འདིར་གཟིགས་རོགས་གནང་།

བོད་ཀྱི་དབུ་ཁྲིད་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་སྤྱི་ཟླ་དགུ་བའི་ཚེས་༢༨ཉིན་ཁེ་ན་ཌའི་ཝན་ཁོ་ཝུར་གྲོང་ཁྱེར་ནང་རྒྱ་བོད་གླེང་སྟེགས་ལྷན་ཚོགས་ཐོག་གསུང་བཤད་གནང་བ་མ་ཟད་།རྒྱ་རིགས་ཆེད་མཁས་པ་དང་ལྷན་དུ་བགྲོ་གླེང་གནང་ཡོད་།༼ཡོང་ཁུངས་།པོ་ཞོན་དྲ་བ་།༽
བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་ནས་རྒྱ་ནག་དམར་ཤོག་ཚོགས་པས་སྲིད་དབང་བཟུང་ནས་ལོ་དྲུག་ཅུ་བར་དུ་གནས་ཐུབ་པ་དེ་ནི་འགྲོ་བ་མི་རིགས་སྤྱི་ཡོངས་ཀྱི་བསོད་བདེ་མེད་པ་དང་འབད་བརྩོན་ཉུང་དྲགས་པའི་གནས་བབ་ལ་བརྟེན་ནས་བྱུང་བ་རེད་
ཅེས་གསུངས་པ།
༄༅། །འདི་ག་བོད་གཞུང་ཕྱི་དྲིལ་ལས་ཁུངས་ཀྱི་གསར་འགོད་པར་དཔལ་ལྡན་བཀའ་བློན་ཁྲི་པ་རིན་པོ་ཆེ་མཆོག་ནས་གསུང་དོན། རྒྱ་ནག་དམར་ཤོག་ཚོགས་པས་རྒྱ་ནག་གི་སྲིད་དབང་བཟུང་ནས་ལོ་དྲུག་ཅུ་འཁོར་བའི་དུས་སྟོན་དེ་ཕྱི་ལོ་ ༢༠༠༩ ཟླ་ ༡༠ ཚེས་ ༡ ཉིན་གྲ་རྒྱས་པོའི་ཐོག་ནས་བྱེད་ཀྱི་ཡོད་པ་རེད། དེ་དངོས་ཡོད་ཀྱི་གནས་ཚུལ་ཐོག་ནས་བལྟས་པ་ཡིན་ན་འགྲོ་བ་མིའི་རིགས་སྤྱི་ཡོངས་ཀྱི་ཧ་ཅང་བསོད་བདེ་དམན་པའི་གནས་སྟངས་ཤིག་རེད། རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྱབ་ཁོངས་སུ་གཏོགས་པའི་མི་རིགས་ལྔ་བཅུ་ལྔ་དྲུག་ཡོངས་སུ་རྫོགས་པ་ལོ་དྲུག་ཅུའི་རིང་སྤྱི་བསྡུས་དབང་འཛིན་རིང་ལུགས་པའི་སྲིད་དབང་སྒེར་གཅོད་འོག་ལ་འགྲོ་བ་མིའི་ཀུན་སྤྱོད་ཀྱི་ཐོབ་ཐང་དང༌། ཆོས་དད་རང་དབང༌། ་བརྗོད་རང་དབང༌། མིའི་གཞི་རིམ་གྱི་ཐོབ་ཐང་གང་ཡང་མེད་པར་མནར་གཅོད་སྡུག་བསྔལ་ཚད་ལས་འདས་པ་གཅིག་མྱོང་དགོས་རྒྱུའི་དུས་ཚོད་རིང་པོ་ཞིག་ཕྱིན་པ་རེད། ལོ་གྲངས་དྲུག་ཅུ་འདིའི་རིང་ལ་རྒྱ་ནག་མི་མང་སྤྱི་ཡོངས་ཀྱི་ཕྱོགས་ནས་ཕྱིར་ལྟས་ཤིག་སློག་པ་ཡིན་ན་ཐོག་མར་མང་གཙོའི་གསར་བརྗེ། དེའི་རྗེས་རིག་གནས་གསར་བརྗེ་ལ་སོགས་པའི་དཀའ་ངལ་ཚད་ལས་འདས་པ་ཞིག་མི་རིགས་ཡོངས་རྫོགས་ཀྱི་མྱངས་ཡོད།དེའི་རྗེས་ལ་ཡང་ཕྲན་བུའི་བརྟན་ལྷིང་བྱུང་བ་དང་ལྷག་པར་དུ་དཔལ་འབྱོར་གུ་ཡངས་ཀྱི་གནས་ཚུལ་བྱུང་བ་ནས་བཟུང་སྟེ་འཛམ་བུ་གླིང་གི་མི་གཞན་པ་ཚོས་རྒྱ་ནག་ནང་ལ་དཔལ་འབྱོར་གྱི་འཕེལ་རྒྱས་མགྱོགས་ཚད་ཆེན་པོ་ཞིག་ཐོག་ལ་འགྲོ་ཡོད་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། འོན་ཀྱང་དངོས་དོན་དུས་རབས་ཉི་ཤུ་པའི་མཇུག་ལ་དཔལ་འབྱོར་གྱི་ཡར་རྒྱས་འཛམ་བུ་གླིང་ཡོངས་སུ་རྫོགས་པར་ཕྱིན་པ་རེད་མ་གཏོགས་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་གཅིག་པུར་ཕྱིན་པ་ཞིག་རྩ་བ་ནས་མ་རེད། རྒྱ་གར་དང༌། བལ་ཡུལ། འབྲུག་ཡུལ། མཱ་ཡ་མཱ་ལ་སོགས་པའི་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་ཚང་མའི་ནང་དཔལ་འབྱོར་ཡར་རྒྱས་གོ་ལ་གཅིག་གྱུར་གྱི་རིང་ལུགས་འདིའི་འོག་སོང་ཡོད། ཡིན་ནའང་རྒྱ་ནག་ནང་དཔལ་འབྱོར་ཡར་རྒྱས་ཀྱི་མགྱོགས་ཚད་དེ་མཐོ་པོ་ཡོང་རྒྱུ་དེ་ནི་ལས་མིར་ཚད་ལས་འདས་པའི་བཤུ་གཞོག་བཏང༌། གླ་ཆ་ཆུང་ཆུང་དང༌། གླ་ཆ་མེད་པ།དེ་དང་དེ་བཞིན་གྱི་ཕྲུ་གུའི་ལས་མི། བཙོན་པ་ལས་མི་ལ་སོགས་པའི་དབང་གིས་སྤྱི་བསྡུས་དབང་འཛིན་གྱི་བཙན་དབང་འོག་ནས་དཔལ་འབྱོར་གྱི་མཐུན་རྐྱེན་གཞན་ལས་ལྷག་པ་ལྟ་བུ་གཅིག་བྱུང་ཡོད་པ་རེད། དེ་ལས་མང་། »
༄༅། །དེ་རིང་ནི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཅེས་པ་འགོ་བཙུགས་ནས་མི་ལོ་ཧྲིལ་པོ་ ༦༠ འཁོར་བའི་དུས་དྲན་ཡིན་ཞིང༌། མི་ལོ་དྲུག་ཅུ་མ་ཟིན་ཙམ་གྱི་རིང་རང་དབང་དང༌། ཞི་བདེ་ལ་དགའ་བའི་བོད་ཀྱི་རྒྱལ་ཁབ་འདི་བཞིན་རྒྱ་དམར་གྱིས་ཡ་ང་སྙིང་རྗེ་མེད་ལ་སྲིད་དབང་སྒེར་སྡོམ་གྱིས་དབང་བསྒྱུར་འོག ཕྱི་སྣོད་ཀྱི་འཇིག་རྟེན་དང༌། ནང་བཅུད་ཀྱི་སེམས་ཅན། དེའི་ཆོས་དང་རིག་གཞུང༌། སྐད་ཡིག་བཅས་ལ་ཁྱོན་ཡོངས་ནས་གཏོར་བཤིག་ཚབས་ཆེན་ཐེབས་ཏེ་རྩ་སྟོངས་སུ་འགྲོ་ཉེའི་དུས་ཚོད་གཉན་འཕྲང་ཅན་ཞིག་ཏུ་སླེབས་ཡོད་ཀྱང༌། རྒྱ་ནག་གཞུང་ནས་དུས་དྲན་འདི་དང་སྟབས་བསྟུན་པེ་ཅིང་དུ་བོད་ལ་ཡར་རྒྱས་ཆེན་པོའི་གྲུབ་འབྲས་ཐོན་ལུགས་ཀྱི་འགྲེམས་སྟོན་ཆེད་དུ་བཙུགས་པ་མ་ཟད། བོད་ཆོལ་ཁ་གསུམ་གྱི་ས་ཁྱོན་ཡོངས་སུ་ལེགས་བྱས་ཀྱི་ངོམ་སོ་ཁོ་ན་སྟོན་པའི་དུས་དྲན་སྲུང་བརྩི་བྱེད་བཞིན་པ་དང༌། བོད་མིས་གཙོས་གྲངས་ཉུང་མི་རིགས་རྣམས་ཀྱི་འགྲོ་འདུག་ལ་དམ་བསྒྲགས་ཆེ་རུ་བཏང་སྟེ་ད་བར་གྱི་ནོར་འཁྲུལ་དང་གྱོང་གུན་ཡོངས་རྫོགས་རྣམས་སྦས་གསང་བྱེད་བཞིན་ཡོད་པས་དོན་དངོས་དང་མི་མཐུན་པའི་བྱ་སྤྱོད་འདི་རིགས་ཀྱིས་གཞིས་བྱེས་བོད་མི་ཡོངས་ཀྱི་འདོད་བློ་ཁེངས་པ་ཞིག་དང་བོད་དོན་བདེན་མཐའ་གསལ་ཐབས་ཀྱི་དོན་འབྲས་ཤིག་རྩ་བ་ནས་སོན་གྱི་མེད་པ་དང༌། དེ་ལས་མང་། »

བོང་སྟག་གི་གནས་རི་བྲག་དཀར་ཐེམ་ཆེན།
[caption id="attachment_1786" align="alignleft" width="300" caption="གཏེར་རྫས་གསར་བ།རང་འབར་འཁྱགས་རོམ།"]

[/caption]

རྒྱ་ནག་གི་གཏེར་ཁ་འཚོལ་ཞིབ་ས་ཚིགས་ནས་མུ་རི་ཞང་དུ་གཏེར་རྫས་གསར་བ་དེར་རྩད་ཞིབ་བྱེད་པ།
བོད་མདོ་སྨད་ཐེམ་ཆེན་རྫོང་དུ་འབོད་པའི་བོང་སྟག་གི་མུ་རི་ཞང་དུ་ཉེ་སྔོན་རྒྱ་ནག་གཞུང་གིས་གཏེར་ཁ་གསར་བ་ཞིག་རྙེད་ཡོད་པ་དེ་ནི།ཐད་ཀར་མེ་འབར་ཐུབ་པའི་རང་བྱུང་སོལ་རླངས་ཆུ་དང་འདྲེས་པའི་དངོས་རྫས་ཤིག་ཡིན་ཞིང་།དེ་ལ་༼རང་འབར་འཁྱགས་རོམ་༽ཞེས་བརྗོད་སྲོལ་ཡོད་ལ།ཧང་ཁང་མེན་པོ་ཚགས་པར་ཐོག་གནས་ཚུལ་ཐོན་པ་ལྟར་ན་།རྒྱ་ནག་གིས་དེ་ནི་མདོ་དབུས་མཐོ་སྒང་གི་མདོ་ལ་རི་རྒྱུད་ཀྱི་ཐེམ་ཆེན་ ༼བོང་སྟག༽ ས་ཁུལ་དུ་ཐེངས་དང་པོར་གཏེར་རྫས་དེ་རྙེད་སོན་བྱུང་བ་དང་།ཐོག་མའི་ཚོད་དཔག་བྱས་བ་ལྟར་ན་།གཏེར་རྫས་དེའི་གསོག་ཚད་ལ་ཌོན་དུང་ཕྱུར་༣༥༠ཡོད་པས་།རྒྱ་ནག་གིས་ལོ་བརྒྱ་ལ་བེད་སྤྱོད་བྱེད་རྒྱུར་འདང་ངེས་ཡོད་ཚུལ་རྒྱ་ནག་གི་རྒྱལ་ཁབ་ནུས་པའི་ཐོན་ཁུངས་ཀྱི་དཔོན་རིགས་ཤིག་ནས་སྤྱི་ཟླ་དགུ་བའི་ཚེས་༢༥བརྗོད་ཡོད་པ་དང་། གཏེར་རྫས་དེ་ནི་རང་བྱུང་སོལ་རླངས་ཆུ་དང་འདྲེས་པའི་དངོས་རྫས་ཤིག་ཡིན་ལ་ཁ་དོག་དཀར་པོ་འཁྱགས་རོམ་ལྟ་བུ་དང་།ཐད་ཀར་མེ་ཞུན་གྱིས་མེ་སྒྲོན་ན་འབར་ཐུབ་པས་མིང་ལ༼རང་འབར་འཁྱགས་རོམ།༽ཞེས་ཀྱང་བརྗོད་འདུག
གཏེར་རྫས་དེ་ནི་རྡོ་སྣུམ་གྱི་ཚབ་བྱེད་ཐུབ་པའི་ནུས་བའི་ཐོན་ཁུངས་གསར་བ་ཞིག་ཡིན་པས་།གལ་ཏེ་དངོས་སུ་བེད་སྤྱོད་བྱས་བ་ཡིན་ན་ད་ལྟའི་ཐོན་ཁུངས་ཉམས་ཉེན་གྱི་གནས་སྟངས་ཇེ་དལ་དུ་གཏོང་ཐུབ་པས་མ་འོངས་པའི་ལོ་༡༠ནས་༡༥་ནང་ཚོང་ལས་རང་བཞིན་གྱི་གསར་གཏོད་སྔོག་འདོན་བྱེད་པའི་རེ་བ་ཡོད་ཚུལ་གོང་བརྗོད་རྒྱ་ནག་དཔོན་རིགས་ཀྱིས་བརྗོད་པ་ཧང་ཁང་མེན་པོ་ཚགས་པར་གྱིས་ལུང་འདྲེན་བྱས་ཡོད་། དེ་ལས་མང་། »
ཨ་མེ་ཆ།
སྲིད་ གཞུང་ གིས་ ད་ ནངས་ སྔ་ དྲོ།
རེམས་ མ་ ཟོག་ ཐོ་ ཚོ་ བཙོང་ རོགས་ ཟེར་ གིན་ འདུག
དེ་ རིང་ ནས་ ངས་ ཟོག་ བཙོང་ གིན་ ཡོད།
ངས་ རྟ་ ནོར་ ལུག་ གསུམ་ ཁྱུ་ དང་ ཁྱུ་ བྱས་ ཏེ་ བཙོང་ གིན་ ཡོད།
ང་ སྲིད་ བཞུང་ གིས་ རྟ་ གཅིག་ ཚོང་ དང་ །
དམངས་ སྒོར་ སུམ་ བརྒྱའི་ བྱ་ དགའ་ སྟེར་ ཟེར་ གི།
རྐང་ གི་ ལྷམ་ ཀོག་ ཟད་ ནས་ རྐང་ རྗེན་ དུ་ འགྲོ་ དགོས་ ཐུག་ ཀྱང་ །
ངས་ ཁལ་ རྟ་ གཅིག་ ཀྱང་ མ་ ལུས་ པར་ བཙོང་ གི་ ཡིན།
ང་ སྲིད་ གཞུང་ གིས་ ནོར་ གཅིག་ ཚོང་ དང་ །
དམངས་ སྒོར་ ཉིས་ བརྒྱ་ ལྔ་ བཅུའི་ བྱ་ དགའ་ སྟེར་ ཟེར་ གི།
ཁྱིམ་ གྱི་ འོ་ ཞོའི་ འཚོ་ བཅུད་ རྫོགས་ ཏེ་ བཏུང་ ཇ་ ནག་ ཁུ་ ཞིག་ ལས་ མེད་ ཀྱང་ །
ངས་ གཡག་ རྒན་ ཚེ་ ཐར་ ཚོའང་ མ་ བསྐྱུར་ མ་ ལུས་ བཙོང་ གི་ ཡིན།
དེ་ལས་མང་། »
སྤྱི་ཟླ་༩པའི་ཚེས་༢༧ཉིན་རྒྱ་ནག་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གསར་འགྱུར་སྡེ་ཚན་གྱིས་།༼རྒྱ་ནག་གི་མི་རིགས་སྲིད་ཇུས་དང་རིགས་སོ་སོའི་མི་རིགས་ཐུན་མོང་གོང་འཕེལ་གཏོང་བ་༽ཞེས་པའི་རྒྱབ་ཤོག་དཀར་པོའི་དེབ་ཟེར་བའི་འགྲེམ་སྤེལ་བྱས་ཏེ་།རྒྱ་ནག་གཞུང་གིས་མི་རིགས་མཐུན་སྒྲིལ་ལ་ཤུགས་རྐྱེན་ཐེབས་པའི་འགལ་ཟླ་དང་གནད་དོན་ཇི་ལྟར་ཐག་གཅོད་བྱེད་ཕྱོགས་ཐད་ཞིབ་ཏུ་བརྗོད་ཡོད་པ་རེད་།
འདི་ནི་བདུན་ཕྲག་གཅིག་ནང་རྒྱ་ནག་གཞུང་ཕྱོགས་ནས་འབྲེལ་ཡོད་མི་རིགས་སྲིད་ཇུས་དང་མི་རིགས་ས་ཁུལ་གོང་འཕེལ་གཏོང་ཕྱོགས་ཐད་རྒྱབ་ཤོག་དཀར་པོའི་དེབ་ཟེར་བ་འགྲེལ་སྤེལ་བྱས་བ་ཐེངས་གཉིས་བ་དེ་རེད་ལ། ཡང་དེབ་འདིའི་ནང་རྒྱ་ནག་གི་མི་རིགས་སྲིད་ཇུས་ལག་ལེན་བྱས་པའི་ལོ་དྲུག་ཅུའི་རིང་གི་གྲུབ་འབྲས་དཔེ་མཚོན་དུ་དྲངས་ནས་ཞིབ་བརྗོད་དང་། རྒྱ་ནག་གིས་ཁྲིམས་ལུགས་དང་དཔལ་འབྱོར་སོགས་ཀྱི་ཐབས་ཤེས་སྤྱད་ནས་ལོ་རྒྱུས་ལས་ལྷག་པའི་མི་རིགས་བར་གྱི་མཐོང་ཆུང་དང་འཁོན་སེམས་མེད་པར་བཟོས་ཏེ་།རིགས་སོ་སོའི་མི་རིགས་མཐུན་སྒྲིལ་ཡར་རྒྱས་གཏོང་རྒྱུ་མ་ཟད་། མི་རིགས་གང་རུང་ལ་མཐོང་ཆུང་དང་གཉའ་གནོན་བྱེད་པ་བཀག་འགོག་དང་དེ་བཞིན་མི་རིགས་མཐུན་སྒྲིལ་དང་གཏོར་བརླག། མི་རིགས་ཁ་བྲལ་གྱི་བྱ་སྤྱོད་བཀག་འགོག་བྱེད་རྒྱུ་དང་། རྒྱ་ནག་གཞུང་གིས་རྣམ་པ་གང་རུང་ཐོག་མི་རིགས་གཉའ་གནོན་དང་མཐོང་ཆུང་བྱེད་པར་ངོ་རྒོལ་མཐའ་གཅིག་ཏུ་ཡོད་པ་བཞིན་། རྣམ་པ་གང་རུང་ཐོག་མི་རིགས་བར་འཁོན་འཛིན་སློང་བ་དང་ངན་སྐུལ་བྱེད་པའི་མི་རིགས་འདྲ་མཉམ་གྱི་མཐུན་སྒྲིལ་ལ་བར་ཆད་གཏོང་མཁན་གྱི་སྨྲ་བརྗོད་དང་བྱ་སྤྱོད་ཚང་མ་ཁྲིམས་འགལ་དུ་བརྩི་རྒྱུ་ཡིན་ཚུལ་དང་། དེ་ལས་མང་། »
ཐེའུ་རང་།
——-ཉེ་དུས་ཀྱི་ཚིགས་བཅད་རྩོམ་ཡིག་ཐོག་མ།
གངས་ཀྱི་རི་ཞིག་བསམས་ནས་རྐང་པ་འཁྱག་ལ་བསྡམས། །
འཁོར་བའི་སྦྲ་ཞིག་འདོད་ནས་སྐྲ་ལོ་བཙག་གིས་བཏོགས། །
བདེ་བའི་འབངས་ཤིག་རེ་ནས་སེམས་པ་སྡུག་ལ་བསྟིམས། །
མདོར་ན་དོན་ཞིག་བསམས་ནས་མིག་ཟུང་མུན་པར་བསྲེས། །
འཁྱག་པ་རླུང་ལ་མ་འཐད་རུས་པའི་དར་ཆ་སྒུལ། །
ཚ་བ་མེའང་མ་གཟོད་སྤོབས་པའི་མེ་རི་འཁྲིགས། །
གོར་མ་རྡོ་ལ་མ་དོགས་ཁྲག་གི་བཞུར་རྒྱུན་འཕྱུར། །
དམར་ཆུང་སྲོག་གི་གཟུངས་ཤིང་ཁྲིམས་ཀྱི་གཉའ་བར་གཏད། །
དེ་ལས་མང་། »


སྤྱི་ཟླ་དགུ་བའི་ཚེས་༢༥ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༡༡ ཐོག་བོད་གཞུང་ཕྱི་དྲིལ་ལས་ཁུངས་ཀྱི་གོ་སྒྲིག་འོག ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་ནང་། སྔར་ལོ་བོད་ནས་གསར་དུ་འབྱོར་བའི་གྲྭ་རིན་ཆེན་བཟང་པོ་ལགས་ཀྱིས་བོད་ནང་གི་བོད་མི་ཚོར་སྤྱི་ཚོགས་གསར་རྙིང་དང་། ད་ལྟའི་གནས་སྟངས། མ་འོངས་པའི་རེ་འདུན་བཅས་ཀྱི་སྐོར་ལ་བཅར་འདྲི་ཞུས་ཏེ། ༼ དངོས་མྱོང་བདེན་པ་ར་སྤྲོད་ ༽ ཅེས་པའི་ཆུ་ཚོད་གཅིག་དང་ཕྱེད་ཙམ་ཡོད་པའི་གློག་བརྙན་ཞིག་བཟོས་ཡོད་པའི་སྐོར་ལ་གསར་འགོད་གསལ་བསྒྲགས་ཤིག་བསྐྱངས་ཡོད་ལ། དེ་དང་མཉམ་དུ་བཅར་འདྲི་ཞུ་ཡུལ་དག་གི་སྐད་ཆ་ཡིག་ཐོག་ཏུ་ཕབ་པའི་ཡིག་ཆ་དང་། དངོས་མྱོང་བདེན་པ་ར་སྤྲོད་ཀྱི་འོད་སྡེར་ཅེས་འགྲེམས་སྤེལ་བྱས་ཡོད།
སྐབས་དེར་ཕྱི་དྲིལ་དྲུང་ཆེ་ཐུབ་བསྟན་བསམ་འཕེལ་ལགས་ཀྱིས་ངོ་སྤྲོད་གནང་དོན། དེ་རིང་འདིར་རྣམ་པ་ཚོར་གསར་འགོད་གསལ་བསྒྲགས་ཞུ་རྒྱུ་དེ་ནི། གྲྭ་རིན་ཆེན་བཟང་པོ་ལགས་ཀྱིས་རང་སྲོག་བློས་བཏང་སྟེ། སྔར་ལོ་ ༢༠༠༨ ལོར་མགོ་ལོག་ས་ཁུལ་གྱི་བོད་པ་མི་རེ་ངོ་རེ་ལ། སྔར་རྒྱ་མི་མ་ཡོང་གོང་གི་གནས་སྟངས་དང་། ད་ལྟའི་གནས་བབ་བཅས་ཀྱི་ཐད་བཅར་འདྲི་ཞུས་ཡོད་ལ། བཅར་འདྲི་དང་ལེན་གནང་མཁན་ཚོའི་ངོས་ནས་ཀྱང་། རྒྱ་གཞུང་ལ་འཇིགས་སྐྲག་མེད་པར་རང་སྲོག་བློས་གཏོང་གིས་ཁ་རུ་ཁ་ཐུག་ལ་བཀའ་མོལ་གནང་བ་དེ་དག་བརྙན་འཁོར་ནང་ཕབ་ཡོད་པ་དེ་ཐེངས་འདིར་གཟིགས་འབུལ་ཞུ་རྒྱུ་ཡིན།
རིན་ཆེན་བཟང་པོ་ལགས་ལ་ཐོག་མར་དགོངས་དག་ཞུ་རྒྱུ་ཞིག་ལ། ཁོང་རང་གི་ངོས་ནས་སྐུ་ངལ་ཞེ་དྲག་སྐྱོན་ཡོད་པ་རེད་མོད། ང་ཚོ་ཕྱི་དྲིལ་ལས་ཁུངས་ཀྱི་ངོས་ནས་གློག་བརྙན་འདི་སྒྲིག་སྦྱོར་བྱ་མ་ཐུབ་པར་དུས་ཚོད་རྒྱུན་རིང་འགོར་སོང་བར་དགོངས་དག་ཞུ་རྒྱུ་ཡིན། ད་ཆར་ང་ཚོས་གང་ཡོང་ཅི་ཐུབ་ཀྱིས་ཕྱོགས་སྒྲིག་ཡོངས་སུ་འགྲུབ་སྟེ། གློག་བརྙན་འདིའི་ནང་བོད་ནང་གི་བོད་མི་ཚོས་སོ་སོའི་མི་ཚེའི་མཐོང་ཐོས་དང་ཉམས་མྱོང་སྐོར་བཤད་པའི་སྐད་ཆ་དབྱིན་ཡིག་ནང་བསྒྱུར་ཡོད། ཅེས་ངོ་སྤྲོད་གནང་རྗེས་གློག་བརྙན་གཟིགས་འབུལ་ཞུས་སོང་། དེ་ལས་མང་། »

གཞས་མ་གྲགས་ཅན་Madonna
ཨ་རིའི་གཞས་མ་གྲགས་ཅན་མེ་རྡང་ནའི་Madonnaགླུ་གཞས་བརྙན་པར་ནང་རྒྱ་ནག་གུང་ཁྲན་གཞུང་གིས་བོད་ལ་དྲག་གནོན་བྱེད་པ་དེ་ཧེ་ཌི་ལི་ནང་བཞིན་ཡིན་པ་ཟུར་ཟ་བྱས་འདུག
ཨ་མེ་རི་ཀའི་གཞས་མ་གྲགས་ཅན་མེ་རྡང་ན་Madonnaཡིས་འཛམ་གླིང་ནང་སྐོར་བསྐྱོད་འཁྲབ་སྟོན་སྐབས་ཀྱི་གླུ་གཞས་བརྙན་པར་གྱི་དུམ་བུ་ཞིག་ཧང་ཁང་ནང་ཁྱབ་བཞིན་པའི་༼གླེང་རྟགས་ཚ་བོ་༽ཞེས་བ་དེའི་ནང་ཁོང་གིས་རྒྱ་ནག་གུང་ཁྲན་གཞུང་གིས་བོད་ལ་དྲག་གནོན་བྱས་བ་དེ་ཧེ་ཌི་ལི་ནས་ཇོའུ་མི་རིགས་དམར་གསོད་བཏང་བ་ནང་བཞིན་ཡིན་པ་དཔེ་མཚོན་དྲངས་འདུག་ཅེས་ཚེས་༢༤ཉིན་གནས་ཚུལ་སྤེལ་འདུག དེ་བཞིན་མེ་རྡང་ན་ཡི་གླུ་གཞས་བརྙན་པར་དེ་ཁག་གཉིས་སུ་བགོས་པའི་ནང་ཁག་དང་པོའི་བརྗོད་གཞིའི་པར་རིས་༼ངན་པ་༽ཞེས་དཔེ་མཚོན་དུ་བཀོད་ནས་།དཔེར་ན་རང་བྱུང་གོང་ཆགས་དང་སྐྱབས་བཅོལ་བ་། སྲོགས་ཆགས་དམར་གསོད་གཏོང་བ་སོགས་ཡིན་ཞིང་། ཡང་དེའི་བར་ནས་ཧེ་ཌི་ལི་ཡི་པར་བསྟན་ཏེ་ན་ཛེ་ཡིས་ཇིའུ་མི་རིགས་རྡེབ་གསོད་ཀྱི་པར་རིས་དང་༼གླེན་རྟགས་ཚ་བོ་༽ཞེས་རྒྱ་ཡིག་ནང་བྲིས་བའི་སྦྱར་ཡིག་རྒྱ་ནག་གི་སྐར་ལྔའི་དར་དམར་དང་།རྒྱ་ནག་གི་སྲིད་བློན་ཝིན་ཅ་པོ་།དེ་བཞིན་བོད་མིའི་ངོ་རྒོལ་བྱེད་མཁན་ཚོར་རྒྱ་ནག་གཞུང་གིས་དྲག་གནོན་བྱེད་པ་བཅས་ཀྱི་པར་རིས་དུམ་བུ་ཐོན་ཡོད་ལ་། དེ་ལས་མང་། »