བོད་ནང་ནས་ཀུན་གཟིགས་༧པཎ་ཆེན་རིན་པོ་ཆེར་རྗེས་དྲན་ཞུས་པ།

penchenpillar

འབྲེལ་ཡོད་ནས་གནས་ཚུལ་མཁོ་སྤྲོད་བྱུང་དོན་ལྟར་ན། ལོ་འདིའི་ཟླ་༡༠ ཚེས་༡༤ ཉིན་མདོ་སྨད་བིས་མདོ། ཡ་རྫི་(ཞོན་ཧྭ)བོད་ཡིག་སློབ་འབྲིང་གི་གོ་སྒྲིག་འོག་༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་དགོངས་པ་ཆོས་དབྱིངས་སུ་གཤེགས་ནས་ལོ་ངོ་ཉི་ཤུ་འཁོར་བའི་རྗེས་དྲན་ཚོགས་འདུ་ཞིག་འཚོགས་ཡོད་འདུག
སློབ་གྲྭ་དེར་པན་ཆེན་རིན་པོ་ཆེ་སྐུ་དངོས་སུ་བཞུགས་སྐབས་ཡ་རྫི་བོད་ཡིག་སློབ་འབྲིང་དུ་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་སྐབས་དགེ་སློབ་རྣམས་ལ་བསྩལ་བའི་བཀའ་སློབ་རིན་པོ་ཆེ་སླར་ཡང་སྒྲོག་སྦྱངས་དང། ཀུན་གཟིགས་མཆོག་གི་ཟབ་ཡངས་དཀྱེལ་ཆེའི་དགོངས་པ་དང་རང་མི་རིགས་དང་རིག་གནས་ལ་བཅངས་པའི་བརྩེ་དུང་དང་དམ་བཅའ་སོགས་ཀྱིས་དགེ་སློབ་རྣམས་ལ་སྔར་མེད་དྲན་སྐུལ་བྱས་ཡོད་པ་རེད
དེ་ནས་སློབ་གྲྭ་དེའི་བོད་ཡིག་དང་རྒྱ་ཡིག་གི་འཛིན་གྲྭ་བསྡོམས་ཉེར་གསུམ་ཡོད་པ་ལས་སློབ་མ་རེ་རེས་འཛིན་གྲྭའི་འཐུས་ཚབ་བྱས་ཏེ་༸ཀུན་གཟིགས་མཆོག་གི་མཛད་འཕྲིན་དང་མཐུན་པའི་རྩོམ་ཡིག་དང། འཁྲབ་སྟོན་བྱས་ཤིང་ཀུན་གཟིགས་མཆོག་གི་སྐུ་པར་མདུན་དུ་ཁ་བཏགས་སྒྲོན་པ་དང་། མཆོད་མེ་འབུལ་བ་སོགས་བོད་རང་གི་སྔར་སྲོལ་བཞིན་རྗེས་དྲན་བྱས་པ་མ་ཟད། དེ་ལས་མང་། »

ཀུན་གཟིགས་༧པཎ་ཆེན་རིན་པོ་ཆེའི་མྱ་ངན་རྗེས་དྲན་ཐེངས་ ༢༠ པ།

DSC03496

ཟླ་འདིའི་ཚེས་ ༣༠ ཉིན་ནི་ཀུན་གཟིགས་༧པཎ་ཆེན་སྐུ་ཕྲེང་བཅུ་བ་རྗེ་བཙུན་བློ་བཟང་ཆོས་ཀྱི་རྒྱལ་མཚན་མཆོག་དགོངས་པ་གཞན་དོན་དུ་གཤེགས་ནས་མི་ལོ་ཧྲིལ་བོ་ ༢༠ འཁོར་བའི་མྱ་ངན་དུས་དྲན་གྱི་ཉིན་མོ་ཡིན་ལ། ཉིན་དེར་གདན་ས་བཀྲ་ཤིས་ལྷུན་པོ་དགོན་གྱི་གོ་སྒྲིག་འོག་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཁོང་ཉིད་དགོངས་པ་གཞན་དུ་གཤེགས་ནས་མི་ལོ་ ༢༠ འཁོར་བར་མྱ་ངན་རྗེས་དྲན་གྱི་མཛད་སྒོ་འཚོགས་ཡོད། མཛད་སྒོ་མ་འཚོགས་པའི་སྔོན་དེར་བྱེས་ཀྱི་བཀྲ་ཤིས་ལྷུན་པོ་དགོན་པས་༧གོང་ས་མཆོག་ལ་བརྟན་བཞུགས་འདེགས་འབུལ་ཞུས་ཡོད། མཛད་སྒོའི་སྟེང་༧གོང་ས་མཆོག་དང་བཀའ་བློན་ཁྲི་པ་རྣམ་གཉིས་གཙོས་བཙན་བྱོལ་བོད་གཞུང་གི་མཛད་གཙོ་རྣམ་པ་དང་། སེར་སྐྱ་མི་མང་སྟོང་ཕྲག་བརྒལ་བ་འདུ་འཛོམས་བྱུང་ཡོད།
བཀྲ་ཤིས་ལྷུན་པོ་དགོན་གྱི་མཁན་པོ་བཀའ་ཆེན་བློ་བཟང་ཚེ་བརྟན་མཆོག་གིས་༧པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་གིས་སྐུ་ཚེ་ཧྲིལ་བོའི་རིང་བོད་མི་རིགས་དང་བསྟན་པ་ཆབ་སྲིད་ཀྱི་དོན་དུ་རླབས་ཆེ་ཞིང་། ལོ་རྒྱུས་ཀྱིས་དུས་ནམ་ཡང་བརྗེད་མི་སྲིད་པའི་གལ་ཆེའི་མཛད་རྗེས་ཁག་ཅིག་མི་མང་ལ་ངོ་སྤྲོད་གསུང་བཤད་གནང་བ་དང་། ༧པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་ནི་སངས་རྒྱས་བསྟན་པ་དང་བོད་འབངས་རྣམས་ཀྱི་ཆེད་དུ་དུས་ཚོད་གཉན་འཕྲང་ཅན་དེར་བསམ་བཞིན་བྱོན་པའི་སྐྱེ་བོ་དམ་པ་ཞིག་དང་། ཐུན་མོང་བའི་སྣང་ངོར་ཡང་བདེན་དོན་ཆེད་རང་ཉིད་ཀྱི་སྐུ་སྲོག་ལ་ཡང་ལྟོས་མེད་གཡོ་འགུལ་སྤུ་ཙམ་མེད་པའི་དམ་བཅའ་བཙན་པ། མཁྱེན་པ་དང་ཐུགས་ནུས་འགྲན་ཟླ་བྲལ་ཞིང་ཐུགས་བག་ཡངས་པ། ཕྱི་ཚུལ་སྐུ་དྲག་ལ་ནང་དུ་བྱམས་སེམས་ཆེ་ཞིང་། དེ་ལས་མང་། »

མི་དབང་ང་ཕོད་བཞུད་ཐལ། ལོ་རྒྱུས་བསླབ་བྱ་བཞག་ཡོད།

  • ལྷ་སྡེ་གནམ་ལོ་ཡག

    ཝེ་ཀེ་མིང་མཛོད་ཆེན་མོའི་ནང་ང་ཕོད་ངག་དབང་འཇིགས་མེད་ལགས་ནི་བོད་རིགས་ཡིན་པ་དང༌། འཁྲུངས་ཡུལ་ལྷ་ས་རེད། ཁོང་ ༡༩༥༥ ལོར་བཅིངས་འགྲོལ་དམག་གི་སྤྱི་དཔོན་འབྲིང་བར་བསྐོས་ཤིང༌། དེང་སྐབས་སྲིད་གྲོས་རྒྱལ་ཡོངས་མཐུན་ཚོགས་ཀྱི་ཚོགས་གཞོན་ཡིན་ཞེས་འཁོད་ཡོད། ཡང་ཁ་ཉིན་ཁོང་སྐུ་གཤེགས་པའི་དྲན་གསོར་རྒྱ་དམར་དབུས་གཞུང་གིས་རླབས་ཆེན་གྱི་རྒྱལ་གཅེས་པ་དང༌། སྙན་གྲགས་ཅན་གྱི་སྤྱི་ཚོགས་ལས་འགུལ་བ། བོད་མི་རིགས་ཀྱི་བུ་རྒོད་པོ། མི་རིགས་མཐུན་སྒྲིལ་ལ་གཞི་རྟེན་འཛུགས་མཁན་གྱི་དབུ་ཁྲིད་དམ་པ། རྒྱ་ནག་དམར་ཤོག་ཚོགས་པར་ཟབ་འདྲིས་ཆེ་བའི་གྲོགས་མཆོག་ཅེས་ཀྱང་བཀོད་འདུག

    གྲོས་མཐུན་ལ་མིང་རྟགས་བཀོད་མཁན་ཁོང་ཡིན་ལ། གྲོས་མཐུན་མ་བྱུང་ཟེར་མཁན་ཁོང་ཡིན།

    ངས་གོ་ཚོད་ལ་ ༡༩༨༩ ལོའི་ཟླ་ ༡༠ ཚེས་གང་རུང་ཞིག་ལ། ང་ཕོད་ཀྱིས་༧གོང་ས་མཆོག་ལ་ནོ་སྦེལ་ཞི་བདེའི་རྟགས་མ་རག་པའི་སྐོར་ལ་གཏམ་བཤད་སྤེལ་དགོས་བྱུང་ཞིང༌། དེ་ནི་རྒྱ་གཞུང་གིས་ཆེད་མངགས་གོ་སྒྲིག་བྱས་པ་ཞིག་ཡིན་པ་བཤད་མ་དགོས་ཤིང༌། སྐབས་དེར་ཁོང་གིས་དོན་ཚན་བཅུ་བདུན་བཞག་པའི་སྐབས་ཀྱི་ནང་གསང་དེ་ཚིག་གཅིག་གིས་མཐིལ་བརྡོལ་བར་བྱས་པ་ནི། ང་ཚོ་ཕྱོགས་གཉིས་ཀྱིས་གྲོས་མཐུན་བཞག་པ་དང་འབྲེལ། དེ་ལས་མང་། »

  • ཕུར་བུ་ཚེ་རིང་རིན་པོ་ཆེར་རྒྱ་ནག་གཞུང་གིས་ལོ་བརྒྱད་ལྷག་གི་ཁྲིམས་ཆད་བཅད་འདུག

    ཕུར་བུ་ཚེ་རིང་རིན་པོ་ཆེ།

    ཕུར་བུ་ཚེ་རིང་རིན་པོ་ཆེ།

    ཟླ་བ་འདིའི་ཚེས་༢༤ཉིན་དཀར་མཛེས་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་སྤྲུལ་སྐུ་སྤང་རི་སྣའམ་ཕུར་བུ་ཚེ་རིང་རིན་པོ་ཆེར་ལོ་བརྒྱད་དང་ཕྱེད་ཀའི་ཁྲིམས་ཆད་བཅད་པ་བོད་ནས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གནས་ཚུལ་མཁོ་སྤྲོད་བྱས་ཡོད་ནའང་ཞིབ་ཕྲའི་གནས་ཚུལ་གསལ་ཆ་མེད་འདུག
    ན་ནིང་གི་སྤྱི་ཟླ་ལྔ་བའི་ཚེས་༡༨ཉིན་རྒྱ་ནག་སྤྱི་བདེ་མི་སྣས་ཕུར་བུ་ཚེ་རིང་རིན་པ་ཆེས་ཁྲིམས་འགལ་གྱིས་མེ་མདའ་དང་མདེའུ་སྦས་སྐོང་དང་གོ་གནས་བེད་སྤྱོད་ཀྱིས་གཞུང་གི་ས་ཆ་བདག་འཛིན་བྱས་ཚུལ་གྱིས་འཛིན་བཟུང་བྱས་བ་དང་།ཁོང་གི་ཉལ་ཁྲིའི་འོག་ནས་མདེའུ་བརྒྱ་ལྷག་རྙེད་ཚུལ་བརྗོད་བཞིན་ཡོད་ཀྱང་།ཕུར་བུ་ཚེ་རིང་རིན་པོ་ཆེའི་པེ་ཅིན་གྱི་ཁྲིམས་རྩོད་པ་ལིས་ཅང་ཕེན་གྱིས་བརྗོད་ན་། དེ་ལས་མང་། »

    མདོ་སྨད་རྔ་བ་ཁུལ་གྱི་གྲྭ་བ་གཉིས་བཙོན་གྲོལ་ཐོབ་ཀྱང་དགོན་པ་ནས་ཕྱིར་ཕུད་བཏང་བ།

    212

    ཉེ་ལམ་གསར་འགྱུར་བརྒྱུད་ལམ་ཁག་ཏུ་ཐོན་པའི་ཆབ་སྲིད་བཙོན་པ་གྲྭ་ཆོས་སྐྱོང་དང་བཀྲ་ཚེ་གཉིས་རྒྱ་གཞུང་གིས་གློད་གྲོལ་བཏང་ནས་ཕྱིར་རྔ་བ་སྒོ་མང་དགོན་དུ་སླེབས་ཡོད་ཀྱང་། སྐབས་དེར་ཁོང་གཉིས་ཀྱི་ཕ་ཡུལ་མི་མང་དང་དགོན་པའི་གྲྭ་མང་གིས་བཙོན་གྲོལ་ཐོབ་པར་དགའ་བསུའི་སྣེ་ལེན་གཟབ་རྒྱས་གནང་སྟེ། རྔ་བ་སྒོ་མང་དགོན་དུ་གདན་འདྲེན་ཞུས་ཡོད་ནའང་། རྒྱ་གཞུང་གིས་ཁོང་གཉིས་དགོན་པ་ནས་བཞུགས་མི་ཆོག་པའི་བཀའ་རྒྱ་བཏང་སྟེ། དགོན་པ་ནས་ཕྱིར་ཕུད་བཏང་ཡོད་འདུག
    རྒྱ་གཞུང་གིས་གྲྭ་ཆོས་སྐྱོང་དང་བཀྲ་ཚེ་གཉིས་རྒྱ་གཞུང་ལ་ངོ་རྒོལ་བྱེད་པའི་གཏེ་བོ་ཡིན་པ་དང་། རྒྱལ་ཁབ་ཁ་བྲལ་བར་ངོས་འཛིན་བྱས་ཏེ་བཙོན་དུ་བཅུག་ཏེ་ལོ་གཅིག་ལྷག་འགོར་རྗེས་ཁོང་གཉིས་བཙོན་གྲོལ་བཏང་ཡང་། ད་ཆ་དགོན་པ་ནས་ཕྱིར་འཕུད་བཏང་ཡོད། ཡིན་ནའང་དགོན་པའི་འགན་འཛིན་དང་བླ་མ་རྣམས་ཀྱིས་ས་གནས་ཉེན་རྟོག་པར་ཞུ་བ་འཐེན་ཏེ་ད་ལྟ་ཁོང་གཉིས་དགོན་པ་ནས་རང་རང་གི་གྲྭ་ཤག་ཏུ་བཞུགས་ཆོག་པར་བཟོས་ཡོད་ཀྱང་། ཁོང་གཉིས་ཚོགས་དང་ཆོས་ར་གང་ལ་ཡང་ཕེབས་ཆོག་གི་མེད་འདུག དེ་ལས་མང་། »

    བོད་ནང་ཆོས་ལུགས་རང་དབང་མེད་པའི་དཔེ་མཚོན་གསལ་པོ་ཞིག

    རྒྱལ་རོང་ཚོ་བདུན་ཀིརྟིའི་དགོན་དུ་ཚད་མའི་དགུན་ཆོས་ཆེན་མོ་འཚོགས་རྒྱུར་དགྱ་ནག་གཞུང་གིས་བཀག་སྡོམ་བྱས་པ།
    ༄༅།། ༼ཀིརྟི་ཚང་གི་མ་བུ་དགོན་ལྷན་དུ་འཛོམས་པའི་ཚད་མའི་དགུན་ཆོས་ཆེན་མོ་༽ཐེངས་གསུམ་པ་རྒྱལ་རོང་ཚོ་བདུན་ཀིརྟིའི་དགོན་དུ་བོད་ཟླ་ ༡༡ པའི་ཟླ་དཀྱིལ་ནས་ཟླ་བ་གཅིག་རིང་འཚོགས་འཆར་ཡོད་པ་དེ་དགྱ་གཞུང་གིས་བཙན་ཤེད་དང་འཇིགས་སྐུལ་གྱི་སྒོ་ནས་འཚོགས་མ་བཅུག་པའི་གནས་ཚུལ་བྱུང་འདུག
    ཕྱི་ལོ་༢༠༠༧ལོར་སྟག་ཚང་ལྷ་མོ་ཀིརྟི་དགོན་དུ་ཀིརྟི་ཚང་གི་མ་བུ་དགོན་གྱིས་གཙོས་མདོ་སྟོད་སྨད་ཀྱི་དགོན་ཁག་ལྔ་བཅུ་ལྷག་ལྷན་དུ་འཛོམས་པའི་ཚད་མའི་དགུན་ཆོས་ཆེན་མོ་ཐེངས་དང་པོ་ཚུགས་པ་ནས་བཟུང༌། ཀིརྟི་ཚང་གི་གདན་ས་ཆེ་ཁག་བཞི་སྟེ་སྟག་ཚང་ལྷ་མོ་ཀིརྟི་དགོན་དང༌། རྔ་པ་ཀིརྟི་དགོན། ཚོ་བདུན་ཀིརྟི་དགོན། ཧོར་གཙང་ཀིརྟི་དགོན་བཅས་སུ་ལོ་ལྟར་རེས་མོས་ཀྱིས་ཚད་མའི་དགུན་ཆོས་ཆེན་མོ་འཚོགས་སྲོལ་ཚུགས་ཡོད་པ་ལྟར། སྔ་ལོ་ ༢༠༠༨ ལོར་ཐེངས་གཉིས་པ་རྔ་པ་ཀིརྟི་དགོན་དུ་ཚོགས་སྐབས་དགྱ་གཞུང་གིས་ས་གནས་རྔ་པ་རྫོང་ཁོངས་གཅིག་པུ་ལས་མཛོད་དགེ་སོགས་རྫོང་ཁག་གཞན་གྱི་དགོན་པ་རྣམས་མཉམ་ཞུགས་བྱེད་དུ་མ་བཅུག་པས་ཐོག་མའི་འཆར་གཞི་ཇི་བཞིན་འཚོགས་ཐུབ་མེད་པ་དང༌། འདི་ལོ་ ༢༠༠༩ ལོར་རྒྱལ་རོང་ཚོ་བདུན་ཀིརྟིའི་དགོན་དུ་ཐེངས་གསུམ་པ་འཚོགས་རེས་འཁེལ་བ་ལྟར། འདི་ལོའི་ལོ་མགོ་ནས་བཟུང་ཚོ་བདུན་དགོན་པས་དཔེ་ཁྲིད་རྩོད་གྲྭ་སོགས་འཆད་ཉན་ སློབ་གཉེར་ཐོག་དམིགས་བསལ་ཤུགས་སྣོན་དང༌། དགོན་ཁག་གཞན་ནས་ཕེབས་རྒྱུའི་དགེ་འདུན་པ་རྣམས་ཀྱི་བཞུགས་གནས་དང་འཚོ་བ། ཐ་ན་ལམ་དང༌། ཆུ། གློག་ཚུན་ཆད་ཡར་རྒྱས་བཏང་སྟེ་མཐུན་རྐྱེན་གྲ་སྒྲིག་ཨང་གསར་བྱས་ཡོད་པ་དང་དུས་མཚུངས་སུ། ཚད་མའི་དགུན་ཆོས་ཆེན་མོ་འཚོགས་རྒྱུར་དགྱ་ནག་གཞུང་གི་ཆོག་མཆན་ཐོབ་དགོས་པ་ལྟར་ས་གནས་འབར་ཁམས་རྫོང་དང་རྔ་པ་རང་སྐྱོང་ཁུལ་གྱི་འབྲེལ་ཡོད་ལས་ཁུངས་ཁག་ལ་ཆོག་མཆན་ཡོང་བའི་ྋསྙན་ཞུ་ཡིག་ངག་གཉིས་ཐོག་ནས་སྔ་རྗེས་ཐེངས་མང་ཕུལ་ཡོད་པ་རེད། དེ་ལས་མང་། »

    དཔལ་རྒྱལ་བ་ཀརྨ་པས་ཁོར་ཡུག་དྲ་ཚིགས་དབུ་འབྱེད་།

    CAPTION

    སྤྱི་ཟླ་༡༢པའི་ཚེས་ ༢༢ ཉིན་སྒྲུབ་བརྒྱུད་བསྟན་པའི་མངའ་བདག་དཔལ་རྒྱལ་བ་ཀརྨ་པ་ཨོ་རྒྱན་འགྲོ་
    འདུལ་འཕྲིན་ལས་རྡོ་རྗེ་མཆོག་གིས་གནས་མཆོག་རྡོ་རྗེ་གདན་ནས་ཁོར་ཡུག་སྲུང་སྐྱོབ་སྐོར་གྱི་དྲ་ཚིགས་གསར་པ་ ( www.khoryug.com ) ཞེས་པ་སྒོ་འབྱེད་གནང་ཡོད་ལ། དྲ་ཚིགས་གསར་པ་དེར་བོད་ཡིག་དང་དབྱིན་ཡིག་གཉིས་ཀ་ཡོད་ལ། བོད་ཡིག་གི་ཡིག་གཟུགས་རྒྱལ་སྤྱིའི་ཚད་ལྡན་ཨང་རྟགས་ཧི་མ་ལ་ཡའི་ཡིག་གཟུགས་ཡིན། ཁོར་ཡུག་དྲ་བའི་སྟེང་དུ་དཔལ་རྒྱལ་བ་ཀརྨ་པ་མཆོག་གི་ལོ་རྒྱུས་རགས་བསྡུས་དང་། བཀའ་བརྒྱུད་ཁོར་ཡུག་སྲུང་སྐྱོབ་ཚོགས་པའི་ལས་གཞི་ཁག དེ་བཞིན་ཁོར་ཡུག་སྲུང་སྐྱོབ་དང་འབྲེལ་བའི་པར་རིས་དང་གློག་བརྙན་བཅས་བཞག་ཡོད། དེ་ལས་མང་། »

    རྒྱ་ནག་གཞུང་གིས་རྩོམ་པ་པོ་གྲགས་ཅན་ལིག་ཞོ་པོ་ལ་ལོ་བཅུ་གཅིག་གི་ཁྲིམས་ཆད་བཅད་ཡོད་།

    liuxiaobo_s

    རྒྱ་ནག་གཞུང་དང་ལྟ་བ་མི་མཐུན་པ་དང་རྩོམ་པ་པོ་གྲགས་ཅན་ལིག་ཞོ་པོ་ཡིས་རྒྱ་ནག་ནང་ཆབ་སྲིད་ཐད་ཁྱོན་ཡོངས་ནས་བཅོས་བསྒྱུར་བྱས་ཏེ་།གུང་ཁྲན་ཏང་ཚོགས་པ་གཅིག་གིས་དབང་ཆ་སྒེར་སྡོམ་བྱེད་པའི་གནས་སྟངས་བསྒྱུར་བྱེད་དགོས་པའི་འབོད་སྐུལ་ཞུས་བར་བརྟེན།རྒྱ་ནག་གཞུང་གིས་ཁོང་ལ་རྒྱལ་ཁབ་མགོ་རྟིང་སློག་པར་ངན་སྐུལ་གྱི་ནག་ཉེས་བཙུགས་ཏེ་ལོ་བཅུ་གཅིག་གི་ཁྲིམས་ཐག་བཅད་ཡོད་པ་རེད་།ཚེས་༢༥ཉིན་རཔེ་ཅིན་འབྲིང་རིམ་ཁྲིམས་ཁང་གིས་གོང་བརྗོད་ཁྲིམས་ཆད་ཐག་གཅོད་ཁྱབ་བསྒྲགས་བྱས་རྗེས་སྐར་མ་ཁ་ཤས་རིང་ལིག་ཞོ་པོ་དང་ཁོང་གི་ཆུང་མ་ལིག་ཞ་གཉིས་ཐུག་འཕྲད་བྱེད་དུ་བཅུག་ཡོད་ལ་།རྗེས་སུ་ལིག་ཞ་ཡིས་གསར་འགོད་པ་ཚོར་གསུང་དོན་།ལིག་ཞོ་པོ་ཡིས་ཡར་གོང་རིམ་ལ་ཞུ་གཏུག་བྱེད་རྒྱུའི་བླང་བྱ་བཏོན་པ་ལྟར་།རང་གིས་ཁྱོ་གའི་རེ་བ་ལྟར་ཡར་ཞུ་གཏུག་བྱེད་རྒྱུ་ཡིན་ཟེར་།དེའི་སྔོན་ལ་ཁོ་མོས་ཁྲིམས་ཆད་ཕོག་རྗེས་ཞུ་གཏུག་བྱེད་རྒྱུ་མིན་པའི་རྣམ་འགྱུར་བསྟན་ཡོད་།
    དེ་བཞིན་སྤྱི་ལོ་༡༩༨༩ལོའི་རྒྱ་ནག་དམངས་གཙོའི་སློབ་མའི་ལས་འགུལ་གྱི་དབུ་ཁྲིད་ཝང་ཏན་གྱིས་གསལ་བསྒྲགས་སྤེལ་ཏེ་།འདི་ནི་རྒྱ་ནག་གཞུང་གིས་རྒྱ་ནག་མི་དམངས་ལ་ཡང་ཅིག་བརྙས་བཅོས་བྱས་པ་ཡིན་པས་རྒྱ་ནག་པ་ཚོས་དེ་བརྗེད་མི་སྲིད་ལ། དེ་ལས་མང་། »

    བོད་རྒྱ་གཞུང་གཉིས་ཀས་ང་ཕོད་ངག་དབང་འཇིགས་མེད་མཆོག་ལ་དྲང་ཕྱོགས་ཀྱི་གདེང་འཇོག་གནང་ཡོད་།

    pic71pic72

    རྗེས་དྲན་གུས་འདུད།

    ༢༠༠༩ ཕྱི་ཟླ་ ༡༢ ཚེས་ ༢༤ རེས་གཟའ་ཕུར་བུ།

    ༄༅།།བོད་གཞུང་བཀའ་ཟུར་ང་ཕོད་ངག་དབང་འཇིགས་མེད་མཆོག་སྐུ་ཚེའི་འཕེན་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ལ་བཙན་བྱོལ་བོད་གཞུང་བཀའ་ཤག་གིས་དམ་པ་དེ་ཉིད་ཀྱི་སྐུ་ཚེའི་མཛད་སྤྱོད་ལ་རྗེས་དྲན་དང་འབྲེལ་མྱ་ངན་གུས་འདུད་ཞུ་རྒྱུ་ཡིན།
    དམ་པ་དེ་ཉིད་ནི་སྲིད་སྐྱོང་སྟག་བྲག་རིན་པོ་ཆེ་མཆོག་གི་སྐུ་དུས་ནས་ཞབས་པད་དུ་བསྐོ་གཞག་གནང་བའི་གཞུང་ཞབས་བགྲེས་སོང་ཞིག་ཡིན་པ་མ་ཟད།དྲང་ཚུགས་དང་རྒྱལ་ཞེན་ཅན་དཀའ་ཚེགས་ཆེ་བའི་གནས་བབ་ཀྱི་འོག་ཏུའང་བདེན་པའི་གནས་ཚུལ་གསལ་སྟོན་གནང་རྒྱུའི་འབད་རྩོལ་གནང་མཁན་ཞིག་ཡིན།ཕྱི་ལོ་༡༩༨༠གྱ་གྲངས་ནང་སྐུ་ཚབ་དང་བལྟ་སྐོར་ཚོགས་ཆུང་སྔ་རྗེས་ལ་མཇལ་འཕྲད་སྐབས་དགའ་ལྡན་ཕོ་བྲང་གཞུང་གིས་རྒྱ་ནག་ལ་དཔྱ་ཁྲལ་འཇལ་བའི་ལོ་རྒྱུས་གཏན་ནས་མེད་སྐོར་མཛུབ་སྟོན་དང༌།གྲོས་མཐུན་དོན་ཚན་བཅུ་བདུན་བཞག་སྐབས་བོད་རིགས་ས་ཁུལ་ཡོངས་རྫོགས་གཅིག་གྱུར་དགོས་པའི་རེ་འདུན་བཏོན་པར་སྲིད་བློན་ཀྲོའུ་ཨེན་ལེ་ཡིས་ད་ལྟ་དུས་ཚོད་མ་རན་ཡང་རིམ་པས་དགོངས་བཞེས་གནང་འཐུས་ཁས་ལེན་གནང་བའི་དངོས་དོན་བདེན་དཔང་གནང་བ་དང༌། དེ་ལས་མང་། »

    བོད་ལྗོངས་མདོ་སྨད་ཆོལ་ཁའི་དྲ་རྒྱ་གསར་པ་སྒོ་འབྱེད།

    wwww_
    སྤྱི་ཟླ་༡༢པའི་༢༣ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༩ དང་ཕྱེད་ཀའི་ཐོག་གངས་སྐྱིད་སྤྱི་ཐབ་ཐོག་ཁང་དུ་མདོ་སྨད་དབུས་རྒྱུན་ལས་ཀྱིས་གསར་དུ་བཟོས་པའི་དྲ་ཚིགས་ ( www.dhomay.net ) ཞེས་པ་དབུ་འབྱེད་ཀྱི་མཛད་སྒོ་སྟབས་བདེ་ཞིག་བསྡུས་ཡོད་ལ། མཛད་སྒོའི་སྐུ་མགྲོན་གཙོ་བོར་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་དང་དམིགས་བསལ་སྐུ་མགྲོན་བཀའ་ཟུར་ཨ་ལག་འཇིགས་མེད་རིན་པོ་ཆེ་མཆོག མདོ་སྨད་དབུས་རྒྱུན་ཚོགས་གཙོ་ཡེ་ཤེས་སྒྲོལ་མ་དང་དབུས་རྒྱུན་ཚོགས་གཙོ་ཟུར་བ་རྣམ་པ། དེ་བཞིན་བཞུགས་སྒར་ཁུལ་གྱི་ཚོགས་པ་སྒྲིག་འཛིགས་ཁག་གི་སྐུ་ཚབ་བཅས་ཕེབས་འདུག བོད་ལྗོངས་མདོ་སྨད་ཆོལ་ཁའི་དྲ་རྒྱའི་གཙོ་ངོས་སུ་༧གོང་ས་མཆོག་གི་སྐོར་དང་བོད་ནང་གི་གསར་འགྱུར། བཙན་བྱོལ་ནང་གི་གསར་འགྱུར། རྒྱལ་སྤྱིའི་གསར་འགྱུར་བཅས་ཚན་པ་བཞི་རུ་བགོས་འདུག་ལ། གཡོན་ཟུར་དུ་དྲ་འབྲེལ་ཁག་དང་དཔེ་དེབ་ཁག འོག་ཏུ་གསལ་བསྒྲགས་བཅས་འདུག མདུན་ངོས་ཀྱི་སྒང་དུ་༼ དབུས་རྒྱུན་ལས་ཁང ༽ དང་ ༼ མདོ་སྨད་སྤྱི་བཤད ༽ ༼ དབུ་མའི་ལམ ༽ ༼ རྒྱ་ནག་ངོ་སྤྲོད ༽ ༼ ས་བྱི་ལོའི་ཞི་རྒོལ་ཆེན་མོ ༽ ༼ བཙན་བྱོལ་བོད་གཞུང ༽ ༼ བཀའ་སློབ ༽ ༼ དོལ་རྒྱལ་གྱི་སྐོར ༽ བཅས་སྡེ་ཚན་ཆེ་ཁག་བརྒྱད་འདུག་ལ། སྡེ་ཚན་དེ་དག་རེ་རེ་ལའང་ནང་གསེས་ཚན་པ་མང་པོར་དབྱེ་འདུག གཞན་གློག་བརྙན་དང་པར། ས་ཁྲ། ༧གོང་ས་མཆོག་གི་གསུང་ཆོས་སྒྲ་ལྡན་བཅས་ཀྱང་འདུག དེ་ལས་མང་། »

    WordPress Themes