ནས་བསྲིངས་ཏེ
ཁྱོད་ཀྱི་ཁེར་རྐྱང་གི་རྒྱབ་གཟུགས་ཀློང་དུ་འཐིམས་ཀྱིན་འདུག
ཡོ་ཞིང་ཡོ་བའི་ཁྱོད་ཀྱི་རྒྱབ་གཟུགས་དང
སྨྱུག་རྩེ་རུ་བཞུར་འདོད་མེད་པའི་ངའི་མིག་ཆུ་གཉིས་ཀྱི་བར་ན
ལག་ཟུང་ཁྲི་སྟོང་གི་སྨེང་བ་ཡོད་ཚད་ཀྱང
ཁྱོད་ཀྱི་ཕྱོགས་ལ་རྐྱོང་ཀྱིན་ཡོད
ཕྱིར་སླེབས་ཤོག ང་ཡི་ཁ་བ དེ་ལས་མང་། »
མདོ་སྨད་མང་ར་ཀླུ་ཚང་དགོན་པའི་དགེ་འདུན་པ་བཞིར་ཁྲིམས་ཐག་བཅད་པ།

བོད་མདོ་སྨད་མང་ར་རྫོང་ཀླུ་ཚང་དགོན་པའི་དགེ་འདུན་པ་ཚོས་བོད་ལུགས་ལོ་སར་གྱི་ཚེས་གཅིག་སྟེ་ཕྱི་ཟླ་༢པའི་ཚེས་༢༥ཉིན་ཞི་བའི་གོམ་བགྲོད་དང་རྫོང་སྲིད་གཞུང་གི་མདུན་དུ་མར་མེ་འདུ་འཛོམས་གནང་བར་བརྟེན། ཀླུ་ཚང་དགོན་གྱི་དགེ་འདུན་པར་འཛིན་བཟུང་བཀག་སྐྱིལ་དང་འདྲི་རྩད་ཚ་ནན་གཏོང་བཞིན་ཡོད་པ་ལྟར། བདུན་ཕྲག་འདིའི་ནང་མང་རའམ་ཀོས་ནན་རྫོང་མི་དམངས་ཁྲིམས་ཁང་གིས་དགེ་འདུན་པ་བཞིར་ལོ་གཉིས་རེ་ཡི་ཁྲིམས་ཆད་བཅད་འདུག དེ་ལས་མང་། »
གླང་དར་གྱི་རྭ་དེ་འུ་ཚོའི་ངོ་གདོང་ན་སྨིན་ལེ་ཁད།
ཚེ་རིང་རྒྱལ་།
བྲེ་སེར་འབྲོང་གི་རྭ་རྩེར་སྐྱོན་པའི་གདོང་དམར་ཅན་གྱི་མི་རིགས་ཤིག ཡར་ཀླུང་གཙང་པོའི་འགྲམ་ནས་ཆས་ཏེ་རྟ་ཕོས་རྨིག་སྒྲ་ཕྱོགས་བཞིར་བསྐུལ། ཆོལ་ཁ་གསུམ་གྱི་སྐྱིད་སྡུག་ལོ་ཟླ་ཨ་མའི་གདོང་ན་རྒས་ཤིང་འཁོགས་རུང་། ཕ་གཞིས་གཙང་མོའི་གླུ་སྐད་སྙན་མོ་ནམ་ཡང་དགུང་སྔོན་དབྱིངས་སུ་གྲགས། འདི་བཙན་པོའི་གདུང་རྒྱུད་དེ། ངེད་གངས་ཅན་བོད་པ་རེད། ང་དགའ་དུས་སྙིང་གཏམ་འཆད་ཡ་དང་། ང་སྡུག་དུས་སྐྱོ་གླུ་ལེན་ས་རེད།༼གཞས་ཚིག༽
——–རྩོམ་པ་པོ་ཅོ་ནེ་ཡུམ་ཚེ་རིང་ནས།
ནམ་ཞིག་སྨྲ་ལྕེ་ལྐུགས་བཞིན་པའི་བྱིས་པ་སྣབས་རླུགས་ཤིག་གིས། འུ་ཚོའི་ཚ་བེར་བེར་གྱི་གདོང་ལ་ལས་བདའི་མཛུབ་མོ་ཀེར་ལོས་ཡོང་བསམ་ན། ང་འུ་ཅག་གི་ད་ལྟའི་བཅའ་སྟངས་ལས་སྟངས་འདིར་སྐྲག་སྣང་སྐྱེས་གི
“གླང་དར་མ་ནི་སྡིག་ཅན་རྭ་ཅན་ཞིག་ཡིན།” གླེགས་བམ་གྱི་ལྟེབས་ན་འདི་ལྟར་ཡིན། ཡབ་མེས་ཚོས་ངག་ནའང་འདི་ལྟར་ཡིན། བརྒྱུད་པའི་གཏམ་འདི་ བྱིས་པ་སྣབས་རླུགས་ཚོའི་ཀླད་ཞོ་རུ་ཆགས་ཡོད། རིག་པའི་དཔའ་བོ་ཚོའི་དགྲ་ཟླ་རུ་སྨིན་ཡོད། རྣམ་པ་ཐམས་ཅད་དུ་མ་ངེས་མོད། སྤྱི་བམ་གྱི་ཆ་ནས་བོད་པའི་ལོ་རྒྱུས་སུ་བྲིས་པའི་དགྲ་དྭངས་མ་དེ། བོད་མའི་བསམ་གཞིགས་སུ་སྨིན་པའི་གདོན་ངོ་མ་དེ། བཙན་པོའི་གདུང་སྲས་གླང་དར་མ་རེད། ད་དུང་། ཁྱིམ་རྒྱུད་རིགས་རུས་ཀྱི་མཐོ་དམའ་མེད་པར། མཁས་བླུན་རྒན་དར་གྱི་བར་ཁྱད་མེད་པར། འབྱོར་ལྡན་དབུལ་ཕོངས་ཀྱི་དབྱེ་བ་མེད་པར། དེ་ལས་མང་། »
མདོ་སྨད་བླ་བྲང་བསང་ཆུ་རྫོང་གི་བོད་ཡིག་སློབའབྲིང་གི་སློབ་མས་རྒྱ་ནག་གཞུང་ལ་ཞི་བའི་ངོ་རྒོལ་གྱི་ལསའགུལ་སྤེལ་ཡོད༌།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་བོད་ནང་གི་བོད་མི་ཞིག་གིས་ཁ་པར་ཐོག་གསུང་ན༌།བོད་ནང་གི་ཚེས་༢༤ཉིན་གྱི་ཞོགས་པའི་དུས་ཚོད་བདུན་པ་ཙམ་ནས་བརྒྱད་པའི་བར༌། བླ་བྲང་དགོན་པའི་ཡར་སྣང་ན་ཡོད་པའི་བསང་ཆུ་རྫོང་བོད་ཡིག་སློབའབྲིང་གི་སློབ་མ་སུམ་བརྒྱ་ལྷག་གིས་ལག་ཏུ་འཕྲེད་དར་བཟུང་ནས་དཔོན་ཚང་སྲང་ལམ་ནས་དགོན་པའིའདབས་ཀྱི་ཟམ་པ་སྟེ་མཐའ་བ་སྲང་ལམ་བར་སྤྱི་ལེ་གཉིས་ཙམ་རིང་སྐདའབོད་བྱས་ཏེ་སོང་ཡོད་པ་དང༌། ཁོང་ཚོའི་སྐད་འབོད་སྐབས་སུ་ང་ཚོར་རང་དབང་དགོས༌། ཞི་བདེ་དགོས༌།གོང་ས་མཆོག་ཕྱིར་བོད་ལ་ཕེབས་སུའཇུག་དགོས་ཞེས་བརྗོད་ཀྱི་ཡོད་ཟེར༌། དེ་ལས་མང་། »
ཕུར་བུ་ཚེ་རིང་རིན་པོ་ཆེར་རྒྱ་ནག་གཞུང་གིས་ཉེས་ཆད་ལྗིད་མོ་གཅོད་སྲིད་པའི་ཉེན་ཁའི་འོག་གནས་ཡོད་།

ཕུར་བུ་ཚེ་རིང་རིན་པོ་ཆེ།
ན་ནིང་བོད་ནང་ཞི་བའི་ངོ་རྒོལ་སྐབས་སུ་འཛིན་བཟུང་བྱས་པའི་ཁམས་དཀར་མཛེས་ཀྱི་མི་མང་ནང་སྙན་གྲགས་ཆེན་པོ་ཡོད་པའི་ཕུར་བུ་ཚེ་རིང་རིན་པོ་ཆེའམ་སྤུ་རོང་རྣམ་རིན་པོ་ཆེའི་ཁྱིམ་གྱི་ཉལ་གདན་འོག་ནས་ཐུང་མདའ་དང་མདེའུ་མང་པོ་རྙེད་ཡོད་ཚུལ་དང་དེ་བཞིན་ཁོང་གིས་ཁང་ཁྱིམ་བདག་དབང་བཙན་ཉར་བྱས་པ་སོགས་ཀྱི་ཉེས་འཛུགས་ཀྱིས་རྒྱ་ནག་གཞུང་གིས་ཁྲིམས་ཐག་ལྕི་མོ་གཅོད་རྩིས་ཡོད་།
ཨེ་ཕེས་གསར་སྤེལ་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། སི་ཁྲོན་ཞིང་ཆེན་དཀར་མཛེས་རྫོང་བཙུན་མའི་དགོན་པ་གཉིས་ཀྱི་དབུ་ཁྲིད་ཕུར་བུ་ཚེ་རིང་རིན་པོ་ཆེར་།ད་ལྟ་དཀར་མཛེས་རྫོང་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཉེས་ཆས་གཅོད་རྩིས་ཡོད་ལ་།ཉེན་རྟོག་པས་ཁོང་གི་ཉལ་གདན་འོག་ནས་ཐུང་མདའ་གཅིག་དང་མདེའུ་བརྒྱ་ལྷག་རྙེད་ཡོད་པའི་ཉེས་འཛུགས་བྱས་ཡོད་པ་དང་། དེ་ལས་མང་། »
སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་རྒྱ་ནག་སྟོབས་ཆེན་གྱི་རྒྱལ་ཁབ་གཅིག་ཆགས་རྒྱུར་བཟང་སྤྱོད་ཀྱི་ནུས་པ་ཚང་མེད། ཅེས་བཀའ་སྩལ་བ།
༢༠༠༩ ཕྱི་ཟླ་ ༤ ཚེས་ ༢༣ རེས་གཟའ་ཕུར་བུ།
རྒྱལ་སྤྱིའི་གསར་ལམ་ཁག་ནས་གནས་ཚུལ་སྤེལ་གསལ་ལྟར་ན། བོད་མིའི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་ཕྱི་ལོ་ ༢༠༠༩ ཟླ་ ༤ ཚེས་ ༢༢ རེས་གཟའ་ལྷག་པའི་ཉིན་ཉི་ཧོང་གི་རྒྱལ་ས་ཊོཀ་ཁྱོ་ལ་སྐོང་ཚོགས་གནང་བའི་གསར་འགོད་ལྷན་ཚོགས་ཤིག་གི་ཐོག་གསར་འགོད་པར་བཀའ་ལན་ཕེབས་དོན། རྒྱ་ནག་ནི་སྟོབས་འབྱོར་ལྡན་པའི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་རུང་བོད་དང་དེ་མིན་གྱི་གྲངས་ཉུང་མི་རིགས་ཐོག་ཕྲུ་གུའི་བྱ་སྤྱོད་ལྟ་བུ་བྱེད་ཀྱི་འདུག རྒྱ་ནག་གིས་དམག་དོན་དང༌། དཔལ་འབྱོར། མི་འབོར་བཅས་ཀྱི་སྟོབས་ཤུགས་ངོམ་སོ་རྒྱག་གི་ཡོད། འོན་ཀྱང་བསམ་ཚུལ་ཐ་དད་ཀྱི་རྟགས་མཚན་ཏོག་ཙམ་བྱུང་བར་འཇིགས་སྣང་བྱེད་ཀྱི་ཡོད། རྒྱ་ནག་གཞུང་གིས་ལྟ་ཚུལ་འདྲ་མིན་ཐོག་ནས་འཆར་ཅན་གྱི་མི་འཛིན་བཟུང་བྱེད་ཀྱི་ཡོད། དེ་ལས་མང་། »
ཁམས་དཀར་མཛེས་ས་ཁུལ་གྱི་བོད་མི་སེར་སྐྱ་གཉིསའཛིན་བཟུང་བྱས་པའི་གནས་ཚུལ་ཐོནའདུག
ཚེས་༢༣ཉིན་བོད་མི་མང་མདོ་སྨད་སྤྱིའཐུས་གསེར་རྟ་ཚུལ་ཁྲིམསའོད་ཟེར་ལགས་ཀྱིས་ཨེ་ཤེ་རང་དབང་རླུངའཕྲིན་ཁང་ལ་གནས་ཚུལའགྲེལ་བརྗོད་གནང་དོན༌།ཉེ་སྔོན་དཀར་མཛེས་རྫོང་ཁོངས་གཏོགས་ཀྱི་དགེ་རྩེ་ཟླ་ཐར་མ་ཆུས་ཟླ་སྟོད་ཤང་དུ་༼༧གོང་ས་རྒྱལ་བ་རིན་པོ་ཆེ་ཕྱིར་བོད་ལ་ཕེབས་སུའཇུག་དགོས༌།༽༼བོད་རང་བཙན་ཡིན་༽ཞེས་པ་སོགས་ཀྱི་ཡིག་ཆ་མང་པོ་ཞིག་གཏོར་བ་ཡོད་པ་དེ་དང་འབྲེལ་བ་ཡོད་ཚུལ་གྱིས་དགེ་རྩེ་ཟླ་ཐ་མ་ཆུས་ཀྱི་དགེ་རྩེ་ཚོ་བ་ནས་ཡིན་པའི་བོད་མི་ཐུབ་བསྟན་བཀྲ་ཤིས་ཟླ་བ་འདིའི་ཚེས་༡༩ཉིན་དཀར་མཛེས་རྫོང་ཐོག་ན་འགྲོ་བའི་དུས་སུ་ཉེན་རྟོག་མི་སྣས་ཁོང་གོང་བརྗོད་ཀྱི་གནས་ཚུལ་དང་འབྲེལ་བ་ཡོད་ཚུལ་གྱིས་འཛིན་བཟུང་བྱས་ནས་ཁྲིད་ཡོད་པ་ལས་བདེན་དཔང་གང་ཡང་བསྟན་མེད་ལ༌། དེ་ལས་མང་། »