བོད་ཀྱི་ཐ་སྙད་གསར་པའི་སྐོར་གྱི་མིང་མཛོད་དེབ་གཉིས།

ཉེ་བའི་ཆར་བོད་ནང་ནས་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་མཆོག་གིས་གཙོ་འགན་རྩོམ་སྒྲིག་གནང་བའི་< <རྒྱ་བོད་དབྱིན་གསུམ་གསར་བྱུང་རྒྱུན་བཀོལ་མིང་མཛོད་>>ཅེས་པ་དེ་པར་སྐྲུན་བྱས་ཡོད་པ་དང། དེབ་དེའི་ནང་དུ་ཐ་སྙད་ཁྲི་གཅིག་ལྷག་དང།་ཤོག་ངོས་༩༤༡ ཙམ་ཡོད་པ་རེད། དེ་བཞིན་ལོ་གཅིག་གི་སྔོན་ཙམ་ལ་< <རྒྱ་བོད་དབྱིན་གསུམ་གསར་བྱུང་རྒྱུན་བཀོལ་རིས་འགྲེལ་མིང་མཛོད་>>ཅེས་པ་པར་སྐྲུན་བྱས་ཡོད་པ་དང། དེབ་དེའི་ནང་དུ་ཐ་སྙད་༡༩༠༠ ཙམ་དང། ཚོན་ལྡན་པར་རིས་༡༣༩༠ ཙམ་བཀོད་ཡོད་པ་རེད།
དེབ་དེ་གཉིས་ནི་མདོ་དབུས་ཁམས་གསུམ་གྱི་མཁས་པ་ཉི་ཤུ་ལྷག་གིས་རྩོམ་སྒྲིག་གནང་བ་དང། མཁས་པ་སུམ་ཅུ་ཙམ་ལས་ཞུགས་བྱས་ཏེ་གསར་རྩོམ་དང། སྒྲིག་སྦྱོར་བྱས་པ་ཞིག་རེད། བོད་མི་རིགས་དང་རིག་གཞུང་ཆག་འཇིག་གི་དུས་སྐབས་འདིར་མིང་མཛོད་གསར་པ་འདི་འདྲ་ཞིག་པར་སྐྲུན་གནང་བ་ནི་མི་རིགས་ཀྱི་རིག་གཞུང་འཕེལ་རྒྱས་ཀྱི་གོམ་སྟབས་ཆེན་པོ་ཞིག་ཡིན་ལ། མདོ་དབུས་ཁམས་གསུམ་གྱི་མཁས་དབང་མང་པོ་ཞིག་མཉམ་འཛོམས་ཀྱིས་ཕྱག་ལས་གནང་བ་ཞིག་ཡིན་པས། ལུང་ཚན་རེ་ཟུང་གི་ཡུལ་སྐད་ལྟ་བུ་མིན་པ་དང། ཐ་སྙད་གསར་པ་དེ་ཚོ་བེད་སྤྱོད་བྱེད་མ་བདེ་བའི་བོད་པའི་རིག་གཞུང་དང་འབྲེལ་མེད་ལྟ་བུའི་ཐ་སྙད་ཀྱང་ཤིན་ཏུ་ཉུང་བས། ཚང་མས་ཐ་སྙད་གསར་པ་དེ་དག་ལ་ཐུགས་སྣང་དང་ལག་བསྟར་བྱེད་ཆོག་པའི་ཁྱད་ནོར་ཞིག་རེད་འདུག།ང་ཚོ་ཚང་མས་བོད་སྐད་ཐ་སྙད་ཀྱིས་འདང་གི་མེད་པའི་སྐད་ངན་སྒྲོག་མཚམས་བཞག་ནས། ཐ་སྙད་གསར་པ་འདི་དག་སྦྱང་རྒྱུའི་དུས་ཚོད་ལ་སླེབས་འདུག དེ་ལས་མང་། »

མདོ་སྨད་རྔ་བ་ཁུལ་དུ་དགེ་འདུན་ཚོའི་ཁ་པར་ཨང་གྲངས་སོགས་བསྡུ་རུབ་བྱེད་བཞིན་ཡོད་།

ཟླ་འདིའི་ཕྱི་ཚེས་ ༢༨ ཉིན་བོད་ནང་གི་འབྲེལ་ཡོད་མི་སྣ་ཞིག་གིས་བཤད་པ་ལྟར་ན། ཟླ་འདིའི་ནང་རྔ་པ་སྒོ་མང་དགོན་པ་དང་ཀིརྟི་དགོན་པའི་དོགས་ཡོད་དགེ་འདུན་པ་སྐོར་ཞིག་གི་ཁ་པར་ཨང་གྲངས་དང་གླེང་མོལ་ཨང་གྲངས་སོགས་དགོན་པའི་དོ་དམ་ལ་བརྒྱུད་ནས་རྔ་བ་ས་གནས་ཉེན་རྟོག་པས་བསྡུ་རུབ་བྱེད་ཀྱིན་འདུག་ཟེར། ད་སྐབས་རྔ་བ་སྒོ་མང་དགོན་པ་སོགས་རྔ་བ་རྫོང་གི་དགོན་སྡེ་ཁག་ཅིག་ནི་དགོན་པའི་དགུན་གནང་གུང་གསེང་སྐབས་ཡིན་སྟབས། དགེ་འདུན་པ་མང་བོ་རང་རང་གི་ཕ་ཡུལ་དུ་ལོག་ཚེ་སོ་སོའི་ས་གནས་སུ་བོད་དོན་གྱི་ལས་འགུལ་དང་ཡང་ན་ས་གནས་དེ་དག་གི་གནས་ཚུལ་ཕྱི་ཕྱོགས་སུ་ཁྱབ་བསྒྲགས་བྱེད་པར་དོགས་ནས་དེ་འདྲ་གནང་གི་ཡོད་པའི་སྐོར་དགེ་འདུན་པའི་ནང་ཁུལ་ན་ལབ་གླེང་བྱེད་ཀྱིན་འདུག་ཟེར། ད་སྐབས་དགེ་འདུན་པ་མང་བོ་ཞིག་རང་རང་གི་ཕ་ཡུལ་དུ་གུང་གསེང་ལ་ཕྱིན་ཡོད་སྟབས། གྲོགས་པོ་ཕན་ཚུན་བར་ཁ་པར་ནང་སྐད་ཆ་བཤད་དུས་སྐད་ཆ་དམར་པོ་མ་བཤད་ཅེས་པའི་བཤད་སྲོལ་ཞིག་ཆགས་ཡོད་རབས་ཀྱང་བརྗོད་སོང་། དེ་ལས་མང་། »

བསམ་ཚུལ་རེ་གཉིས།

  • གསལ་འགྲེལ།འདི་ནི་རྒྱ་ནག་གཞུང་གིས་༧གོང་ས་མཆོག་ལ་ཁ་གཏད་བཅག་ན་གོ་གནས་སྤྲད་ཆོག་ཟེར་བའི་གསར་འགྱུར་ཐད་ལ་བསམ་ཚུལ་བཏོན་པ་ཞིག་མཆན་བུའི་ནང་སྤེལ་ཡོད་ཀྱང་།བསམ་ཚུལ་མ་འདྲ་བ་ཞིག་ཡིན་པས་ཚང་མས་དོ་སྣང་ཆེད་དུ་མདུན་ངོས་རྩོམ་ཡིག་གྲས་སུ་བཞག་པ་དང་ཁ་བྱང་རྩོམ་སྒྲིག་པས་སྦྱར་བའོ།

    བསྟན་འཛིན།
    ང་རང་སྥྱིར་ཆབ་སྲིད་རྩོད་གླེང་བྱེད་པར་དགའ་མཁན་ཞིག་མིན་རུང་། ད་རེས་བརྗོད་གཞི་འདིའི་ཐོག་ལ་བསམ་ཚུལ་ཞིག་ཞུ་བར་ཐལ་སོང་། གུས་པར་ཡང་གནས་ཚུལ་འདི་འདྲ་བ་ཞིག་དང་འབྲེལ་བ་བྱུང་སོང་བས་ཡིན། ༡༽ ད་ལྟའི་བོད་ནང་གི་གནས་སྟངས་དང་མ་འོངས་པའི་ཁ་ཕྱོགས། རྒྱལ་སྤྱིའི་གནས་བབ་སོགས་ལ་བལྟས་ནས་བརྗོད་ན། བོད་ནང་གི་སྤྲུལ་སྐུ་དང་ནུས་ཤུགས་འདོན་ཐུབ་པའི་མི་སྣ་རྣམས་ཀྱིས་ཆབ་སྲིད་དང་རྒྱའི་སྲིད་གཞུང་ལ་ངོ་རྒོལ་མ་བྱས་པར། ཁ་ཞེ་གཉིས་མེད་ཀྱིས། བོད་ནང་ལ་སློབ་གསོ་དང་། སྤྱི་ཚོགས་ལ་ཞབས་འདེགས། རིག་གནས་སྲུང་སྐྱོབ་བྱེད་པའི་བྱ་གཞག་རྣམས་ལ་སེམས་ཆུང་གིས་སྒྲུབ་ན། འདིས་བོད་མི་དམངས་ལ་ཕན་པ་ཤིན་དུ་ཆེ་བ་མ་ཟད། རང་གི་མི་ཚེའི་སྙིང་བོ་ཡང་ཆེ་ཆེར་འཕེལ་སྙམ། བོད་རང་བཙན་གྱི་ལས་འགུལ་སྤེལ་བས་ན། ངེད་ཚོ་སྤྱི་སྒེར་ཚང་མར་ཕམ་ཉེས་བྱུང་བ་ལས་ཁ་ཡོད་ལག་ཡོད་ཀྱི་ཕན་པ་ཞིག་འཐོབ་བམ། ༢༽ ཆབ་སྲིད་ཀྱི་ངོ་རྒོལ་སོགས་སྤེལ་བས་ན། ཕྱི་ལ་སྦིར་སྒྲ་ཆེ་རུང་། ནང་ལ་སློབ་གསོ་དང་ཤེས་ཡོན། རིག་གཞུང་དར་སྤེལ་བྱེད་པ་སོགས་ལ་གནོད་པ་ཤིན་དུ་ཆེ་བའི་འགལ་རྐྱེན་བསྐྲུན་པར་བྱེད། དེ་ལས་མང་། »

  • ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་བོད་ཀྱི་ཆོས་དད་རང་དབང་སྐོར་གྱི་སྙན་ཐོ་བོད་ཡིག་ནང་བསྒྱུར།

    ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་སྤྱི་ལོ་༢༠༠༩ལོའི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་སྙན་ཐོའི་ནང་བོད་ཀྱི་ཆོས་དད་རང་དབང་སྐོར་གྱི་ནང་དོན་ཁག་ཐོག་མར་བོད་ཡིག་ནང་བསྒྱུར་ཡོད་པ་རེད་།
    བཙན་བྱོལ་བོད་གཞུང་གི་དྲ་གནས་ཐོག་གནས་ཚུལ་བཀོད་པ་ལྟར་ན།ཟླ་བ་འདིའི་ཚེས་༢༦ཉིན་ཨ་རིའི་གཞུང་གིས་བཏོན་པའི་སྤྱི་ལོ་༢༠༠༩ལོའི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་ལོ་འཁོར་སྙན་ཐོའི་ནང་འཛམ་གླིང་གི་རྒྱལ་ཁབ་ཉིས་བརྒྱ་ཙམ་གྱི་ཆོས་དད་རང་དབང་གི་གནས་སྟངས་ཀྱི་ལོ་འཁོར་སྙན་ཐོ་བཏོན་པའི་ནང་བོད་ཀྱི་ཆོས་དད་རང་དབང་སྐོར་གྱི་སྙན་ཐོ་དེ་ཟླ་བ་འདིའི་ཚེས་༢༧ཉིན་བོད་ཡིག་ནང་བསྒྱུར་ནས་བཏོན་ཡོད་ལ་།དེ་ནི་ཨ་རིའི་གཞུང་གིས་བོད་ཡིག་ནང་བསྒྱུར་བའི་སྙན་ཐོ་ཐོག་མ་དེ་ཡིན་པ་དང་།སྤྱིར་བཏང་གོང་བརྗོད་སྙན་ཐོ་དེ་ད་ལྟའི་བར་སྐད་ཡིག་མི་འདྲ་བ་༡༤༨ནང་སོ་སོའི་ཡུལ་གྱི་གནས་སྟངས་ཤེས་རྟོགས་དང་ཁྱབ་སྤེལ་ཆེད་ཡིག་བསྒྱུར་བྱེད་བཞིན་ཡོད་པ་རེད་ དེ་ལས་མང་། »

    གླུ་བ་སོག་ཕྲུག་བཀྲ་ཤིས་དོན་གྲུབ་ལ་ལོ་གཅིག་ལྷག་གི་ཁྲིམས་ཆད་བཅད་འདུག

    Soktruk Tashidondup

    རྒྱ་ནག་གཞུང་གིས་གླུ་བ་སོག་ཕྲུག་བཀྲ་ཤིས་དོན་གྲུབ་ལ་ཆབ་སྲིད་ཀྱི་ནང་དོན་འདྲེས་པའི་གླུ་གཞས་བླངས་ཚུལ་གྱི་ནག་ཉེས་བཙུགས་ཏེ་ལོ་གཅིག་དང་ཟླ་བ་བདུན་གྱི་བཙོན་འཇུག་ཉེས་ཆད་བཅད་འདུག
    ན་ནིང་གི་སྤྱི་ཟླ་བཅུ་གཉིས་བའི་ཚེས་༣ཉིན་ཉེན་བྱོལ་དུ་ཡོད་པའི་གླུ་བ་སོག་ཕྲུག་བཀྲ་ཤིས་དོན་གྲུབ་དང་བཟའ་ཟླས་ཟི་ལིང་དུ་ཟ་མ་སྐབས་རྨ་ལྷོ་ཡུལ་རྒན་རྫོང་གི་ཉེན་རྟོག་པས་འཛིན་བཟུང་བྱས་པ་དང་།རྗེས་སུ་ཟི་ལིང་གྲོང་ཁྱེར་གྱི་བཙོན་ཁང་ཞིག་ཏུ་ཟླ་བ་གཉིས་ཙམ་ལ་བཙོན་འཇུག་སྐབས་གཅར་རྡུང་མང་པོ་བྱས་ཡོད་པ་དང་།དེའི་རྗེས་རྨ་ལྷོ་ཡུལ་རྒན་སོག་རྫོང་གི་བཙོན་ཁང་ནང་བསྐྱལ་ཡོད་ལ་།ཉེ་ཆར་སོག་པོ་རྫོང་ཁྲིམས་ཁང་གིས་ཆབ་སྲིད་ཀྱི་ནང་དོན་འདྲེས་པའི་གླུ་གཞས་བླངས་པའི་ནག་ཉེས་འོག་ལོ་གཅིག་དང་ཟླ་བ་བདུན་གྱི་ཁྲིམས་ཆད་བཅད་པ་དང་། དེ་ལས་མང་། »

    གླུ་བ་བསམ་ཁོར་རྒྱ་ནག་ཡོངས་ཁྱབ་རོལ་དབྱངས་རྩེ་ཕུད་བཅུའི་མཚན་སྙན་ཐོབ།

    Samkho-1Samkho-2

    མཚོ་སྔོན་པོ་དྲ་རྒྱའི་གནས་ཚུལ་ལྟར་ན། རྒྱ་ནག་ནང་༢༠༠༩ལོའི་ལོ་འཁོར་སྤྲོ་སྐྱིད་རིགས་ཀྱི་ཡོངས་ཁྱབ་རོལ་དབྱངས་རྩེ་ཕུད་ཀྱི་བྱ་དགའ་སྤྲོད་པའི་མཛད་སྒོ་དེ་ཟླ་བ་འདིའི་ཚེས་༢༠ཉིན་པེ་ཅིན་དུ་བསྐྱངས་ཡོད་པ་དང༌། བོད་མདོ་སྨད་རྔ་བ་ནས་ཡོང་པའི་གླུ་བ་བསམ་ཁོ་ལ་༢༠༠༩ལོའི་རྒྱ་ནག་ཡོངས་ཁྱབ་རོལ་དབྱངས་རྩེ་ཕུད་བཅུ་ཡི་མཚན་སྙན་ཐོབ་འདུག
    མཐའ་མའི་འགྲན་བསྡུར་སྟེང་གླུ་བ་བསམ་ཁོ་ཡིས་རོལ་དབྱངས་པ་ཧིག་མའོ་ཡངས་ཀྱིས་ཚིག་དང་དབྱངས་བརྩམས་པའི་༼ཡིད་འཕྲོག་བུ་མོ་མེ་ཏོག་འདྲ་༽ཞེས་པའི་མཛའ་གླུ་དེ་བླངས་ཡོད་འདུག ཐེངས་འདིའི་ཤན་འབྱིན་པ་གཙོ་བོ་ནི་རྒྱ་ནག་གི་འཁྲབ་འཁྲིད་པ་སྐད་གྲགས་ཅན་ཡུག་ཞོ་གང་དང་རོལ་དབྱངས་སྒྲིག་སྦྱོར་མཁན་ལེ་ཆོན་ཡིན་ཞིང༌། དེ་མིན་མི་རྣམས་གྱིས་དྲ་རྒྱ་བརྒྱུད་འོས་ཤོག་འཕེན་པ་དང་ཆེད་མཁས་པས་དཔྱད་གཅོད་བཅས་ཀྱི་ལམ་ནས་མཇུག་མཐར་བརྙན་གཟིགས་དང་རོལ་དབྱངས་ཁྲོད་ཀྱི་རྩེ་ཕུད་བཅུ་འདེམས་པ་རེད་ཅེས་གནས་ཚུལ་ནང་བཀོད་འདུག དེ་ལས་མང་། »

    རྒྱ་ནག་གཞུང་གིས་ཏཱ་ལའི་བླ་མར་ཁ་གཏད་བྱས་ན་གོ་གནས་སྤྲོད་ཚུལ་བརྗོད་འདུག

    བཟའ་ཧཱ་སྤྲུལ་སྐུ་ངག་དབང་དགའ་ལྡན་རིན་པོ་ཆེ།

    བཟའ་ཧཱ་སྤྲུལ་སྐུ་ངག་དབང་དགའ་ལྡན་རིན་པོ་ཆེ།

    ཉེ་ཆར་བོད་ནས་དྷ་རམ་ས་ལར་བོད་མི་ཁག་ཅིག་སྐྱབས་བཅོལ་དུ་འབྱོར་ཡོད་པ་དང། དེའི་ནང་ནས་ཁམས་རྒྱལ་ཐང་གི་བཟའ་ཧཱ་སྤྲུལ་སྐུ་ཡང་སྐྱབས་བཅོལ་དུ་ཕེབས་ཡོད་པ་རེད། བོད་ཁམས་རྒྱལ་ཐང་ནས་ཡིན་པ་བཟའ་ཧཱ་སྤྲུལ་སྐུ་ངག་དབང་དགའ་ལྡན་ཕྱི་ལོ་༡༩༦༦ ལོར་རྒྱལ་ཐང་རྟ་དབང་གྲོང་ཚོར་འཁྲུངས་པ་དང་།རྒྱལ་ཐང་སྲོང་བཙན་གླིང་དགོན་པ་ནས་རབ་ཏུ་བྱུང༌། ༡༩༨༥ ལོར་རྒྱ་གར་ལ་འབྱོར་ནས་ལྷོ་ཕྱོགས་གདན་ས་སེ་ར་ཆོས་སྒོར་ཞུགས། ༡༩༩༢ ལོར་ཕྱིར་ཕ་ཡུལ་དུ་ལོག་ཡོད་ལ།ཕྱི་ལོ་༢༠༠༧ ཟླ་༡༢ ཚེས་༡༦ ཉིན་སྲོང་བཙན་དགོན་དུ་བོད་དོན་དང་འབྲེལ་བའི་སྦྱར་ཡིག་འགྲེམས་སྤེལ་གནང་ཡོད་པ་རེད།
    བོད་ཀྱི་བང་ཆེན་གསར་འགོད་པས་ཁོང་ལ་བཅར་འདྲི་ཞུས་པར་།སྦྱར་ཡིག་དེའི་ནང་དོན་ཐད་ཁོང་གིས་གསུང་དོན། བདེ་ཆེན་རང་སྐྱོང་ཁུལ་གྱི་བོད་མི་རྣམས་ལ་ཁྱབ་བསྒྲགས་ཤིག་སྤེལ་གྱི་ཡིན། གནའ་སྔ་མོ་ནས་བོད་འདི་རང་བཙན་རྒྱལ་ཁབ་ཅིག་ཡིན་ཞིང༌། རང་ཁུལ་མི་མང་ཡོངས་ཀྱི་དགོན་སྡེ་ཁག་གི་སྤྲུལ་སྐུ་དང་སེར་མོ་བ་ཡོངས་ནས་རྒྱ་ནག་དམར་ཤོག་གི་གཙོ་འཛིན་ཧུའུ་ཅིང་ཐོ་ལ་ཁ་གཏད་གཅོག་དགོས་པ་དང༌། དེ་ལས་མང་། »

    ༢༠༠༩ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ལོ་འཁོར་སྙན་ཐོ།

    annual report 2009

    ༢༠༠༩ ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་གྱི་སྙན་ཐོ་ཞིག་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་སྤེལ་ཡོད་པ་རེད། རྒྱ་ནག་གཞུང་གིས་བོད་མི་གྲངས་ ༡༥༨༥ ཙམ་བཀག་སྐྱིལ་བྱེད་བཞིན་པ་ཤེས་རྟོགས་བྱུང་བ་དང། དེའི་ནང་ཤེས་རྟོགས་བྱུང་བ་མི་གྲངས་ ༣༣༤ ཙམ་ལ་ཚད་གཞི་མི་འདྲ་བའི་ཁྲིམས་ཆད་བཏང་ཡོད། བོད་ནང་གང་བྱུང་འཇུ་བཟུང་གི་གནས་ཚུལ་ཚབས་ཆེན་ཐོན་བཞིན་ཡོད་པ་དང༌། ༢༠༠༩ ལོ་འདི་ཁོ་ནར་ཤེས་རྟོགས་བྱུང་བར་ཉུང་མཐར་བོད་མི་གྲངས་ ༣༠༠ ཙམ་གང་བྱུང་འཇུ་བཟུང་གིས་མུ་མཐུད་བཀག་ཉར་བྱེད་བཞིན་ཡོད་པ་རེད་ཅེས་བརྗོད་སོང།
    ཟླ་འདིའི་ཚེས་༢༢ ཉིན་བོད་ཀྱི་འགྲོ་བའི་མིའི་ཐོབ་ཐང་དང་མང་གཙོའི་འཕེལ་རྒྱས་ལྟེ་གནས་ཁང་གིས་གངས་སྐྱིད་ལྷག་པ་ཚེ་རིང་ཚོགས་ཁང་དུ་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཡོད་པ་དང། ༢༠༠༩ ལོའི་བོད་ནང་གི་འགྲོ་བ་མའི་ཐོབ་ཐང་གི་གནས་སྟངས་སྐོར་གྱི་ལོ་འཁོར་སྙན་ཐོ་འགྲེམས་སྤེལ་བྱས་ཡོད་པ་རེད། ལོ་འཁོར་སྙན་ཐོ་དེ་དབྱིན་ཡིག་དང་བོད་ཡིག་གཉིས་ཀྱི་ཐོག་ནས་དེབ་གཉིས་ཡོད་པའི་ནང་༢༠༠༩ ལོར་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང། ཆོས་ལུགས་དད་པ་རང་མོས་ཡོད་མེད་སྐོར། རྒྱ་ནག་གཞུང་གིས་བོད་མི་དམར་གསོད་བཏང་བ་དང། ཚེ་བཙོན་བྱས་པ། བཙོན་འཇུག་བཀག་སྐྱུལ་བྱས་པ་སོགས་ཀྱི་གནས་འཁོད་ཡོད་པ་རེད། སྐབས་དེར་གནས་ཚུལ་མདོར་བསྡུས་བྱས་པའི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ནང་འཁོད་དོན། ཕྱི་ལོ་ ༢༠༠༩ ལོ་འདི་ནི་རྒྱ་ནག་གཞུང་གིས་བོད་ནང་གཞི་རྒྱ་ཆེ་བའི་བོད་མིའི་ཞི་རྒོལ་ལ་དྲག་གནོན་བྱས་ཏེ་ལོ་གཅིག་སོང་ཡང་དྲག་རྡུང་གི་ཐབས་ལམ་ངན་པ་མཚམས་འཇོག་མེད་པར་མུ་མཐུད་དེ་བོད་མིའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་ཚབས་ཆེན་བཏང་བའི་ལོ་ཞིག་ཡིན། དེ་ལས་མང་། »

    རྒྱ་གར་ས་གནས་ཤིག་གི་མཛངས་མའི་གཟེངས་རྟགས་བོད་མོ་ཞིག་ལ་ཐོབ་འདུག

    miss kodon

    ཟླ་འདིའི་ཚེས་༣ཉིན་སྦེལ་ཀོབ་ཅོ་ཀུར་གཞིས་ཆགས་ནས་ཡིན་པའི་བུ་མོ་སྒྲོལ་མ་ཚེ་རིང་ལགས་སུ་ཀོ་ཌོན་མཛངས་མའི་གཟེངས་རྟགས་ཐོབ་ཡོད་པ་རེད།
    དེ་ཡང་བྷེལ་ཀོབ་ནས་ཚེ་དབང་རྡོ་རྗེ་ལགས་ཀྱིས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ཀོ་ཌོན་མཛངས་མ་ཞེས་པ་ནི་རྒྱ་གར་ལྷོ་ཕྱོགས་ཏ་མིལ་ན་དྷུའི་མངའ་སྡེ་ནང་ཡོད་པའི་གྲོང་ཁྱེར་ཀོ་ཡམ་བྷ་ཏུར་ནང། ཀོ་ཌོན་མཛངས་མ་ཞེས་ས་ཁུལ་མཛངས་མའི་འགྲན་སྡུར་བྱེད་ཀྱི་ཡོད་པ་དང། དེ་ནི་ས་གནས་ཀྱི་མཐོ་རིམ་སློབ་མ་དང་དེ་མིན་གཟུགས་བྱད་དང་བསམ་བློའི་མཛངས་སྤྱོད་ལྡན་པའི་བུ་མོ་ཚོ་འཛུལ་ཞུགས་ཀྱིས་འགྲན་སྡུར་བྱེད་སའི་གར་སྟེགས་ཞིག་ཡིན་པ་རེད། ད་ལོའི་དེ་གའི་མཛངས་མའི་འགྲན་སྡུར་ནང་རྒྱ་གར་བའི་བུ་མོ་༡༣ དང༌། དེ་ལས་མང་། »

    རྒྱ་ནག་གིས་༧གོང་ས་མཆོག་གི་སྐུ་ཚབ་ཀྱིས་གོ་སྐབས་དམ་འཛིན་བྱེད་དགོས་ཟེར།

    དེང་སྐབས་༧གོང་ས་མཆོག་གི་སྐུ་ཚབ་རྣམ་པ་བོད་རྒྱའི་འབྲེལ་མོལ་ཆེད་རྒྱ་ནག་ཏུ་ཕེབས་ཡོད་པ་དང་རྒྱ་ནག་ཕྱོགས་ནས་ཐེངས་འདིའི་གོ་སྐབས་དམ་འཛིན་བྱེད་དགོས་ཚུལ་བརྗོད་འདུག བཙན་བྱོལ་བོད་གཞུང་དང་རྒྱ་ནག་གི་འབྲེལ་མོལ་མཚམས་ཆད་ནས་ལོ་གཅིག་ལྷག་འགོར་བའི་རྗེས་སུ་ཟླ་བ་འདིའི་ཚེས་༢༥ཉིན་༧གོང་ས་མཆོག་གི་སྐུ་ཚབ་རྣམ་པ་རྒྱ་ནག་ཏུ་བོད་རྒྱ་འབྲེལ་མོལ་ཐེངས་དགུ་བ་གནང་ཆེད་ཕེབས་ཡོད་པ་དང་།དེ་རིང་རྒྱ་ནག་ཕྱི་འབྲེལ་ལྷན་ཁང་གི་གསར་འགོད་ལྷན་ཚོགས་ཐོག་ཕྱི་རྒྱལ་གྱི་གསར་འགོད་པས་གནད་དོན་དེའི་ཐད་དྲི་བ་འདྲི་སྐབས་།རྒྱ་ནག་ཕྱི་འབྲེལ་ལྷན་ཁང་གི་མགྲིན་ཚབ་པ་མྭ་ཀྲོ་ཞོའུ་ཡིས་ཏྭ་ལའི་བླ་མའི་དགོས་འདུན་བཏོན་པ་ལྟར་རྒྱ་ནག་དབུས་གཞུང་འབྲེལ་ཡོད་སྡེ་ཚན་གྱིས་ཏྭ་ལའི་བླ་མ་སྐུ་སྒེར་གྱི་འཐུས་ཚབ་ཕྱིར་རྒྱལ་ནང་དུ་ལོག་ནས་ལྟ་སྐོར་དང་འབྲེལ་མཐུད་གྲོས་བསྡུར་བྱེད་བཞིན་ཡོད་ཚུལ་དང་ཁོས་མུ་མཐུད་དུ་བརྗོད་དོན། དེ་ལས་མང་། »

    WordPress Themes