ཟི་ལིང་དང་འདྲེས་ཚུལ།

  • སྒྲེན་པོ

    ཟི་ལིང་ནི་ཙོང་ཆུའི་འབག་བཙོག་གི་ངོ་བོར་འཚང་བའི་ཤོག་ཧྲལ་ཞིག་རེད
    ཤོག་བུ་དེ་ཡང་ཕྱི་ནང་གཉིས་ཀྱིས་གྲུབ་ཡོད་ལ
    ཤོག་བུ་དེའི་ངོ་ཕྱེད་བོད་ཡིག་དང་ཕྱེད་ཀ་རྒྱ་ཡིག་རེད
    སྤྱོད་སྒོ་ཆེ་དྲགས་པས་མིན་ན
    ཀ་ནས་ཨའི་དབར་གྱི་གསལ་བཤད་སུམ་ཅུ་བོ
    བོད་མིའི་ཁྲོམ་གྱི་འུར་ཆོམ་དང་འགྲོགས་ནས་ཙོང་ཆུའི་སྙིགས་རོར་འཐིམས་ཀྱིན་འདུག

    ཟི་ལིང་ནི་ཙོང་ཁའི་སྐྱེས་རི་དང་ལྡོག་བགྲོད་བྱེད་ཀྱིན་པའི་མེ་འཁོར་ཞིག་རེད
    མེ་འཁོར་དེ་ཡང་མགོ་སྔ་གཉིས་ཀྱིས་གྲུབ་ཡོད་ལ
    མེ་འཁོར་དེའི་མགོ་བོ་གངས་དང་རྔ་མ་རྒྱ་མཚོ་རེད
    འཕེལ་རྒྱས་ཆེ་དྲགས་པས་མིན་ན
    ཙོང་ཁའི་སྐྱེས་རི་ནས་ཙོང་ཁའི་མཁར་ཤུལ་དབར་གྱི་ས་མིང་དག
    འགྲོས་མྱུར་བའི་མེ་འཁོར་གྱི་གོམ་སྟབས་དང་འགྲོགས་ནས
    ཟི་ལིང་གི་ས་ཁྲའི་སྟེང་ན་མག་མོག་ཏུ་འགྲོ་གིན་འདུག
    དེ་ལས་མང་། »

  • རྟ་མཆོག

  • ཧོར་གཙང་འཇིགས་མེད།

    བདག་སྙིང་མཐའ་དབུས་བྲལ་བའི་སྤང་ཐང་གི་ལྗོངས་ན།།
    རིག་པའི་འཇག་རྩྭ་ཟོས་པ་འདོ་རིགས་ཀྱི་རྟ་མཆོག།
    སྲབ་ཐུར་རྒྱ་ལས་ཐར་བའི་འཚེར་སྐད་ཅིག་སྒྲོག་སྟེ།།
    སྟོད་ཀྱི་གངས་དཀར་འཁྲིགས་པའི་རི་སུལ་དུ་ཆས་འགྲོ།།

    གདོད་མའི་མུན་ཁང་ཕུག་གི་སྲན་ཕུང་ལ་མི་ཆགས།།
    རྟ་རྫི་རྒན་པོ་ཁྲོས་པའི་ལྕག་ཚན་ལ་མི་སྐྲག།
    རྨིགས་བཞིས་འབུ་སྲིན་བསད་པའི་སྡིག་པ་ལ་མི་འཛེམས།།
    སྔ་ཕྱི་གང་ཡང་མི་སེམས་ད་ལྟ་ཡི་འཆར་སྒོ།།

    བདག་གི་འཕོང་ན་མཆིས་པ་རྟ་ལྕག་གི་རྨ་ཁ།།
    བདག་གི་སེམས་ན་མཆིས་པ་ལོ་རྒྱུས་ཀྱི་རྨ་ཁ།།
    བདག་གི་ངག་ཏུ་གྱེས་པ་ན་ཟུག་གི་འཚེར་སྐད།།
    བདག་གི་མིག་ཏུ་འབབ་པ་ཕངས་སེམས་ཀྱི་མཆི་མ།།
    དེ་ལས་མང་། »

  • ཉེ་སྔོན་སྡེ་དགེ་འཇོ་མདའ་ནས་འཛིན་བཟུང་བྱས་པའི་བོད་མི་རྣམས་ཀྱི་མིང་ཤེས་རྟོགས་བྱུང་བ།

  • སྨོན་ལམ་མཐར་ཕྱིན།

    ༄༅། །འདི་གར་འབྲེལ་ཡོད་བརྒྱུད་ཁུངས་ལྡན་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། སྡེ་དགེ་འཇོ་མདའ་རྫོང༌། མཁར་སྒང་ཤང༌། ལྷོ་བོ་སྟོད་མའི་གྲོང་སྡེ་ཁག་བཞིས་ ༢༠༠༨ ལོར་བསད་རྨས་བཟུང་གསུམ་བྱས་བའི་བོད་རིགས་སྤུན་ཟླ་རྣམས་ལ་མྱ་ངན་མཚོན་ཆེད་འདི་ལོ་གསུམ་བཅུའི་དུས་དྲན་ཉིན་ནས་བཟུང་ཉིན་གསུམ་རིང་ནོར་ལུག་རྣམས་ལ་ཞིང་ཁའི་ལོ་ཏོག་བཟའ་རུ་བཅུག་ཅིང༌། མཐའ་ན་སྔོ་ཚལ་རིགས་ཀྱང་རྩ་མེད་བྱས་ཡོད་པ་དང༌། དེའི་རྗེས་ཉེ་འཁོར་གྱི་གྲོང་སྡེ་རྣམས་ཀྱིས་ཀྱང་དེ་བཞིན་བྱས་ཡོད་འདུག ཉེ་ཆར་གྲོང་སྡེ་ཁག་བཞི་ལ་རྒྱ་གཞུང་གིས་སྣུམ་འཁོར་སྤྲད་པ་མ་བླངས་པ་དང༌། ན་གཞོན་ཁག་ཅིག་གིས་མི་འདོད་པའི་རྣམ་འགྱུར་འདྲ་མིན་ཡང་བསྟན་ཡོད་འདུག
    འདི་ཟླའི་ནང་རྒྱ་དམག་དང་ཉེན་རྟོག་པ་མང་པོ་ཡོང་ནས་བོད་མི་ན་གཞོན་བརྒྱད་འཛིན་བཟུང་བྱས་སྐོར་ཁ་སྔོན་གྱི་གསར་འགྱུར་ནང་གནས་ཚུལ་ཐོན་ཡོད་པ་ལྟར་ཁོང་རྣམས་ནི་གཤམ་གསལ་ལྟར་ཡིན་།
    ༡༽ རི་མགོ་དགོན་པའི་གྲྭ་ལུང་དམར་ཚང་གི་བུ་བླ་མ་དཔལ་ཆེན་དབང་རྒྱལ། ལོ་ ༢༥
    ༢༽ བླ་མ་དཔལ་ཆེན་གྱི་སྤུན་མཆེད་སྐལ་བཟང་རྒྱལ་མཚན། ལོ་ ༡༩
    ༣༽ བཀྲ་ཤིས་ཚང་གི་བུ་ཆོས་དགའ། ལོ་ ༣༡
    ༤༽ མེ་རག་ཚང་གི་བུ་བསྟན་པ་རྣམ་རྒྱལ། ལོ་ ༢༥
    ༥༽ བསྟན་པ་རྣམ་རྒྱལ་གྱི་སྤུན་མཆེད་ཐུབ་བསྟན་རྣམ་རྒྱལ། ལོ་ ༢༠
    ༦༽ རི་མགོ་དགོན་པའི་གྲྭ་ཆོས་མགོན་ཚང་གི་བུ་ཨོ་རྒྱན་བསོད་ནམས། ལོ་ ༡༧
    ༧༽ དགེ་རྒྱ་ཚང་གི་མག་པ་དཔལ་འབྱོར། ལོ་ ༢༦
    ༨༽ དགེ་རྒྱ་ཚང་གི་བུ་ཐུབབསྟན། ལོ་ ༢༡ དེ་ལས་མང་། »

  • བོད་ཀྱི་རང་བཙན་སྐོར་གྱི་བགྲོ་གླེང་ཚོགས་འདུ་ཞིག་རྒྱ་གར་སིམ་ལར་འཚོགས་འདུག

    ཚེས་༢༩ཉིན་ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་རྒྱ་ཡིག་རྒྱ་ངོས་སུ་གནས་ཚུལ་སྤེལ་བ་ལྟར་ན།རྒྱ་གར་གྱི་བཙན་བྱོལ་སྤྱི་ཚོགས་ཁྲོད་བོད་ཀྱི་ན་གཞོན་ཤེས་ལྡན་མི་སྣ་ཁག་གིས་བཀོད་སྒྲིག་བྱས་པའི་བོད་ཀྱི་རང་བཙན་སྐོར་གྱི་བགྲོ་གླེང་ཚོགས་འདུ་ཞིག་སྤྱི་ཟླ་བཅུ་བའི་ཚེས་༢༨་ནས་༢༩ཉིན་གཉིས་རིང་རྒྱ་གར་གྱི་སིམ་ལ་གྲོང་ཁྱེར་ནང་བཀོད་སྒྲིག་གནང་ཡོད་ལ་།ཚོགས་འདུ་དེའི་ཐོག་༧སྐྱབས་རྗེ་ཤིང་བཟའ་རིན་པོ་ཆེ་དང་།བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་གཙོ་མཆི་མེད་གཡུང་དྲུང་།བོད་ཀྱི་དགུ་བཅུ་གསུམ་ཆབ་སྲིད་བཙོན་ཟུར་ལས་འགུལ་ཚོགས་པའི་དྲུང་ཆེ་ཕུན་ཚོགས་དབང་ཕྱུགབོད་ཀྱི་གཞོན་ནུ་ཚོགས་པའི་དྲུང་ཆེ་དོན་གྲུབ་ལྷ་དར་།བོད་མི་མང་སྤྱི་འཐུས་དང་བོད་ཀྱི་བང་ཆེན་གསར་ཤོག་གི་སྤྱི་ཁྱབ་རྩོམ་སྒྲིག་པ་གསེར་རྟ་ཚུལ་ཁྲིམས་།བོད་ཀྱི་གནད་དོན་ཉམས་ཞིབ་པ་ཀླུ་མཁར་བྱམས་།འཕགས་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཞོན་སོགས་ཞུགས་ཏེ་༼བོད་རང་བཙན་དང་དེང་རབས་བོད་མིའི་འགན་འཁྲི།༽དང་༼རང་བཙན་མ་ཡིན་པའི་མི་རིགས་ཀྱི་དཀའ་རྙོག༽་༼བོད་ཀྱི་རང་བཙན་འཐབ་རྩོད་ཀྱི་རྒྱུན་གནས་རང་བཞིན་།༽་༼ཇི་ལྟར་བྱས་ནས་བོད་རང་བཙན་བརྩོད་ལེན་བྱེད་དགོས་༽ཞེས་པ་སོགས་ཀྱི་བརྗོད་གཞིའི་ཐོག་གོང་བརྗོད་སྐུ་མགྲོན་རྣམ་པས་གསུང་བཤད་དང་དེ་བཞིན་ཚོགས་ཞུགས་མི་སྣ་དང་ལྷན་དུ་ཚང་མས་བགྲོ་གླེང་ལྷུག་པོ་གནང་ཡོད་འདུག དེ་ལས་མང་། »

    བཙན་བྱོལ་བོད་གཞུང་གིས་རྒྱ་ནག་གི་འཁྱོག་བཤད་ལ་དགག་ལན།

  • རྒྱ་ནག་གཞུང་གིས་ྋགོང་ས་སྐྱབས་མགོན་ཏྭ་ལའི་བླ་མ་མཆོག་བོད་མིའི་ངོ་ཚབ་མཚོན་མི་ཐུབ་ཅེས་འཁྱོག་བཤད་ཀྱི་དྲིལ་བསྒྲགས་སྤེལ་བར་བཙན་བྱོལ་བོད་གཞུང་གིས་དགག་ལན།

    ༢༠༠༩ ཕྱི་ཟླ་ ༡༠ ཚེས་ ༢༩ རེས་གཟའ་ཕུར་བུ།

    ༄༅།།རྒྱལ་སྤྱིའི་ཁྱོན་ཡོངས་སུ་གུས་བརྩི་དང་སྙན་པར་གྲགས་པའི་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མཚན་སྙན་ལ་གནོད་སྐྱོན་གཏོང་ཐབས་སུ།རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ཁག་ནས་”ཏྭ་ལའི་བླ་མས་བོད་མི་མང་གི་ངོ་ཚབ་མཚོན་མི་ཐུབ་”པའི་བསྙོན་འཛུགས་བྱས་ཡོད།ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནི་བོད་མིའི་ཆོས་སྲིད་གཉིས་ཀའི་བླ་ན་མེད་པའི་དབུ་ཁྲིད་ཡིན་པའི་འདུ་ཤེས་འཛིན་མཁན་ནི་བོད་གཞིས་བྱེས་གཉིས་ཀྱི་བོད་མི་ཙམ་མ་ཟད།ད་ལྟའི་ཆར་གནས་ཚུལ་ཁྱབ་སྤེལ་མྱུར་ཞིང༌།མི་མང་གི་གོ་རྟོགས་ཡར་རྒྱས་ཕྱིན་པའི་དབང་གིས།རྒྱ་རིགས་མང་པོ་ཞིག་ནས་ཀྱང་ྋགོང་ས་མཆོག་ལ་གུས་བརྩི་དང༌།ཁོང་གིས་བོད་རྒྱ་གཉིས་ཀའི་ཕུགས་ཀྱི་ཁེ་ཕན་ལ་དགོངས་ཏེ།བོད་ཀྱི་གནད་དོན་དེ་རྙོག་འཛིང་ཞེ་དྲག་མེད་པའི་ཐོག་ནས་གཉིས་སྨན་འགྲིག་ཐབས་ཀྱི་ལམ་ནས་འབད་འབུངས་གནང་བར་བསྔགས་བརྗོད་ཞུས་ཡོད།བོད་མིའི་དད་པ་དང་ཡིད་ཆེས་ཀྱི་སྐྱབས་གནས་ཡིན་པའི་ཆ་ནས།ྋགོང་ས་མཆོག་གིས་ཁོང་ཉིད་བོད་མི་མང་གི་རང་དབང་ལྡན་པའི་མགྲིན་ཚབ་པ་ཞིག་ཡིན་པའང་བཀའ་སྩལ་ཡོད།
    ཕྱི་ལོ་༡༩༤༩ལོར་རྒྱ་ནག་གུང་ཁྲན་ཏང་གིས་བོད་ནང་བཙན་འཛུལ་བྱས་རྗེས།བོད་ལྗོངས་ཚོགས་འདུ་རྒྱས་འཛོམས་སྟེང༌།སྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་འགན་དབང་བདག་གིར་བཞེས་གནང་ཡོང་བའི་གསོལ་འདེབས་ཞུས་ཡོད།ཕྱི་ལོ་༡༩༥༤ལོར་ྋགོང་ས་མཆོག་རྒྱ་ནག་ལ་ཕེབས་ཏེ།མའོ་དང༌།ཏེང་ཤའོ་ཕེང༌།ཀྲོའུ་ཨེན་ལེ་སོགས་དང་མཇལ་འཕྲད་གནང་བ་དེའི་སྐབས་སུའང༌།བོད་ཀྱི་དབུ་ཁྲིད་ཀྱི་ངོ་བོའི་ཐོག་ནས་གནང་བ་ཞིག་ཡིན་པས།”ཏྭ་ལའི་བླ་མས་བོད་མིའི་ངོ་ཚབ་བྱེད་མི་ཐུབ་”ཅེས་རྒྱ་ནག་གི་དབང་འཛིན་པ་ཚོས་འགྲེལ་པ་ལོག་བཤད་བྱས་པ་དེ་ནི་བོད་རྒྱ་འབྲེལ་བའི་སྐོར་གྱི་འབྱུང་རབས་ལོ་རྒྱུས་ཀྱི་དངོས་ཡོད་གནད་དོན་དང་ཡོངས་སུ་འགལ་བ་ཞིག་རེད།
    བོད་མི་རྣམས་ཀྱིས་ྋགོང་ས་མཆོག་གང་དུ་བཞུགས་པའི་གནས་དེ་ཉིད་རང་བཞིན་གྱིས་བོད་གཞུང་གི་ལྟེ་གནས་ཡིན་པའི་ངོས་འཛིན་ཞུ་ཡི་ཡོད།བོད་མིའི་བླ་ན་མེད་པའི་དབུ་ཁྲིད་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ནི།ྋགོང་ས་མཆོག་སྐུ་ངོ་མས་བཙན་བྱོལ་བོད་མིའི་སྲིད་གཞུང་དང་སྤྱི་ཚོགས་དེ།ཡང་དག་པའི་མང་གཙོའི་ལམ་ལུགས་ལ་བཅོས་བསྒྱུར་བཏང་གནང་མཛད་ཡོད།འཛམ་གླིང་ས་ཕྱོགས་ཀུན་གྱི་མང་གཙོའི་རྒྱལ་ཁབ་ཕལ་མོ་ཆེའི་མང་གཙོའི་ཐོབ་ཐང་དང་དབང་ཆ་འཐབ་རྩོད་བྱས་པའི་ལོ་རྒྱུས་ནང༌།མི་མང་ནས་ལུས་སྲོག་དང་ཁྲག་ལ་བརྟེན་ནས་འཐབ་རྩོད་བྱས་ཏེ།རྒྱལ་ཁབ་ཀྱི་དབང་འཛིན་པའི་ལག་ནས་མང་གཙོའི་ཐོབ་ཐང་འཕྲོག་ལེན་བྱས་པ་ཤ་སྟག་ཡིན་ནའང༌།བོད་མིའི་སྤྱི་ཚོགས་ནང་གནས་སྟངས་དེ་དེའི་ལྡོག་ཕྱོགས་སུ་འགྱུར་ཡོད།ྋགོང་ས་མཆོག་ནས་ཁོང་ཉིད་ཀྱི་ཁྲིམས་མཐུན་གྱི་ འགན་དབང་ཡོངས་རྫོགས་བོད་མི་མང་དང༌།བོད་མི་མང་སྤྱི་འཐུས་ལྷན་ཚོགས་ལ་རྩིས་སྤྲོད་གནང་ཐབས་སྔ་རྗེས་ལན་མང་གནང་ཡོད་ཀྱང༌།བོད་མི་མང་དང་གྲོས་ཚོགས་ནས་དེ་ལྟར་ངོས་ལེན་མ་ཞུས་པར།ྋགོང་ས་མཆོག་ནས་མུ་མཐུད་དེ་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་ཀྱི་འགན་དབང་བཞེས་གནང་ཡོང་བའི་གསོལ་བ་ཕུར་ཚུགས་སུ་འདེབས་ཡོད།
    བཙན་བྱོལ་དུ་ཕེབས་རྗེས་ཀྱི་ལོ་ཤས་ནང༌།ཕྱི་ལོ་༡༩༦༣ལོར་ྋགོང་ས་མཆོག་ནས་མ་འོངས་བོད་ཀྱི་ཆེད་དུ་མང་གཙོའི་རྩ་ཁྲིམས་རགས་ཟིན་ཞིག་འདོན་སྤེལ་གནང་སྟེ།བཙན་བྱོལ་གཞུང་གི་སྒྲིག་འཛུགས་ཁག་མང་གཙོ་ཅན་དུ་འགྱུར་བའི་བཅོས་བསྒྱུར་ལུ་གུ་རྒྱུད་དུ་སྤེལ་ཡོད།ཕྱི་ལོ་༡༩༩༢ལོར་པར་སྐྲུན་འགྲེམས་སྤེལ་བྱེད་འགོ་བཙུགས་པའི་མ་འོངས་བོད་ཀྱི་ཆབ་སྲིད་ལམ་སྟོན་ཞེས་པ་དེའི་ནང༌།”མ་འོངས་པར་ངོས་ནས་བོད་གཞུང་གི་འགན་ཁུར་དང༌།ལམ་ལུགས་རྗེས་འབྲེལ་ཆབ་སྲིད་ཀྱི་གོ་གནས་གང་ཡང་ལེན་རྒྱུ་མིན་པ་སྔོན་ནས་ཐག་བཅད་ཟིན་པ་ཡིན།” དེ་ལས་མང་། »

  • གངས་རྒྱན་མེ་ཏོག

    -1-2009102611003

    རྒྱལ་ཡོངས་སྐབས་གཉིས་པའི་གངས་རྒྱན་མེ་ཏོག་རྩོམ་རིག་བྱ་དགའ་གནང་པའི་མཛད་སྒོ་ཟི་ལིང་ནས་བསྡུས་ཏེ། རོང་བོ་དགེ་འདུན་ལྷུན་འགྲུབ་དང་ཚེ་རིང་བཀྲ་ཤིས། དཔལ་ལྡན་རྒྱ་མཚོ། དཔའ་མོ། ཕུན་ཚོགས་རྒྱལ་བཅས་རྩོམ་པ་པོ་ལྔ་ལ་སྐབས་གཉིས་པའི་གངས་རྒྱན་མེ་ཏོག་རྩོམ་རིག་བྱ་དགའ་ཐོབ་ཡོད།
    མཚོ་སྔོན་ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས་དང་མཚོ་ནུབ་ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་གཉིས་ཀྱི་གཙོ་སྒྲུབ་འོག ཟླ་འདིའི་ཕྱི་ཚེས་ ༢༦ ཉིན་བོད་ཁམས་ན་མིང་དུ་གྲགས་ཤིང་ལོ་རྒྱུས་ཀྱི་བཞུར་རྒྱུན་རིང་བའི་༼ གངས་རྒྱན་མེ་ཏོག ༽ དུས་དེབ་ཀྱི་༼ རྒྱལ་ཡོངས་སྐབས་གཉིས་པའི་གངས་རྒྱན་མེ་ཏོག་རྩོམ་རིག་བྱ་དགའ་གནང་པའི་མཛད་སྒོ། ༽ ཞེས་པའི་ཚོགས་འདུ་དེ་གནའ་མཁར་ཟི་ལིང་གྲོང་ཁྱེར་གྱི་ཉི་མའི་འཚོ་བ་མི་རིགས་གླུ་གར་གླིང་ནས་གཟབ་རྒྱས་ངང་ཚོགས་ཏེ། འདས་པའི་ལོ་གསུམ་ནང་ཚུད་ཀྱི་གངས་རྒྱན་མེ་ཏོག་སྟེང་གི་རྩོམ་རིག་ལ་དཔྱད་བསྡུར་བྱས་པ་བརྒྱུད་རྩོམ་པ་པོ་ ༥ ལ་སྐབས་གཉིས་པའི་གངས་རྒྱན་མེ་ཏོག་རྩོམ་རིག་བྱ་དགའ་ཐོབ་ཡོད།
    ཐེངས་འདིར་བྱ་དགའ་ཐོབ་མཁན་དག་ནི། རྩོམ་པ་པོ་རོང་བོ་དགེ་འདུན་ལྷུན་གྲུབ། པུར་མིང་ལ་ལྷམ་ཀོག་ལགས་ཀྱི་སྙན་ངག་༼ སྒོམ་གཞེས ༽ དང་། ཚེ་རིང་བཀྲ་ཤིས། པུར་མིང་ལ་མདའ་བཙན་པོ་ལགས་ཀྱི་སྙན་ངག་རིང་མོ་༼ རོལ་རྩེད་ཀྱི་གཤེས་སུ་གྲུབ་པའི་སྙན་ཚིག ༽ དེ་བཞིན། དཔལ་ལྡན་རྒྱ་མཚོ། པུར་མིང་ལ་མདོ་སྨད་ཧེ་རུ་ཀ་ལགས་ཀྱི་རང་མོས་སྙན་ངག་ ༼ མི་སྐྱིད་གླིང་གི་སེམས་ངལ་ ༽ དཔའ་མོ། པུར་མིང་ལ་སྲིན་མོ་ལགས་ཀྱི་རང་མོས་སྙན་ངག་ ༼ སེམས་ཀྱི་འབབ་ཚིགས ༽ ཕུན་ཚོགས་རྒྱལ། པུར་མིང་ལ་ནེའུ་ཆུང་ལགས་ཀྱི་སྙན་ངག་དཔྱད་བརྗོད་༼ ལྷ་སའི་ཟུར་ངོས་གཞན་དག ༽ བཅས་ཡིན་ཞིང་། དེ་དང་མཉམ་དུ་མི་རེར་རྒྱ་སྒོར་སུམ་སྟོང་ ༣༠༠ རེ་ཡི་བྱ་དགའི་གསོལ་རས་བསྩལ་ཡོད་འདུག གཞན། གངས་རྒྱན་མེ་ཏོག་རྩོམ་སྒྲིག་ཁང་གི་འཕགས་པ་ཐར་དང་ཕུན་ཚོགས་རྒྱལ། ཀླུ་འབུམ་རྒྱལ། ལྕགས་འབུམ་རྒྱལ། ཆོས་འཚོ་བཅས་མི་ལྔ་ལ་རྒྱལ་ཡོངས་སྐབས་གཉིས་པའི་གངས་རྒྱན་མེ་ཏོག་རྩོམ་སྒྲིག་པའི་བྱ་དགའ་ཐོབ་ཡོད། དེ་ལས་མང་། »

    རྩོམ་འབྲི་ན་འཇམ་དབྱངས་སྐྱིད་དང་ཐེའུ་རང་ནང་བཞིན་ཕྲིས།

  • ལྡོང་སྲས།

    ༅༎ཕྱི་ལོ་ཉིས་སྟོང་དགུ་ལོའི་འཇར་མེ་ནིའི་གྲོང་ཁྱེར་ཕརེངྐཕོརྚ་ནང་སྙན་གྲགས་ཆེ་བའི་དཔེ་དེབ་འགྲེམས་སྟོན་ཐོག་རྒྱ་ནག་སྐུ་མགྲོན་གཙོ་བོར་གདན་ཞུ་བྱས་ཡོད་པ་དང༌། འཇར་མན་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་སོགས་ནས་བོད་ཀྱི་དངོས་འབྲེལ་གནས་ཚུལ་རྒྱ་ཆེ་སྤེལ་ཐུབ་པ་བྱུང་ཡོད་ཅིང་། སྒོས་སུ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་པར་བསྐྲུན་བྱས་པའི་བོད་འབྱོར་བརྩམས་ཆོས་ཀྱི་དབྱིན་འགྱུར་དཔེ་དེབ་ཅིག་གི་འགྲེམས་སྤེལ་མཛད་སྒོ་ཕྱི་ཚེས ༡༨ཉིན་དཔེ་དེབ་འགྲེམས་སྟོན་ཐོག་བསྐོང་འཚོགས་གནང་ཡོད་པ་དང་། དཔེ་དེབ་དེའི་ནང་བསྡུས་དོན་གཤམ་གསལ།
    ༡ བོད་ཕྱི་ནང་གཉིས་ཀྱི་སྙན་ངག་བདམ་བཀོད། >>( འདིའི་ནང་ཐེའུ་རང་། འོད་ཟེར། ལྡོང་སྲས་སོགས་ཀྱི་སྙན་ངག་འདུག )
    ༢ < <མནར་གཅོད་ཅིག་གི་གོ་རིམ>>( འདྲི་གཅོད་ཉིན་ཐོ་ཞེས་བཀོད་འདུག ) འཇམ་དབྱངས་སྐྱིད་ཀྱིས་བརྩམས།
    ༣ བླ་མ་སྐྱབས་ཀྱིས་བརྩམས་པའི་བོད་ནང་ལས་འགུལ་བྱུང་རྐྱེན་གླེང་བ། དེ་ལས་མང་། »

  • བོད་མདོ་སྨད་མཚོ་ལྷོ་ཁུལ་མང་ར་རྫོང་དུ་h1n1ཞེས་པའི་ཆམ་ནད་བྱུང་འདུག

    བོད་མདོ་སྨད་མང་ར་རྫོང་།པར་དབང་།གཡང་ཁོ་རྒྱལ།

    བོད་མདོ་སྨད་མང་ར་རྫོང་།པར་དབང་།གཡང་ཁོ་རྒྱལ།

    ད་ལྟ་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་ཀོས་ནན་ཞེས་འབོད་པའི་མདོ་སྨད་མང་ར་རྫོང་གི་རྒྱ་རིགས་སློབ་འབྲིང་གི་སློབ་མ་འགར་རྒྱུན་ལྡན་མ་ཡིན་པའི་ཆམ་ནད་ཅིག་བྱུང་ནས་རྫོང་སྨན་ཁང་དུ་བརྟག་དཔྱད་བྱེད་བཞིན་པ་དང་། དེ་དག་ཁྲོད་ཀྱི་སློབ་མ་གསུམ་ལ་དེང་སྐབས་འཛམ་གླིང་ཐོག་རྒྱ་ཆེར་ཁྱབ་བརྡལ་འགྲོ་བཞིན་པའིh1n1ཞེས་པའི་ཆམ་ནད་དེ་ཕོག་པའི་གནས་ཚུལ་ཤེས་རྟོགས་བྱུང་བའི་སྐོར་འབྲེལ་ཡོད་གནས་ཚུལ་ཡོང་ཁུངས་ནས་བརྗོད་ཡོད་པ་མ་ཟད་། ད་ལྟ་ནད་གཞི་ཕོག་པའི་སློབ་མ་དེ་གསུམ་རྫོང་སྨན་ཁང་ནང་དུ་ཁ་ཁར་བཀག་སྐྱིལ་གྱིས་སྨན་བཅོས་བྱེད་བཞིན་པའི་སྒང་ཡིན་ཚུལ་དང་།དེ་བཞིན་མང་ར་རྫོང་བོད་ཡིག་སློབ་འབྲིང་གི་སློབ་མ་བདུན་ལའང་ཆམ་ནད་བྱུང་ཡོད་ཀྱང་དེ་ནི་h1n1ཞེས་པའི་ཆམ་ནད་དེ་ཡིན་མིན་ཐད་ད་དུང་ཕྱི་ལ་ཁྱབ་བསྒྲགས་གང་ཡང་བྱས་མེད་འང་།ཉིན་འདི་འགར་གློ་བུར་དུ་མང་ར་རྫོང་གི་སློབ་གྲྭ་ཆུང་འབྲིང་གི་སློབ་མ་ཚང་མར་གུང་གསེང་ཕྱིན་ཡོད་པའི་གནས་ཚུལ་ཐོན་འདུག མདོ་སྨད་མང་ར་རྫོང་ནི་མཚོ་སྔོན་ཞིང་ཆེན་གྱི་ཟི་ལིང་གྲོང་ཁྱེར་དང་ལྷོ་ཕྱོགས་ཀྱི་རྒྱང་ཐག་སྤྱི་ལེ་ཉིས་བརྒྱ་ལྷག་གི་ས་ན་ཡོད་པ་དང་།རྫོང་དེར་མི་གྲངས་ཁྲི་དྲུག་ལྷག་ཡོད་འདུག དེ་ལས་མང་། »

    སྐྱེས་མ་ཚོར་སྤྲིངས་བའི་དྲན་སྐུལ་གྱི་འབོད་པ།

  • འོད་ཟེར་འཚོ།

    ཉིན་འདི་དག་གི་རིང་ལ།ངས་སེམས་སྐྱ་མོ་རླུང་དང་འགྲོགས་ཏེ་འཇིག་རྟེན་འདིའི་ཕྱི་ནང་གསུང་གསུམ་ཀུན་ལ་སྟོང་འདང་སྣ་ཚོགས་བརྒྱབ་ལ།བསམ་གཞིགས་གང་མང་ཞིག་ནི་དེང་སྤྱི་ཚོགས་འདིའི་ཁྲོད་ཀྱི་བོད་རིགས་བུད་མེད་རྣམས་ཀྱི་ལས་དབང་ངམ་བདེ་སྡུག་གི་འཚོ་བའི་སྐོར་གྱི་གཏམ་གླེང་དང་ལྟ་ཚུལ་འདྲ་མིན་གྱི་ཕྱོགས་སུ་གཞོལ་བ་ན།ངའི་སྣང་ངོར།ང་ཚོས་རང་ཉིད་ལ་ཡིད་ཆེས་དང་གདེང་ཚོད་ག་འདྲ་ཡོད་ན།དེ་འདྲའི་སྟོབས་ཤུགས་དང་རྒྱལ་ཁ་ཐོབ་ལ།སྟོབས་ཤུགས་དང་རྒྱལ་ཁ་ཇི་འདྲ་ཐོབ་ན།དེ་འདྲའི་ཐོབ་ཐང་དང་གོ་གནས་ཐོབ་ངེས་སྙམ།
    སྤྱིར་རྒྱལ་ཁ་དང་གྲུབ་འབྲས་བླ་མེད་ཅིག་ངོམ་རྒྱུ་མེད་ལ།ཕམ་ཁ་དང་གྱོང་གུད་ཆེན་པོའང་གླེང་རྒྱུ་མེད་པར་མི་ཚེ་ཞིག་གི་ཕྱེད་ཀ་དེ་ལོ་ཟླའི་ཁ་ཟས་སུ་སྦྱིན་ཟིན་པའི་བདག་ལ་མཚོན་ན།ཁ་མངར་སྐྱུར་གསུམ་གྱི་འཚོ་བ་འདི་ཞེན་རིགས་སྣ་ཚོགས་ཀྱིས་གྲུབ་པའི་བསླུ་བྲིད་ཅིག་དང་མཚུངས་མོད།འོན་ཀྱང་དེ་ནི་དངོས་གནས་ཀྱི་འཚོ་བ་ལན་པ་མ་ཡིན་པར་རང་གིས་རང་ལ་ཡིད་ཆེས་དང་གདེང་ཚོད་དབེན་པས་རེད།
    དེ་ཡང་འགྲོ་བ་མིའི་སྤྱི་ཚོགས་འདི་ནི་སྐྱེས་ཕོ་མོ་མཉམ་གནས་ཀྱི་ཚོགས་སུ་གྲུབ་པའི་འཇིག་རྟེན་ཞིག་སྟེ།ཐོག་མར་ཟས་སུ་ས་ཞག་ཟ་བ་དང་གོས་སུ་ལོ་མ་གྱོན་པའི་དུས་ནས་མ་རྒྱུད་སྤྱི་ཚོགས་དང་ཕ་རྒྱུད་ཚོ་བ་སོགས་འཕེལ་འགྱུར་སྣ་ཚོགས་ཀྱི་བརྒྱུད་རིམ་ཁྲོད།སྐྱེས་པ་རྣམས་ནི་ཐབས་དང་སྟོབས་ཤུགས་ལྡན་པ་ན།རང་བྱུང་ཁམས་འདི་དབང་དུ་བསྡུ་བའི་བདག་པོར་གྱུར་ཞིང་།བུད་མེད་རྣམས་ནི་བྱམས་དང་སྙིང་རྗེས་ངང་རྒྱུད་ཕྱུག་པས་འགྲོ་ཀུན་སྐྱོང་བའི་མ་མར་གྱུར་བ་འདི།བརྟན་པ་སྣོད་ཀྱི་འཇིག་རྟེནའདིར་གཡོ་བ་བཅུད་ཀྱི་སེམས་ཅན་དག་ཡུན་གནས་གཏན་འཇགས་ཀྱི་དགོས་དབང་ཡིན་ལ།སྔོན་ང་ཚོའི་མཐོང་ཡུལ་དུ་གྱུར་པའི་ཕོ་མཆོག་མོ་དམན་གྱི་ལྟ་བ་དང་གནས་ཚུལ་དག་ནི་ལོ་རྒྱུས་དང་གོམས་སྲོལ་སོགས་ལས་བྱུང་བའི་སྣང་ཚུལ་ཞིག་ཡིན་པ་ཚང་མས་གསལ་བོར་རྟོགས་ཤིང་།ད་ལྟ་ཤེས་རིག་ཡོན་ཏན་གྱི་དཔལ་ལ་བརྟེན་ནས་འཛམ་གླིང་ཁྱིམ་གཞི་གཅིག་ལྟར་སྐྲུན་པའི་འཕེལ་ཕྱོགས་སུ་བསྐྱོད་བཞིན་པའི་དུས་འདིར།ང་ཚོ་ད་དུང་ལོ་ངོ་སྟོང་ཕྲག་མང་བོའི་ཡར་སྔོན་གྱི་འདུ་ཤེས་དང་གོམས་སྲོལ་སོགས་མཁྲེགས་འཛིན་བྱས་ནས།རང་ཉིད་ནི་ཐབས་མེད་ལས་དམན་དང་།དབང་མེད་གཉོམ་ཆུང་གི་བུད་མེད་ཅིག་ཡིན་ཞེས་དཔའ་ཞུམ་ཞུམ་དང་གུ་དོག་དོགསེམས་གཉོམ་གཉོམ་བཅས་ཀྱི་སྒོ་ནས་རང་མགོ་རང་གིས་གནོན་ཞིང་རང་ལག་རང་གིས་བསྡམས་ཏེ།ཡོད་ཚད་གཞན་ལ་རེ་ནས་སྤྲང་བོའི་ཚུལ་གྱིས་མི་ཚེ་འདི་དམིགས་མེད་ཆུད་ཟོས་སུ་གཏོང་བ་འདི་ནི་སྤྱི་ཚོགས་གོང་འཕེལ་གྱི་ཆོས་ཉིད་ལ་མི་མཐུན་ཞིང་།འཛམ་གླིང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་བཏོན་པའི“རང་བཀུར།རང་གཅེས།རང་སྟོབས”བཅས་ཀྱི་རྩ་དོན་དང་འགལ་བ་ཞིག་མ་རེད་དམ། དེ་ལས་མང་། »

  • དེང་རབས་བུ་མོ་ཕལ་ཆེར་ཞིག་ལ།

  • སྐར་ཁྲི་བཙན།

    དེང་རབས་བུ་མོ་ཕལ་ཆེར་ཞིག་ལ་སྐུ་ངོ་རྒྱག་པའི་བཞུགས་ཁྲི་དགོས་པའི།།
    རས་གདན་སྟེང་གི་ལྡོམ་པོ་ང་ཡི་འདུག་ས་བུ་མོའི་བློ་ལ་ཨེ་འགྲོ།།
    དེང་རབས་བུ་མོ་ཕལ་ཆེར་ཞིག་ལ་ཕྱུག་པོ་རྫིག་པོའི་རླངས་འཁོར་དགོས་པས།།
    རྐང་ཐང་འགྲོ་བའི་འཁྱར་བོ་ང་ཡི་འགྲོ་རོགས་བུ་མོས་བྱས་ན་ཨེ་འདོད།།
    དེང་རབས་བུ་མོ་ཕལ་ཆེར་ཞིག་ལ་བླ་སྤྲུལ་རྫུན་མའི་མཚན་སྙན་དགོས་པས།།
    ཅི་ཡང་མེད་པའི་གླེན་པ་ང་ལ་བུ་མོའི་མིག་གིས་ལྟ་ན་ཨེ་འདོད།།
    དེང་རབས་བུ་མོ་ཕལ་ཆེར་ཞིག་ལ་ཨ་ཕ་སྒོར་མོ་མང་མཁན་དགོས་པས།།
    ཕ་མ་མེད་པས་དྭ་ཕྲུག་ང་ལ་སེམས་གཏམ་བུ་མོས་བཤད་ན་ཨེ་འདོད།།
    དེང་རབས་བུ་མོ་ཕལ་ཆེར་ཞིག་ལ་ཐོག་ཁང་མཐོན་པོའི་ལྡེ་མིག་དགོས་པས།།
    ལྕགས་ཤོག་ནང་གི་དབུལ་བོ་ང་ཡི་སྡོད་ཁང་བུ་མོའི་སྣང་བར་ཨེ་འགྲོ།། དེ་ལས་མང་། »

  • WordPress Themes