ཁག་དང་པོ།
ཁག་གཉིས་པ།
ཁག་གསུམ་པ།
ཁག་བཞི་བ།
ཆག་ཀྲུམ་དམར་པོ་ཞེས་པའི་བརྙན་སྡེར་འདི་ཁ་སྔོན་བོད་ནས་འབྱོར་སྐབས་རེ་ཞིག་འདིར་བཀོད་མྱོང་ཡོད་ལ།རྗེས་སུ་རྒྱུ་རྐྱེན་སྣ་ཚོགས་ཀྱིས་སྐབས་ཤིག་ཕྱི་ལ་འགྲེམ་སྤེལ་མཚམས་འཇོག་བྱས་བ་དང་།ད་ལྟ་འབྲེལ་ཡོད་མི་སྣས་རེ་བ་ལྟར་ཡང་བསྐྱར་འདིར་བཀོད་ཡོད་པས་ན།ཚང་མས་གཟིགས་ཀློག་དང་དགོངས་འཆར་ལྷུག་གསུང་གནང་རོགས་ཞུ།

དེ་རིང་རྒྱ་ནག་གཞུང་འབྲེལ་ཉིན་རེའི་ཚགས་པར་ནང་གནས་ཚུལ་སྤེལ་བ་ལྟར་ན།སྤྱི་ལོ་༢༠༠༩ལོའི་གྲོང་ཁྱེར་གྱི་མི་རེའི་ལོ་རེའི་ཆ་སྙོམས་ཡོང་སྒོ་རྒྱ་སྒོར་ཁྲི་གཅིག་དང་སྟོང་བདུན་བརྒྱ་དང་བདུན་དོན་ལྔ་ཡིན་པ་དང་།ཞིང་གྲོང་གི་མི་རེའི་ལོ་རེའི་ཡོང་སྒོ་རྒྱ་སྒོར་སྟོང་ལྔ་དང་བརྒྱ་དང་ལྔ་བཅུ་ང་གསུམ་ཡིན་འདུག དེ་ནི་སྤྱི་ལོ་༡༩༧༨ལོ་ནས་བཟུང་གྲོང་གསེབ་དང་གྲོང་ཁྱེར་གྱི་ཡོང་སྒོའི་བར་ཁྱད་ཆེ་ཤོས་དེ་ཡིན་པས་།ཕྱི་ལོག་ནས་བར་ཁྱད་འདི་སྤྱི་ཚོགས་ཐོག་བརྟན་ལྷིང་མི་ཡོང་བའི་རྒྱུ་རྐྱེན་དུ་འགྱུར་བར་སེམས་ཁྲལ་བྱེད་བཞིན་ཡོད་།དེ་བཞིན་གོང་བརྗོད་ཚགས་པར་ནང་བརྗོད་ན་།བློ་འདོན་སྒྲིག་འཛུགས་མང་པོས་རྒྱ་ནག་གི་དམངས་ཆེན་དང་གྲོས་ཚོགས་གཉིས་ཀྱི་ཚོགས་འདུ་མ་འཚོགས་སྔོན་ལ་གྲོང་གསེབ་དང་གྲོང་ཁྱེར་ཡོང་སྒོའི་བར་ཁྱད་ཀྱི་ཚབས་ཆེན་རང་བཞིན་ཐད་ཉེན་བརྡ་བརྒྱབ་འདུག བར་ཁྱད་དེ་གཙོ་བོ་རྒྱ་ནག་གི་མཚོ་རྒྱུད་ས་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་མགྱོགས་པ་དང་ནང་ལོག་གི་གྲོང་གསེབ་ས་ཁུལ་གྱི་ཡོང་སྒོ་རྗེས་ལུས་ཐེབས་པའི་བར་བསྡུར་གྱི་ཡོད་ལ་།འདི་ནི་རྒྱ་ནག་གི་འགོ་ཁྲིད་ཚོས་སྤྱི་ཚོགས་བདེ་འཇགས་ཁག་ཐེག་བྱེད་པར་ཐག་གཅོད་བྱེད་དགོས་པའི་གནད་དོན་གལ་ཆེན་ཞིག་ཏུ་གྱུར་ཡོད་། དེ་ལས་མང་། »
དེ་རིང་བཙན་བྱོལ་བོད་གཞུང་དྲ་གནས་ཐོག་གནས་ཚུལ་སྤེལ་པ་ལྟར་ན།བཙན་བྱོལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གསལ་བསྒྲགས་སྤེལ་ནས་ན་ནིང་ལོར་རྒྱ་ནག་གཞུང་ཕྱོགས་ཀྱི་དཀར་མཛེས་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་བོད་མི་གཅིག་ལ་ལོ་གཉིས་ཕྱིར་འགྱངས་ཀྱི་སྲོག་ཁྲིམས་དང་གཞན་གཉིས་ལ་ཚེ་བཙོན་དང་ལོ་བཅུ་དྲུག་གི་ཁྲིམས་ཆད་བཅད་པ་ལྗིད་མོ་བཅད་པ་དེར་སྐྱོན་བརྗོད་དྲག་པོ་བྱས་ཏེ་།རྒྱལ་སྤྱིའི་སྟེང་གི་འགྲོ་བ་ཐོབ་ཐང་ཚོགས་པ་སོགས་ཚོགས་པ་དང་སྲིད་གཞུང་གིས་གནས་ཚུལ་དེར་དོ་སྣང་བྱེད་དགོས་པའི་འབོད་སྐུལ་ཞུས་འདུག བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་བརྗོད་ན།ཁམས་དཀར་མཛེས་ཉག་རོང་རྫོང་གི་བོད་མི་པདྨ་ཡེ་ཤེས་དང་བསོད་ནམས་མགོན་པོ།ཚེ་དབང་རྒྱ་མཚོ་བཅས་སོ་སོར་རྒྱལ་ཁབ་མགོ་རྟིང་སློག་པར་ངན་སྐུལ་དང་སྤྱི་ཚོགས་ཀྱི་བདེ་འཇགས་ལ་གཏོར་བརླག་བྱས་པའི་ནག་ཉེས་བཙུགས་ནས་ལོ་གཉིས་ཕྱིར་འགྱངས་ཀྱི་སྲོག་ཁྲིམས་དང་།ཚེ་བཙོན་དང་ལོ་བཅུ་དྲུག་གི་ཁྲིམས་ཆད་བཅས་ལྗིད་མོ་བཅད་ཡོད་པ་རེད་ཟེར།བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསལ་བསྒྲགས་ནང་གསུང་ན།གོང་བརྗོད་བོད་མི་དེ་དག་ལ་ཁྲིམས་ཀྱི་བརྒྱུད་རིམ་ཡང་དག་མེད་པར་རྒྱ་ནག་གཞུང་གིས་གསང་བའི་ཐོག་ཁྲིམས་ཆད་ལྗིད་མོ་བཅད་པར་སྐྱོན་བརྗོད་བྱས་ཡོད་ལ་།དོན་དངོས་ཐོག་གོང་བརྗོད་བོད་མི་དེ་དག་ས་ཞིང་རྨོ་འདེབས་མ་བྱས་པར་ཞི་བའི་ངོ་རྒོལ་དང་ལོ་སར་མི་རོལ་བ་སོགས་ཀྱི་ལས་འགུལ་ནང་ཞུགས་ཏེ་།སྤྱི་ལོ་༢༠༠༨ལོའི་བོད་ཆོལ་ཁ་གསུམ་གྱི་བོད་མིའི་ཞི་བའི་ངོ་རྒོལ་ལ་རྒྱབ་སྐྱོར་བྱས་ཡོད་ཟེར་།