ཐེའུ་རང་ལ་གློ་བུར་དུ་ཕུལ།

ཚིག་ལ་ཉེས་པ་མེད་ཀྱང་ཁྱེད་ཉིད་གཉོས།།
དོན་ལ་འཁྲུལ་བ་མེད་ཀྱང་ཁྱེད་ཉིད་བཅུགས།།
སེམས་ལ་གནོང་འགྱོད་མེད་ཀྱང་ཁྱེད་རང་འཇུས།།
ཐེའུ་རང་བུ་ལོ་བོད་མིས་ཁྱེད་ཉིད་གླེང་།།

ཕྱི་ནང་གཉིས་སུ་བོད་མིས་ཁྱེད་ཉིད་གླེང་།།
ལུས་ཀྱི་འབྲེལ་ཐག་ཕྱི་ནང་ཁ་བཀར་ཡང་།།

སེམས་ཀྱི་འབྲེལ་ཐག་ནམ་ཡང་འབྲལ་མེད་ཡིན།།
ཉིད་རང་ལྟ་བའི་སྤུན་ཟླ་ཚང་མར་བསྟོད།།
༼ཡོང་ཁུངས་།ཧི་གཟུགས་ཟིན་བྲིས།༽

ཐེའུ་རང་བོར་བའི་ར་མདའ།

མི་ལ་ཙི་ཙི
སྲིན་པའི་རལ་ནག་ཁྲག་གི་ཞགས་དམར་ཅན།
དམུ་རྒོད་ངམ་ཐང་འདི་ལ་རྩལ་གྱིས་གདོབ།
ཉི་ཟླ་གཉིས་ཀྱི་ཤ་རུས་སོ་སོར་ཕྲོལ།
སྐར་ཚོགས་བྱེ་བ་ཐལ་བའི་རྡུལ་དུ་རློགས།

དགུ་ཟོར་བྲག་རྒོད་རྒྱ་གྲོང་ཀླད་ལ་ཕོབས།
མ་རུངས་སྙིང་ཁྲག་རླངས་པ་ཐུལ་ལེར་གཏོར།
སྟོད་ནས་རགས་ཀྱི་སྒོ་མོ་ཧར་གྱིས་ཕྱེས།
སྨད་ནས་མི་ཡི་བམ་རོ་རྒྱང་ངེར་ཐོན།
དེ་ལས་མང་། »

ཐེའུ་རང་ལ་གློ་བུར་དུ་ཕུལ།

ལྷམ་ཀོག
མགོ་འདི་བྲག་ལ་གཏུགས་ནས་ལུས་འདི་བསྒུར་ནས་ཡོད།།
སེམས་འདིར་འཇིགས་སྐུལ་བྱས་ནས་དཔའ་འདི་ཞུམ་ནས་ཡོད།།
ལག་འདིར་ལྕག་གིས་བྲབས་ནས་བྲང་འདི་གཤོང་ནས་ཡོད།།
ཁ་འདིར་ལ་ཙི་བླུགས་ནས་ལྕེ་འདི་སྦྲིད་ནས་ཡོད།།

བྲག་ལ་ཨུ་ཁུང་བཏོད་པའི་གྲོགས་ཁྱེད་མཐོང་གིན་ཡོད།།
ས་ལ་སྤར་ཉོབ་བྱེད་པའི་གྲོགས་ཁྱེད་སེམས་ཀྱིན་ཡོད།།
གྲི་ལ་ཁུ་ཚུར་སྣོན་པའི་གྲོགས་ཁྱེད་གླེང་གིན་ཡོད།།
ལག་ལ་དཔའ་སྤོབས་བཏེགས་པའི་གྲོགས་ཁྱེད་འདྲི་གིན་ཡོད།།
༼ཡོང་ཁུངས།ཧི་གཟུགས་ཟིན་བྲིས།༽

བོད་རིགས་སློབ་ཆེན་སློབ་མ་རྩོམ་པ་པོ་ཞིག་གར་སོང་ཆ་མེད་དུ་གྱུར་བ་།

རྩོམ་པ་པོ་ཐེའུ་རང་ལགས།

རྩོམ་པ་པོ་ཐེའུ་རང་ལགས།

སྤྱི་ལོ་༢༠༠༨ལོའི་བོད་ནང་གི་དོན་རྐྱེན་སྐོར་གྱི་དོན་དངོས་བརྗོད་མཁན། ༼ ཁྲག་ཡིག ༽ དཔེ་དེབ་ཀྱི་རྩོམ་པ་པོ་བོད་རིགས་ན་གཞོན་བཀྲ་ཤིས་སམ། སྨྱུག་མིང་ལ་ཐེའུ་རང་ལགས་རྒྱ་གཞུང་གིས་ཆབ་སྲིད་དོགས་གཞིའི་འོག ཉིན་འགའི་སྔོན་ལྐོག་ནས་འཛིན་བཟུང་བྱས་ཏེ་ད་ལྟ་གར་སོང་ཆ་མེད་ཆགས་ཡོད་འདུག
དེ་རིང་བོད་ནང་གི་དྲི་ཚིགས་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཕྱི་ཚེས་ ༢༦ ཉིན་བོད་རིགས་ན་གཞོན་རྩོམ་པ་པོ་རྩོམ་པ་པོ་བཀྲ་ཤིས་སམ། སྨྱུག་མིང་ལ་ཐེའུ་རང་ཞུ་བར་ཆབ་སྲིད་ཀྱི་དོགས་གཞིའི་འོག རྒྱ་གཞུང་འབྲེལ་ཡོད་ཚན་པས་ལྐོག་ནས་འཛིན་བཟུང་བཙན་ཁྲིད་བྱས་ཏེ། ད་ལྟ་གར་སོང་ཆ་མེད་ཆགས་ཡོད་འདུག ཁོང་གི་གྲོགས་པོ་ཚོས་བརྗོད་པ་ལྟར་ན། བཀྲ་ཤིས་ཀྱིས་ཉེ་ལམ་༼ ཁྲག་ཡིག ༽ཅེས་པའི་དེབ་ཅིག་བཏོན་ཡོད་པ་དང་། དེབ་དེའི་ནང་། ཁྲག་དྲི་བྲོ་བའི་དོན་རྐྱེན་དང་དེའི་ལྟག་རྒྱབ་ཀྱི་གསང་བ། ཞེས་པ་དང་། འུ་ཚོས་ཀྱང་རང་རང་ས་ནས་བསྒྲགས་གཏམ་སྤེལ་ཆོག ཞེས་པ། མྱ་ངན་དང་འགྱོད་བཤགས་སོགས་སྔར་ལོའི་བོད་ནང་གི་དོན་རྐྱེན་སྐབས་ཀྱི་དངོས་ཡོད་གནས་ཚུལ་ཁག་ཅིག་ཚོར་ཤུགས་ཆེན་པོས་བཀོད་ཡོད་སྟབས། རྒྱ་གཞུང་གིས་དཔེ་དེབ་དེ་ལ་ཆབ་སྲིད་གནད་དོན་ཆེན་པོ་ཡོད་པའི་དོགས་གཞིའི་འོག ཉེ་ལམ་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་ནས་དེབ་དེ་ཕྱིར་བསྡུ་དང་བཀག་སྡོམ་བྱས་ཡོད་པ་མ་ཟད། འབྲེལ་ཡོད་ཚན་པས་རྩོམ་པ་པོར་ཀློག་ནས་འདྲི་བརྩད་ཡང་ཡང་བྱས་ཤིང་། དུས་རྒྱུན་ཁོང་གི་འགྲོ་འདུག་སྤྱོད་གསུམ་ལ་རྟོག་ཞིབ་བྱས་ཡོད་འདུག བོད་ནང་གི་ཧི་གཟུགས་དྲ་བའི་སྟེང་གི་ཁོང་གི་ཟིན་བྲིས། ཐེའུ་རང་གི་བཙན་ས། ཞེས་པའི་སྟེང་། ཟླ་འདིའི་ཕྱི་ཚེས་ ༡༤ ཉིན་ཁོང་གིས་ ( འདང་རྒྱག་རན་རེད། ) ཞེས་པའི་ཟིན་ཐོ་མཐའ་དེ་སྤེལ་འདུག དེ་ལས་མང་། »

སྣང་སྟོང་།

རེ་རྐང་གླིང་།
རྨི་ལམ་གྱི་དུས་ཚོད་ཧྲིལ་བོ
མུན་ནག་གཤག་པའི་སྟོབས་ཤུགས་སུ་བསྒྱུར་རྗེས
ཨ་མའི་སེམས་ཁ་འདྲ་བའི་འཆར་ཁའི་ཉི་ཟེར་གྱིས
ཁྱོད་ལ་རང་དབང་གི་འཆར་གཞི་ཞིག་ཚུགས་སུ་བཅུག་པས
སྡུག་པའི་མེ་ཏོག་དང་མི་སྡུག་པའི་མེ་ཏོག་གི་ཚོགས་ཀྱིས
ཁེར་རྐྱང་གི་རྣམ་ཤེས་ལ་རླུང་བུའི་གཤོག་པ་བཙུགས་ཏེ
རང་ཉིད་ནི ས་ཆུ་མེ་རླུང་གི་བྲན་དུ་མ་གྱུར་བའི
རླུང་གི་རླུང་དང ནམ་མཁའི་ནམ་མཁའ་ལྟ་བུ་ཞིག་ཏུ་གྲུབ་པ་ནི དེ་ལས་མང་། »

གནམ་བརྡིབས་བྱུང་།

གཟུངས་ཕྱུག་སྐྱིད།

འདར་ལྕིག་ལྕིག་གི་རི་བོ་རྨང་ནས་འགུལ་བྱུང་ལ
སྐྱོ་དུང་དུང་གི་ཆུ་མོ་ཡང་ཤོམ་ཤོམ་ངུས་སོང
ཁུ་སིམ་པའི་ཐང་ཆེན་ཡ ཁྱེད་རང་གཉིད་ཕོད་དམ
གནམ་མཁའ་གློ་བུར་དུ་བརྡིབས་བྱུང་བས་ཡིན་ནམ

ཡོད་ཚད་འགུལ་ལྕོགས་རྒྱག་མི་ནུས་པའི་མུན་པ་འདི
སུ་ཞིག་གི་མིག་ཟུང་ལ་བབས་པའི་ནག་ཉེས་བཞིན
འུར་ཆོམ་མེར་ནགས་ཚུལ་འགྱེལ་སོང་ལ
སྐྱ་ཐིང་ཐིང་གི་རྩྭ་ཕྲན་ཡང་བསྐམས་སོང
མ་གཞི ས་གཞི་ལེབ་མོ་འདི་འགད་རྫས་ཤིག་ཡིན་ནམ

དེ་ལས་མང་། »

རེ་རྦིས་ཡ་ཁ་ཌིར་གྱིས་ཉི་ཧོང་ནང་གཟིགས་སྐོར་གནང་བཞིན་པ།

ལྕམ་རེ་རྦིས་ཡ་ཁ་ཌིར་།

ལྕམ་རེ་རྦིས་ཡ་ཁ་ཌིར་།

འཛམ་གླིང་ཡུ་གུར་མི་རིགས་ཚོགས་པའི་ཚོགས་གཙོ་རེ་རྦིས་ཡ་ཁ་ཌིར་གྱིས་ཉི་ཧོང་ནང་གཟིགས་སྐོར་གནང་བཞིན་པ་དེར་རྒྱ་ནག་ཕྱོགས་ནས་མི་དགའ་བའི་རྣམ་འགྱུར་བསྟན་འདུག
ཚེས་༢༨ཉིན་འཛམ་གླིང་ཡུ་གུར་མི་རིགས་ཚོགས་པའི་ཚོགས་གཙོ་རེ་རྦིས་ཡ་ཁ་ཌིར་ཨ་རི་ནས་གནམ་གྲུ་བརྒྱུད་ཉི་ཧོང་གི་རྒྱལ་ས་ཁྲོ་ཁེ་ཨོ་གནམ་ཐང་དུ་འབྱོར་ཡོད་ལ་།ཁོང་གིས་ཉིན་གསུམ་རིང་ཉི་ཧོང་ནང་གི་གཟིགས་སྐོར་དུས་སུ་ཞིན་ཅང་གི་བདུན་ཐིག་ལྔའི་དོན་རྐྱེན་ཐད་གསུང་བཤད་གནང་རྒྱུ་རེད་།རེ་རྦིས་ཡ་གདན་འདྲེན་ཞུ་མཁན་ཕྱོགས་ནས་བརྗོད་ན་།རེ་རྦིས་ཡ་གདན་འདྲེན་ཞུ་དོན་ནི་གནས་སྟངས་དངོས་རྒྱུས་ལོན་ཆེད་ཡིན་ལ་།མིག་སྔའི་གནས་ཚུལ་ཁག་གི་ཐོག་དྲང་བདེན་མེད་པའི་ཚོར་བ་བྱུང་།གང་ལ་ཞེ་ན།ད་ལྟ་རྒྱ་ནག་ཕྱོགས་ཁོ་ནའི་ཞིན་ཅང་གི་དོན་རྐྱེན་ཐད་བཤད་པ་མ་གཏོགས་།ཡུ་གུར་རང་ཉིད་ཀྱིས་དོན་རྐྱེན་དེར་བསམ་ཚུལ་དང་ཁོ་ཚོའི་གནས་ཚུལ་དངོས་ཇི་འདྲ་ཡིན་པ་ཁྱོན་ནས་ཐོས་ཐུབ་ཀྱི་མེད་ཟེར་ དེ་ལས་མང་། »

ཁོར་ཡུག་སྲུང་སྐྱོབ་ཀྱི་གླུ།

འདིར་རྡེབ་གནོན་གྱིས་ཁོར་ཡུག་སྲུང་སྐྱོབ་ཀྱི་གཞས་ལ་གཟིགས་རོགས་།

གསལ་འགྲེལ་།འདི་ནི་བོད་ནང་གི་དམངས་ཁྲོད་སྒྱུ་རྩལ་པ་སྐོར་ཅིག་གི་སེམས་གཏམ་ཡིན།འདི་ནི་ཉི་འོད་དབེན་པའི་མུན་ནག་ཁྲོད་ཀྱི་སྨྲེ་ངག་ཡིན།འདི་ནི་ཁོང་ཚོའི་བླ་ན་མེད་པའི་བློ་སྤོབས་དང་དཔའ་སྟོབས་ཡིན། ཁོང་ཚོ་ཇི་བཞིན་ལ་རྒྱ་དང་ལྷག་བསམ་གྱིས་ཕྱུག་པའི་བོད་མི་ཁྲི་མ་འབུམ་གྱིས་རང་ས་སྲུང་ཡོད་ཕྱིར་།ང་ཚོ་བོད་གངས་ཅན་པ་རྣམས་ནམ་ཡང་འཆི་མི་སྲིད་།བུ་དཔའ་བོའི་ངོ་སོ་ཡར་ལ་བསྟོད་།
ཁོར་ཡུག་སྲུང་སྐྱོབ་།
གླུ་ཚིག མགོ་ལོག་ཟླ་བྷེ་།
དབྱངས་དང་ལེན་མཁན་། དགེ་ལེགས་།
རྐྱང་འབྲོང་གཉིས་ཀ་སྟོད་ནས་ཚར་ཐལ་།།
ཤྭ་གླ་གཉིས་ཀ་བར་ནས་ཚར་ཐལ་།།
ཉ་སྲམ་གཉིས་ཀ་སྨད་ནས་ཚར་ཐལ་།།
ཁོར་ཡུག་སྲུང་སྐྱོབ་སྟོང་གཏམ་ཨེ་རེད་།།
ཉ་སྲམ་གཉིས་ཀ་སྨད་ནས་ཚར་ཐལ་།།
ཁོར་ཡུག་སྲུང་སྐྱོབ་སྟོང་གཏམ་ཨེ་རེད་།།
དེ་ལས་མང་། »

བོད་རང་དབང་སློབ་ཕྲུག་ཚོགས་པས་དོན་གྲུབ་དབང་ཆེན་གློད་གྲོལ་ཆེད་འབོད་སྐུལ་།

དོན་གྲུབ་དབང་ཆེན་ལགས་།

དོན་གྲུབ་དབང་ཆེན་ལགས་།

འཇིགས་བྲལ་གློག་བརྙན་བཟོ་མཁན་དོན་གྲུབ་དབང་ཆེན་ལགས་ལ་རྒྱ་ནག་གཞུང་གིས་དངོས་སུ་ཁ་བྲལ་གྱི་ཉེས་འཛུགས་བྱས་པར་བརྟེན་བོད་རངདབང་སློབ་ཕྲུག་ཚོགས་པས་ཁོང་གློད་གྲོལ་ཆེད་ལས་འགུལ་སྤེལ་བཞིན་པ་རེད་།
བོད་ཀྱི་དངོས་བྱུང་གློག་བརྙན་བཟོ་མཁན་དོན་གྲུབ་དབང་ཆེན་ལགས་ལ་རྒྱ་ནག་གཞུང་གིས་ཁ་བྲལ་ངན་སྐུལ་གྱི་ནག་ཉེས་འཛུགས་བཞིན་པ་དང་།ཁོང་ད་ལྟ་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་གྱི་ལྟ་སྲུང་ཁང་ནང་བཅུག་ནས་ཁྲིམས་ཆད་གཅོད་ལ་ཉེ་བར་ཡོད་འདུག ཨ་རིའི་ནིག་ཡོག་གྲོང་ཁྱེར་ནང་ཡོད་པའི་བོད་རང་དབང་སློབ་ཕྲུག་ཚོགས་པས་ཁོང་གློད་གྲོལ་ཡོང་ཐབས་ཀྱི་ལས་འགུལ་སྤེལ་ནས་།རྒྱལ་སྤྱིའི་སྟེང་ཁོང་གློད་གྲོལ་ཡོང་བར་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲོད་པའི་འབོད་སྐུལ་ཞུས་བ་མ་ཟད་།རྒྱ་ནག་སྲིད་ཁྲིམས་ལྷན་ཁང་གི་བློན་ཆེན་ཝུའུ་ཨེ་ཡུན་དང་མཉམ་འབྲེལ་རྒྱལ་ཚོགས་ནང་བཅའ་སྡོད་རྒྱ་ནག་གི་སྐུ་ཚབ་ཀྲང་ཡེ་ཟུས་བཅས་སོ་སོར་འཕྲིན་ཡིག་བྲིས་ནས་།མྱུར་དུ་ཆ་རྐྱེན་གང་ཡང་མེད་པར་དོན་གྲུབ་དབང་ཆེན་ལགས་གློད་གྲོལ་གཏོང་བའི་འབོད་སྐུལ་ཞུས་འདུག ཉེ་ཆར་གནས་ཚུལ་ཡོང་ཁུངས་ནས་བརྗོད་ན་།ན་ནིང་གི་སྤྱི་ཟླ་གསུམ་པའི་ཚེས་༢༣ཉིན་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་པའི་དོན་གྲུབ་དབང་ཆེན་ལགས་ད་བར་གར་སོང་ཆ་མེད་གྱུར་ཡོད་ལ་།ཉེ་སྔོན་ཁོང་གི་ནང་མིས་ཁོང་ཟི་ལིངལྟ་སྲུང་ཁང་དུ་བཅུག་ཡོད་པ་དང་།ཁྲིམས་ཆད་གཅོད་ལ་ཉེ་བ་ཤེས་རྟོགས་རྗེས་སུ་ཆེད་དུ་པེ་ཅིན་ནས་ཁྲིམས་རྩོད་པ་ཞིག་གདན་འདྲེན་ཞུས་ཀྱང་།མཚོ་སྔོན་ཁྲིམས་འཛིན་སྡེ་ཚན་ནས་དང་ལེན་བྱས་མེད་པ་དང་།ཁོང་བཙོན་དུ་སྡུག་སྦྱོང་མནར་གཅོད་ཚད་མེད་མྱངས་པས་རྐྱེན་ད་ལྟ་མཆིན་ནད་ཕོག་ཡོད་པ་སོགས་གསར་འགྱུར་བརྒྱུད་ནང་གནས་ཚུལ་ཐོན་ཡོད་། དེ་ལས་མང་། »

ཁྲག་ནང་གི་མི།

ཐེའུ་རང་།
—རང་དབང་གི་ཆེད་དུ་གཤེགས་ཟིན་པའི་མི་མཐའ་དག་ལ།
རྣམ་ཤེས་རྟ་རྒོད་ཀྱི་རྨིག་སྒྲས་སྒུལ་བའི་ཞོགས་ཟིལ་བཞིན་དྭངས་གཙང་དུ་འཐོར
སྨྲ་ལྕེ་དང་ལག་ཟུང་ཀྱང་ལྕགས་ཀྱི་སྡེར་མོས་བར་ནས་ཁད་ཀྱིས་འཇགས
གང་སར་མཆེད་ནས་འོང་བ་མདེའུ་སྐད་ཀྱིས་དེད་པའི་རང་དབང་གི་ངུ་འབོད་ཉིད
དེ་ལས་མང་། »

WordPress Themes