ཨ་རི་ནས་གནམ་མཆོང་དམག་སྦྱོང་གནང་མཁན་བོད་དམག་ཞིག་འདས་གྲོངས།

flash2903102123

རང་གི་མི་ཚེ་ཧྲིལ་བོ་བོད་མི་རིགས་དང་བསྟན་པ་ཆབ་སྲིད་ཆེད་དུ་ཞབས་འདེགས་བསྒྲུབས་མཁན་གྱི་ཆབ་སྲིད་བཙོན་ཟུར་ཞིག་འདས་གྲོངས་སུ་ཕྱིན་འདུག
དེ་རིང་བོད་གཞུང་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་བ་ལྟར་ན། ཕྱི་ཚེས་ ༢༥ ཉིན་རྒྱ་ནག་གི་བཙོན་ཁང་དུ་མི་ལོ་ ༡༨ རིང་བཞུགས་མྱོང་བའི་ཆབ་སྲིད་བཙོན་ཟུར་བུ་བཟང་ལགས་དྷ་སར་འདས་གྲོངས་སུ་ཕྱིན་འདུག ད་ལྟ་ཁོང་དགུང་ལོ་ ༨༠ ཡིན་པ་དང་། ཁོང་ནི་ ༡༩༦༠ ལོར་ཨ་རིར་དམག་སྦྱོང་དུ་ཕྱིན་རྗེས་ཕྱིར་བོད་དུ་ལོག་སྟེ་རྒྱ་དམག་དང་དམག་འཐབ་ལན་མང་བྱས་མྱོང་མཁན་ཞིག་ཀྱང་ཡིན་འདུག
ཚེས་ ༢༦ ཉིན་བོད་གཞུང་བདེ་སྲུང་ལས་ཁུངས་ཀྱིས་ཁོང་ལ་མྱ་ངན་འཚམས་འཕྲིན་ཞིག་ཕུལ་བའི་ནང་བཀོད་དོན། བུ་བཟང་ལགས་ནི་ཆུང་དུས་ནས་བོད་ཀྱི་རྩ་དོན་དང་མི་མང་གི་ཆེད་དུ་སྙིང་སྟོབས་ཞུམ་པ་མེད་པ་ཞིག་ཡིན་པས། ང་ཚོས་ཁོང་གི་བྱས་རྗེས་ལ་བསྟོད་བསྔགས་དང་ཕྱི་མར་དལ་རྟེན་ཡག་པོ་ཞིག་འཐོབ་པར་སྨོན་ལམ་འདེབས་ཀྱི་ཡོད་ཅེས་དང་ དེ་ལས་མང་། »

ཁམས་ཆབ་མདོ་འཇོ་མདའ་རྫོང་གི་འཇོ་ཕུ་དགོན་པ་རྒྱ་ནག་གཞུང་གིས་སྒོ་རྒྱག་ཏུ་བཅུག་པ།

ཚེས་༣༠ཉིན་ད་ལྟ་རྒྱ་གར་དུ་ཡོད་པའི་བསྟན་པ་ཡར་འཕེལ་གྱིས་ཕ་ཡུལ་ནས་གནས་ཚུལ་འབྱོར་བ་ངོ་སྤྲོད་བྱས་བ་ལྟར་ན།ཉེ་བའི་ལོ་ཤས་ནང་འཇོ་ཕུ་དགོན་པའི་ནང་རྒྱ་ནག་གཞུང་གིས་ལས་འགུལ་མི་ཉུང་བ་ཞིག་སྤེལ་བར་རྐྱེན་བྱས་ནས་ སློབ་གཉེར་བ་ཚོར་སུན་བཙུར་རྒྱུན་ཆད་མེད་པར་བྱས་ཏེ།དགོན་པའི་དགེ་འདུན་པ་མི་ཉུང་བ་ཞིག་ལ་རྒྱ་ནག་གི་བཀའ་དང་ལེན་མ་བྱས་པའི་ཉེས་མིང་འོག་རྫཽང་ཉེན་རྟོག་པས་བཙོན་འཇུག་ཁྲིམས་ཆད་གཏོང་བཞིན་པ་དང་།ལྷག་པར་དུ་ཟླ་ཤས་སྔོན་ལ་དགོན་པའི་དབུ་མཛོད་བྱང་ཆུབ་སྤྲུལ་སྐུ་གློ་བུར་འཛིན་བཟུང་བྱས་བར་།དགེ་འདུན་པ་ཁ་ཤས་ཀྱིས་ཁོང་ལ་ཉེས་བ་ཅི་ཡང་མེད་པས་མྱུར་དུ་གློད་གྲོལ་བཏོང་དགོས་པའི་སྐད་འབོར་བྱས་པར་བརྟེན་།དགེ་འདུན་དེ་ཚོའང་ད་ལྟ་བཙོན་འཇུག་བཀག་ཉར་བྱས་ཡོད་པ་མ་ཟད་། ཟླ་བ་འདིའི་ཚེས་༢༨ཉིན་བོད་ནས་གནས་ཚུལ་འབྱོར་བ་ལྟར་ན།ད་ལྟ་འཇོ་ཕུ་དགོན་པ་སྒོ་རྒྱབ་ཡོད་པ་མ་ཟད་།ཤུལ་དུ་ལྷག་པའི་དགེ་འདུན་པའི་གྲས་ཀྱི་རྒན་ཤས་སྤེ་ཚེ་ཞེས་པའང་འཛིན་བཟུང་བྱས་ཡོད་ནའང་།ཁོང་གི་ཉེ་འབྲེལ་མང་པོ་རྒྱ་གར་དུ་ཡོད་པས་སེམས་ཁྲལ་མི་ཡོང་ཆེད་གནས་སྐབས་རིང་ཞིབ་ཕྲ་བརྗོད་འདོད་མེད་པ་བཤད་སོང་ཟེར་།འཇོ་ཕུ་དགོན་པ་ནི་ད་ལྟའི་ཆར་ཁམས་ཁུལ་གྱི་བཀའ་བརྒྱུད་དགོན་པ་ཆེ་ཤས་ཀྱི་གྲས་ཡིན་པ་དང་། ནམ་རྒྱུན་སློབ་གཉེར་བ་བརྒྱ་ཕྲག་ཁ་ཤས་ཀྱིས་མདོ་སྔགས་རིག་གནས་དང་བཅས་པའི་འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་རྒྱལ་བའི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གནང་བཞིན་ཡོད་པ་རེད།

བསམ་ཚུལ་ཆུང་ཆུང་ཞིག

གཞོན་ནུ་ཟླ་མེད།
ངས་བསམ་ཚུལ་ཆུང་ཆུང་ཞིག་བཀའ་ཁྲིའི་འོས་གཞི་སྐོར་ལ་ཞུ་ན་འེ་ཆོག ཆོག་ན་དེ་རིང་ད་ང་ར་བཟི་མེད་ངས་ཅུང་ཟད་བཤད་ཀྱི་ཡིན། སྔར་ནས་ད་ལྟའི་བར་དུ་ང་ཚོ་བོད་གཞུང་གི་དཔོན་པོ་ཚོ་སངས་རྒྱས་བྱང་ཆུབ་སེམས་དཔའི་སྤྲུལ་བ་དང་། དེ་ནས་མཁས་པ་བླ་མ་དམ་པ། དེ་བཞིན་དུ་མཁས་པ་རྐྱང་རྐྱང་གིས་བཟུང་ནས་ད་བོད་པ་ཚང་ཟེར་ནོ་ཐིག་ལེ་ན་ད་ལ་ཐིམ་འགྲོ་གི་ཡོད་པ་འདི་རེད། མཁས་པ་མ་བཞག་ནས་བོད་དོན་མ་འཁྱོངས་པ་མ་རེད། བླ་མ་སངས་རྒྱས་བྱང་ཆུབ་སེམས་དཔའ་མ་བཞག་ནས་ཡང་མ་རེད།
འོ་ན་གང་རེད་ཟེར་ན། ད་ལྟའི་བར་དུ་ཤེས་ཡོན་མེད་པ་ཡི་གེ་ན་གཅིག་ཀྱང་མི་ཤེས་པ་ཞིག་མ་བཞག་པའི་རྐྱེན་གྱིས་རེད། ཤེས་ཡོན་མེད་པ་འཇོག་དགོས་ཟེར་བ་འདི་དགོད་བྲོ་བ་ཞིག་ཡིན་སྲིད་མོད། འོན་ཀྱང་ཤེས་ཡོན་ཟེར་བ་དེ་ལ་བསམ་བློ་ནང་ན་བཀག་རྒྱ་མང་སོང་ནས་སྲིད་དོན་འཆོལ་འགྲོ་གི་ཡོད་པ་རེད། དཔེར་ན་ཆོས་ལུགས་ཀྱི་ཤེས་ཡོན་ཅན་ཞིག་བཞག་ན། ལས་རྒྱུ་འབྲས་དང་གཞན་ཕན་བྱང་ཆུབ་ཀྱི་སེམས་ཀྱི་ཕྱོགས་ནས་བསམ་བློ་བཏང་ཡོང་དུས། རང་ཉིད་དང་། རང་ཉིད་ཀྱི་ཁྱིམ་ཚང་། རང་ཉིད་ཀྱི་མི་རིགས། རང་ཉིད་ཀྱི་རྒྱལ་ཁབ་ཡོངས་སུ་རྫོགས་པ་དེའི་ནང་དུ་ཐིམ་འགྲོ་གི་རེད། དེ་ནས་དུས་སྐབས་ཤེས་ཡོན་ཡོད་པ་ཞིག་འཁེལ་ན་ཡང་དེ་བཞིན་དུ་ཁྲིམས་ལུགས་དང་འཇིག་རྟེན་མི་སྡེའི་བསམ་བློ་དང་བསྟུན་ནས་ལམ་ཁ་གཅིག་ཏུ་འགྲོ་གི་རེད།
དེ་བཞིན་དུ་གནའ་རབས་ལོ་རྒྱུས་ལ་ཆ་བཞག་ན་ཡང་རྒྱལ་བོ་སྲོང་བཙན་ཡར་སྔོན་དུ་བོད་འདི་ཡར་རྒྱས་ཀྱི་ཕྱོགས་སུ་བསྐྱོད་པ་མ་གཏོགས། ཉམས་ཆག་པའི་ཕྱོགས་སུ་རྩ་ནས་བསྐྱོད་མྱོང་མེད། རང་གི་རྒྱལ་ཁབ་རྒྱ་བསྐྱེད་དང་འབངས་མིའི་འཚོ་བའི་ཕྱོགས་ནས། དམག་དོན་གྱི་ཕྱོགས་ནས། ཕྱོགས་གང་ཅིའི་ཐད་ནས་རྒྱལ་ཁབ་གཞན་གྱིས་ཚུར་དམག་གི་གྲ་སྒྲིག་ཙམ་ཡང་བྱེད་ཐུབ་མེད། དེ་གང་ལ་ཐུག་པ་རེད་ཟེར་ན་ཤེས་རིག་མེད་པའི་རྐྱེན་གྱིས་རེད། དེ་ལས་མང་། »

གལ་ཆེའི་སློབ་སྦྱོང་།

  • སྐྱོ་བྲག་དགའ་དབང་།

    ཡོ་འཁྱོམས་ཆེ་ལ་འགྱུར་བ་སླ་བའི་འཇིག་རྟེན་འདི་རུ་ལོ་ཡི་ཕྲེང་རྡོག་རེ་རེ་བཞིན་བགྲངས་ཏེ།
    མི་ཚེའི་ཕྲེང་ཐག་ཟད་ཟད་ཀྱི་བར་དུ་བདེ་སྡུག་ཚོར་བའི་རྦ་རླབས་དྲག་ཏུ་འཕྱུར་བས་རྣམ་ཤེས་ཀྱི་བུ་ཆུང་བཟང་ངན་མ་ངེས་པའི་གཅོང་རོང་དུ་མར་དབང་མེད་ཀྱིས་བདས་པ་ན།
    ཉེར་མཁོའི་ལོངས་སྤྱོད་ལ་འཇུག་ཐུབ་པའི་ཤེས་ཡོན་ཞིག་དང་།
    ལེགས་ཉེས་བླང་དོར་སྟོན་པའི་ཆོས་ཀྱི་སློབ་སྦྱོང་ཞིག་ནི་མེད་ཐབས་མེད་པ་ཡིན།
    གང་ཤེས་ཡོན་གྱི་འབྲས་བུ་ནི་སོ་སོའི་འབད་བརྩོན་གྱི་རྩ་བ་ལས་བྱུང་བ་མ་གཏོགས་གཞན་ཞིག་ནས་རྐུ་འཕྲོག་དང་གཡར་ཉོ་བྱ་རྒྱུ་ཡོད་པ་ཞིག་མིན་ལ།
    སྒུག་བསྡད་པས་བསླེབ་ཡོང་བ་ཞིག་ཀྱང་མ་རེད།
    དེས་ན་བློ་གྲོས་ཀྱི་གོམས་སྟབས་ཤེས་བྱའི་ཐང་ཆེན་ལ་བསྒྱུར་ཏེ།
    ཤེས་ཡོན་གྱི་འབྲས་བུ་གཡུར་དུ་ཟ་བས་བདེ་སྐྱིད་ཀྱི་ལང་ཚོ་གསར་དུ་ངོམ་པའི་ཐབས་ལམ་ལ་ཅིའི་ཕྱིར་བརྩོན་པར་མི་གནང་།
    འོན་ཏེ་སྔར་དང་ད་ལྟར་བྱུང་བའི་ཤེས་བྱ་ནི། དེ་ལས་མང་། »

  • ཉེ་སྔོན་གྱི་རྨ་ཆུ་དང་གཙོད་དུ་སློབ་མའི་ངོ་རྒོལ་རྐྱེན་དགེ་སློབ་ཁ་ཤས་འཛིན་བཟུང་བྱས་པ།

    སྤྱི་ཟླ་གསུམ་པའི་ཚེས་༡༤ཉིན་མདོ་སྨད་རྨ་ཆུ་རྫོང་བོད་རིགས་སློབ་འབྲིང་གི་སློབ་མ་གཙོས་བོད་མིའི་ཞི་བའི་ངོ་རྒོལ་ལ་རྐྱེན་བྱས་ཏེ་།རྨ་ཆུ་རྫོང་སྤྱི་བདེ་ལས་ཁུངས་ཀྱི་འགན་འཛིན་ཁ་ཤས་དང་རྨ་ཆུ་རྫོང་བོད་རིགས་སློབ་འབྲིང་གི་སློབ་གཙོ་དང་སློབ་གཙོ་གཞོན་པ་གཉིས་ཀྱི་གོ་གནས་བླངས་པ་གནས་ཚུལ་ནང་ཐོན་ཡོད་ལ་།ཚེས་༢༩ཉིན་གསར་དུ་ཤེས་རྟོགས་བྱུང་བ་ལྟར་ན།རྨ་ཆུ་རྫོང་བོད་རིགས་སློབ་འབྲིང་གི་སློབ་གཙོ་གཞོན་པ་ཆོས་སྐྱོང་ཚེ་བརྟན་ལགས་ཀྱི་གོ་གནས་སྐབས་དེར་བླངས་པ་མ་ཟད་ཁོང་འཛིན་བཟུང་བྱས་ཡོད་པའི་སྐོར་ལ་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་དགོན་པའི་དགེ་འདུན་པ་འཇམ་དབྱངས་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུང་དོན་།ཚེས་༡༥དང་༡༦གང་རུང་ལ་རྨ་ཆུ་རྫོང་བོད་རིགས་སློབ་འབྲིང་གི་སློབ་གཙོ་གཞོན་པ་སྐྱོང་ཚེ་བརྟན་འཛིན་བཟུང་བྱས་ཡོད་ནའང་ད་ལྟའི་བར་ཁོང་གི་གོ་གནས་བླངས་བ་མ་གཏོགས་འཛིན་བཟུང་བྱས་བ་ཕྱི་ལ་གསང་ནས་ ཤེས་རྟོགས་བྱུང་མེད་།ཁོང་གི་ལས་འགན་ནི་ཆབ་སྲིད་དང་ཁྲིསམ་ལུགས་སློབ་གསོའི་ཐད་ཡིན་པས་ད་ཐེངས་ཀྱི་དོན་རྐྱེན་ནང་ལས་འཛོལ་ཤོར་བའི་ཉེས་བ་འཛུགས་ཀྱི་ཡོད་ཚུལ་དང་ད་ལྟ་རྨ་ཆུ་རྫོང་སྤྱི་བདེ་ལས་ཁུངས་ནང་འཛིན་བཟུང་བཀག་ཉར་བྱས་ཡོད་པར་ཚོད་དཔག་བྱས་བ་ལས་གནས་སྟངས་གསལ་པོ་ཤེས་ཀྱི་མི་འདུག་ཟེར་།དེ་མིན་གཙོད་གྲོང་ཁྱེར་གྱི་སློབ་མ་ཉི་ཤུ་ལྷག་ཚེས་༡༦ཉིན་གྱི་ངོ་རྒོལ་རྗེས་འཛིན་བཟུང་བཀག་ཉར་བྱས་བ་རྣམས་ད་ལྟ་གློད་གྲོལ་བཏང་ཡོད་ཀྱང་།དེ་དག་ཁྲོད་སློབ་མ་གཉིས་དངོས་སུ་འཛིན་བཟུང་བྱས་པའི་བརྡ་ཐོ་སྤྱི་བདེ་ཉེན་རྟོག་པས་ནང་མིར་ལན་སྤྲད་ཡོད་པ་དང་།ཁོང་གཉིས་ནི་གཙོད་བོད་ཡིག་སློབ་འབྲིང་གི་སློབ་མ་མགོན་པོ་ཚེ་རིང་དང་སྒྲོལ་མ་སྐྱབས་གཉིས་ཡིན་རེད་ཅེས་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་དགོན་པའི་དགེ་འདུན་པ་སྐལ་བཟང་ལགས་ཀྱིས་གསུང་རྒྱུར་།ད་ལྟ་མི་གཉིས་མ་གཏོགས་སློབ་མ་ཉི་ཤུ་རྩ་དྲུག་གློད་གྲོལ་བཏང་ཡོད་པ་དང་།སློབ་མ་གཉིས་པོ་དེ་དངོས་སུ་འཛིན་བཟུང་བཀག་ཉར་བྱས་པའི་བརྡ་ཐོ་ནང་མིར་སྤྲད་ནས་།ནང་མིས་ཁོང་གཉིས་ལ་ཉལ་ཆས་དང་ཁ་ལག་ཁྱེར་ནས་སྤྱི་བདེ་ལས་ཁུངས་ནང་སྐྱེལ་སྐབས་ཉལ་ཆས་བླངས་ཡོད་ཀྱང་ཁ་ལག་བླངས་མེད་ལ་ནང་མིར་ཐུག་འཕྲད་བྱེད་དུ་བཅུག་མེད་། དེ་ལས་མང་། »

    སྟོད་འགག་ནི་དམག་གོ་སྟེ། གོ་ཁྲབ་ལས་བྱུང་པ་རེད།

  • གཞོན་ནུ་ཟླ་མེད།

    སྟོད་འགག་ལ་རྟོགས་བཏགས་ཀྱིས་འགྲེལ་བཤད་མང་པོ་ཡོད་པ་རེད། རྟ་མཆོག་རྣ་རྒྱན། ཕོ་རོག་མིག་རྒྱན། གླང་ཆེན་མཆེ་རྒྱན། སོགས་རྒྱན་དྲུག་དང་། དེ་རེ་རེའི་མཚོན་དོན་སོགས། ད་རུང་ཁ་དོགས་འདྲ་མིན་ཆོས་བརྒྱུད་རེ་རེའི་ཕྱག་ལེན་སོགས་འདྲ་མིན་རེད། འོན་ཀྱང་འདི་དམ་པའི་ཆོས་འདུལ་བ་ནས་བཤད་པའི་ནང་པའི་རབ་བྱུང་ཕ་མའི་གོས་ནི་མིན་ཐག་ཆོད་རེད། འོན་ཀྱང་འདི་བོད་ཀྱི་ནང་པ་ལ་ད་ལྟ་དར་ཁྱབ་ཆེན་པོ་ཡིན་པ་ནི་མིག་མཐོང་ལག་ཟིན་རེད། དེ་ན་འདི་གང་ནས་ཇི་ལྟར་དར་བ་རེད་དམ་ཟེར་ན། འདི་ནི་བོད་ཀྱི་དམག་ཁྲབ་ལས་དར་བ་རེད། དམག་ཁྲབ་ལ་སྟོད་གོས་དང་། སྨན་གོས་གཉིས་ཡོད་པའི་ནང་ནས་སྟོད་གོས་རེད།
    མིང་གི་ཆ་ནས་བརྟག་ན་སྟོད་འགག་ཟེར་གི་ཡོད་པ་རེད། དེའི་དོན་ནི་སྟོད་ལ་མདའ་དང་མདུང་སོགས་མཚོན་ཆའི་རིགས་འགོག་བྱེད་ལ་སྟོད་འགག་ཅེས་ཟེར་བ་རེད། དེ་ནས་དེ་ལ་ཕུ་ཐུང་ཡོད་པ་མ་རེད། དེའི་རྒྱུ་མཚན་ནི་སྟོད་ཁྲབ་ལ་ཕུ་ཐུང་ཡོད་ན་དམག་མི་དེས་རང་གིས་ཕར་རྒོལ་བྱེད་པར་འགོག་རྐྱེན་བཟོ་རྒྱུ་རེད། དེ་བས་ན་ཕུ་ཐུང་མེད་པ་རེད། དེ་ལས་མང་། »

  • བརྩེ་དུངས

  • སྐྱོ་བྲག་དགའ་དབང་།

    ༡ བརྩེ་དུངས་ནི་ཅི་འདྲིའི་ཆགས་སླ་བ་ལ།
    ཕོ་མོའི་བརྩེ་དུངས་ནི་རྐྱེན་ཆེན་པོ་ཞིག་ལ་བརྟེན་མི་དགོས་པར་སྐད་ཆ་བཤད་སྟངས།
    མིག་གི་བལྟ་ལུགས། ལུས་ཀྱི་རྣམ་འགྱུར། གཤིས་སྤྱོད་ཀྱི་ཁྱད་པར།
    ཤེས་འབྱོར་གྱི་གནས་སྟངས།
    རིགས་རུས་དང་བྱད་གཟུགས་སོགས་རྐྱེན་འགའ་ཞིག་ལ་བརྟེན་ནས་ཆགས་ཐུབ་ཀྱི་ཡོད་པས་ལས་སླ་བོ་ཡིན།
    ༢ བརྩེ་དུངས་ནི་ཅི་འདྲིའི་ཤུགས་ཆེ་བ་ལ།
    ཕན་ཚུན་བརྩེ་དུངས་ཤིག་ཆགས་ཟིན་པ་ན་ལུགས་སྲོལ་དང་མཛའ་བཤེས་སུས་ཀྱང་ཁ་ཕྱེ་ཐུབ་ཀྱི་མེད་པས་བརྩེ་དུངས་ནི་ཤུགས་ཆེ་བ་ཡིན།
    ༣ བརྩེ་དུངས་ནི་ཅི་འདྲིའི་འགྱུར་སླ་བ་ལ།
    ལྟ་ཚུལ། ལས་ཀ། དཔལ་འབྱོར། འདུག་གནས།
    གཞན་ཆགས་ལྟ་བུའི་རྐྱེན་ཆུང་ངུས་ཀྱང་ཁ་འཐོར་ཏེ་བུ་རྒྱུད་བདག་མེད་དུ་ལུས་ཀྱི་ཡོད་པས་བརྩེ་དུངས་ནི་ཆེས་འགྱུར་སླ་བ་ཡིན།
    ༤ བརྩེ་དུངས་ནི་ཅི་འདྲིའི་མཐའ་ངན་པ་ལ།
    ཁ་འཐོར་རྗེས་ཆེ་སྟེ་ཕན་ཚུན་སྲོག་དང་དཔལ་འབྱོར་ལ་འཚེ་བ་དང་།
    ཆུང་སྟེ་དགྲ་གཤེད་ཀྱི་འཁོན་འཛིན་ཅི་ཆེར་གནས་པའི་སྡུག་བསྔལ་ཡོད་པས་བརྩེ་དུངས་ནི་མཐའ་ངན་པ་ཡིན་ནོ།

  • རྒྱ་ནག་གཞུང་གིས་ཕྱི་གནས་སྡོད་རྒྱ་མིའི་ཁྲོད་བོད་དོན་ཐད་ཀྱི་བསམ་ཚུལ་བསྡུ་ལེན་བྱེད་པ།

    ཚེས་༢༥ཉིན་ཧྥུ་རན་སུའི་རྒྱལ་ས་ཕ་རོས་སིའི་ནང་ཡོད་པའི་རྒྱལ་མཚམས་མེད་པའི་གསར་འགོད་པའི་མཐུན་ཚོགས་ཀྱི་དྲ་གནས་སྟེང་གནས་ཚུལ་སྤེལ་བ་ལྟར་ན། ཚོགས་པ་དེར་ཡོ་རོབ་ཀྱི་རྒྱ་མིའི་ཚོགས་པ་ཁག་ཅིག་གིས་བཀོད་སྒྲིག་བྱས་ཏེ་།རྒྱ་མིའི་ཁྲོད་བོད་དང་འབྲེལ་བའི་བསམ་ཚུལ་བསྡུ་ལེན་བྱེད་པའི་འདྲི་ཤོག་ཅིག་འབྱོར་བ་ཡོད་པ་དང་། དེའི་ནང་བོད་ཀྱི་གནད་དོན་དང་༧གོང་ས་ཏྭ་ལའི་བླ་མར་ལྟ་ཚུལ་སོགས་ཀྱི་ཐད་དྲི་བ་བཏོན་ཡོད་ལ།འདྲི་ཤོག་དེ་ནི་པེ་ཅིན་གསར་འགྱུར་བརྒྱུད་སྤྲོད་སློབ་གྲྭ་ཆེན་མོ་ནས་གཙོ་གཉེར་བྱས་བ་བཀོད་འདུག་ཟེར་།ཡིན་ནའང་དོན་དངོས་ཐོག་ཞིབ་ཚགས་ལྡན་པའི་བསམ་ཚུལ་བསྡུ་ལེན་གྱི་འདྲི་ཤོག་དེ་ནི།རྒྱ་ནག་གཞུང་གི་ཕྱི་སྡོད་རྒྱ་མིའི་སྡེ་ཚན་གྱིས་འགན་ཁུར་དང་བཀོད་འདོམས་བྱེད་བཞིན་ཡོད་འདུག ཡང་རྒྱལ་མཚམས་མེད་པའི་གསར་འགོད་པའི་ཚོགས་པས་བརྗོད་ན།བསམ་ཚུལ་བསྡུ་ལེན་གྱི་འདྲི་ཤོག་དེ་ཡོ་རོབ་གཙོས་འཛམ་གླིང་ཐོག་གནས་སྡོད་རྒྱ་མི་ཁྲི་སྟོང་མང་པོའི་ཁྲོད་འདོན་སྤྲོད་བྱས་ནས། ཕྱི་ལོག་ཏུ་གནས་སྡོད་རྒྱ་ནག་གི་མི་སེར་དང་རྒྱལ་ཁབ་གཞན་པའི་མི་སེར་ཡིན་པའི་རྒྱ་མིའི་ཁྲོད་བོད་ཀྱི་གནད་དོན་ཐད་འཛིན་པའི་བསམ་ཚུལ་བསྡུ་ལེན་དང་།དེ་བཞིན་ཁོ་ཚོས་བོད་དོན་ཐད་ཀྱི་བསམ་ཚུལ་ལའང་རྒྱུས་ལོན་བྱེད་བཞིན་ཡོད་པ་རེད་ལ། ཡང་འདྲི་ཤོག་དེའི་ནང་དཔེར་ན་བོད་ནི་གནའ་སྔ་མོ་ནས་རྒྱ་ནག་དང་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པའི་ཐད་ཁྱོད་ལ་ལྟ་ཚུལ་ཅི་ཞིག་ཡོད་དམ།ཁྱོད་ཀྱིས་བལྟས་ན་ཏྭ་ལའི་བླ་མས་༣.༡༤དོན་རྐྱེན་ནང་ནུས་བ་ཅི་ཞིག་བཏོན་ཡོད་དམ།ལྟ་བུ་སོགས་རེད་ཟེར།
    དེ་མིན་འདྲི་ཤོག་དེའི་ད་དུང་ཕྱི་ལོག་ན་གནས་སྡོད་རྒྱ་མི་རིགས་ཚོའི་ཁྲོད་དུ་ཇི་ལྟར་བྱས་ནས་བོད་དང་འབྲེལ་བའི་གསར་འགྱུར་དང་གནས་ཚུལ་རེག་ཐབས་ཀྱི་སྐོར་ལའང་འབད་བརྩོན་བྱེད་བཞིན་ཡོད་ཚུལ་རྒྱལ་མཚམས་མེད་པའི་གསར་འགོད་པའི་ཚོགས་པས་བརྗོད་འདུག

    གསེར་རྟ་བླ་རུང་ཆོས་སྒར་གྱི་གྲྭ་ངག་ཆུང་ལ་ཁྲིམས་ཐག་བཅད་པ།

    གསེར་རྟ་བླ་རུང་ཆོས་སྒར་གྱི་གྲྭ་ངག་ཆུང་ལ་དུས་བཀག་བཙོན་འཇུག་ལོ་བདུན་དང་ཆབ་སྲིད་ཀྱི་ཁེ་དབང་ལོ་གཅིག་བཙན་འཕྲོགས་བྱས་འདུག ཁུངས་ལྡན་གྱི་གནས་ཚུལ་འབྱོར་གསལ་ལྟར་ན། ཉེ་བའི་ཆར་གསེར་རྟ་བླ་རུང་ཆོས་སྒར་ནས་ཡིན་པ་གྲྭ་ངག་ཆུང་ཕྱི་ལོ་༢༠༠༨ ཕྱི་ཟླ་ ༧ ཚེས་ ༨ ཉིན་རྒྱ་ནག་སི་ཁྲོན་ཞིང་ཆེན་གྱི་ལྟེ་གནས་ཁྲིན་ཏུའུ་གྲོང་ཁྱེར་ནས་འཛིན་བཟུང་ བྱས་པ་དང། ཉེ་བའི་ཆར་དུས་བཀག་བཙོན་འཇུག་ལོ་བདུན་དང། ཆབ་སྲིད་ཀྱི་ཁེ་དབང་ལོ་གཅིག་འཕྲོག་རྒྱུ་བཅས་ཀྱི་ཁྲིམས་ཐག་བཅད་ཡོད་འདུག
    ཕྱི་ལོ་ ༢༠༠༨ ཕྱི་ཟླ་ ༧ ཚེས་ ༨ ཉིན་གྱི་དགོང་མོ་རྒྱ་ནག་ཁྲིན་ཏུའུ་གྲོང་ཁྱེར་དུ་གསེར་རྟ་བླ་རུང་ལྔ་རིག་ནང་ བསྟན་སློབ་གླིང་གི་གྲྭ་ངག་ཆུང་དང། ཁོང་གི་ཕ་གཅིག་གི་སྤུན་མཆེད་རྒན་པ་གྲྭ་བཀྲ་ཕུན་དང༌། སློབ་གླིང་དེའི་གྲྭ་འགུ་དྲག་བཅས་ཁྲིན་ཏུའུ་གྲོང་ཁྱེར་དུ་སི་ཁྲོན་ཞིང་ཆེན་ སྤྱི་བདེ་ཉེན་རྟོག་ཁང་གིས་གསང་བའི་ཐོག་ནས་འཛིན་བཟུང་བྱས་ཡོད་པ་དང༌། སྐབས་དེར་འཛིན་བཟུང་བྱས་པའི་གྲྭ་བཀྲ་ཕུན་དང༌། འགུ་དྲག་གཉིས་རྗེས་སུ་གློད་གྲོལ་བཏང་ཡོད་ནའང༌། གྲྭ་ངག་ཆུང་ལ་ཕྱི་ཕྱོགས་སུ་བོད་ནང་གི་གནས་ཚུལ་ཁྱབ་བསྒྲགས་བྱས་པ་ལ་བརྟེན་ནས་ འཇུ་བཟུང་བྱས་པ་ཡིན་ཚུལ་གྱིས་གསང་བའི་ཐོག་ནས་བཀག་ཉར་བྱས་ཏེ་ཉེ་བའི་ཆར་མ་ གཏོགས་གཉེན་ཉེ་དང་འབྲེལ་ཡོད་སུས་ཀྱང་ཁོང་གི་གནས་སྟངས་གསལ་པོ་ཤེས་རྟོགས་གང་ ཡང་བྱུང་མེད་པ་དང། ཉེ་ཆར་ཤེས་རྟོགས་བྱུང་བའི་སྐབས་ཁོང་ལ་ཡོངས་གྲགས་མིན་པར་གསང་བའི་ཁྲིམས་ཐག་ དེ་བཅད་ནས་ཟླ་གཉིས་ཙམ་སོང་ཟིན་ཡོད་པ་རེད། དེ་ལས་མང་། »

    ལྷག་དཀར་དམ་བཅའ།

    Lakkar

    ལས་གཞི་འདིའི་ངོ་བོ།
    ལྷག་དཀར་དམ་བཅའ། ཞེས་བའི་ལས་གཞི་ཆུང་ཆུང་འདི་ནི་བོད་ཕྱི་ནང་གཉིས་ནས་མ་སྐུལ་དང་བླང་གི་བྱུང་བའི་། ང་བོད་ཡིན། ཞེས་པའི་སྒྲུབ་བྱེད་ལས་འཕྲོས་བའི་ཉིན་རེ་འཚོ་བའི་ནང་དུ་རང་ཉིད་བོད་རིགས་གཙང་མ་ཞིག་ཡིན་པའི་དྲན་ཐོ་ལྟ་བུ་ཡིན་ལ། ལས་འཆར་ཆུང་ཆུང་འདི་རྒྱུད་ནས། ད་ལྟའི་ཆར་རང་ཉིད་ལ་བོད་མིའི་ངོ་བོ་དང་ཁྱད་ཆོས་གང་ཡོད་པ་། ཉམས་པ་སླར་གསོ་དང་མ་ཉམས་གོང་འཕེལ་དུ་བཏང་ནས་རང་གི་མི་རབས་ཚ་རྒྱུད་དང་བཅས་པའི་བོད་གངས་ཅན་པས་ངོ་བོ་སྐལ་བའི་བར་ཏུ་སྐྱོང་བའི་ཐབས་ལམ། ལས་སླ་དོན་ལྡན་ཞིག་ཡིན།
    རེ་བ།
    གཞིས་ལུས་རྒྱ་ཆེ་མི་དམངས་གི་རེ་འདུན་དྲག་པོ་ལྟར་དུ། ཕྱི་རྒྱལ་ཁག་ན་ཡོད་པའི་བོད་རིགས་སྤུན་རྣམས་དང་རྒྱ་ནང་ཁག་ན་ཡོད་པའི་བོད་རིགས་སྤུན་ཟླ་རྣམས་ལ་ནད་བརྒྱ་སྨན་གཅིག་དུ་དགོངས་ནས་ལྷག་དཀར་གྱི་ལས་གཞི་འདི་དབུ་བརྙེས་བ་ཡིན་ལ། བོད་མི་སྤུན་ཟླ་གང་མང་ལས་འཆར་འདི་ནང་དང་བླང་གིས་འཛུལ་ཞུགས་གནང་རྒྱུ་དང་། གཞུང་སྒེར་གཉིས་ཕན་གྱི་དམ་བཅའ་བདུན་ཡོངས་སུ་སྲུང་བའམ། ཡང་ན་སྣ་གཅིག་ཙམ་ཡིན་ཡང་གཙིགས་སུ་བཟུང་ནས་དང་ལེན་བྱེད་རྒྱུར། ངས་པུས་མོའི་ལྷ་ང་ས་ལ་བཙུགས་ནས་ལག་ཟུང་གི་ཐལ་མོ་སྙིང་ཁར་སྦྱར་ཏེ་རེ་འདུན་གྲངས་མེད་བྱེད་ཀྱིན་ཡོད

    http://iamtibetan.wordpress.com/

    བོད་རྒྱལ་ལོ།

    WordPress Themes