ས་བྱི་ལོའི་བོད་མིའི་ཞི་བའི་ངོ་རྒོལ་ཆེན་མོ་སྐབས་གར་སོང་ཆ་མེད་གྱུར་བའི་བོད་མི་ཞིག་ལ་རྒྱ་ནག་གཞུང་གིས་ལོ་བཅུའི་ཁྲིམས་ཆད་བཅད་པ་ཉེ་ཆར་ཁོང་གི་ནང་མིས་ཤེས་རྟོགས་བྱུང་ཡོད།
ཉེ་ཆར་ངྷ་རམ་ས་ལར་ཡོད་པའི་རྣམ་རྒྱལ་ཚེ་རིང་ལགས་ཀྱིས་བོད་ནས་འབྱོར་བའི་གནས་ཚུལ་འགྲེལ་བརྗོད་གནང་བ་ལྟར་ན། ད་ལྟ་ལོ་ན་༢༤ཡིན་པའི་རྒྱལ་མཚན་ལུང་རྟོགས་ལགས་།སྤྱི་ལོ་༢༠༠༨ལོའི་སྤྱི་ཟླ་གསུམ་པར་བོད་ཀྱི་རྒྱལ་ས་ལྷ་ས་ནས་ཞི་བའི་ངོ་རྒོལ་ནང་ཞུགས་རྗེས་། ཚེས་༡༤ཉིན་ཁོང་གར་སོང་ཆ་མེད་གྱུར་ནས་ལོ་གཉིས་འགོར་བ་དང་། ཁོང་གི་ནང་མིས་ཁོང་གི་སྐོར་ལ་རྩད་གཅོད་བྱེད་མ་ཐུབ་པར་ལྷག་ཡོད་ཀྱང་།ཉེ་ཆར་ཁོང་གི་ནང་མིས་ཁོང་ད་ལྟ་ལྷ་སའི་ཉེ་འགྲམ་གྱི་ཆུ་ཤུལ་བཙོན་ཁང་དུ་ལོ་བཅུའི་ཁྲིམས་ཆད་ཁུར་བཞིན་པའི་སྐོར་གཞི་ནས་ཤེས་རྟོགས་བྱུང་ཡོད་པ་། ཕ་ཡུལ་ཚ་བ་མཛོ་སྒང་ནས་ཡིན་པའི་རྣམ་རྒྱལ་ཚེ་རིང་ལགས་ཀྱིས་བོད་ནས་གནས་ཚུལ་འབྱོར་བའི་སྐོར་གསུང་དོན།སྤྱི་ལོ་༢༠༠༨ལོ་ནས་བོར་བརླག་ཕྱིན་པ་རེད་།ཉེ་ཆར་ནང་མིས་ལྷ་སའི་ཆུ་ཤུལ་བཙོན་ཁང་ནང་བཅུག་ཡོད་པ་ཤེས་ནས་ལྟ་རུ་ཕྱིན་དུས་ལོ་བཅུའི་བཙོན་འཇུག་ཁྲིམས་ཆད་ཁུར་བཞིན་པ་ཤེས་བ་དང་། ད་ལྟ་ལོ་གཉིས་ཕྱིན་པས་ད་དུང་ལོ་བརྒྱད་ལ་བཙོན་དུ་འདུག་དགོས་པ་དང་། ཁྲིམས་ཆད་གཅོད་དུས་ཁྲིམས་རྩོད་པ་གླ་རྒྱུ་ཕར་ཞོགས་ད་བར་གཞུང་ཕྱོགས་ནས་ནང་མིར་བརྡ་ལན་ཙམ་ཡང་སྤྲད་མེད་པ་མ་ཟད་། ད་དུང་ཡང་ཁོང་ལ་ཉེས་བ་ཅི་བཙུགས་གསལ་ཁ་མེད་ཟེར།རྒྱལ་མཚན་ལུང་རྟོགས་ལགས་ནི་ཁམས་ཆབ་མདོ་ཁུལ་ཚ་བ་མཛོ་སྒང་ནས་ཡིན་པ་དང་། ཨ་ཕའི་མིང་ལ་གཡང་དྲུང་ཟེར་བ་དང་ནམ་རྒྱུན་ལྷ་སར་གནས་སྡོད་གནང་མཁན་ཞིག་ཡིན་པ་རེད།
འདི་ནས་མནན་ཏེ་གཟིགས་རོགས་གནོངས།555555 2
བོད་འབྱོར་རྩོམ་ཡིག
བདེན་སྨྲ། བོད་འབྱོར་རྩོམ་ཡིག
ཡུལ་ཤུལ་བའི་སེམས་གཏིང་ནས་བཏོན་པའི་མིག་ཆུ།
ས་འགུལ་ནི་རང་བྱུང་ཁམས་ཀྱི་སྣང་ཚུལ་ཞིག་སྟེ་འདི་ལ་བརྟེན་ནས་གནའ་ནས་ད་བར་གྱི་སྐྱེ་འགྲོ་གང་མང་ཞིག་སྡུག་ལ་གཏད་མྱོང་ལ་མ་འོངས་པར་ཡང་གཏདངེས་རེད།
ད་རེས་ཀྱང་བཞི་གཅིག་བཞིའི་ས་ཡོམ་དོན་རྐྱེན་འོག་བོད་རིགས་གཙོ་བོར་གྱུར་པའི་མིའི་རིགས་དང་བོད་ཀྱི་ལ་ཁྱི་གཙོ་བོར་གྱུར་པའི་དུད་འགྲོ་དུ་ར་ཚད་ལས་བརྒལ་བའི་སྡུག་བསྔལ་མྱོང་དུ་འཇུག་སོང༌།
ངོས་རང་ཉིད་ནི་ས་ཡོམ་དོན་རྐྱེན་འདིའི་སྐོར་ལ་རྒྱུས་ལོན་ཅུང་ཟད་བྱས་པའི་མི་ཞིག་ཡིན་པའི་ཆ་ནས་དོན་རྐྱེན་འདིའི་སྐོར་གྱི་དོན་གནད་འགའ་ཞི་བཤད་ན་འདོད།
ས་ཡོམ་སྐབས་སུ་མི་མང་པོ་འཆི་རྨས་བྱུང་བའི་རྒྱུ་རྐྱེན།
ས་ཡོམ་ནི་འཛམ་གླིང་གི་ས་ཕྱོགས་གང་མང་སུ་བྱུང་དང་འབྱུང་བཞིན་ཡོད་ལ་དེ་དག་གི་ཁྲོད་མི་ཧ་ཅང་མང་པོ་ཤི་བ་ཡང་ཡོད་ལ་ས་ཡོམ་ཆེན་པོ་བྱུང་ཡང་མ་ཤི་རྨས་མི་འབྱུང་བ་ཡང་ཡོད།
ད་སྐབས་ཀྱི་ས་ཡོམ་འདི་འབྱུང་སའི་ས་ཁུལ་ལ་མཚོན་ན་རྒྱ་ནག་ནང་ཁུལ་དང་འཛམ་གླིང་གི་གྲོང་ཁྱེར་ཆེ་ཁག་ལྟ་བུའི་མི་མང་འདུས་སྡོད་བྱེད་སའི་ས་ཁལ་མ་ཡིན་པ་དང༌།
གསལ་བསྒྲགས་བྱས་པ་ལྟར་ན་ཚད་རིམ་བདུན་དང་ཚག་གཅིག་ཙམ་འགུལ་བས་འགུལ་ཤུགས་ཀྱང་ཧ་ཅང་ཆེན་པོ་མ་ཡིན་པས་མི་མང་པོ་མི་འཆི་བ་འོས་མོད།
འོན་ཀྱང་བསམ་ཡུལ་ལས་འདས་པ་ཞིག་ལ་དོན་རྐྱེན་འདིའི་ཁྲོད་མི་ཤི་བའི་གྲངས་ཚད་ཧ་ཅང་མང༌། དེ་དག་གི་རྒྱུ་རྐྱེན་རོབ་ཙམ་རྒྱུས་ལོན་བྱས་ན།
གཅིག རང་བྱུང་ཁོར་ཡུག་ལ་གཏོར་སྐྱོན་ཚབ་ཆེན་བཏང་བ།
རྩ་བའི་ཆ་ནས་ས་ཡོམ་འབྱུང་རྐྱེན་ལ་རྒྱུ་རྐྱེན་མང་ཙམ་ཡོད་པ་སྨོས་མི་དགོས་མོད། དེ་ལས་མང་། »
རང་རིགས་བྱེས་འཁོད་རྒྱ་ཆེའི་མི་མང་ཡོངས་ཀྱི་སྙན་ལམ་དུ་ཆེད་ཞུ།
ཕྱི་ལོ་ ༢༠༡༠ ཟླ་ ༤ ཚེས་༡༤ ཉིན་བོད་མདོ་ཁམས་སྐྱེ་རྒུ་ཡུལ་ཤུལ་ཁུལ་དུ་འཇིགས་སུ་རུང་བའི་རང་འབྱུང་ས་ཡོམ་ཤུགས་ཆེན་ཐེབས་ཏེ་ལོ་རྒྱུས་ཐོག་བྱུང་མ་མྱོང་བའི་མི་ཤི་རྒྱུ་གྱོང་གི་གོད་ཆགས་བསམ་ཡུལ་ལས་འདས་པ་ནི། རོ་ཡི་རི་བོ་བརྩེགས་པ་དང་། ཁྲག་གི་རྒྱ་མཚོ་འཁྱིལ།
ཡུལ་གྲོང་ཁང་པའི་ཁྱིམ་ཤུལ་ཐམས་ཅད་ཇི་ལྟར་ཡིན་མིན་ངོས་འཛིན་མི་ཤེས་པའི་རྩ་འཐོར་དགུ་འཐོར་དུ་སོང་བ་དེ་དག་མཐོང་ཚེ་མིག་ཆུ་དབང་མེད་དུ་ཤོར་རྒྱུ་ལས་མ་འདས། ང་ཚོ་བྱེས་སུ་འཁོད་པའི་བོད་མི་ཚོ་ས་གནས་ཡུལ་ཤུལ་དུ་ཕྱིན་ཏེ་རོགས་རམ་བྱ་ཐབས་དབེན་ནའང་༸སྤྱི་ནོར༸གོང་སྐྱབས་མགོན་ཆེན་པོ་མཆོག་གི་དབུ་ཁྲིད་པའི་ཆོས་བརྒྱུད་ཆེན་པོ་བཞི་དང་།
གཡུང་དྲུང་བོན་བཅས་ཀྱི་བླ་ཆེན་བླ་སྤྲུལ་རྣམ་པ་ཡོངས་སུ་རྫོགས་པ་རྒྱ་གར་འཕགས་པའི་ཡུལ་དུ་སྐུ་ཟིལ་པ་ཕྲོམ་མེར་བཞུགས་ཡོད་པ་དང་། སྐྱབས་ཡུལ་དགེ་འདུན་རྒྱ་མཚོའི་ཐུགས་རྗེ་བླ་ན་མེད་པའི་དྲིན་གྱིས་བསྐྱངས་ཡོད་པར་བརྟེན། འདས་གསོན་དེ་དག་སྐྱབས་པའི་ནུས་པ་སྐྱབས་གནས་ལས་ལྷག་པ་ཞིག་མེད་པ་ཀུན་གྱིས་མཁྱེན་གསལ་ལྟར་། དེ་ལས་མང་། »
དབུས་ཕྲུག་ཚེ་རིང༌།
སྐྱེ་རྒུ་མདོའི་སྤུན་ཟླ་ཚོར།
མི་རྟག་རླུང་གིས་དྲག་ཏུ་སྐུལ་དུས་ས་ཆེན་སྙིང་གི་འཕར་རྩ་ལྡིང༌།།
ཆེན་པོར་རློམ་པའི་རི་བྲག་མཚོ་ཡང་དེ་ཡི་ཞབས་འོག་སྐད་ཅིག་ནུབ།།
ལྷ་ཀླུ་གཞིས་བདག་ཇི་ལྟར་མང་ཡང་རྫུ་འཕྲུལ་སྟོན་པའི་ནུས་སྟོབས་ཞན།།
འདི་ནི་རྟེན་འབྲེལ་གོ་ལུགས་ཡིན་ན་མཐུ་དང་ནུས་པའི་སྒྲོ་མ་འདོགས།།
བྱམས་དང་སྙིང་རྗེ་གླེང་ཐབས་བྲལ་བའི་ས་ནག་མཆེ་བ་བགྲད་ཡོང་དུས།།
ས་དང་གནམ་ལ་རླུང་བཞིན་རྒྱུ་བའི་ཚན་རིག་རྒོད་པོ་འདི་རྣམས་ཀྱང༌།།
རྒྱ་སྟག་ངར་མོའི་མདུན་ན་ལུས་པའི་མདང་སྐྱེས་བེའུ་ཆུང་ངུ་བཞིན།།
གནམ་ས་གཉིས་ཀྱི་གཡོས་སྦྱོར་འདི་འོག་རང་ཚུགས་ཤོར་ཚུལ་འདི་ལྟར་ལགས།།
དཔལ་དང་འབྱོར་པས་གླིང་ལྔ་འགུག་ཅེས་དུང་གི་སྒྲ་དབྱངས་རྒྱུན་མི་ཆད།།
མཐོ་དང་དམའ་ཡི་མི་ལུས་ཀུན་ལ་སྙོམས་པོར་སྤྱོད་ཅེས་འུར་གྱིས་འདོན།།
བདེན་དང་རྫུན་པའི་ཁ་ཚོན་གཅོད་པར་ཁྲིམས་ཀྱི་ར་བ་མི་དགོས་ཀྱང༌།།
མིག་དང་རྣ་ཡིས་རིག་ཚུལ་འདི་ཡིས་གནས་ལུགས་གང་ཡིན་རྗེན་པར་འཆར།།
དེ་ལས་མང་། »
མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་བརྗོད་ན་ད་བར་སྐྱེ་རྒུ་མདོའི་གནོད་ཁུལ་དུ་རོགས་སྐྱོར་མ་དངུལ་དང་དངོས་པོ་རྒྱ་སྒོར་ཐེར་འབུམ་བརྒྱད་འབྱོར་ཡོད་པ་དེ་དག་བཀོལ་སྤྱོད་ལེགས་པོ་ཡོང་བར་གཞུང་ཕྱོགས་ནས་ལྟ་རྟོག་ནན་མོ་བྱེད་ཀྱིན་ཡོད་ཟེར།
ཚེས་༢༦ཉིན་མཚོ་སྔོན་ཞིང་ཆེན་གྱི་སྤྱི་ཁྱབ་གཞོན་པ་ཀྲང་ཀོང་རོང་གིས་བརྗོད་ན།སྐྱེ་རྒུ་མདོའི་གནོད་ཁུལ་དུ་ད་བར་རྒྱ་སྒོར་ཐེར་འབུམ་བརྒྱད་ཀྱི་རོགས་སྐྱོར་མ་དངུལ་དང་དངོས་པོ་འབྱོར་ཡོད་ལ་། དེ་དག་ཁྲོད་རྒྱ་ནག་དབུས་གཞུང་གི་ཐད་ཀར་ཕྱིན་པའི་སྒོར་མོ་ཐེ་བའི་རོགས་སྐྱོར་མ་དངུལ་སྒོར་རྐྱང་ཐེར་འབུམ་བཞི་དང་རིན་ཐང་རྒྱ་སྒོར་ཐེར་འབུམ་བཞི་ཡི་དངོས་པོ་བཅས་འབྱོར་ཡོད་པས་། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ཆེད་དུ་ལྟ་རྟོག་ཞིབ་བཤེར་ཚོགས་ཆུང་བཙུགས་ནས་མ་དངུལ་དེ་དག་བཀོལ་སྤྱོད་ལེགས་པོ་བྱེད་རྒྱུར་ལྟ་རྟོག་ནན་མོ་བྱེད་བཞིན་ཡོད་ཟེར་། ཡིན་ནའང་དེང་སང་རྒྱ་ནག་ནང་ལྐོག་ཟ་རུལ་སུངས་ཀྱིས་ཁེངས་པའི་གནས་སྟངས་དེའི་འོག་མ་དངུལ་དེ་དག་ཐད་ཀར་གནོད་ཁུལ་མི་མང་ཐོག་བཀོལ་སྤྱོད་བྱེད་ཐུབ་མིན་བོད་ནང་གི་ཤེས་ལྡན་མི་སྣ་ཚོས་ཐེ་ཚོམ་བྱེད་བཞིན་ཡོད་། དེ་མིན་སྐྱེ་རྒུ་མདོའི་གནོད་ཁུལ་གྱི་གཞུང་ལམ་དང་གློག་ཤུགས་ནུས་བའི་ཐད་གནོད་འཚེ་ཆེན་པོ་ཐེབས་པས་།སྐྱེ་རྒུ་མདོ་བསྐྱར་གསོ་ལས་དོན་ལ་དཀའ་ངལ་ཆེན་པོ་འཕྲད་ཀྱི་ཡོད་པ་མཚོ་སྔོན་ཞིང་ཆེན་གྱི་སྤྱི་ཁྱབ་གཞོན་པ་ཀྲང་ཀོང་རོང་གིས་ངོས་ལེན་བྱས་ཡོད་། སྐྱེ་རྒུ་མདོར་ལོ་གཅིག་ནང་ཟླ་བརྒྱད་ཙམ་ལ་གནམ་གཤིས་གྲང་ངར་ཆེ་བས་།ཁང་བ་གསར་སྐྲུན་སོགས་ཀྱི་ལས་གཞི་ཟླ་བ་ལྔ་ཙམ་རིང་མ་གཏོགས་སྤེལ་ཐུབ་ཀྱི་མེད་པ་རེད་། དེ་ལས་མང་། »
དར་ཐང་བ་ཨོ་རྒྱུན་བཀྲ་ཤིས།
སྐྱེ་རྒུ་མདོའི་ས་འགུལ་གོད་ཆག་ཁྲོད་རྐྱེན་འདས་སུ་སོང་བའི་སྤུན་ཟླ་ཚོ་མྱ་ངན་རྗེས་དྲན་དུ་ཕུལ།
༡༽ ས་ཆེན་པོའི་གཡོ་འགུལ་ཐེངས་གཅིག་གིས
ངའི་སྤུན་ཟླ་གང་མང་གི་གཅེས་སྲོག་ས་ལ་འཕེན
ས་ཆེན་པོར་སྙིང་རྗེ་མེད་ཀྱང
སའི་ལྷ་མོར་དམ་ཚིག་ཡོད་ན
ལྷ་བཙན་པོའི་གདུང་རྒྱུད་འདིར
མགོན་གུ་རུའི་གདུལ་ཞིང་འདིར
ཆག་ཆེ་ཉམ་ང་བའི གོད་ཆག་འདི་བསྐྱལ་དོན་ཅི
༢༽ མི་མང་པོ་ཞིག་གིས་གོད་ཆག་འདིའི་གྱོང་གུད་དང་ཕངས་སེམས་གླེང་དུས
ངས་འདི་ལྟར་བསམ
སྡུག་བསྔལ་དེ་ལོ་ཟླའི་ཁྲོད་ནས་སངས་འགྲོ་ལ
དཔལ་འབྱོར་ནི་འབད་འབུང་ཁྲོད་ནས་རྙེད་འོང
ཁྱིམ་གཞིའང་སྤུན་ཟླ་མཉམ་རུབ་ཀྱིས་བསྐྱར་སྐྲུན་ཐུབ་ངེས
འོན་ཀྱང་་་བཞུད་ཟིན་པའི་སྤུན་ཟླ་ཚོའི་ཚེ་སྲོག དུས་ནམ་ཡང་ཕྱིར་ཡོང་མེད་ལ
མི་ཡུལ་འདིའི་རྒྱུ་ནོར་གང་གིས་ཀྱང་གཞལ་ཐབས་ག་ལ་ཡོད དེ་ལས་མང་། »

རྩོམ་པ་པོ་གྲགས་ཅན་ཞོགས་དུང་ལགས།

རྩོམ་པ་པོ་ཐེའུ་རང་ལགས།

རྩོམ་པ་པོ་ཞོགས་ལྗང་ལགས།
བྱ་དོར་ཕུན་ཚོགས་དབང་ཕྱུག
མི་རིགས་ཀྱི་བླ་སྲོག་ཏུ་གྱུར་པའི་མི་བུ་ཞོགས་དུང་དང༌། ཞོགས་ལྗང༌། ཐེའུ་རང་བཅས་རྒྱ་དམར་གྱིས་བཀག་འཇུག་བྱས་པར་གདུང་སེམས་མཚོན་བྱེད་དུ།
ཉིན་བྱེད་མཁའ་མཐར་ལྷུང་བའི་མཐོ་སྒང་གི་གཡང་ཁྱིམ།།
སྨག་གི་གཤེད་ཚོགས་གཏུམ་མོས་འཁྱུར་མིད་དུ་གཏོང་དུས།།
དམར་ནག་རྒྱ་འདྲེ་སྨྱོས་པའི་གདུག་རྩུབ་ཀྱི་བྱེད་ལས།།
རིགས་པའི་ཁྱེའུ་བཅོམ་པའི་ཆོ་འཕྲུལ་དུ་བཀྱེད་བྱུང༌།།
སྲིད་པའི་རྒན་མོ་ངུས་པའི་ལྟས་ངན་གྱི་ཆོ་ངེས།།
མིག་ཟུང་ཁྲག་ལ་རྔམ་པའི་བྱ་རྒོད་དེ་འདྲོགས་པས།།
རོ་ལངས་དངན་པ་འཆོར་བའི་དུར་ཁྲོད་ཀྱི་ཐང་ན།།
ཕྱིར་མིག་བོད་ལ་ཅེར་བའི་རྣམ་ཤེས་དེ་སུ་རེད།།
མ་དག་སྣང་བ་སྐྱོང་བའི་བླུན་ནག་གི་ཁོར་ཡུག།
གཡོ་སྒྱུའི་ཞགས་ནག་འོག་ཏུ་དབུགས་རྒྱུ་དེ་གཞོམ་པས།།
འཇིགས་རུང་རླུང་དམར་འཚུབ་པའི་ཁྲོ་སྐད་ཀྱི་དབུས་སུ།།
གངས་ཀྱི་སེང་གེ་འདར་བའི་ངང་ཚུལ་དེ་མཐོང་ངམ།།
རླུང་དང་སྐྱི་བསེར་འཐབ་པའི་རྔམ་སེམས་ཀྱི་བར་ན།།
སྟོན་གྱི་འདབ་ལོ་སེར་པོས་སྐྱོ་གླུ་ཞིག་བླངས་ཐལ།།
ལས་དང་རླུང་རྟ་རྒུད་པའི་ཆག་སྒོ་ཡི་ཁྲོད་དུ།།
མི་གཞིའི་སྙིང་སྟོབས་སྤོར་བའི་ཞོགས་དུང་དེ་བརླགས་ཐལ།།
དེ་ལས་མང་། »

ཞོགས་དུང་ལགས།
ཉེ་དུས་ཁམས་ཕྱོགས་ཡུལ་ཤུལ་དུ་ས་ཡོམ་གོད་ཆག་བྱུང་ནས་སེམས་ཅན་སྟོང་ཕྲག་མང་པོའི་ ཚེ་སྲོག་ཤོར་བ་དང་། སེམས་ཅན་ཁྲི་ཕྲག་མང་པོ་སྡུག་བསྔལ་གྱི་གཡང་ལ་དཔྱངས་པར་གྱུར་པས། རྒྱལ་ཁབ་ཡུལ་ལུང་མི་གཅིག་པ་སྐད་རིགས་མི་རིགས་མི་འདྲ་བ་བགྲང་ཡས་པའི་སེམས་པ་ མྱ་ངན་གྱིས་རབ་ཏུ་ནོན་པར་གྱུར་པའི་དུས་མཚུངས་སུ་སོ་སོའི་སྙིང་རྗེའི་ལག་ཟུང་ རིང་དུ་བརྐྱངས་ཏེ་དངོས་བརྒྱུད་གང་རུང་ནས་རྒུད་སྐྱོབ་རོགས་རམ་གང་ཅི་འཇོན་ བྱེད་ཅིང་ཡོད་པ་ཀུན་གྱིས་ཤེས་གསལ་ལྟར་རོ། ། འོན་ཀྱང་། ཚང་མའི་བློ་ཡུལ་ལས་འདས་པ་ཞིག་ནི་བདག་གཞན་ཀུན་གྱིས་ཐེངས་འདིའི་གོད་ཆག་ཁྲོད་ ཤི་རྨས་སུ་སོང་བའི་སྤུན་ཟླ་དག་ལ་གདུང་སེམས་མཉམ་བསྐྱེད་ཀྱིས་རང་ནུས་ཅི་ ལྕོགས་འདོན་བཞིན་པའི་སྐབས་ཏག་ཏག་ལ། ང་ཚོའི་གྲོགས་པོ་ཞོགས་དུང་རྒྱལ་ཁབ་ཉེན་རྟོག་པས་གློ་བུར་དུ་ཁྲིད་སོང་།
སྤྱི་ ཟླ༤པའི་ཚེས༢༣ཉིན་གྱི་ཕྱི་དྲོ་དུས་ཚོད༥དང་ཕྱེད་ཀའི་སྟེང་ཟི་ལིང་གྲོང་ཁྱེར་ ཉེན་རྟོག་ཅུ་ནས་ཡིན་ཟེར་བའི་ཉེན་རྟོག་པ་ལྔ་དྲུག་ཙམ་ཞིག་གིས་ཁོ་རང་ལས་ཁུངས་ ནས་ཁྲིད་དེ་ཁྱིམ་དུ་ཕྱིན་པ་དང་ཁྱིམ་གྱི་དཔེ་ཀློག་ཁང་སོགས་སུ་བཤེར་སློག་དང་ བརྙན་པར་གང་འཚམ་བརྒྱབ་རྗེས་གཞི་ནས་ཁྲིད་སོང་ཟེར། དགོང་མོ་དུས་ཚོད༡༠ཡས་མས་སུ་ཉེན་རྟོག་པ་སླར་ཡང་ཁྱིམ་ལ་ཡོང་སྟེ་རྩིས་འཁོར་ གཉིས་ཀ་དང་གཞན་ཡིག་དཔར་སོགས་ཁྱེར་སོང་། ཉེན་རྟོག་པའི་སྤྱོད་ལམ་ཅུང་ཞི་འཇམ་ཡིན་ཚོད་དུ་སྣང་། ཞོགས་དུང་གི་ཆུང་མ་ལྷ་འཚོས་བཤད་པ་ལྟར་ན། དེ་ཉིན་གྱི་མཚན་གུང་དུས་ཚོད༣ཡས་མས་སུ་ཉེན་རྟོག་པ་ཡང་བསྐྱར་ཁྱིམ་ལ་ཡོང་སྟེ་ ཞོགས་དུང་དངོས་སུ་བཀག་སྐྱིལ་བྱེད་པའི་བརྡ་ཡིག་བྱིན་པ་དང་ཁོ་རང་ལ་མཁོ་བ་ཡིན་ ཟེར་ནས་ཉལ་ཆས་སྟབས་བདེ་ཙམ་ཁྱེར་ནས་བུད་སོང་ཟེར། ཕྱི་ཉིན་སྔ་དྲོ་བཀག་སྐྱིལ་ཡི་གེའི་སྟེང་གསལ་བ་ལྟར་ལྷ་འཚོ་དང་བུ་མོ་ཡེ་ཤེས་ འཚོ་མོ་སོགས་ཟི་ལིང་གྲོང་ཁྱེར་བཀག་སྐྱིལ་ཁང་དང་པོ་རུ་ཐེངས་འགར་ཕྱིན་ཀྱང་ངོ་ ཐུག་མ་ཐུབ་པར་མ་ཟད་ད་ལྟ་དངོས་གནས་དེ་རུ་ཡོད་མེད་ཀྱང་ཤེས་དཀའ་འདུག དེ་ལས་མང་། »