
འཇམ་དབྱངས་ཐབས་མཁས་ལགས།
སྔར་ལོ་བོད་ཆོལ་ཁ་གསུམ་གྱི་བོད་མི་མང་པོ་ཞིག་གིས་རང་སྲོག་ལ་མ་འཛེམས་པར་རྒྱ་ནག་གཞུང་ལ་མི་རིགས་འདིའི་བདེན་དོན་གྱི་ཆེད་དུ་ཞི་བའི་ངོ་རྒོལ་བྱས་ཡོད་པ་དང་། དེའི་ཁྲོད་ཀྱི་བོད་མི་གང་མང་ཞིག་ད་ལྟའི་དུས་འདིར་ཡང་རྒྱ་གཞུང་གི་མནར་གཅོད་འོག་གནས་ཡོད་ལ། བོད་མི་ཁག་ཅིག་རྒྱ་གཞུང་གི་གནོན་ཤུགས་འོག་འདུགས་ཐབས་བྲལ་ཏེ་བཙན་བྱོལ་དུ་ཡོང་དགོས་བའི་གནས་སྟངས་ཆགས་ཡོད། ཉེ་ཆར་ངྷ་ས་དབུས་སྣེ་ལེན་ཁང་དུ་སྐབས་དེའི་ཞི་རྒོལ་ཁྲོད་ཞུགས་པའི་མི་སྣ་མང་པོ་ཞིག་འབྱོར་ཡོད་སྟབས། ཕྱི་ཚེས་ ༢༦ ཉིན་འདི་གའི་གསར་འགོད་པ་དབུས་སྣེ་ལེན་ཁང་དུ་སོང་སྟེ་བསང་ཆུ་རྫོང་གི་ཞི་རྒོལ་གྱི་སྣེ་འཁྲིད་པ་བླ་བྲང་དགོན་པའི་གྲྭ་འཇམ་དབྱངས་ཐབས་མཁས་ལགས་སུ་སྔར་ལོའི་ཞི་རྒོལ་དང་འབྲེལ་བའི་གནས་ཚུལ་སྐོར་ལ་རྒྱུས་ལོན་བྱས་པར་ཁོང་གིས་ཐོག་མར་སྔར་ལོ་ཞི་རྒོལ་བྱས་པའི་དམིགས་ཡུལ་དང་ཆོད་སེམས། དེ་བཞིན་ངོ་རྒོལ་ཀྱི་བརྒྱུད་རིམ་ངོ་སྤྲོད་གནང་ཡོད།
སྐབས་དེར་ཁོང་གིས་བརྗོད་དོན། ང་རང་ཉིད་ལ་མཚོན་ན་རྒྱ་གཞུང་གིས་དུས་རྟག་ཏུ་བོད་མི་རིགས་ལ་མཐོང་ཆུང་དང་དམའ་འབེབས། བརྙས་བཅོས་དང་ཁྱད་གསོད་བྱས་པའི་ན་ཟུག་དེ་དང་། སྤྱིར་ང་རང་བོད་པ་ཞིག་དང་ཆོས་པ་ཞིག་ཡིན་པའི་ངོས་ནས་༧སྐྱབས་མགོན་རྒྱལ་བ་རིན་པོ་ཆེར་སྙིང་ཐག་པ་ནས་དད་པ་བྱེད་མཁན་ཞིག་ཡིན་པ་དང་ཁོང་ཉིད་མི་ལོ་ ༤༩ ལྷག་གི་རིང་ཕྱི་ཡུལ་དུ་གྱར་དགོས་བྱུང་བ་སོགས་དྲན་ན་ཧ་ཅང་ཡིད་སྐྱོ་དགོས་པའི་གནས་ཤིག་ཏུ་གྱུར་ཡོད། དེ་བཞིན་བོད་མི་རིགས་འདི་ཉིད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག མི་རང་ཉིད་ཀྱི་འཚོ་སྟངས། མི་རིགས་འདིའི་འཚོ་གནས་བཅས་ལ་མི་རིགས་གཞན་ཞིག་གིས་ཉིན་རེ་ནས་ཉིན་རེར་དམ་དྲག་དང་གདུག་རྩུབ། མནར་གཅོད་བཅས་ཀྱི་འོག་ཉམས་རྒུད་དུ་འགྲོ་བ་འདི་ཉིད་སེམས་ཀྱིས་མ་བཟོད་པར། ང་དང་ངའི་གྲོགས་པོ་ཚོས་དེའི་སྔོན་ནས་གྲོས་བྱས་ཏེ་གལ་སྲིད་ང་ཚོར་ངོ་རྒོལ་གྱི་དུས་སྐབས་ཤིག་བྱུང་བ་ཡིན་ན་དེར་ཞུགས་རྒྱུའི་ཆོད་སེམས་བརྟན་པོར་བཅངས་ཡོད་པ་དེ་དུས་ལ་བབ་པར་ངོས་འཛིན་བྱས་ཏེ། ༧སྐྱབས་མགོན་རྒྱལ་བ་རིན་པོ་ཆེའི་འཚེ་མེད་ཞི་བའི་དགོངས་དོན་གཞིར་བཟུང་ཐོག་ང་ཚོས་ངོ་རྒོལ་བྱ་རྒྱུའི་གྲ་སྒྲིག་བྱས་པ་ཡིན། ཞེས་དང་། དེ་ལས་མང་། »
ཐེའུ་རང་།
(ས་ཆེན་གྱི་བར་སྣང་ན་བྱ་རྒོད་ཀྱི་གཤོག་པ་བརྐྱངས་སའི་ནམ་མཁའ་ཡོད་ན།མཚོ་ཆེན་གྱི་གཏིང་རིམ་ནས་གསེར་དངུལ་གྱི་རྒྱན་ཆ་འདྲེན་པའི་བསྐལ་བ་ལྡན་ན།འཇིག་རྟེན་སྲིད་པའི་ཁམས་ན་གཉོམ་ཆུང་གི་སེམས་པ་གཉིས་དྭངས་གཙང་གིས་འབྲེལ་ཐབས་ཅི་ལ་མེད་ཨང་། སེམས་སྐྱོ་མ་གནང་ཨང་།)
—–ཁོ་མོར་སྐུར་བའི་བརྡ་འཕྲིན་ཞིག་ལས་དྲངས།
ས་ཆེན་གྱི་མཆིན་པ་ནག་པོ་མ་རུལ་བར་དུ
གཙང་བོའི་བཞུར་རྒྱུན་གྱི་མིད་ཐག་མ་འགགས་བར་དུ
དུས་ཚོད་ཀྱི་ངོ་གདོང་ལ་རྒ་རྒས་ཀྱི་སྐྱི་གཉེར་མ་ཆགས་བར་དུ
ང་རང་ཐོག་མའི་ཁ་དན་གྱི་གཟུངས་ཤིང་ལ་འཇུས་ཤིང
ཁྱོད་ཀྱི་འཁོར་བའི་སྙིང་བོ་རུ་སྦྲུམ་ངེས
ལོ་ཟླའི་གཙང་ངོགས་ནས་བཞུད་ཟིན་པའི་ངང་སྒུག་གི་ཀོ་གྲུ་ཆུང་ཆུང
ཡུན་རིང་སྨྲ་བ་བསྡམས་པའི་བརྩེ་དུང་གི་སྨྲ་ལྕེ་ལྐུག་པོ
ཁྱོད་ཉིད་གཞི་ནས་བདག་གི་འཚོ་བའི་གོམས་གཤིས་སུ་གྲུབ་ཅིང
གོམས་གཤིས་ལྟ་བུའི་ངང་སྒུག་གི་མེ་ཏོག་ཏུ་འབུས
དེ་ལས་མང་། »
ཀརྨ་དགེ་ལེགས།
ཁྱོད་ནི་གངས་ལྗོངས་འདི་ན་ཀུན་གྱིས་འཕྱ་བ་དང་། སྨོད་པ་དང་། ཁྲེལ་མེད་དུ་བརྩིས་པ་དང་། ངོ་ཚ་མེད་པར་བགྲངས་པ་དང་། མ་རབས་གྲས་སུ་བཞག་པ་དང་། སྤྱོན་ངན་དུ་མཐོང་བ་དང་། མི་རིགས་ཀྱི་ཞབས་འདྲེན་དུ་ཁས་ལེན་པ་སོགས་བྱས་དང་བྱེད་ཀྱིན་པར་ཡོད་ན་འང་། གལ་ཏེ་ཁྱོད་ད་ཀྱིས་རྫུན་དང་མགོ་སྐོར་བཏང་ནས་གཞན་ལ་གནོད་པ་མ་བྱས་ན། རང་ཉིད་ལ་དབང་པའི་རང་གི་ལུས་པོ་འདི་ཅི་བྱེད་ཁྱོདརང་ལ་ཐུག གལ་ཏེ་ཁྱོད་ལ་གཞན་ཡིད་འཕྲོག་ཐུབ་པའི་ཁྱད་ཆོས་ཞིག་མེད་ན་གཞན་གྱིས་ཀྱང་ཁྱོད་ལ་སྒོར་ཕྲད་དོན་མེད། འདོད་ཆགས་དབང་གིས་ཉོ་མཁན་ངོ་ཚ་མི་དགོས་ན་ཁྱོད་རང་ཡང་ངོ་ཚ་དགོས་དོན་མེད། གང་ལྟར་ཁྱོད་ནི་རང་གི་མི་རིགས་ཀྱི་རིགས་རུས་འཚོང་མཁན་མ་རེད། སྨད་འཚོང་མ།
མི་རིགས་ཞིག་གི་སྲོག་སྙིང་ནི་མི་རིགས་དེའི་སྐད་ཡིག་ཡིན་པ་ཤེས་བཞིན་དུ་རང་གི་འཚོ་བའི་ཆེད་དུ་མི་ཚེ་གང་པོར་མི་རིགས་གཞན་ཀྱི་སྐད་ཡིག་ཁོ་ནར་འབད་ནས་རང་རིགས་སམ། ཕ་ཡུལ། ཕ་ཆས་གང་ཡིན་ངོས་མི་ཟིན་པར། ཕྱི་དང་ནང་རྗེ་མཁན་ནི་སྨད་འཚོང་མ་ཁྱོད་མ་རེད།
ནང་ཕུ་ནུའི་ཐོག་ལ་དཔའ་ངར་རྒྱ་སྟག་ཁྲ་བོའི་འཛུམ་དྲུག་ངོམ་མཁན་དང་། ཕྱིའི་དགྲ་བོའི་འོག་ན་མགོ་བོ་ཁྱི་རྔ་བཞིན་དུ་ཞུམ་ཞུམ་གྱི་གར་སྟབས་སྒྱུར་མཁན་ནི་སྨད་འཚོང་མ་ཁྱོད་མ་རེད། དེ་ལས་མང་། »
ཀླུ་ཚང་སྨྱུག་རྩེན།
༡
སྒྲོམ་དང་འབྲེལ་བ་མེད་པའི་ལོ་ཟླའི་ནང
ངས་ཁོ་མོ་ད་དུང་རྨི་ལམ་དུ་རྨིས་ཤིང
གཙང་པོ་ཞིག་གི་ཕར་ཚུར་ནས
ཕན་ཚུན་ལ་མེ་ཏོག་འཕེན་རེས་བྱེད
སེམས་ཀྱི་འཕྲུལ་སྣང་ཞིག་ལ
མེད་པ་དེ་དངོས་སུ་ཡོད་ཡོད་འདྲ་བས
ངས་གྲོགས་པོ་ཚོར་ཆང་དཀར་འདེགས་བཞིན
སྒྲོལ་མ་དངོས་སུ་ཡོང་གིན་ཡོད་ཅེས་བཤད
༢
སྒྲོལ་མ་དང་འབྲེལ་བ་མེད་པའི་ལོ་ཟླའི་ནང
ངས་རྒྱུན་དུ་སྒྲོལ་མ་སེམས་ཀྱིས་འཚོས་ཤིང
སྒྲོལ་མ་ཉེར་གཅིག་གི་བསྟོད་པ་དེ་ཡང
ཚེ་རབས་སྔོན་མའི་སྔོན་མ་ཞིག་ལ
རང་གི་བྲིས་པ་ལོས་ཡིན་སྙམ
དེ་ལས་མང་། »
བུད་མེད་སྟེང་ལ་དྲག་རྩུབ་མནར་གཅོད་འགོག་པའི་རྒྱལ་སྤྱིའི་ཉིན་མོ་དེར་བཙན་བྱོལ་བོད་མི་ཚོས་བོད་ཀྱི་སྤྱི་ཚོགས་ནང་དུ་ཕོ་མཆོག་མོ་དམན་གྱི་ལྟ་བ་མེད་སྐོར་ཤུགས་ཆེར་གླེང་ཡང་། ནང་ཆོས་བོད་ལ་དར་བར་བརྟེན་བོད་སྤྱི་ཚོགས་ནང་འདི་ལྟའི་གནས་སྟངས་ཤིག་ཤར་ཡོད་ཚུལ་གླེང་མཁན་ཡང་བྱུང་།
ཕྱི་ཚེས་ ༢༥ ཉིན་གྱི་དགོང་དྲོ་དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་བུད་མེད་སྟེང་ལ་དྲག་རྩུབ་མནར་གཅོད་འགོག་པའི་རྒྱལ་སྤྱིའི་ཉིན་མོ་སྲུང་གཙི་དང་སྟབས་བསྟུན་དེ་ངྷ་ས་ཉིན་མོ་སློབ་གྲྭའི་རྒྱལ་ཡུམ་ཆེན་མོའི་ཚོགས་ཁང་དུ། ༼ང་ཚོའི་སྤྱི་ཚོགས་ནང་ཕོ་མོ་འདྲ་མཉམ་ཡོད་དམ༽ཅེས་པའི་བརྗོད་གཞིའི་སྟེང་བགྲོ་གླེང་ཞིག་གོ་སྒྲིག་གནང་ཡོད་ལ། བགྲོ་གླེང་ཐོག་བཙུན་མའི་ལས་འཆར་གྱི་འགན་འཛིན་བཀའ་ཟུར་རིན་ཆེན་མཁའ་འགྲོ་ལགས་དང་དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་ཀིརྟི་སྒྲོལ་དཀར་ལྷ་མོ་ལགས། བོད་གནས་ཉམས་ཞིབ་པ་ཀླུ་མཁར་བྱམས་ལགས། རྩོམ་པ་པོ་དང་རང་བཙན་འཐབ་རྩོད་པ་བསྟན་འཛིན་བརྩོན་འགྲུས་ལགས་བཅས་གདན་ཞུའི་ཐོག་བོད་ཀྱི་བང་ཆེན་གསར་འགོད་པ་གངས་ལྷ་མོ་ལགས་ཀྱིས་བགྲོ་གླེང་གཙོ་སྐྱོང་བྱས་ཡོད།
ཐོག་མར་ཉམས་ཞིབ་པ་ཀླུ་མཁར་བྱམས་ལགས་ཀྱིས། སྤྱིར་བོད་ཕྱི་ནང་གཉིས་ཀྱི་བུད་མེད་རྣམས་གནས་སྟངས་མི་འདྲ་བ་གཉིས་ཀྱི་འོག་ལྷག་བསྡད་ཡོད་པ་དང་། བོད་ནང་ལ་མཚོན་ན་བུད་མེད་ཀྱི་སྐྱེས་སྒོ་འགོག་པ་སོགས་བུད་མེད་རྣམས་ཀྱིས་མནར་གཅོད་འཕར་མ་ཞིག་མྱོང་གིན་ཡོད་པ་དངོས་ཡོད་གནས་ཚུལ་ཆགས་ཡོད། ང་རང་བོད་ནས་ཡོང་མཁན་ཞིག་ཡིན་སྟབས་འདི་གསལ་བོར་ཤེས་ཀྱིན་ཡོད། ང་ཚོའི་བཙན་བྱོལ་སྤྱི་ཚོགས་ལ་མཚོན་ན་བོད་གཞུང་གི་ཁྲིམས་དང་སྒྲིག་གཞིའི་ནང་དུ་བུད་མེད་ཀྱི་ཐོབ་ཐང་གསལ་བོར་འཁོད་ཡོད་པ་མ་ཟད། འདས་པའི་དུས་ནས་བཟུང་བོད་གཞུང་བཀའ་ཤག་གི་ངོས་ནས་ཀྱང་བུད་མེད་ཀྱི་ནུས་ཤུགས་གོང་འཕེལ་གཏོང་བའི་སྲིད་བྱུས་དེ་འདྲ་ཡང་གཏན་འབེབས་བྱས་ཡོད་པ་རེད། འདི་དག་ཡོད་ཚད་ཕན་ཐོགས་མིན་ལ་མ་ལྟོས་པར་ཡར་རྒྱས་ཀྱི་རྣམ་པ་ཞིག་རེད་བསམ། ཅེས་བརྗོད་བྱུང་ལ། དེ་ལས་མང་། »

དཀོན་མཆོག་ཚེ་འཕེལ་ལགས།

གངས་ཉིའམ་ཀུན་དགའ་ཚངས་དབྱངས་ལགས།
རྒྱ་ནག་གཞུང་གིས་སྤྱི་ཟླ་༡༡པའི་ཟླ་དཀྱིལ་དུ་བོད་ནང་གི་རྩོམ་པ་པོ་དཀོན་མཆོག་ཚེ་འཕེལ་ལགས་དང་གངས་ཉིའམ་ཀུན་དགའ་ཚངས་དབྱངས་ལགས་གཉིས་ལ་ཁྲིམས་ཐག་ལྕི་མོ་བཅད་པ་དེར་རྒྱལ་སྤྱིའི་སྟེང་གི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་དང་བཙན་བྱོལ་བོད་མི་ཚོས་དོ་སྣང་དང་སྐྱོན་བརྗོད་ཤུགས་ཆེན་བྱེད་བཞིན་པ་ལྟར་།རྒྱལ་སྤྱིའི་རྩོམ་པ་པོའི་མཐུན་ཚོགས་ཀྱི་བཙོན་དུ་ཡོད་པའི་རྩོམ་པ་པོའི་ལྷན་ཚོགས་ཀྱིས་རྒྱ་ནག་གཞུང་གི་ཁྲིམས་འགལ་གྱི་བྱ་སྤྱོད་འདིར་སྐྱོན་བརྗོད་ནན་མོ་བྱས་ཡོད་པ་མ་ཟད་།རྒྱ་ནག་ཕྱོགས་ནས་ཆ་རྐྱེན་གང་ཡང་མེད་པར་རྩོམ་པ་པོ་དེ་གཉིས་མྱུར་དུ་གློད་གྲོལ་གཏོང་དགོས་པའི་འབོད་སྐུལ་ཞུས་འདུག
རྒྱལ་སྤྱིའི་རྩོམ་པ་པོའི་མཐུན་ཚོགས་ཀྱི་བཙོན་དུ་ཡོད་པའི་རྩོམ་པ་པོའི་ལྷན་ཚོགས་ཀྱིས་སྤྱི་ཟླ་༡༡པའི་ཚེས་༢༣ཉིན་ཡོངས་ཁྱབ་གསལ་བསྒྲགས་སྤེལ་པའི་ནང་བརྗོད་དོན།རྒྱ་ནག་གཞུང་གིས་བོད་ཀྱི་རྩོམ་པ་པོ་དཀོན་མཆོག་ཚེ་འཕེལ་ལགས་དང་གངས་ཉིའམ་ཀུན་དགའ་ཚངས་དབྱངས་ལགས་གཉིས་ལ་ཁྲིམས་ཐག་བཅད་པ་དེ་ནི།༼རྒྱལ་སྤྱིའི་སྤྱི་འབངས་དང་ཆབ་སྲིད་ཁེ་དབང་གི་ཆིངས་ཡིག་༽ཞེས་པའི་དོན་ཚན་༡༩དང་རྒྱབ་འགལ་ཚབས་ཆེན་བྱས་བ་དང་།སྨྲ་བརྗོད་དང་བསམ་གཞིགས་རང་དབང་ལ་དྲག་གནོན་བྱས་པ་ཡིན་པས་།རྒྱ་ནག་གཞུང་གིས་ཆ་རྐྱེན་གང་ཡང་མེད་པར་མྱུར་དུ་ཁོང་གཉིས་གློད་གྲོལ་གཏོང་དགོས་ཞེས་བཀོད་འདུག དེ་ལས་མང་། »
གཅན་མེ་སྟག
དུས་ཚོད་ནི་གདུག་རྩུབ་ཀྱིས་འབར་བའི་མེ་ལྕེ་ཞིག་སྟེ
རླབས་ཆེན་དང་སྨྱོ་ཧམ་གྱི་ཐ་སྙད་མ་ལུས
ལྷག་མ་མེད་པར་ཟོས
དུས་ཚོད་ནི་མཐའ་མཇུག་གི་བང་སོ་བསྔོགས་པའི་བརྒྱུད་རིམ་ཧྲིལ་བོ་སྟེ
མུན་ནག་དང་འོད་སྣང་གི་དགོས་མཁོ་ཡོད་ཚད
རྗེས་ཤུལ་མེད་པར་བསུབས
དུས་ཚོད་ནི་མཐོང་མི་བཏུབ་པའི་རྨུ་ཐག་ནང་བཞིན
འཇིག་རྟེན་གྱི་བར་སྣང་དུ་དཔྱངས་ཤིང
ཡུན་རིང་གི་རྙེད་འཚོལ་དང་ཐོབ་ཤོར་བར་ནས
ཞོགས་པའི་ཆུ་ཟིལ་དང་རྩྭ་ལོ་ནང་བཞིན་བཞུད་འགྲོ
དེ་ལས་མང་། »
གཡུ་ཞུན།
ཉེ་ཆར་ཨ་རིའི་སྲིད་འཛིན་བྷི་ར་ཁི་ཨོ་བྷ་མ་(Barack Obama)ཡིས་ཨེ་ཞི་ཡའི་ནང་གི་གཟིགས་སྐོར་ཐོག་མ་དེ་མཇུག་སྒྲིལ་ཡོད་ལ།རྒྱལ་སྤྱིའི་སྟེང་ཚང་མས་དོ་སྣང་བྱེད་གཞི་གཙོ་བོར་རྒྱུར་བའི་རྒྱ་ནག་གི་གཟིགས་སྐོར་དེ་མི་རྣམས་ཀྱི་རེ་བ་བཞིན་འགྲུབ་མེད་ཕྱིར་།ཨ་རིའི་གསར་འགྱུར་བརྒྱུད་ལམ་དང་རྒྱལ་སྤྱིའི་ཐོག་གི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ཚོས་སྲིད་འཛིན་ཨོ་བྷ་མར་སྐྱོན་བརྗོད་ཤུགས་ཆེན་བྱེད་བཞིན་པ་མ་ཟད་།སྲིད་འཛིན་ཨོ་བྷ་མས་རྒྱ་ནག་ནང་གི་གཟིགས་སྐོར་གསུང་བཤད་ཀྱི་སྐོར་ལའང་།རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་དང་རྒྱ་ནག་ནང་གི་གསར་འགྱུར་བརྒྱུད་ལམ་བར་བཤད་སྟངས་མི་འདྲ་བ་རེ་ཡོང་གི་ཡོད་པས་།དེ་རིང་འདིར་དེ་དག་ཐད་གཤིབ་བསྡུར་རགས་ཙམ་བྱས་ན།
ཕྱི་ལོག་གི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་བརྗོད་ན།རྒྱ་ནག་གཞུང་གིས་ཁོ་ཚོའི་གསར་འགྱུར་བརྒྱུད་ལམ་ལ་སྟངས་འཛིན་གྱི་དབང་ཚད་བེད་སྤྱོད་ཀྱིས་རྒྱ་ནག་ནང་མི་དམངས་ཀྱིས་གཟིགས་པའི་ཨོ་བྷ་མས་གསུང་བཤད་ཁག་ནི་བཟོ་བཅོས་བྱས་པའི་རྗེས་ཀྱི་གནས་ཚུལ་རེད་ཟེར་།དཔེར་ན་།སྤྱི་ཟླ་༡༡པའི་ཚེས་༡༦ཉིན་ཨ་རིའི་སྲིད་འཛིན་ཨོ་བྷ་མ་ཡིས་རྒྱ་ནག་གི་ཧྲང་ཧེ་གྲོང་ཁྱེར་ནང་རྒྱ་ནག་གི་ན་གཞོན་རྣམས་དང་མཉམ་དུ་ཐད་ཀར་གླེང་མོལ་སྐབས་སུ་སྲིད་འཛིན་ཨོ་བྷ་མ་ཡིས་རྒྱ་ནག་ལ་བསྔགས་བརྗོད་དང་འབྲེལ་།རྒྱ་ནག་གིས་འགྲོ་བ་མིའི་ཀུན་ཁྱབ་ཐོབ་ཐང་དང་རང་དབང་ངོས་ལེན་བྱེད་པར་སྐུལ་འདེད་བྱས་ཡོད་ཀྱང་། དེ་ལས་མང་། »
འབྲོག་ཕྲུག
དེང་གི་གོ་ལ་འདིར་ཀུན་གྱིས་གཙུགས་སུ་འཛིན་པའི།།
ནུབ་ཕྱོགས་སྟོབས་ལྡན་གྱི་རྒྱལ་ཁབ་ཨ་མེ་རི་ཁར།།
མི་ནག་སྲིད་འཛིན་གྱི་རླབས་ཆེན་ཙུང་ཐུང་ཐོག་མར།།
ཁྱེད་ཉིད་བཞུགས་པ་དེས་འཛམ་གླིང་གཡོ་བར་བྱས་སོང་།།
དབྱི་རག་དམག་འཐབ་ཀྱི་དུད་སྤྲིན་ཉུང་དུ་བཏང་ཞིང་།།
གོ་པའི་བཀག་སྡོམ་གྱི་སྲིད་ཇུས་མེད་པར་བཟོས་ཏེ།།
གླིང་འདིའི་ཞི་བདེ་ལ་བྱས་རྗེས་བླ་ན་མཐོ་བས།།
གཟིགས་བཟོས་རྟགས་མ་ཡང་ཉིད་ནས་ཉེ་སྔོན་བཞེས་སོང་།།
ད་ཡང་ཤར་ཕྱོགས་ཀྱི་སྐམ་ས་ཆེན་པོར་ཕེབས་ནས།།
རྒྱ་ནག་རྒྱལ་ཁབ་ལ་རྒྱལ་དོན་མཚམས་འདྲི་གནང་བར།།
མགོ་འདྲེན་ཆེ་དྲག་ཚོས་ལག་འཇུ་སྔུན་ནས་གཏོང་དུས།།
མི་སེར་ང་འདྲས་ཀྱང་རྣ་བ་རྒྱང་ནས་གཏད་ཡོད།།
དེ་ལས་མང་། »
མོག་ཟླ།
ངའི དྲན་སྣང་ཁྱོད་ཀྱི་དག་ཞིང་དེ
ནམ་ཡང་དཔེ་མཛོད་ཁང་ཆེན་མོ་ཞིག
-བྷོ་ཨར་ཏི་ཟི།
ཟུངས་ཁྲག་འབབ་པའི་ངོ་གདོང་ཧ་ཅང་གནག
མཚན་མོར ལྟོགས་སྐོམ་གྱིས་མནར་བའི་སྤྱང་ཚོགས
སྔོ་རྩྭའི་གསེབ་ན་གཉིད་དུ་ཡུར
ཁྱོད་གནས་སའི་མཚམས་ནས་བཞུར་བའི་ཆུ་ཀླུང་ནག་པོ
ཆུ་ཀློང་འདིའི་ཁྲོད་བྱིང་པའི་ང སུས་ཀྱང་སྐྱོབ་ཐབས་བྲལ
ངས་བྷོ་ཨར་ཏི་ཟི་དང< <རྒྱ་སྟག་གི་གསེར་འོད>>དྲན་བྱུང
བྷོ་ཨར་ཏི་ཟི ཁྱོད་ཀྱི་གསེར་འོད་ཀྱི་ཟེར་མ་རེ་རེས
དཀར་ནག་འཐབ་པའི་འཇིག་རྟེན་འདི འོ་ཆུ་བཞིན་འབྱེད་ནུས་ན
པིར་རྩེ་གཅིག་གིས ང་རང་དམྱལ་ཁམས་ཀྱི་གཏིང་ནས་འདྲེན་རོགས
སྟག་རྒོད་དང་གསང་བའི་ཕོ་བྲང
མེ་ལོང་དང་རྨི་ལམ་ལས་གྲུབ་པའི་རྟོག་ལྗོངས་དེས
ང་ལ་སྐྱེ་བ་དང་འཆི་བ ཚེ་སྲོག་གི་གླུ་སྐད་དྲན་དུ་བཅུག
འབྲོག་སྡེ་དང་ལུག་ཁྱུ རལ་གྲི་དང་མཆེ་སྡེར
ཆུ་ཀླུང་ནག་པོ་འདིའི་གཏིང་དུ་མུ་ནས་མུ་ལ་བྱིང
ངའི་ཟུངས་ཁྲག་ལ་གློག་དམར་ཀྱི་འཚུབ་ཆ་སྐྱེས
ངའི་ལུས་སྟེང་ལ་གཙང་ཆུའི་ཚ་རླབས་འཕྱུར
བྷོ་ཨར་ཏི་ཟི ཆེས་མཐར་མར
ངས་མེ་ལོང་ནང་གི་སྟག་རྒོད་དེ་མཐོང་བྱུང
དེ་ནི་ས་སྒང་གི་སྤྱི་གཙུག་ནས་མཆེད་པའི་གསེར་འོད་རེད
བྷོ་ཨར་ཏི་ཟི་དང་སྟག་རྒོད
དུས་རབས་འདིར་མཆེ་ཙིགས་སྡེར་བགྲང་ཀྱིས་འོངས་པས
འཇིག་རྟེན་གྱི་མི་རྣམས་ཧ་ལས་སུ་བཅུག
དེ་ལས་མང་། »