ང་གཅིག་པུས། རྡ་སའི་རི་ངོགས་ནས་ཀི་ཞིག་འདེབས་འདོད།

  • བྱ་དོར་ཕུན་ཚོགས་དབང་ཕྱུག

    ས་སྲོད་ཀྱི་དུས་སུ།
    ཉི་མའི་གྲོང་ཁྱེར་ལ་སྨག་རུམ་གྱི་རྒྱུ་བ་དྲག་པོ་རྒོད་རུང༌།
    ངའི་ཞི་འདུལ་གྱི་རྣམ་ཤེས་དེ་འོས་ལངས་ཀྱི་དཀྱིལ་འཁོར་དུ་འགྲེངས་ཤིང༌།
    དྲན་ཤེས་ཀྱི་ཆུ་བོ་དེའང་འཕར་རྩའི་གཞུ་རྒྱུད་ལས་དྲག་ཏུ་འཕྱུར་སྐབས།
    ང་གཅིག་པུས། རྡ་སའི་རི་ངོགས་ནས་ཀི་ཞིག་འདེབས་ན་འདོད།

    མི་ལོ་ལྔ་བཅུའི་རྨི་ལམ་གྱི་རྫོངས་བ་མཐུག་པོས།
    ལྷ་འདྲེ་མི་གསུམ་བསླུ་བྲིད་ཀྱི་བྲོ་རར་འུར་ཆིལ་དུ་འདེད་ཅིང༌།
    ནམ་ཡང་སྙོབ་ཐབས་དབེན་པའི་བར་སྣང་གི་ལྗོངས་སུ།
    རྟོགས་བཏགས་ཀྱི་ཕོ་བྲང་བཞེངས་པར་སྤྲོ་བའི་དག་སྣང་ཅན་ཚོས།
    ཁ་སང༌། སླར་ཡང་དཀོན་མཆོག་གི་ཕོ་ཉ་ཡིན་ཚུལ་སྒྲོག

    དུས་ཚིགས་བཞི་བོ་ཡང་ནས་ཡང་དུ་ལྟེབ་ཀྱང༌།
    འདོད་འདུན་དྲག་པོ་རྒྱང་ནས་རྒྱང་དུ་ཡལ་སྐབས།
    ཕ་གིའི་བྱེ་ཐང་གི་ཡུ་མོའི་ཁྱུ་ཚོགས་དག
    སྐོམ་གདུང་གི་མིག་རྩ་དམར་བོ་དམར་རྐྱང་དུ་སྣང་ལ།
    ཞེ་ཆད་ཀྱི་ལུས་པོར་རྔུལ་ཆུ་ཤམ་ཤམ་དུ་བཞུར།
    དེ་ལས་མང་། »

  • ༧གོང་ས་མཆོག་གིས་ས་འགུལ་གྱི་གོད་ཆགས་ཕོག་པའི་ཆི་ལི་མི་མང་ཚོར་སེམས་གསོའི་གསུང་འཕྲིན་ཞིག་སྩལ་བ།

    དེ་རིང་བཙན་བྱོལ་བོད་གཞུང་དྲ་གནས་ཐོག་གནས་ཚུལ་སྤེལ་པ་ལྟར་ན།ཟླ་བ་གཉིས་པའི་ཚེས་༢༧ཉིན་ཆི་ལི་ནང་ས་འགུལ་ཆེན་པོ་རྒྱུགས་པར་བརྟེན་།མི་མང་པོའི་ཚེ་སྲོག་ཤོར་བ་དང་།གཞུང་ལམ་དང་སྡོད་ཁང་སོགས་ལ་གོད་ཆགས་ཆེན་པོ་བྱུང་བར་།༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཆི་ལི་སྲིད་འཛིན་ལྕམ་བྷ་ཆི་ལེ་ཌིའི་མཚན་ཐོག་ལ་གསུང་འཕྲིན་ཞིག་སྩལ་བའི་ནང་།སྲིད་འཛིན་ལྕམ་སྐུ་མཆོག་བརྒྱུད་ས་འགུལ་གྱི་གོད་ཆགས་ཕོག་པའི་ཁྱིམ་ཚང་ཚོར་ཐུགས་བརྩེ་ཆེན་པོས་གདུང་སེམས་མཉམ་སྐྱེད་དང་སྨོན་ལམ་མཛད་ཡོད་ཅེས་བཀོད་འདུག ལྷོ་ཨ་མེ་རི་ཀའི་གླིང་ཆེན་ནང་ཡོད་པའི་ཆི་ལི་རྒྱལ་ཁབ་ལ་ཟླ་བ་གཉིས་པའི་༢༧ཉིན་ཚད་རིམ་བརྒྱད་དང་གྲངས་ཆུང་བརྒྱད་ཀྱི་ས་འགུལ་དྲག་པོ་རྒྱུགས་པའི་ཁྲོད་ཆི་ལི་གཞུང་གིས་བརྗོད་ན་།ད་བར་མི་གྲངས་བདུན་བརྒྱ་ལྷག་གི་ཚེ་སྲོག་ཤོར་བ་མ་ཟད་།ཤི་རྨས་གྲངས་ཀ་ད་དུང་མང་དུ་འགྲོ་བཞིན་པ་དང་།མི་གྲངས་ས་ཡ་གཉིས་ལ་ཁྱིམ་མེད་པར་གྱུར་འདུག་ཟེར།ཡུལ་དེའི་སྲིད་འཛིན་གྱིས་གནོད་འཚེ་ཐེབས་པའི་ས་འགུལ་ཁག་ཅིག་ཏུ་དམག་མི་ཁྲི་གཅིག་མངག་ནས་སྒྲིག་ལམ་སྲུང་སྐྱོབ་དང་བསྐྱར་གསོའི་ལས་དོན་ལ་རམ་འདེགས་བྱེད་བཞིན་ཡོད་པ་མ་ཟད་།ས་གནས་ཀྱི་འབྲེལ་མཐུད་ཚོང་ཁང་ཁག་དང་གྲོས་མཐུན་བཞག་ནས་རིན་མེད་ཐོག་མང་ཚོགས་ལ་བཟའ་ཆས་མཁོ་སྤྲོད་བྱེད་བཞིན་ཡོད་པ་དང་།ཡང་ཡུལ་དེའི་སྲིད་འཛིན་གྱིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རོགས་སྐྱོར་གནང་པའི་འབོད་སྐུལ་ཀྱང་ཞུས་འདུག

    པེ་ཅིན་གྱིས་ངོས་འཛིན་བྱས་པའི་པཎ་ཆེན་ལ་སྲིད་གྲོས་ཀྱི་རྒྱུན་ལས་ཚོགས་མིར་བསྐོ་བཞག་བྱས་འདུག

    རྒྱ་ནག་གཞུང་གིས་རང་ཉིད་ཀྱིས་ངོས་འཛིན་བྱས་པའི་པཎ་ཆེན་རྒྱ་ནག་ཆབ་སྲིད་གྲོས་ཚོགས་ཀྱི་རྒྱུན་ལས་ཚོགས་མིར་བསྐོ་བཞག་བྱས་ཏེ་མཚན་སྙན་ཇེ་ཆེར་གཏོང་ཐབས་བྱེད་བཞིན་ཡོད་པ་རེད་།རྒྱ་ནག་གཞུང་འབྲེལ་གསར་འགྱུར་ནང་བརྗོད་ན་།དགུང་ལོ་༢༠སོན་པའི་པཎ་ཆེན་ཨར་ཏི་ནི་ཆོས་ཀྱི་རྒྱལ་པོ་ནི་རྒྱ་ནག་གི་ལོ་རབས་དགུ་བཅུའི་མཇུག་ཏུ་སྐྱེས་པའི་ཆབ་སྲིད་གྲོས་ཚོགས་ཀྱི་ཚོགས་མི་ཐོག་མ་དེ་ཆགས་ཡོད་ཟེར་།
    སྤྱི་ལོ་༡༩༩༠ལོའི་སྤྱི་ཟླ་༢པའི་ཚེས་༡༣ཉིན་སྐྱེས་པའི་པེ་ཅིན་གྱིས་ངོས་འཛིན་བྱས་པའི་པཎ་ཆེན་འདི་བ་ད་ལོའི་སྤྱི་ཟླ་༢པའི་ཚེས་༣ཉིན་རྒྱ་ནག་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པར་བཞག་བྱས་ཡོད་པ་རེད་།སྤྱི་ལོ་༡༩༩༥ལོར་པེ་ཅིན་གཞུང་གིས་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་བའི་ཡང་སྲིད་དུ་བསྐོ་བཞག་ངོས་འཛིན་བྱས་ནས་།གོང་ས་སྐྱབས་མགོན་རྒྱལ་བ་རིན་པོ་ཆེས་ངོས་འཛིན་གནང་བའི་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དང་ཁོང་གི་ཕ་མ་བཅས་གར་སོང་ཆ་མེད་དུ་གྱུར་ཡོད་ལ། རྒྱ་ནག་གཞུང་གིས་ཁོང་ཚོ་ཁྱིམ་ཚང་གང་པོ་སྲུང་སྐྱོབ་འོག་འཚོ་བ་ཡག་པོ་རོལ་གྱི་ཡོད་ཚུལ་བརྗོད་ཀྱི་ཡོད་ལ་།བོད་མི་དང་རྒྱལ་སྤྱིའི་སྟེང་རྒྱ་ནག་གཞུང་གི་བཟང་བཙོན་འོག་ཡོད་པར་ཡིད་ཆེས་བྱེད་བཞིན་ཡོད་།པེ་ཅིན་གྱིས་ངོས་འཛིན་བྱས་པའི་པཎ་ཆེན་གྱིས་ལོ་བཅུ་ལྷག་རིང་མི་མང་ཁྲོད་མངོན་གསལ་དོད་པོ་བྱེད་ཀྱི་མེད་ནའང་།ན་ནིང་ལོར་རྒྱ་ནག་ཏུ་འཚོགས་པའི་འཛམ་གླིང་ནང་བསྟན་གླེང་སྟེགས་ཞེས་པའི་ཚོགས་ཆེན་ཐོག་དབྱིན་སྐད་ནང་གཏམ་བཤད་བྱས་ཏེ་རྒྱ་ནག་ནང་ཆོས་དད་རང་དབང་ཡོད་ཚུལ་བརྗོད་ཡོད་། དེ་ལས་མང་། »

    WordPress Themes