ཟླ་བ་འདིའི་ཚེས་ ༢༦ ཉིན་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། དཀར་མཛེས་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཉེ་ཆར་རྒྱལ་ཁབ་ཁ་བྲལ་གྱི་ངན་སྐུལ་དང་། སྤྱི་ཚོགས་བདེ་འཇགས་ལ་གཏོར་བརླག་བཏང་བའི་ནག་ཉེས་བཙུགས་ནས་བོད་མི་པད་མ་ཡེ་ཤེས་ལ་ལོ་གཉིས་ཕྱིར་འགྱངས་ཀྱི་སྲོག་ཁྲིམས་དང་།གཞན་བོད་མི་བསོད་ནམས་མགོན་པོར་ཚེ་བཙོན་དང་། ཚེ་དབང་རྒྱ་མཚོ་ལ་ལོ་བཅུ་དྲུག་གུ་བཙོན་འཇུག་ཁྲིམས་ཆད་བཅད་འདུག
ཡང་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་གསན་ཚུལ་སྤེལ་བ་ལྟར་ན། ༢༠༠༩ ལོའི་ཟླ་ ༢ པའི་ཚེས་ ༢༨ ཉིན་ཉག་རོང་རྫོང་ཐང་སྐྱིད་ཤང་གྲོང་བརྡལ་ནང་བོད་རང་བཙན་གྱི་སྦྱར་ཡིག་བཀྲམ་པ་དང་། ཐང་སྐྱིད་ཤང་སྲིད་གཞུང་གི་གཞུང་ལས་ཁང་ལ་མེ་སྐྱོན་བྱུང་ཡོད་པ་རེད། དོན་རྐྱེན་བྱུང་རྗེས་ཀྱི་ཟླ་ ༣ པའི་ཚེས་ ༡༡ ཉིན་ཉག་རོང་རྫོང་གི་སྤྱི་བདེ་ཉེན་རྟོག་པས་ཤང་སྲིད་གཞུང་གིས་དོན་རྐྱེན་དེ་དག་དང་དོགས་གཞི་ཡོད་ཚུལ་གྱིས་པད་མ་ཡེ་ཤེས་དང་། བསོད་ནམས་མགོན་པོ། ཚེ་དབང་རྒྱ་མཚོ་བཅས་རང་ཁྱིམ་ནས་འཛིན་བཟུང་བྱས་ནས་ཟླ་བ་ལྔ་རིང་གར་སོང་ཆ་མེད་དུ་གྱུར་ཡོད་ལ། དེ་རྗེས་སི་ཁྲོན་གྱི་ཁྲིན་ཏུའུ་ནང་བཀག་ཉར་བྱས་ཡོད་པ་ཤེས་རྟོགས་བྱུང་འདུག དེ་ལས་མང་། »
གངས་ལྷ་མོ།
༡ ཕོ་མོ་འདྲ་མཉམ་མིན།
སྤྱིའི་ཆ་ནས་བཤད་ན།འགྲོ་བ་མིའི་རིགས་སུ་ཕོ་མོ་གཉིས་དང་མ་ནིང་བཅས་ཀྱི་རྟགས་མཚན་མི་འདྲ་བའི་ནང༌།ཕོ་མོ་གཉིས་འདྲ་མཉམ་ཡིན་མིན་སྐོར་གླེང་ཡོང་དུས།ཁོ་མོས་བསམ་ན་ཕྱོགས་གཉིས་ནས་བཤད་དགོས་པར་བསམ་སྟེ།ཕོ་མོ་གཉིས་པོའི་ལུས་སེམས་གཉིས་ཀྱི་ཐད་ནས་འདྲ་མཉམ་མམ་གཅིག་མཚུངས་མ་ཡིན་པའི་ཁྱད་པར་ཆེ་ཞིང༌།དེའི་སྐོར་གནས་སྟངས་ཀྱང་གསལ་བརྗོད་ཅིག་དགོས་གལ་ཆེ་བར་མཐོང༌།
ཐོག་མར་ཕོ་མོ་གཉིས་ཀྱི་ལུས་སེམས་གཅིག་མཚུངས་མིན་པའི་སྒྲུབ་བྱེད་ཕོ་མོའི་ཕུང་པོའི་གྲུབ་སྟངས་ཀྱི་ཆ་ནས་ཁྱད་པར་ཡོད་དེ།མོ་ལ་མཚོན་ན།རང་ཉིད་སྐྱེས་ནས་བཟུང་སྟེ་བུ་དང་གཅིག་མཚུངས་སུ་སྐྱེ་འཕེལ་གྱི་གོ་རིམ་མཉམ་པ་ཞིག་ཡོད་ཀྱང༌།བུ་མོ་རང་ལོ་བཅུ་གསུམ་ཙམ་ལ་སོན་དུས་ཟླ་མཚན་བབ་པའི་གློ་བུར་བའི་གཟུགས་ཕུང་གི་འགྱུར་ལྡོག་ཆེས་ཆེར་འབྱུང་བར་བརྟེན།དུས་མཚུངས་སུ་བུ་མོའི་སེམས་ཁམས་ལའང་རྒྱུན་དུ་གནོན་ཤུགས་ཤིག་འཕྲད་བཞིན་པ་ཡིན།དེ་ཡང༌།གཟུགས་ཕུང་གི་འགྱུར་ལྡོག་དེར་རིམ་བཞིན་གོམས་འདྲིས་སོང་རྗེས་སླར་ཡང་ལུགས་མཐུན་དང་གུ་ཡངས་ཀྱི་མདུན་ལམ་དུ་རྒྱུ་མོད།དེ་ནས་ལོ་ངོ་བཅུ་གྲངས་ཀྱི་རྗེས་སུ་གཞོན་ནུ་མ་ཕལ་ཆེར་ལང་ཚོ་དར་ལ་བབ་པའི་སྐབས་སུ་ཁྱིམ་ཚང་གི་ལས་སྒོར་འཇུག་པ་དང༌།ཁྱིམ་གཞིའི་རྒས་འཁོགས་དང་བུ་རྒྱུད་གསོ་སྐྱོང་དགོས་ལ།ཕྲུ་གུ་སྐྱེད་སྲིང་གི་གོ་རིམ་ཁོ་ནས་ཀྱང་བུད་མེད་རྣམས་ཕོ་དང་མི་འདྲ་བ་གྱ་གྱུར་གྱི་ལམ་བུར་ཞུགས་དགོས་པར་རྟོགས་ཐུབ།མངལ་འཁོར་བའི་བུད་མེད་ཚོའི་གཟུགས་ཕུང་འཕྲོད་བསྟེན་འཐུས་ཚང་བྱུང་མིན་སོགས་ལ་བརྟེན་ནས་དམིགས་བསལ་མོ་ནད་རིགས་གང་མང་གིས་ཀྱང་མོ་ཡི་ལུས་སེམས་གཉིས་ལ་དཀའ་སྡུག་སྣོན་མ་ཞིག་འཕྲད་བཞིན་པ་རེད།གནས་སྟངས་དེ་དག་ལ་བརྟེན་ནས་བུད་མེད་ནི་ཕོ་དང་མི་འདྲ་བར་མི་ཚེའི་ནང་དུ་གཟུགས་ཕུང་གི་གནས་སྟངས་ཐད་འགྱུར་ལྡོག་བསྟུད་མར་འགྲོ་བཞིན་པ་དེས་བུད་མེད་ཚོའི་སེམས་ཁམས་ལའང་གནོད་སྐྱོན་ངེས་ཅན་ཐེབས་བཞིན་པ་ཡིན།འདི་ནི་ཁོ་མོས་བརྗོད་བསམ་པའི་ཕོ་མོ་འདྲ་མཉམ་མིན་པའི་ཕྱོགས་གཅིག་གི་རྒྱུ་མཚན་ཡིན་ཞིང༌།བུད་མེད་ཀྱི་གཟུགས་ཕུང་གི་འགྱུར་ལྡོག་དེ་དག་སུས་ཀྱང་སྣང་མེད་སྐྱུར་ནས་སྤྱི་མཚུངས་ཀྱི་ལྟ་སྟངས་འཛིན་མི་རུང་ཞིང༌།བསམ་ཤེས་དང་རྒྱུས་ལོན་གྱིས་དཀའ་ངལ་དེ་དག་སེལ་ཐབས་བྱེད་ན་དགེ་མཚན་ཆེ་བར་སྙམ། དེ་ལས་མང་། »
ཐེངས་འདིར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་ནང་གཟིགས་སྐོར་དུས་སུ་ཨ་རིའི་སྐད་གྲགས་ཅན་གྱི་སུའི་ཨིན་ཨིན་བརྙན་འཕྲིན་ཁང་གི་ལེ་རོས་ཁེན་ཐད་གཏོང་ལེ་ཚན་གྱི་གཙོ་སྐྱོང་པ་ལེ་རོས་ཁེན་གྱིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ཐེངས་འདིའི་ཨ་རིའི་སྲིད་འཛིན་ཨོ་བྷ་མ་དང་མཇལ་འཕྲད་གནང་བ་གཙོས་བོད་དོན་དང་འབྲེལ་བའི་གནད་དོན་མང་པོ་ཞིག་གི་ཐོག་བཅར་འདྲི་གནང་ཡོད་པ་བཞིན་།ཡང་༧གོང་ས་མཆོག་ལ་ཡང་སྲིད་ཀྱི་སྐོར་ལ་དྲི་བ་འདོན་སྐབས་།༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་གལ་སྲིད་བོད་མི་མང་ཆེ་ཤོས་ཀྱིས་ཏྭ་ལའི་བླ་མའི་སྤྲུལ་སྐུའི་ལམ་ལུགས་འདི་དུས་རབས་ཀྱི་རྗེས་ལ་ལུས་ཡོད་པ་བསམ་གྱི་ཡོད་ན་།ལམ་ལུགས་འདི་མཇུག་རྫོགས་འོས་ཤིང་ངོས་ནས་བསམ་འཆར་གང་ཡང་མེད་ཅེས་དང་།༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་ནག་གཞུང་གིས་ང་ལས་ལྷག་པའི་ཐུགས་ཁུར་བྱེད་ཀྱི་ཡོད་པ་འདྲ་ཞེས་གསུང་ཡོད་།ཚེས་༢༥ཉིན་རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་ལྷན་ཁང་མངའ་འོག་གི་ཀྲུང་གོའི་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ཟེར་བའི་དྲ་བའི་ཐོག་གནས་ཚུལ་དེ་ལུང་འདྲེན་གྱིས་ཏྭ་ལའི་སྤྲུལ་སྐུའི་ལམ་ལུགས་ལ་ལོ་ངོ་སུམ་བརྒྱ་ཙམ་གྱི་ལོ་རྒྱུས་ཡོད་ཚུལ་དང་།ཏྭ་ལའི་བཤད་སྲོལ་དེས་ནང་བསྟན་ལོ་རྒྱུས་ལ་བརྩི་འཇོག་མ་བྱས་པ་ཡིན་ཚུལ་གྱིས་སྐྱོན་བརྗོད་བྱས་འདུག ཡང་རྒྱ་ནག་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཁང་གི་ཚན་ཞིབ་སྡེ་ཚན་གྱི་འགན་འཛིན་ལེན་ཞང་མིན་ཟེར་བ་ཞིག་གི་སྐད་ཆ་ལུང་འདྲེན་བྱས་ཏེ་།༧གོང་ས་མཆོག་གིས་གནས་བབ་མི་འདྲ་བའི་འོག་གཏམ་མི་འདྲ་བ་བཤད་པ་དེ་གཙོ་བོ་དམངས་གཙོར་ཁ་གཡར་ས་དང་མཚན་སྙན་གྲགས་རྒྱས་ཆེད་ཡིན་ཚུལ་དང་།དེ་ནི་ཁོང་དང་མཐའ་འཁོར་གྱི་མི་ཉུང་ཤོས་ཤིག་གི་ལྟ་བ་ཡིན་པས་།རྒྱལ་ནང་གི་བོད་ལྗོངས་མི་དམངས་ཀྱི་ལྟ་བ་མིན་ཚུལ་གྱི་གནས་ཚུལ་བཀོད་འདུག
རྒྱ་ནག་གཞུང་གིས་གནས་འཕྲིན་དྲ་བར་སྟངས་འཛིན་བྱེད་རྒྱུ་ཤུགས་ཆེ་རུ་བཏང་ནས་།གནས་འཕྲིན་དྲ་བ་ཐོ་འགོད་བྱེད་མཁན་སུ་རུང་གིས་ངེས་པར་དུ་ཐད་ཀར་སྲིད་གཞུང་གི་ལྟ་རྟོག་སྡེ་ཚན་དང་ངོ་འཕྲོད་ཀྱིས་རང་ཉིད་ཀྱི་ཐོབ་ཐང་ལག་ཁྱེར་སོགས་བདེན་དཔང་ཡིག་ཆ་མཁོ་སྤྲོད་བྱེད་དགོས་པའི་གཏན་འབེབས་གསར་བ་བཟོས་ཡོད་ལ་།རྒྱ་ནག་བཟོ་ལས་དང་བརྡ་འཕྲིན་ཁྱབ་སྤེལ་ལྷན་ཁང་གིས་བརྗོད་ན།གཏན་འབེབས་འདིའི་དམིགས་ཡུལ་ནི་གནས་འཕྲིན་དྲ་བ་རྒྱུད་ཆགས་སྲེད་ཀྱི་ནང་དོན་བཀོད་པའི་རིགས་བཀག་འགོག་ཆེད་ཡིན་ཟེར་།
ཡིན་ནའང་དྲ་གནས་ཀྱི་ཁེ་དབང་སྲུང་སྐྱོབ་མི་སྣས་བརྗོད་ན།གཏན་འབེབས་འདི་ནི་སྲིད་གཞུང་གིས་གནས་འཕྲིན་དྲ་བར་ཞིབ་བཤེར་གྱི་རྣམ་པ་གསར་བ་ཞིག་རེད་ཟེར།
མིག་སྔར་གནས་འཕྲིན་དྲ་བ་ཁ་ཤས་ཀྱིས་ཕྱི་ལོག་ནས་ཐོ་འགོད་བྱས་ཏེ།སྲིད་གཞུང་གི་སྟངས་འཛིན་ལས་གཡོལ་ཐབས་བྱེད་བཞིན་པ་རེད་།
རྒྱ་ནག་ནི་འཛམ་གླིང་ཐོག་གནས་འཕྲིན་དྲ་བ་བེད་སྤྱོད་བྱེད་མཁན་མང་ཤོས་དེ་ཡིན་པ་དང་།ཧ་ལམ་གནས་འཕྲིན་དྲ་བ་བེད་སྤྱོད་བྱེད་མཁན་དུང་ཕྱུར་གསུམ་དང་བྱེ་བ་བརྒྱད་ཡོད་པར་ཡིད་ཆེས་བྱེད་བཞིན་ཡོད་།དེ་བཞིན་དེང་སང་བོད་ནང་དུའང་དགོན་སྡེ་དང་ན་གཞོན་ཤེས་ཡོན་པ་།སློབ་གྲྭ་ཆེ་འབྲིང་གི་སློབ་མའི་ཁྲོད་གནས་འཕྲིན་དྲ་བ་བེད་སྤྱོད་བྱེད་མཁན་མང་དུ་འགྲོ་བཞིན་ཡོད་།

ྋགོང་ས་མཆོག་དང་སྐུ་ཞབས་ལེ་རོས་ཁེན་རྣམ་གཉིས།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༢ ཚེས་ ༢༡ ཉིན་ཨ་རིའི་གྲོང་ཁྱེར་ལོ་སི་ཨེན་ཇེ་ལི་སིའི་(Los Angeles)ནང་ཡོད་པའི་ཨ་རིའི་གྲགས་ཅན་བརྙན་འཕྲིན་(CNN)ཞེས་པའི་གསར་འགྱུར་གཙོ་སྐྱོང་བ་སྐུ་ཞབས་ལེར་རི་ཀིང་(Larry King) ལགས་ཀྱིས་ྋགོང་ས་མཆོག་ལ་སྐར་མ་ ༤༥ ཙམ་གྱི་རིང་ཆེད་དོན་དྲི་བ་ཞུས་པར་བཀའ་ལན་ཕེབས་པ་སྙིང་བསྡུས་ཤིག་ཟུར་འདོན་ཞུས་ཡོད་པ་གཤམ་གསལ།
དྲི་བ། སྲིད་འཛིན་ཨོ་བྷ་མ་དང་མཇལ་འཕྲད་དེ་ག་འདྲ་བྱུང་ཡོད་དམ།
བཀའ་ལན།ཁོ་རང་གྲོས་ཚོགས་གོང་མའི་ཚོགས་མི་ཡིན་པའི་སྐབས་ནས་ངོས་དང་ཐུག་མྱོང་ཡོད། དངོས་གནས་གཞོན་སྐྱེས་ཡིད་ལ་བབ་པོ་ཞེ་དྲག་འདུག སྲིད་འཛིན་འོས་བསྡུའི་སྐབས་སུའང་ཁོང་གིས་ངོས་ལ་ཁ་པར་བཏང་སྟཻ་བོད་ཀྱི་གནད་དོན་སྐོར་ལ་བཀའ་འདྲི་གནང་བྱུང༌། ད་ཆ་སྐུ་ཞབས་ཨོ་བྷ་མ་མཆོག་སྲིད་འཛིན་ཞིག་ཡིན་པའི་ཆ་ནས་ཀྱང་ངོས་རང་དང་འབྲེལ་བ་ཕྲན་བུ་ཡོད། ལོ་སྔོན་མར་མཇལ་འཕྲད་ཞུ་རྒྱུའི་གོ་སྐབས་བྱུང་ཡོད་ཀྱང་མཇལ་ཐུབ་མེད། སྲིད་འཛིན་མཆོག་པེ་ཅིང་(Peking)དུ་རྒྱལ་དོན་འཚམས་གཟིགས་ལ་མ་ཕེབས་གོང་མཇལ་འཕྲད་བྱ་རྒྱུ་ངོས་རང་ཉིད་ནས་ཀྱང་ཡག་པོ་ཞིག་མཐོང་མ་བྱུང་ལ་སྲིད་འཛིན་མཆོག་ལ་ཡང་བསམ་ཚུལ་དེ་མཚུངས་འདུག དེ་ལས་མང་། »
ཕྱི་ཟླ་ ༢ ཚེས་མགོ་ཞིག་ལ་མཚོ་སྔོན་ཡུལ་ཤུལ་ནང་ཆེན་གཙོས་པའི་ས་ཁུལ་ ༣༠ ཙམ་དུ་ཡིག་ཆ་མང་པོ་ཞིག་སྦྱར་འགྲེམས་བྱས་ཡོད་འདུག་ལ། ལོ་གསར་ཚེས་གཉིས་ཡས་མས་ལ་ནང་ཆེན་ས་ཁུལ་གྱི་བོད་རིགས་ཚོང་བ་ ༥ རྒྱ་གཞུང་གིས་འཛིན་བཟུང་བྱས་ཡོད་འདུག དེ་ནི་སྦྱར་ཡིག་དེ་དག་ཏུ་ནང་ཆེན་ས་ཁུལ་གྱི་བོད་རིགས་ཚོང་པ་ཐུན་མོང་གིས་འགྲོ་སོང་བཏང་སྟེ། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ཞབས་བརྟན་བསྒྲུབ་རྒྱུ་དང་། བོད་རིགས་ཡོངས་ཀྱིས་མཐུན་ལམ་ལྡོག་རྩ་གཅིག་སྒྲིལ་བྱ་དགོས་སྐོར་སོགས་བཀོད་ཡོད་འདུག སྦྱར་ཡིག་དེའི་མཇུག་ཏུ་ཟླ་ ༢ ཚེས་ ༢ ཞེས་བཀོད་ཡོད་འདུག་ཀྱང་། དངོས་སུ་སྦྱར་འགྲེམས་བྱས་པའི་དུས་ཚོད་གསལ་བོ་ཤེས་རྟོགས་བྱུང་མི་འདུག་ལ། དེ་བཞིན་འཛིན་བཟུང་བྱས་པའི་ཚོང་བ་དེ་དག་གི་མིང་དང་ད་ལྟའི་གནས་སྟངས་སོགས་ཀྱང་ཁ་གསལ་མི་འདུག
༼ཡོང་ཁུངས།བོད་ཀྱི་དུས་བབ།༽

༢༠༡༠ ཕྱི་ཟླ་ ༢ ཚེས་ ༢༢ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༢ ཚེས་ ༢༡ ཉིན་བཞུགས་སྒར་རྡ་སའི་ཡོངས་གླིང་ཚོགས་ཁང་དུ་བོད་ཀྱི་སྐད་ཡིག་རྒྱུན་འཛིན་ཚོགས་པ་དང་བོད་ཀྱི་སྐད་ཡིག་གཅེས་སྐྱོང་ལས་འགུལ་ཚོགས་པ་གཉིས་ཀྱིས་གོ་སྒྲིག་འོག་རྒྱལ་སྤྱིའི་ཕལ་སྐད་ཉིན་མོ་དང་སྟབས་བསྟུན་བགྲོ་གླེང་ཞིག་ཚུགས་ཡོད།
དེ་ཡང་ཉིན་རྒྱབ་ཆུ་ཚོད་ ༢།༠༠ ཐོག་སྐུ་མགྲོན་གཙོ་བོ་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་དང༌། ཤེས་རིག་ཟུང་དྲུང་ཀརྨ་སྨོན་ལམ་ལགས། ས་རཱ་མཐོ་སློབ་ཀྱི་སློབ་དགེ་བསོད་ནམས་རྒྱལ་མཚན་ལགས་བཅས་ཀྱི་དབུས་པའི་གོང་གསལ་ཚོགས་པ་གཉིས་ཀྱི་འཐུས་མི་དང༌། རྡ་སའི་ན་གཞོན་བཅས་མི་མང་བརྒྱ་ཕྲག་ལྷག་ཙམ་ཚང་འཛོམས་ཐོག་བོད་ཀྱི་སྐད་ཡིག་རྒྱུན་འཛིན་ཚོགས་པའི་ཚོགས་གཙོ་ཚུལ་ཁྲིམས་སངས་རྒྱས་ལགས་ཀྱིས་རྒྱལ་སྤྱིའི་ཕལ་སྐད་ཉིན་མོ་སྲུང་བརྩི་དང་འབྲེལ་བའི་བགྲོ་གླེང་ངོ་སྤྲོད་གནང་གྲུབ་མཚམས་ཤེས་རིག་ཟུང་དྲུང་ཀརྨ་སྨོན་ལམ་ལགས་ཀྱིས་བོད་ཕྱི་ནང་གཉིས་སུ་མིང་ཚིག་གསར་སྒྱུར་སྐོར་ལ་གསུང་བཤད་གནང༌། དེ་རྗེས་ས་རཱ་མཐོ་སློབ་ཀྱི་སློབ་དགེ་བསོད་ནམས་རྒྱལ་མཚན་ལགས་ཀྱིས་བོད་ཀྱི་བརྡ་སྤྲོད་སྐོར་ལ་གསུང་བཤད་གནང་མཚམས་མི་མང་རྣམས་ཀྱི་གོང་གསལ་བརྗོད་གཞི་གཉིས་ཀྱི་ཐོག་དྲི་བ་དྲིས་ལན་གནང༌། དེ་ནས་སྐུ་མགྲོན་གཙོ་བོ་བཀའ་ཁྲི་མཆོག་གིས་བོད་ཀྱི་སྐད་ཡིག་རྒྱུན་འཛིན་བྱེད་སྟངས་སྐོར་ལ་གསུང་བཤད་གནང་དོན། བོད་ཀྱི་སྐད་ཡིག་རྒྱུན་འཛིན་ཚོགས་པ་དང་བོད་ཀྱི་སྐད་ཡིག་གཅེས་སྐྱོང་ལས་འགུལ་ཚོགས་པ་གཉིས་ཀྱི་ཕྱག་ལས་གནང་མཁན་གྲོགས་པོ་ཚང་མར་དེ་རིང་ཁྱེད་རང་ཚོས་བོད་ཀྱི་སྐད་ཡིག་རྒྱུན་འཛིན་ཡོང་རྒྱུའི་ཆེད་དུ་ལས་འགུལ་སྤེལ་བ་དང་དེ་བཞིན་འདིར་བགྲོ་གླེང་གནང་བ་གཉིས་ཀར་ངས་རྗེས་སུ་ཡི་རང་དང་ལེགས་གསོའི་བསྔགས་བརྗོད་ཞུ་གི་ཡོད། སྤྱིར་བཏང་ང་ཚོའི་བོད་སྐད་ཀྱི་རིག་པའི་གཞུང་ལུགས་མང་ཆེ་བ་ཞིག་ལེགས་སྦྱར་གྱི་སྐད་ནས་ཡོང་བ་ཞིག་ཡིན། ལེགས་སྦྱར་གྱི་སྐད་ནང་ཡ་རབས་ཀྱི་སྐྱེས་བུ་དམ་པའི་སྐད་དང་ཕལ་པའི་སྐད་ཅེས་ཡོད། ཐ་སྙད་དེ་དང་མཚུངས་པའི་བོད་སྐད་ནང་ལའང་ཁ་སྐད་དང་ཡིག་སྐད་ཅེས་ནས་བརྗོད་ཚིག་གཅིག་དང་ཕལ་སྐད་དང་ཆོས་སྐད་ཅེས་བརྗོད་ཚུལ་མི་འདྲ་གཉིས་ཡོད། དེ་ལྟ་བུའི་བསམ་ཚུལ་གྱི་ཐོག་ནས་དེ་རིང་གི་ཉིན་མོ་འདི་དམིགས་བསལ་དམ་པའི་སྐད་དང་ཕལ་སྐད་གཉིས་ཀྱི་ནང་ནས་ཕལ་སྐད་ཀྱི་ཉིན་མོ་སྲུང་བརྩི་གནང་གི་ཡོད་ན། དེ་ཡང་གནས་ཚུལ་ཐ་དད་རེད། ད་ལྟ་རྒྱལ་ཚོགས་ཀྱི་ཡན་ལག དེ་ལས་མང་། »
བྱ་དོར་ཕུན་ཚོགས་དབང་ཕྱུག
དུས་བཞིའི་ནམ་ཟླའི་འགྱུར་བག་ཀློང་ནས་དགུན་གྱི་གཤེད་མ་ཁད་ཀྱིས་ལྷགས།།
བྱང་རླུང་རྩུབ་མོའི་རལ་གྲི་རྣོན་པོས་རྩི་ཤིང་འདབ་མ་མཁའ་ལ་གཏོར།།
ཁྲུང་ཁྲུང་དཀར་མོས་ལྷོ་མོལ་སྙེག་པའི་སྟོང་སྐད་ས་ལ་ཟགས་པའི་དུས།།
ཡུལ་འཁྱམས་བུ་ཡི་བསམ་གཞིག་རིང་མོ་དུས་ཚིགས་ཤིག་གི་སྣེ་མོར་འཇུས།།
རྩེད་ར་བོར་བའི་བྱིས་སེམས་སྙི་མོས་དབྱངས་ གསལ་སོ་བཞིའི་མཛེས་པར་འཐམས།།
དྭངས་མའི་བློ་ཡི་རྣོ་ལྕགས་གཅིག་གིས་ཡབ་མེས་དམ་པའི་རྣམ་ཐར་ཀློག།
དབེན་ཞིང་འཇམ་པའི་རི་གྲོང་འདི་ནས་རྒྱལ་ཁམས་འཇལ་བའི་རིགས་པ་རྙེད།།
ལས་དབང་བཙན་པོའི་ལྡེམ་འགྲོས་ཤིག་ལས་ཕ་གཞིས་འཚོལ་བའི་གོ་རིམ་སྙེག།
ལོ་དང་ཟླ་བའི་རྩིབས་སྟོང་ཁྲོད་དུ་པོ་ཏ་ལ་ཡི་ཁེར་སུན་རིག།
ཉིན་དང་མཚན་མོའི་རྨི་ལམ་ཞིང་དུ་སྲོང་བཙན་བང་སོའི་ཆག ས་འཇིག་གླེང༌།།
དུས་ཀྱི་ཚགས་སྒྲ་རེ་རེའི་དབུས་ན་གདོང་དམར་བོད་ཀྱི་ལས་དབང་སྒོམ།།
མི་རབས་གསུམ་པའི་རྡོག་མཁྲེས་ལྕི་མོས་བདག་གི་སྒལ་གཞུང་ཁྲག་གིས་བརླན།།
དེ་ལས་མང་། »
བོད་རྒྱ་འབྲེལ་མོལ་ཐེངས་དགུ་པའི་སྐབས་༸གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་རྣམ་པས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐུ་ཚབ་ཚོར་ཕུལ་བའི་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་གྱི་འགྲེལ་བརྗོད།
ངོ་སྤྲོད།
ཡིག་ཆ་འདིིའི་ནང་ཕྱི་ལོ་ ༢༠༠༨ ཟླ་ ༡༠ ཚེས་ ༣༡ ཉིན་པེ་ཅིང་དུ་འབྲེལ་མོལ་ཐེངས་བརྒྱད་པའི་སྐབས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལ་ཕུལ་བའི་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་(འདིའི་རྗེས་‘‘བསམ་འཆར་’’ཞེས་འབོད་རྒྱུ།)ནང་གསལ་བའི་དོན་གནད་རྣམས་ཀྱི་ཐོག་རྒྱ་ནག་དབུས་གཞུང་གི་ཐུགས་འཚབ་དང་དགག་བྱ་གཙོ་ཆེ་ཁག་ལ་འགྲེལ་བརྗོད་བྱས་ཡོད། འབྲེལ་མོལ་སྐབས་བློན་ཆེན་ཏུའུ་ཆིང་ལིན་དང་བློན་ཆེན་གཞོན་པ་ཀྲུའུ་ཝེ་ཆོན་རྣམ་གཉིས་ནས་གནང་བའི་ལན་འདེབས་གསུང་བཤད་དང་། ཡིག་ཐོག་ཡོད་པའི་ལན། དེའི་རྗེས་སུ་སྤེལ་བའི་བསྒྲགས་གཏམ་ཁག་ལ་ཞིབ་དཔྱད་བྱས་སྐབས་‘‘བསམ་འཆར་’’ནང་གསལ་བའི་གནད་དོན་ཁ་ཤས་རྒྱ་ནག་དབུས་གཞུང་གིས་མ་རྟོགས་པའམ་ལོག་པར་རྟོགས་པས་འགྲེལ་བརྗོད་བྱས་འདུག
རྒྱ་ནག་དབུས་གཞུང་གིས་‘‘བསམ་འཆར་’’དེ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་འགལ་བ་མ་ཟད། རྒྱུན་འཁྱོངས་གསུམ་དང་ཡང་འགལ་བ་ཡིན་པར་གསུངས་འདུག ང་ཚོའི་ངོས་ནས་བོད་མིའི་དགོས་མཁོ་རྣམས་རྩ་ཁྲིམས་སུ་གསལ་བའི་རང་སྐྱོང་གི་དགོངས་དོན་ནང་འཚོལ་ཐུབ་པ་དང་། ‘‘བསམ་འཆར་’’གྱི་ནང་དོན་རྣམས་རྩ་ཁྲིམས་དང་རྒྱུན་འཁྱོངས་གསུམ་དང་འགལ་བ་གཏན་ནས་མེད་པར་ངོས་འཛིན་བྱེད་ཀྱི་ཡོད་པས། དེ་ལས་མང་། »

གོང་ས་མཆོག་གིས་དམངས་གཙོའི་བྱ་དགའི་རྟགས་མ་བཞེས་བཞིན་པ།
ཟླ་བ་འདིའི་ཚེས་༡༩ཉིན་ཨ་རིའི་དམངས་གཙོ་ཐེབས་རྩ་ཁང་གིས་ཨ་རིའི་གྲོས་ཚོགས་ཀྱི་དཔེ་མཛོད་ཁང་དུ་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་དམངས་གཙོའི་ཞབས་ཞུ་གཟེངས་རྟགས་ཞེས་པ་དེ་ཕུལ་ནས་གོང་ས་མཆོག་གིས་དམངས་གཙོ་དང་འགྲོ་བ་མིའི་ཐོབ་ཐང་ཐད་སྐུ་ངལ་བསྐྱོན་པའི་མཛད་རྗེས་ལ་ཆེ་བསྟོད་གནང་ཡོད་པ་རེད་།དེ་བཞིན་གཟེངས་རྟགས་མཛད་སྒོའི་ཐོག་ཨ་རིའི་གློག་བརྙན་འཁྲབ་སྟོན་པ་རོས་ཆར་ཌི་གྷར་དང་བཙན་བྱོལ་བོད་གཞུང་གི་ནིག་ཡོག་དོན་གཅོད་སོགས་གནད་ཡོད་མི་སྣ་གཙོས་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་བརྒྱ་ཕྲག་ཁ་ཤས་ཞུགས་ཡོད་པ་རེད་།༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བྱ་དགའི་རྟགས་མ་བཞེས་སྐབས་འདི་ནི་ངོས་ནས་འཛམ་གླིང་གི་འགྲོ་བ་མིའི་རིགས་དུང་ཕྱིར་དྲུག་ཅུའི་བདེ་སྡུག་ལེགས་བཅོས་ཆེད་ལག་རྗེས་ཕྲན་བུ་བཞག་པར་མཐོང་ཆེན་བྱས་པར་བསམ་ནས་སྤྲོ་བ་ཆེན་པོ་སྐྱེས་ཞེས་གསུངས་ཡོད་།
ནུབ་ཕྱོགས་ཀྱི་མི་རྣམས་ཀྱིས་ཡོངས་ཁྱབ་ཀྱིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནི་འགྲོ་བ་མིའི་བདེ་སྡུག་ལ་ཐུགས་ཁུར་དང་དམངས་གཙོ་དར་སྤེལ་གནང་མཁན་ཞིག་ཏུ་ངོས་འཛིན་གནང་གི་ཡོད་།
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དམངས་གཙོའི་ལམ་ལུགས་འོས་ཤིང་འཚམས་པར་འཁོར་སྐྱོད་བྱེད་དགོས་ན་གཙོ་བོ་སློབ་གསོར་རག་ལས་པ་ནན་གསུང་གནང་ཡོད་། དེ་ལས་མང་། »