ཁམས་སྡེ་དགེ་འཇོ་མདའ་རྫོང་ནས་བོད་འཛིན་བཟུང་དང་གཅར་རྡུང་བྱས་པའི་གནས་ཚུལ་ཐོན་འདུག
འབྲེལ་ཡོད་མི་སྣས་གནས་ཚུལ་མཁོ་སྤྲོད་བྱས་བ་ལྟར་ན་།སྡེ་དགེ་འཇོ་མདའ་རྫོང་པདྨ་ཤང་དང༌། གནས་མདོ་ཤང་གཉིས་ཀྱི་ཁོངས་གཏོགས་སྟག་ལུང་དགོན་པར་གྲྭ་པ་གཅིག་ཀྱང་སྡོད་མཁན་མེད་པར་ཟླ་གཅིག་ལྷག་ཕྱིན་ཡོད་པས་།རྒྱ་གཞུང་གིས་པདྨ་སྨད་པའི་སྡེ་ནང་བོད་མི་གནད་ཡོད་འགན་ཁུར་བ་རྣམས་ལ་དགེ་འདུན་པ་རྣམས་དགོན་པར་ཕྱིར་འབོད་བྱེད་དགོས་པའི་བཙན་བཀའ་ཐེངས་མང་བཏང་ཡོད་ཀྱང་། ལས་དོན་འགྲུབ་མེད་པར་བརྟེན་སྤྱི་ཟླ་ ༦ ཚེས་ ༢༧ ཉིན་ཤང་གི་ལས་བྱེད་བོད་མི་འགྱུར་མེད་མགོན་པོ་དང༌། རྒྱལ་ཚང་རྡོ་རྗེ་གཉིས་དམག་མིས་འཛིན་བཟུང་བྱས་ཏེ་སྐྱབས་ཆེ་དགོན་པའི་ཕྱོགས་སུ་ཁྲིད་པའི་སྐབས་།བོད་མི་ ༢༠ ལྷག་ཙམ་གྱིས་ལམ་ཁ་བཀག་ནས་། དམག་མི་དང་འཁྲུག་འཛིང་ཤོར་ཏེ་ཕར་ལ་ཁུ་ཚུར་སོགས་བཞུས་པ་དང༌། ཚུར་ལ་དུག་རྫས་དང་མེ་མདའ་གང་ཡིན་དབྱེར་མ་ཆོད་པ་མང་པོ་བརྒྱབ་ནས་བོད་མི་རྣམས་ལ་རྨས་སྐྱོན་ཚབས་ཆེན་ཕོག་ཡོད་འདུག བོད་མི་དེ་རྣམས་མང་ཆེ་བ་དམག་མིས་འཛིན་བཟུང་བྱས་ཏེ་གནས་མདོ་ཤང་ཁོངས་སྐྱབས་ཆེ་དགོན་དུ་ཁྲིད་ནས་དགོན་པའི་བཤད་གྲྭ་ནང་བཀག་ཉར་བྱེད་བཞིན་ཡོད་པ་དང༌། རང་ལོ་ ༤༧ ལ་སོན་པའི་ནོར་ལྷ་དང༌། རང་ལོ་ ༤༣ཡས་མས་ཡིན་པའི་མགོན་པོ་དར་རྒྱས་གཉིས་གཏེ་བོ་ཡིན་ཚུལ་གྱིས་འཇོ་མདའ་རྫོང་ཕྱོགས་སུ་ཁྲིད་ཟིན་པ་ཤེས་རྟོགས་བྱུང་ཡོད་འདུག དེ་ལས་མང་། »
རྒྱལ་བ་རིན་པོ་ཆེ་སྐུ་བཞུགས་པའི་གོ་སྐབས་འདི་གཞེས་བྱེས་གཉིས་དང་ལྷག་ཏུ་བཙན་བྱོལ་བོད་མིས་འཕྲོ་བརླག་ཏུ་མི་གཏོང་བའི་རེ་བ་ཞུ།
སྲིད་ལོ་།
ང་ནི་ལོ་རབས་བདུན་ཅུའི་ནང་བོད་ནས་སྐྱེས་ཤིང་རྒྱ་ཡི་དབང་བསྒྱུར་འོག་འཚར་ལོངས་བྱུང་བའི་བོད་པ་ཞིག་ཡིན། ང་རང་ལ་མཚོན་ན་ལོ་མང་བོའི་རིང་ལ་བོད་ཕྱི་ནང་གི་ཆབ་སྲིད་ལ་དོ་སྣང་བྱས་པ་ཡིན་ལ།ད་ལྟ་ཡིན་ནའང་མུ་མཐུན་དུ་བོད་ཕྱི་ནང་གི་ཆབ་སྲིད་ཀྱི་འགྱུར་ཕྱོགས་དང་། ངོ་བོ། སྒྲིག་གཞི་བཅས་ལ་དོ་སྣང་བྱེད་ཀྱི་ཡོད། དེ་ནི་བོད་མི་དཀྱུས་མ་ཞིག་ལ་ཡོད་དགོས་པ་ཞིག་དང་། ཡང་ན་མི་ཞིག་འཇིག་རྟེན་ནས་འཚོ་ཞིང་གནས་བར་བསམ་བློ་མི་གཏོང་ཐབས་མེད་ཀྱི་ཆོས་ཉིད་ཅིག་ཡིན་པས་ངས་ཀྱང་བཀའ་བློན་ཁྲི་བའི་འོས་འདེབས་སྐོར་ལ་བསམ་འཆར་ཁ་ཤས་འབྲི་འདོད་བྱུང་།
དང་བོ། རྩ་ཁྲིམས་དང་དེའི་གཟི་བརྗིད།
སྤྱིར་ན་རྩ་ཁྲིམས་ལ་འགྱུར་བ་གཏོང་ཆོག་པ་དང་གཏོང་དགོས་པ་ཆོས་ཉིད་རེད། ཡིན་ནའང་ད་ལྟ་གོ་ཐོས་ཡིན་ན་རྩ་ཁྲིམས་ལ་འགྱུར་བ་བཏང་ནས་ཟམ་གདོང་ཡང་བསྐྱར་བཀའ་བློན་ཁྲི་བ་ལ་བཀོད་དགོས་པ་བཤད་མཁན་ཇེ་མང་རེད་ཟེར།རྒྱུ་མཚན་ཟམ་གདོང་ལྟ་བུའི་མཁས་པ་བཙན་བྱོལ་བོད་ནང་མི་འདུགཟེར།
ང་ཚོསམཁས་པ་བཙལ་གི་ཡོད་པ་རེད་དམ་།ཡང་ན་རྒྱལ་བོ་བཙལ་གི་ཡོད་པ་རེད། ཟམ་གདོང་ཡང་བསྐྱར་རྒྱལ་བོར་བཀོད་དགོས་པའི་རྒྱུ་མཚན་དང་རྩ་ཁྲིམས་ལ་འགྱུར་བ་གཏོང་དགོས་པའི་རྒྱུ་མཚན་མཁས་པ་ཞིག་མ་རྙེད་པས་ཡིན་ན་རྩ་ཁྲིམས་ལ་བརྙས་བཅོས་དང་མཐོང་ཆུང་བྱས་པ་དེས་མ་ཆོག་པ་ཞིག་མེད། དེ་འདྲ་ཡིན་ན་ང་ཚོའི་རྩ་ཁྲིམས་ཅི་འདྲའི་སྙིང་རྗེ་ཉམ་ཆུང་ཞིག་རེད་ཨང་། ཁྱོད་ཚོ་ཁ་ཡངས་ཁོག་ཡངས་ཀྱི་ཕྱི་རྒྱལ་གྱི་རང་དབང་ལུང་བ་ནས་ཡོད་པས་ཉེ་འཁོར་གྱི་དམངས་གཙོའི་རྒྱལ་ཁབ་དག་ལ་ལྟོས་དང་ཁོ་ཚོས་རང་གི་རྒྱལ་ཁབ་ནང་མཁས་པ་ཡང་རྩེ་དེ་རྒྱལ་པོར་བཀོད་ཀྱིན་ཡོད་དམ། ཡང་ན་ཆབ་སྲིད་ཀྱི་རྣམ་དཔྱོད་འགྲན་ཡ་མེད་པ་ཞིག་རྒྱལ་པོར་བཀོད་ཀྱིན་ཡོད་པ་རེད། དེ་ལས་མང་། »

མེ་ཁོ་ཇེ་ཁི་སིན་གྱི་འཚར་ལོངས་གོ་རིམ།ཨེ་ཕེ་།

- མེ་ཁོ་ཇེ་ཁི་སིན་།སྤྱི་ལོ་༢༠༠༥ལོར་།
ཨ་རིའི་ཁ་ལི་ཧྤོ་ནི་ཡ་མངའ་སྡེའི་ལོ་སན་ཨན་ཇི་ལི་སི་གྲོང་ཁྱེར་ནས་གནས་ཚུལ་ཐོན་པ་ལྟར་ན།རྒྱལ་སྤྱིའི་སྟེང་གྲགས་ཅན་གྱི་དེང་རབས་གཏོང་བདེའི་གཞས་བའི་རྒྱལ་བོ་མེ་ཁོ་ཇེ་ཁི་སིན་Michael Jackson ལགས་གློ་བུར་སྙིང་རྩ་འགག་ནས་སྐུ་གཤེགས་པ་དོ་དགུང་གི་ཨ་རིའི་བརྙན་འཕྲིན་དང་རླུང་འཕྲིན་སོགས་གསར་འགྱུར་བརྒྱུད་ལམ་ཧྲིལ་པོའི་གླེང་གཞིར་གྱུར་ཡོད་།མི་མང་སྟོང་ཕྲག་ཁ་ཤས་ད་ལྟ་ད་དུང་ཁོང་གྲོངས་སའི་ལོ་སན་ཨན་ཇི་ལི་སི་སློབ་གྲྭ་ཆེན་མོའི་ཡན་ལག་སྨན་ཁང་གི་མདུན་དང་ཁྲོམ་ལམ་དུ་ཁེངས་ནས་ཁོང་གི་གཞས་གཏོང་ཞོར་ཁོང་ལ་མྱ་ངན་བྱེད་བཞིན་ཡོད་།
དེ་བཞིན་ནིག་ཡོག་སོགས་སུའང་མི་ཚོགས་ཁྲོམ་སྲང་དུ་འཛོམས་ཏེ་མེ་ཁོ་ཇེ་ཁི་སིན་གྱི་གཞས་དང་བྲོ་ལ་ལད་ཟློས་ཀྱི་ལམ་ནས་།འཛམ་གླིང་ཐོག་སྐད་གྲགས་ཅན་གྱི་ལྷན་སྐྱེས་གཞས་བ་འདིར་རྗེས་དྲན་བྱེད་བཞིན་ཡོད་ལ།དགུང་ལོ་ལྔ་བཅུ་ཡིན་པའི་གཞས་བ་དང་བྲོ་འཁྲབ་མཁན་།གདངས་རྩོམ་མཁན་ཁོང་ནི་དུས་རབས་ཉི་ཤུ་བའི་ལོ་རབས་བདུན་ཅུ་སྐབས་ཀྱི་བྱིས་པའི་དུས་ནས་སྐད་གྲགས་ཆགས་ཡོད་ལ་།སྐབས་དེ་དུས་ཁོང་དང་ཁོང་གི་སྤུན་ཟླ་ཚོས་མཉམ་དུ་ཇེ་ཁི་སིན་སྤུན་ལྔ་ཞེས་མིང་བཏགས་ནས་གར་སྟེགས་སྟེང་འཁྲབ་སྟོན་གནང་བ་དང་།རྗེས་སུ་ཁོང་རང་ཉིད་ཀྱིས་གར་སྟེགས་ཀྱི་འཚོ་བ་རོལ་བ་དང་།ཁོང་གིས་ངོ་མཚར་བའི་གཞས་གར་གྲངས་ལས་འདས་བ་གསར་གཏོད་གནང་བ་མ་ཟད་།ཁོང་ནི་སྒྲ་ཐག་འགྲེལ་སྤེལ་གནང་མཁན་ཐོག་མ་དེའང་ཡིན་ཞེས་རྦས་རྦས་སུའི་གསར་འགྱུར་ནང་བཀོད་འདུག དེ་ལས་མང་། »
དབུས་ཕྲུག་ཚེ་རིང་།
ཤར་རིའི་ཕྲག་ནས་མཁའ་དབྱིངས་འཕགས་པའི་བཅོ་ལྔའི་ཟླ་བ་སྒོར་ཞིང་འཛུམ།།
འཇིག་རྟེན་འདི་ཡི་དབུགས་རྒྱུ་ཡོད་རྒུ་ཏིང་འཛིན་གཉིད་ཀློང་མལ་ལ་གཟིམས།།
དུང་ཟླའི་འོད་རླབས་སྒེའུ་ཁུང་བརྒྱུད་ནས་གདོང་ལ་ཕོག་སྟེ་དྲན་སྣང་བསྐྱིལ།།
མིག་ཀོང་ཟུར་ནས་དྲན་གདུང་མཆི་མས་སྔས་གཞི་བརླན་པའི་རྒྱུ་རྐྱེན་བྲི།།
ཟླ་དགུ་ངོ་བཅུ་མངལ་རུམ་བསྐྱངས་ཏེ་དཀའ་སྡུག་ངལ་བརྒྱར་ཁུ་ཚུར་བསྣུན།།
སྦར་མོ་གང་གི་དམར་ལུས་གཅེར་མོ་འཇམ་གཉེན་ཕྱག་གིས་བྲང་ལ་སྦྱར།།
སྣབས་ལུད་ཁ་ཆུ་མཆུ་ཡིས་བཞིབས་ཤིང་དྲོད་མོའི་ནུ་ཞོ་ཁ་ལ་བླུད།།
བྱམས་བརྩེའི་མིག་ཟུང་བུ་ལ་གཏད་ཀྱིན་དགོད་འཛུམ་སློང་བའི་སྐྱེད་མ་དྲན།། དེ་ལས་མང་། »
ཝང་ལི་ཞུང་།
གོང་ས་ཏྭ་ལའི་བླ་མས་བཙན་བྱོལ་གྱི་སྤྱི་ཚོགས་ནང་དམངས་གཙོ་སྐུལ་སྤེལ་གནང་བཞིན་ཡོད་ནའང༌།བོད་མི་ཚོས་གོང་ས་ཏྭ་ལའི་བླ་མར་དད་གུས་དང་ཆ་རྐྱེན་གང་ཡང་མེད་པའི་སྒོ་ནས་བཀའ་བརྩི་དང་ལེན་བྱེད་པ་ལས་རྟག་པར་དམངས་གཙོ་དེ་ཕྱིའི་རྣམ་པར་ཆགས་ཡོད༌།སྟབས་ལེགས་པ་ཞིག་ལ་གོང་ས་ཏྭ་ལའི་བླ་མ་སྐུ་ཕྲེང་འདི་བས་ཡང་དག་པའི་ཁ་ཕྱོགས་ལ་བཏང་འཛིན་གནང་ཡོད་ཕྱིར༌།བར་སྐབས་རིང་དོན་དག་འདྲ་བྱུང་མེད་པ་འདྲ༌། ཡིན་ནའང་ནམ་ཞིག་ཁོང་དགོངས་པ་ཆོས་དབྱིངས་སུའཐིམས་པའི་དུས་ལ་སུ་ཞིག་གིས་ཁ་ཕྱོགས་ལ་བཏང་འཛིན་བྱེད་དམ༌། ཁ་ཕྱོགས་ནོར་སྲིད་དམ༌། དཀའ་རྙོག་བྱུང་ན་ཇི་ལྟར་ཐག་གཅོད་བྱེད་དགོས་སམ༌། ཐུན་མོང་གི་དད་གུས་གནང་སའི་བར་འདུམ་ཐག་གཅོད་གནང་མཁན་མེད་པ་དང༌།དམངས་གཙོའི་སྒྲིག་གཞི་འཐུས་ཚང་དུ་གྱུར་མེད་པས་དུས་སུ་གནད་དོན་སྣ་མང་བྱུང་སྲིད༌།
དེ་ལས་མང་། »

གཡུང་དྲུང་བོན་གྱི་ཚོགས་ཆེན་གྱི་ཟུར་ཞིག
སྨོན་ལམ་མཐར་ཕྱིན་།
དུས་རབས་ཉེར་གཅིག་པའི་དུས་འགོ་ཚུགས་པ་ནས་བཟུང་དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ཀྱི་སྟངས་འཛིན་འོག་བོན་གྱི་བགྲོ་གླེང་འདུས་སྡེ་གསར་འཛུགས་ཀྱིས་ལོ་རིམ་བཞིན་སློབ་ཕྲུག་རྣམས་ཀྱི་དབྱར་ཁའི་གུང་གསེང་དང་བསྟུན་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་དུ་གཡུང་དྲུང་བོན་གྱི་གཞུང་ལུགས་ཁག་སོགས་བརྗོད་བྱ་གཙོ་བོ་བཟུང་སྟེ་བདུན་ཕྲག་གཅིག་རིང་གཡུང་དྲུང་བོན་གྱི་སྐོར་བགྲོ་གླེང་ཞིག་མུ་མཐུད་ཚོགས་བཞིན་ཡོད་པ་ལྟར། འདི་ཟླའི་ཚེས་ ༡༤ ནས་ཚེས་༢༡བར་གཡུང་དྲུང་བོན་གྱི་སྐོར་བགྲོ་གླེང་ཐེངས་བཅུ་པ་དེ་བཞིན་དཔལ་གཤེན་བསྟན་སྨན་རིའི་གླིང་གི་གཡུང་དྲུང་བོན་གྱི་དཔེ་མཛོད་ཁང་ཆེན་མོར་ཚོགས་གནང་ཡོད་པ་རེད། བགྲོ་གླེང་དབུ་འབྱེད་གཡུང་དྲུང་བོན་གྱི་བསྟན་པའི་མངའ་བདག་ྋསྐྱབས་རྗེ་སྨན་རིའི་ཁྲི་འཛིན་སོགསུམ་པ་མཆོག་གིས་གནང་ཞིང་བགྲོ་གླེང་གོ་སྒྲིག་ཚོགས་གཙོ་ཁྲི་གཡུང་དྲུང་ནས་ངོ་སྤྲོད་གསུང་བཤད་དང༌།བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་ཟུར་པ་བྱ་དུར་བསོད་ནམས་བཟང་པོ་མཆོག་གིས་བགྲོ་གླེང་གི་ཟབ་གནད་སྐོར་ལ་གསུང་བཤད། དེ་ལས་མང་། »

དགེ་འདུན་པ་ངག་ཆུང་ལགས་།
སྨོན་ལམ་མཐར་ཕྱིན་།
གསེར་རྟ་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་གི་ཆོས་རྗེ་མཁན་ཆེན་འཇིགས་མེད་ཕུན་ཚོགས་མཆོག་གི་སྐུའི་ཚ་བོ་གྲྭ་ངག་ཆུང་ལ་རྒྱ་ནག་གཞུང་གིས་ཕྱི་ཕྱོགས་སུ་བོད་ནང་གི་གནས་སྟངས་ཁ་པར་བརྒྱུད།ཁྱབ་བསྒྲགས་བྱས་པའི་ཉེས་མིང་འོག་འཇུ་བཟུང་བྱས་ཏེ།ད་ལྟ་ལོ་གཅིག་ཟིན་གྱི་ཡོད་པ་རེད།གཉེན་ཉེ་སོགས་འབྲེལ་ཡོད་ཀྱིས་ཐུག་འཕྲད་བྱེད་རྒྱུར་འབད་བརྩོན་ཐེངས་མང་བྱས་ཡོད་ནའང༌།རྒྱ་ནག་གཞུང་གིས་ཐུག་འཕྲད་ཀྱི་གོ་སྐབས་མ་སྤྲད་པར་བརྟེན།ཁོང་རྒྱ་ནག་ཁྲིན་ཏུའུ་གྲོང་ཁྱེར་གྱི་བཀག་ཉར་ཁང་དུ་ཡོད་སྐད་ཙམ་ལས་དངོས་ཡོད་གནས་ཚུལ་གང་འདྲ་ཡིན་མིན་ཤེས་རྟོགས་ཐུབ་ཀྱི་མེད་པ་འབྲེལ་ཡོད་ནས་གནས་ཚུལ་མཁོ་སྤྲོད་བྱུང་། དེ་ལས་མང་། »

ཁྲིམས་སྦྱོར་ཞུ་ཡིག
རྒྱ་ནག་གཞུང་གིས་རྒྱལ་ཁབ་ཁ་བྲལ་གྱི་ངན་སྐུལ་བྱས་པའི་ཉེས་འཛུགས་ཀྱིས་བོད་མི་སྣེ་ཤན་པ་ཞིག་ལ་ལོ་གསུམ་གྱི་ཁྲིམས་ཐག་བཅད་འདུག ཚེས་༢༣ཉིན་ཨ་རིའི་ནང་ཡོད་པའི་ཏོས་ཧྭ་ཐེབས་རྩ་ཚོགས་པས་བརྗོད་ན་།རྒྱ་ནག་གི་ཡོན་ནན་ཞིང་ཆེན་ཁོངས་སུ་ཡོད་པའི་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་ཞེས་པའི་ཉེ་ཆར་རྒྱལ་ཁབ་ཁ་བྲལ་ལ་ངན་སྐུལ་བྱས་པའི་ཉེས་འཛུགས་ཀྱིས་། ད་ལྟ་དགུང་ལོ་༣༢ཡིན་པའི་ཨ་མདོ་རྔ་བ་མཛོ་དགེ་ནས་ཡོང་བའི་བོད་མི་མགོན་པོ་བཀྲ་ཤིས་ཀྱིས་།སྤྱི་ལོ་༢༠༠༨ལོའི་སྤྱི་ཟླ་༣པའི་ཚེས་༡༦ནས་༡༨བར་གནས་འཕྲིན་དྲ་བ་དང་ལག་ཁྱེར་ཁ་པར་བརྒྱུད་ནས་།ཌེ་ཝེ་ཌི་དང་ཇེམ་།ཕན་ཧྥུ་ལེ་སུ་སོགས་མི་མང་པོར་༣།༡༤ཟེར་བའི་དོན་རྐྱེན་བྱུང་རྗེས་།བོད་ཁུལ་གྱི་སྤྱི་ཚོགས་གཏན་ལྷིང་གི་དངོས་ཡོད་གནས་ཚུལ་རྒྱབ་འགལ་གྱི་ངན་སྐུལ་རང་བཞིན་གྱི་གློག་འཕྲིན་དང་གནས་ཚུལ་མཁོ་སྤྲོད་བྱས་ཚུལ་གྱི་ནག་ཉེས་བཙུགས་ཏེ་།རྗེས་སུ་བདེ་ཆེན་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཁོར་ལོ་གསུམ་གྱི་ཁྲིམས་ཐག་བཅད་ཚུལ་བཀོད་འདུག དེ་ལས་མང་། »
བཙན་བྱོལ་བོད་གཞུང་གི་དྲ་གནས་སུ་སྤེལ་པའི་གནས་ཚུལ་ལྟར་ན། ཟླ་དྲུག་པའི་ཚེས་ཉི་ཤུའི་ཉིན་མལ་དྲོ་གུང་དཀར་རྫོང་རྒྱ་མ་ཞང་ཁོངས་སུ་རྒྱ་རིགས་གཏེར་བསྐོ་བ་དང་ས་གནས་བོད་མི་མང་ཚོགས་བར་འཁྲུག་རྩོད་ཤོར་ཏེ་མཐར་བོད་མི་གསུམ་ལ་རྨས་སྐྱོན་ཚབས་ཆེ་ཕོག་པ་དང་། རྨས་སྐྱོན་ཕོག་པའི་བོད་མི་གཅིག་རྫོང་སྨན་ཁང་ནས་སྨན་བཅོས་བྱེད་མ་ནུས་པར་ལྷ་སའི་སྨན་ཁང་ཞིག་ཏུ་བསྐྱལ་ཡོད་ནའང་ཤི་གསོན་ཐད་ད་རུང་གསལ་ཆ་མེད་པར་གྱུར་ཡོད།
འཁྲུག་རྩོད་དེ་བྱུང་རྐྱེན་གཙོ་བོ་ནི་རྒྱ་རིགས་གཏེར་བསྐོ་བ་ཁག་ཅིག་གིས་༡༩༩༠ལོ་ནས་རྒྱ་མ་ཞང་དུ་གཏེར་ཁ་སྔོག་འདོན་བྱེད་ཀྱིན་ཡོད་པ་དང་། ཉེ་ཆར་ཞང་དེར་རྒྱ་མ་ཆུ་བོ་ཞེས་པའི་གཙང་པོ་ཞིག་ཡོད་པ་དེའང་གཏེར་ཁ་སྔོན་འདོན་པས་ཁ་བསྒྱུར་ནས་ས་གནས་བོད་མི་མང་ཚོགས་ལ་ཞིང་ཆུ་གཏོང་རྒྱུར་དཀའ་ངལ་འཕྲད་པར་བརྟེན་།གནས་ཚུལ་དེ་འབྲེལ་ཡོད་ཚན་པར་ཞུ་གཏུག་བྱས་ཀྱང་ཡ་ལན་མ་བྱུང་སྟབས་མཐར་ཟླ་དྲུག་པའི་ཚེས་༢༠ཉིན་མང་ཚོགས་དང་རྒྱ་རིགས་གཏེར་བསྐོ་བའི་བར་འཁྲུག་རྩོད་བསླངས་པ་རེད། དེ་ལས་མང་། »