ཕ་ལོ་མ་ལོ།

ཕ་ལོ་མ་ལོ།

ལེན་མཁན་།ཤེར་བསྟན་།

སྤུན་ཟླ་ལགས་།

སྤུན་ཟླ་ལགས་།

 

ལེན་མཁན་།གངས་བཞུགས།

ང་ནི་བོད་ཡིན་།

ང་ནི་བོད་ཡིན་།

ཐང་སྨུག་སྦྲ་ཆུང་ཨ་ཕའི་གུར་ཁང་ཡིན་།
སྦྲང་དཀར་རྩམ་པ་ཨ་མའི་ལག་ཟས་ཡིན་།
ཕ་མའི་ཤུལ་དུ་ལུས་པའི་བུ་ཆུང་ང་།
གདོང་དམར་བོད་པ་ཚང་གི་རྒྱུན་འཛིན་ཡིན་།
ཡུམ་བུ་བླ་སྒང་བཙན་པོའི་བཞུགས་གནས་ཡིན།
………..

རྗེ་བླ་མའི་གདན་ས་།

རྗེ་བླ་མའི་གདན་ས་།

ལེན་མཁན་།ཤེར་བརྟན།

ང་ཚོའི་གསར་འགོད་རང་དབང་ལ་རྒྱབ་སྐྱོར་གནང་རོཊ།

ང་ཚོའི་གསར་འགོད་རང་དབང་ལ་རྒྱབ་སྐྱོར་གནང་རོཊ།
རྒྱལ་ཁབ་ཁག་གི་གཞུང་དང་ཚོགས་སྡེ། མི་སྒེར་ཡོངས་ནས་དམངས་གཙོའི་ཀ་བ་བཞི་བར་གྲགས་པའི་གསར་འགོད་ལས་རིགས་ལ་བརྩི་བཀུར་དང་སྨྲ་བརྗོད་རང་དབང་ལ་རྒྱབ་སྐྱོར་ཞུ་དགོས་ལ། ལྷག་པར་དུ་རྒྱ་ནག་པེ་ཅིན་གཞུང་གིས་བོད་པའི་གསར་འགོད་པ་ཚོ་གློད་གྲོལ་དང༌། གསར་འགོད་རང་དབང་རྡོག་རོལ་འཕྲལ་དུ་མཚམས་འཇོག རྒྱལ་སྤྱིའི་གསར་ལམ་ཁག་ཏུ་བོད་ནང་གསར་འགོད་རང་དབང་དང་སྨྲ་བརྗོད་རང་དབང་ཡོད་རབས་བཤད་པ་དངོས་འབྲེལ་ཡིན་ན། རྒྱལ་སྤྱིའི་གསར་འགོད་པ་རྣམས་བོད་ཡུལ་ཆོལ་ཁ་གསུམ་ནང་རང་དབང་གིས་བསྐྱོད་དུ་འཇུག་དགོས་ལ། ལྷག་པར་དུ་བོད་པའི་གསར་འགོད་པ་ཚོ་བོད་ནང་བསྐྱོད་རྒྱུར་སྔར་ནས་ངང་སྒུག་བྱས་ཡོད་པ་བཞིན་གང་མྱུར་ངོས་ལེན་ཡོང་དགོས་ཟེར།
ཕྱི་ཟླ་ ༥ ཚེས་ ༣ ནི་རྒྱལ་སྤྱིའི་གསར་འགོད་རང་དབང་གི་ཉིན་མོར་འཁེལ་ཡོད་སྟབས། དེ་རིང་སྔ་དྲོའི་ཆུ་ཚོད་ ༡༡ སྟེང་རམ་ས་ལའི་རྒྱ་གར་རྡོ་ལ་རྡར་གསོལ་མགྲོན་ཁང་དུ་བོད་ཀྱི་གསར་འགོད་པའི་མཐུན་ཚོགས་ཀྱི་གོ་སྒྲིག་འོག རྒྱལ་སྤྱིའི་གསར་འགོད་རང་དབང་གི་ཉིན་མོ་སྲུང་གཙིའི་མཛད་སྒོ་ཞིག་འཚོགས་ཡོད་ལ། ཉིན་མོ་འདི་དང་བསྟུན་སྟེ་ ༢༠༠༨ ལོར་རྒྱལ་སྤྱིའི་སྟེང་གི་གསར་འགོད་རང་དབང་དང་སྨྲ་བརྗོད་རང་དབང་གི་གནས་སྟངས་དང༌། ལྷག་པར་དུ་བོད་ནང་གི་གསར་འགྱུར་ལས་རིགས་ཐོག་དཀའ་ངལ་འཕྲད་བཞིན་ཡོད་པ་དག་གི་ཐད། གལ་ཆེའི་གསར་འགོད་གསལ་བསྒྲགས་ཤིག་བོད་རྒྱ་དབྱིན་གསུམ་ནང་སྤེལ་སོང། དེ་ལས་མང་། »

འཚོལ་སྙེག

འཚོལ་སྙེག

བཙན་བྱོལ་བོད་ཀྱི་བུད་མེད་རྩོམ་པ་པོ་གཞོན་རབས་པ་ཁག་ཅིག་གི་རྩོམ་ཡིག་ཕྱོགས་སྒྲིག་ << འཚོལ་སྙེག >> ཅེས་པའི་དཔེ་དེབ་དེ་སྤྱི་ལོ་ ༢༠༠༩ ཟླ་ ༣ ཚེས་ ༢༨ ཉིན་ཝཱ་ར་ན་སི་ས་གནས་སློབ་ཕྲུག་བུད་མེད་ཚོགས་པ་ནས་དཔར་སྐྲུན་འགྲེམས་སྤེལ་ཞུས་ཡོད་ལ། དཔེ་དེབ་དེའི་ནང་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་ལྕགས་མོ་འཚོ་དང༌། བོད་ཀྱི་དུས་བབ་གསར་ཁང་གི་གསར་འགོད་པ་ཚེ་རིང་སྐྱིད། བོད་ཀྱི་བང་ཆེན་གསར་ཁང་གི་གསར་འགོད་པ་གངས་ལྷ་མོ། རང་དབང་གི་རྩོམ་པ་པོ་གཟུངས་ཕྱུག་སྐྱིད། བཙུན་དགོན་སྒྲོལ་མ་གླིང་གི་དགེ་རྒན་ཆུ་སྐྱེས་སྒྲོལ་མ། ནོར་བུ་གླིང་ཁའི་ལས་བྱེད་ཉི་མ་འཚོ། ཝཱ་ར་ན་སི་མཐོ་སློབ་ཀྱི་སློབ་མ་གཅན་ཚའི་གཡང་ཕྱུག་དང་པདྨ་ཆོས་སྒྲོན། ས་རྭ་མཐོ་སློབ་ཀྱི་སློབ་མ་གཟུངས་འདུས་སྐྱིད་བཅས་བུད་མེད་རྩོམ་པ་པོ་ ༩ ཡིས་རྩོམ་གནང་མཛད་པའི་(རིགས་ཞེན་གྱི་འབོད་བརྡ)སོགས་སྲོལ་རྒྱུན་སྙན་རྩོམ་ ༣ དང༌། (ང་ནི་ཡུལ་གྱར་བ་ཞིག་ཡིན)སོགས་རང་མོས་སྙན་ངག་ ༩ ། (སྒྲོན་དཀར་འཚོའི་ལས་དབང)སོགས་བརྩམས་སྒྲུང་ ༣ ། (འཕྲིན་ལམ་ནས་མཇལ་བའི་སེམས་པ)སོགས་ལྷུག་རྩོམ་ ༤ ། (བུད་མེད་ཅིག་གི་མིག་གིས་བུད་མེད་ལ་ལྟ་བ)སོགས་འབོལ་རྩོམ་ ༧ བཅས་བསྡོམས་པའི་ཤོག་ངོས་ ༢༥༨ དང་། རྩོམ་ཡིག་ཁག་ ༢༤ ཙམ་བསྡུ་སྒྲིག་བདམས་བཀོད་བྱས་ཡོད། དེ་ལས་མང་། »

ཕྱི་སྡོད་བོད་མི་ཞིག་ལ་སྤྲིངས་པ།

ཕྱི་སྡོད་བོད་མི་ཞིག་ལ་སྤྲིངས་པ།

མེ་སྟག

ཁྱོད་རང་སྔར་ནས་རྦ་རླབས་ཤིག་གིས་ཀྱང་བསྣུབས་སྲིད་པའི་གྲུ་གཟིངས་དེར་ཞུགས་ཤིང

ཁྱོད་རང་གདོད་ནས་བྲག་རྡོ་ཞིག་གིས་ཀྱང་གཤགས་སྲིད་པའི་རླབས་རྩེ་དེར་བསྡད་པ་ནས

ཁྱོད་ཀྱིས་ཟུམ་པ་མེད་པར་དར་ཆ་དེར་བལྟས་ཡོད

གཡོ་ཀྱིན་པའི་ཁྲག་མདོག་གི་ནམ་མཁའ་དེས

གཞི་ནས་ཁྱོད་ཀྱི་མིག་ཟུང་ཡོངས་སུ་བསྒྲིབས་ཟིན

  དེ་ལས་མང་། »

WordPress Themes