ཤེས་ཡོན་པ་འདི་ལྟར་གླེང་།

  • འོད་དཀར།

    ཁ་ལྕེ་དམར་པོ་ལྕགས་གིས་བསྡམས་ནས་སྨྱུ་གུ་ནག་པོ་ཁྲག་གིས་བརྫིས།།
    རང་དབང་སེམས་པ་བཙན་གྱིས་བཟུང་ལྷད་མྱི་གཟུགས་གསོན་པོ་ཁྲིམས་ལ་སྦྱར།།
    བདེན་པའི་གནས་ལུགས་རྡོག་བརྫི་བྱེད་པའི་དམར་པོ་གཞུང་གི་ངང་ཚུལ་དེར།།
    གདོང་སྟོབས་ངར་ཤུགས་བསྐལ་པར་འབར་བའི་ཤེས་ཡོན་སྡེ་ཞིག་དེང་འདིར་གསལ།།

    ཀུན་པོའི་མདུན་ན་མངོན་པར་གསལ་བའི་གནམ་ས་གོ་འབྱེད་ཁྲག་ཡིག་དང༌།།
    ལྷང་འཇག་མེད་པའི་ཧི་མ་ལ་སོགས་དཔེ་དེབ་དུ་མའི་བདག་ཉིད་དག།
    དྲ་ཐོག་རྩོམ་ཡིག་རྩལ་གྱིས་ཐོན་པའི་གངས་ཉི་ཞོགས་ལྗང་ལ་སོགས་པའི།།
    གཞིས་བཞུགས་དཔའ་བོའི་སྙིང་སྟོབས་དེ་ཚོ་དེ་རིང་འདི་ནས་ཕྱོགས་ཙམ་གླེང༌།།

    ཞོགས་དུང༌། བཀྲ་རྒྱ།
    《གནམ་ས་གོ་འབྱེད་》གནམ་ནས་མ་འཕོས་ཞོགས་དུང་རྒད་པོའི་སྙིང་ནས་ཐོན།།
    བརྡ་ཡིས་བརྒྱན་ཞིང་ཚིགས་ཀྱིས་གྲུབ་པའི་ལྟ་གྲུབ་གསར་བའི་བརྩམས་ཆོས་འདི།།
    ཞིབ་ཀྱིས་ཀློག་ན་བསམ་གཞིགས་འབུམ་སྟེར་གོ་བ་ལོན་ན་ཁྲག་རྩ་གཅོད།།
    འདི་ནི་ཞོགས་དུང་བསམ་བློ་མཚོན་པའི་དུས་རབས་གཅིག་གི་འཕར་རྩར་འདོད།།
    དེ་ལས་མང་། »

  • དྲི་བ་ཐུང་ཐུང་དྲིས།བསམ་ཚུལ་ཉུང་ཉུང་ཤོད།

  • རིག་འབྱུང་དོན་གྲུབ་བཀྲ་ཤིས། ཨ་རི།

    བོད་ཕྱི་ལོགས་སུ་ཡོད་པའི་བོད་རིགས་གསར་འགོད་པ་ཚོའི་ཁྲོད་ན། ཤེས་ཡོན་གྱི་སྒང་ནས་ཆེད་ལས་གསར་འགོད་པ་ཧ་ཅང་ཉུང་ཉུང་ཡིན། འོན་ཀྱང་། ཉམས་མྱོང་གི་སྒང་ནས་ཆེད་ལས་གསར་འགོད་པ་ཆགས་བསྡད་པ་གང་འཚམས་ཡོད། བོད་པའི་གསར་འགོད་པ་ཚོའི་ཆེད་ལས་དེ་ཆེད་ལས་ཀྱི་ངོ་བོའི་སྒང་ན་འདུག་གི་མེད། བོད་པའི་གསར་འགོད་པ་ཚོའི་ཁྲོད་ན། གསར་འགྱུར་སྤེལ་དུས་གནས་ཚུལ་དང་བསམ་ཚུལ་བསྲེས་བསྲེས་གཏོང་མཁན། བདེན་པ་དང་བསམ་ཚུལ་མཉམ་བསྲེས་བྱེད་མཁན་སོགས་ཀྱང་ཡོད། ད་དུང་། བཅར་འདྲི་བྱེད་སྐབས་དྲི་བ་མི་གསལ་བ་དང་དྲི་བ་རིང་བ། དྲི་བ་འདྲི་མཁན་རང་གིས་བཤད་འདོད་པ་ཞིག་དྲི་བ་འདྲི་ཡུལ་ལ་བཤད་དུ་འཇུག་ཆེད་སྐོར་བཤད་རིང་པོ་རྒྱག་པ། དྲི་ཚིག་བསྐྱར་ཟློས་བྱེད་པ། ཐ་ན། སྐད་ཆ་རིང་པོ་ཞིག་མ་བཤད་ན། དྲི་བ་གཏོང་མི་ཤེས་བའི་གོམས་གཤིས་ངན་པ་ཞིག་ཡོད། གོམས་གཤིས་ངན་པ་འདི་ན་ཚ་ཡང་རེད། ན་ཚ་འདིའི་རྐྱེན་པས། མཚམས་ལན་རེར་གསར་འགོད་པ་རང་ཉིད་དྲི་བ་གཏོང་མཁན་མིན་པར་དྲི་ལན་རྒྱག་མཁན་གྱི་སར་ལངས་ནས་བསམ་ཚུལ་བཤད་གི་ཡོད། གནད་དོན་འདི་དག་གི་ཐད་ལ་།
    ངེད་ཀྱིས་ཚིག་འགའ་ཞུ་གི་ཡིན། རྩོམ་ཐུང་འདི་གང་ཟག་སྒེར་ལ་དམིགས་པ་ཞིག་མིན། རྩོམ་ཐུང་འདི་གསར་འགོད་པ་སྒེར་པ་ཞིག་དཔེ་མཚོན་དུ་བཞག་ནས་བོད་རིགས་གསར་འགོད་པ་གཞན་པ་ཚོར་བྲིས་བ་ཞིག་ཡིན།
    ངེད་ཀྱི་བསམ་ཚུལ་བཤད་ས་དེ། ཀུན་གླེང་གསར་འགོད་པ་རྣམ་རྒྱལ་ཤཱསྟི་ལགས་ཀྱི་བཅར་འདྲིའི་སྐོར་ལ་ཡིན། ཕྱི་ཟླ་ལྔ་བའི་ཚེས་ཉེར་དྲུག་ཉིན། དེ་ལས་མང་། »

  • གོང་ས་མཆོག་གིས་ཌི་ཝི་ཌིར་དྲ་ཐོག་ཏུ་རྒྱ་རིགས་པ་ཚོའི་དྲི་བར་ལན་འདེབས་གནང་བ།

    བོད་ཀྱི་ྋསྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་རྒྱ་ཡིག་གི་ཊི་ཝི་ཊར་དྲ་ཐོག་བརྒྱུད་ཐེངས་དང་པོར་རྒྱ་རིགས་རྣམས་ཀྱི་དྲི་བར་
    བཀའ་ལན་མཛད་པ།

    ༢༠༡༠ ཕྱི་ཟླ་ ༥ ཚེས་ ༢༩ རེས་གཟའ་སྤེན་པ།

    ༄༅།།བོད་ཀྱི་གནད་དོན་ཐོག་མཁས་པ་དང༌།སྙན་གྲགས་ཅན་གྱི་རྩོམ་པ་པོ་ཝང་ལི་ཞུང་གིས་གོ་སྒྲིག་འོག་བཙན་བྱོལ་དུ་བཞུགས་པའི་བོད་ཀྱི་ྋསྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ལ་ཕྱི་ཟླ་༥ཚེས་༢༡ཉིན་ཊི་ཝི་ཊར་དྲ་ཐོག་ནས་རྒྱ་ཡིག་དྲ་གྲོགས་རྣམས་དང་ཆུ་ཚོད་གཅིག་རིང་སྐུའི་ཡང་སྲིད་ཕེབས་ཕྱོགས་དང༌།པེ་ཅིང་དང་བཀའ་མོལ་གནང་བའི་སྐོར།རྒྱ་བོད་འབྲེལ་བའི་སྐོར་སོགས་ལ་དྲི་ལན་གནང་ཡོད།དྲ་ངོས་སུ་འགྲིམ་བཞིན་པ་རྣམས་འཐུས་ཚང་དེ་ཙམ་མེད་རུང་བླངས་བས་སྒྲ་བཅུག་བྱས་པ་རྣམས་བསྐྱར་དུ་རྩོམ་སྒྲིག་བྱས་རྗེས་ཀྲོའུ་ཡན་ནས་སྦོའུ་ཤུན་དྲ་ཐོག་ཏུ་བཏང་བའི་གཏམ་གླེང་ཆ་ཚང་གཤམ་དུ་ཕབ་སྒྱུར་ཞུས་ཡོད།
    ཝང་ལི་ཞུང་གིས།ཐོག་མར་གུས་པར་འོས་པའི་བོད་ཀྱི་ྋསྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་ཉིན་རེའི་བྲེལ་ཟིང་གི་མཛད་རིམ་ནས་དུས་ཚོད་བཏོན་ཏེ་རྒྱ་ཡིག་དྲ་གྲོགས་དང་གཏམ་གླེང་གནང་བ་ཐུགས་རྗེ་བཀ྄འ་དྲིན་ཆེ་ཞུ་རྒྱུ་ཡིན།
    པེ་ཅིང་གི་དུས་ཚོད་ཟླ་བ་༥པའི་ཚེས་༡༧སྔ་དྲོ་ཆུ་ཚོད་༡༠།༣༠ནས་མགོ་བརྩམས་ཏེ་རྒྱ་ཡིག་དྲ་གྲོགས་རྣམས་ཀྱི་བྱབྱཊི་ཝི་ཊར་དྲ་ཐོག་ནས་བོད་ཀྱི་ཏཱ་ལའི་བླ་མ་མཆོག་དང་གཏམ་གླེང་བྱབྱཞུ་རྒྱུའི་དྲི་བ་རྣམས་གྷུ་གྷལ་ནང་ཕྱོགས་སྒྲིག་བྱས་པ་རྣམས་སྐུ་ཉིད་ལ་འབུལ་རྒྱུ་ཡིན།ཉིན་༤ཙམ་གྱི་དུས་ཚོད་ནང་གྷུ་གྷལ་གྱིས་མ་གཞི་བར་མཚམས་རེར་ལས་ཀ་མ་བྱས་པར་བཀག་ཀྱང༌།དེ་དང་བསྟུན་ནས་རྒྱ་ནག་གི་ངོས་ནས་གྷུ་གྷལ་ནང་ཕྱོགས་སྒྲིག་གི་དྲི་བ་ཁག་བཀག་སྡོམ་བྱས་པ་སོགས་བྱུང་ཡོད་ནའང༌།མི་གྲངས་༡༢༥༣ཙམ་ནས་དྲི་བ་༢༨༩ཙམ་ཕུལ་འདུག་པ་དང༌།འོས་ཤོག་གྲངས་༡༢༣༧༣ཙམ་གཡུགས་ནས་དྲི་བ་བདམས་གསེས་བྱས་པ་རེད།ད་རེས་སྐུ་ཉིད་མཛད་བྲེལ་ཆེ་སྟབས་གླེང་མོལ་གྱི་དུས་ཚོད་འཐུས་ཚང་ཞིག་ཡོང་དཀའ་བས་དྲི་བ་གང་མང་ཞིག་ལ་ལེན་འདེབས་ཞུ་རྒྱུ་རེ་བའང་རྒྱག་གི་མེད།ད་ཐེངས་ནི་མགོ་བཙུགས་ཙམ་ཞིག་ཡིན།ལམ་ཁ་འདི་ལྟ་བུ་ཞིག་གསར་བསྐྲུན་བྱས་པས་ད་ནས་བཟུང་བྱ་ཐབས་འདི་ལ་བརྟེན་ནས་སྐུ་ཉིད་དང་རྒྱ་ནག་དམངས་ཁྲོད་སྤྱི་ཚོགས་དབར་མུ་མཐུད་རང་དབང་ངང་ཕན་ཚུན་དགོངས་འཆར་བརྗེ་རེས་གནང་ཆོག་པས་ཕྱོགས་གཉིས་ཀྱི་དངོས་ཡོད་གནས་ཚུལ་རྒྱུས་ལོན་ཐུབ་རྒྱུར་ཕན་པ་ངེས་ཅན་ཡོད།གནད་དོན་འདིར་དྲ་ཐོག་ཏུ་མཉམ་ཞུགས་གནང་མཁན་ཡོངས་ནས་གྷུ་གྷལ་ནང་དྲི་བ་རེ་རེ་བཞིན་༼འགྲིག་གི་འདུག༽ཡང་ན་༼དེ་ཙམ་ཡག་པོ་མི་འདུག༽ཅེས་པའི་འདེམས་སྒྲུག་ཐོག་འོས་འཕེན་བྱས་ཡོད།དེ་ནས་འོས་གྲངས་གོ་རིམ་གཞིར་བཟུང་གི་སྐུ་ཉིད་ལ་དྲི་བ་ཁག་འབུལ་རྒྱུ་ཡིན། དེ་ལས་མང་། »

    བོད་ཀྱི་སྒྱུ་རྩལ་པ་མགོ་ལོག་ཟླ་བྷེས་ཞོགས་དུང་ལ་ཕུལ་བ།

  • མགོ་ལོག་ཟླ་བྷེ།

    དཀར་མོ་རྒྱང་གྲགས་བོར་བ། ཞོགས་དུང་ནི་ཞོགས་དུང་དེ ཉི་ཟླ་དང་ཤིན་ཏུ་ཉེ་སའི་འཇིག་རྟེན་ན རྒྱ་མཚོ་དང་ཆེས་ཆེར་རིང་བའི་ཡུལ་གྲུ་ན་ ཨུ་ཚུགས་ཀྱི་དམ་བཅའ་བཙན་དབང་གིས་བསྐྱངས་བའི་ཆུ་རྒྱུན་སྐམ་པོའམ་ དགེ་ལ་འདུན་ཞིང་ཆོས་སྲིད་འཕེལ་མྱོང་བའི་ཁྲག་རྒྱུན་དྲོན་མོ་སྟེ་ བསམ་དོན་འགྲུབ་པའི་རྒྱལ་གླུ་དང་ མགོ་སྐོར་ཐེབས་པའི་སྐྱོ་གར་ཅིག་ཅར་དུ་འཁྲབ་བཞིན་པའི་དུས་འདིར་ ཞོགས་དུང་ནི་ཞོགས་དུང་དེ་ བཀྲ་ཤིས་གཡས་སུ་འཁྱིལ་བའི་དཀར་མོ་རྒྱང་གྲགས་འབུད་ཐེངས་གཅིག་གིས་ རང་ཉིད་ཀྱི་ཉི་ཟླ་ནོར་བུའི་རྒྱལ་མཚན་ལ་ཡང་ཕོག་ཐུག་ཤོར་ གཞན་གྱིས་བཙན་དབང་གིས་བཀབ་པའི་སྤྲིན་པ་ནག་པོར་ བསམ་བཞིན་དུ་ཆག་གྲུམ་བཟོས་ལ་ གྲངས་མེད་པའི་སྐར་ཚོགས་གཉིད་ལས་བསླངས་ ཞོགས་དུང་ནི་ཞོགས་དུང་དེ་ རྨོངས་མུན་དང་གཉིད་མཐུག་ཁྱོད་ཀྱིས་དཀྲོགས་ སྐྱ་རེངས་དང་ཉི་གཞོན་ཁྱོད་ཀྱིས་བོས་ རྙིང་ཞེན་གྱི་བག་ཆགས་དོང་ནས་སྤྲུགས་ཏེ་ འཕག་འཚག་གྲངས་མང་བརྒྱབས་ལ་ ང་རོ་ཆེས་ཆེར་བསྒྲགས་ ཞོགས་དུང་ནི་ཞོགས་དུང་དེ་ སྙིང་སྟོབས་ཀྱི་གོ་ཆ་བགོ་ཐེངས་གཅིག་གིས་ …

  • སྟོན་ཁ་དང༌། ངའི་མི་རིགས།

  • བྱ་དོར་ཕུན་ཚོགས་དབང་ཕྱུག

    དབྱར་ཁ་སོང་ཤུལ་དུ།
    སྟོན་ཁ་སྔར་བཞིན་སྐྱོ་ལྷང་ལྷང༌།
    ལྷེབ་ལྷེབ་ཏུ་ཟགས་པའི་ཤིང་ལོ་རྣམས།
    གྲང་རླུང་གི་ཟོམ་ཁ་ན་རྒས།

    ལོ་འདབ་རེ་རེ་ཆུ་གཉེར་དང་འགྲན་ཞིང༌།
    གཙང་པོའི་མཁའ་ངོགས་སུ་གཉོམ་གདུང་ངང་འཁྱེར་དུས།
    དུས་རབས་ཀྱི་རླབས་རྒྱུན་ཁྲོད་ཀྱིན་པའི།
    ང་ཚོའི་མི་རིགས་དང༌། རིག་གཞུང༌།
    ལེགས་བྱང༌། ད་དུང་་་་་་་་་༌།
    དེ་ལས་མང་། »

  • ཁམས་སྐྱེ་རྒུ་མདོར་ཡང་བསྐྱར་ཚད་རིམ་ལྔ་ཙམ་གྱི་ས་འགུལ་རྒྱུགས་འདུག

    ཟླ་འདིའི་ཚེས་༢༩ གཟའ་སྤེན་པ་ཉིན་གྱི་སྔ་དྲོའི་ཆུ་ཚོད་༡༠་༢༩ ཐོག་ཡུལ་ཤུལ་ལམ་སྐྱེ་རྒུ་མདོ་ཁུལ་གྱི་བྱང་ཤར་མཚམས་སུ་ས་ཡོམ་རིམ་པ་༥་༤ བརྒྱབ་ཡོད་པ་ཨ་རིའི་ས་ཁམས་དཔྱད་ཞིབ་པས་བརྗོད་ཡོད་པའི་གནས་ཚུལ་གསར་ལམ་ཁག་ནས་སྤེལ་འདུག
    འོན་ཀྱང་རྒྱ་གཞུང་གི་ཤིན་ཧཱ་གསར་ཁང་དང། རྒྱ་ནག་ཉིན་རེའི་གསར་འགྱུར་དྲ་བས་གནས་ཚུལ་སྤེལ་བ་ལྟར་ན། དུས་ཚོད་གོང་མཚུངས་ཐོག་ས་ཡོམ་རིམ་པ་༥་༧ བརྒྱབ་པའི་སྐོར་གྱི་གནས་ཚུལ་སྤེལ་བ་ཙམ་ལས། མི་ཤི་གོད་ཆག་གི་གནས་ཚུལ་བྱུང་ཡོད་མེད་གསལ་ཁ་གང་ཡང་མེད་པ་རེད། དེ་བཞིན་ཨ་པི་གསར་ཁང་གིས་ཀྱང་ད་ལྟའི་ཆར་མི་སྣ་ཤི་རྨས་དང་། རྒྱུ་ནོར་གྱོང་གུད་བྱུང་བའི་གནས་ཚུལ་འབྱོར་མེད་པར་བརྗོད་ཡོད་པ་རེད།

    ཕྱི་ཟླ་༤ ཚེས་༡༤ ཉིན་ཡུལ་ཤུལ་ཁུལ་དུ་ས་ཡོམ་རིམ་པ་༦་༩ བརྒྱབ་ནས་མི་སྣ་ཤི་རྨས་ཧ་ཅང་ཚབས་ཆེན་བྱུང་ནས་ད་ལྟ་བར་ཟླ་གཅིག་དང་ཕྱེད་ཀ་ཙམ་ལས་འགྲོ་ཡི་མེད་པ་དང། དེར་བོད་གཞིས་བྱེས་གཉིས་ཀྱི་བོད་མི་རྣམས་ཀྱིས་གདུང་སེམས་མཉམ་བསྐྱེད་ཀྱིས་ཤི་བོའི་འདས་མཆོད་དང་གསོན་པོའི་སྐྱབས་འཇུག་རྒྱ་མ་ཆུང་བ་ཞིག་བྱས་ཡོད་པ་མ་ཟད། བོད་མི་རྣམས་ཀྱི་སེམས་ཀྱི་བརྟེན་ས་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཁུལ་དེར་ཕེབས་པའི་རེ་བ་གནང་ཡང། རྒྱ་གཞུང་གིས་ད་བར་བརྡ་ལན་གསལ་པོ་ཞིག་གང་ཡང་སྤྲད་མེད་པ་རེད། དེ་ལས་མང་། »

    ཐག་རིང་གི་མི་དེ

  • ཁ་བ་ལྷ་མོ།

    “སྐྱ་མི་མང་པོ་ཡོད
    གཡག་བཞོན་ཡང་མང་པོ་ཡོད
    རླངས་འཁོར་ཤིན་ཏུ་ཉུང
    འཕྲུལ་རྟ་ནི་དེ་བས་ཀྱང་ཉུང”

    ཐག་རིང་གི་མི་དེ
    རྟ་འདོ་བའི་སྐྱ་ཕྲེང་འགྲིགས་ས་ན
    གཡག་རོག་པོའི་རུ་ཕྲེང་འགྲིགས་ས་ན

    མེ་ཏོག་གི་འདབ་མ་བསིལ་རླུང་གིས་ཡང་མོར་སྒུལ་བའི་མཚན་དུས་སུ
    ལྕི་དྲི་དང་འོ་དྲི་མ་ཡལ་བའི་ལྷས་འདབས་ནས
    སྒོ་ཁྱི་ནག་པོའི་རྨི་ལམ་པྲ་ཚགས་ཀྱིས་དཀྲོགས་མཁན་དེ
    ཁོ་རང་ཡིན་སྲིད་དམ
    དེ་ལས་མང་། »

  • བཙན་བྱོལ་སྤྱི་ཚོགས་ནང་གི་མདོ་སྨད་མི་སྣ་གལ་ཆེན་ཞིག་སྐུ་གྲོངས་བ།

    སྤྱི་ཟུར་སྒོ་མང་བསྟན་པ་ལགས།

    སྤྱི་ཟུར་སྒོ་མང་བསྟན་པ་ལགས།

    བཙན་བྱོལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་མདོ་སྨད་སྤྱི་འཐུས་ཟུར་བ་སྒོ་མང་བསྟན་པ་ལགས་སྐུ་གྲོངས་ཡོད་པའི་གནས་ཚུལ་ཐོན་ཡོད།
    བཙན་བྱོལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་མདོ་སྨད་སྤྱི་འཐུས་ཟུར་བ་སྒོ་མང་བསྟན་པ་ལགས་སྤྱི་ཟླ་༥པའི་ཚེས་༢༧ཉིན་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་རང་ཤག་ཏུ་མཆིན་པའི་གཉན་སྐྲན་གྱི་སྙུང་གཞིའི་རྐྱེན་སྐུ་གྲོངས་ཡོད་པ་དང་།དགུང་ལོ་བདུན་ཅུ་དོན་གཉིས་ཡིན་པ་རེད་། སྤྱི་ཟུར་སྒོ་མང་བསྟན་པ་ལགས་སྤྱི་ལོ་༡༩༣༨ལོར་མདོ་སྨད་མང་རའི་ཀླུ་ཚང་དུ་སྐུ་འཁྲུངས་པ་དང་། དགུང་ལོ་བཅུ་གཉིས་སྟེང་ཀླུ་ཚང་དགོན་པར་ཚོགས་ཞུགས་དང་། དགུང་ལོ་བཅུ་བདུན་སྟེང་བོད་དབུས་སུ་ཕེབས་ཏེ་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་ཆོས་སྒོར་ཞུགས་པ་དང་། སྤྱི་ལོ་༡༩༥༩ལོར་རྒྱ་གར་ལ་སྐྱབས་བཅོལ་དུ་འབྱོར་ནས་། ལོ་རབས་བདུན་ཅུའི་ནང་མོན་གྷོ་ཌི་ས་གནས་བོད་རང་དབང་བདེན་པའི་ཚོགས་ཆུང་དུ་ཚོགས་གཙོ་སོགས་ཀྱི་འགན་བཞེས་ཏེ་སྲི་ཞུ་སྣ་མང་བསྒྲུབ་མྱོང་ཡོད་པ་མ་ཟད་། སྤྱི་ལོ་༡༩༨༢ལོ་ནས་བཟུང་བོད་མི་མང་མདོ་སྨད་སྤྱི་འཐུས་ལོ་ལྔར་གནང་བ་དང་། ༡༩༨༧ལོར་གོང་ས་མཆོག་གིས་ཐད་བསྐོས་གནང་སྟེ་མདོ་སྨད་སྤྱི་འཐུས་སྐབས་དགུ་བ་དང་། དེ་ནས་སྐབས་བཅུ་བའི་དགེ་ལུགས་པའི་སྤྱི་འཐུས་དང་། སྐབས་བཅུ་གཅིག་པའི་མདོ་སྨད་སྤྱི་འཐུས་དང་སྤྱི་འཐུས་རྒྱུན་ལས་ཀྱི་ཕྱག་ལས་གནང་ནས་སྤྱི་ལོ་༡༩༩༥ལོའི་བར་ངྷ་རམ་ས་ལར་བཞུགས་པ་དང་། དེ་ལས་མང་། »

    རྒྱ་ནག་གཞུང་གིས་ཞིན་ཅང་ནང་རྒྱ་སྐད་ཁྱབ་གདལ་གཏོང་བའི་སློབ་གསོ་ཤུགས་ཆེན་སྤེལ་བ།

    ཞིན་ཅང་ནང་ཉིན་རེ་བཞིན་ཚབས་ཆེན་དུ་འགྲོ་བཞིན་པའི་མི་རིགས་འགལ་ཟླ་སེལ་ཆེད་རྒྱ་ནག་གཞུང་གིས་དཔལ་འབྱོར་གོང་འཕེལ་ལས་གཞན་ཞིན་ཅང་གི་ཡུ་གུར་ན་གཞོན་ཁྲོད་རྒྱ་སྐད་ཁྱབ་གདལ་གཏོང་བའི་སློབ་གསོ་ཤུགས་ཆེན་སྤེལ་གྱི་ཡོད་། ཚེས་༢༧ཉིན་ཞིན་ཅང་སྲིད་གཞུང་གི་མཐོ་རིམ་ཚོགས་འདུ་ཞིག་ཏུ་རྒྱ་སྐད་ཁྱབ་གདལ་གཏོང་ཕྱོགས་ཐད་བྱེ་བྲག་འཆར་གཞི་ཁྱབ་སྤེལ་བྱས་ཡོད་ལ། འཆར་གཞི་དེའི་ནང་བརྗོད་དོན།སྤྱི་ལོ་༢༠༡༢ལོར་ཞིན་ཅང་གི་བྱིས་སྐྱོང་ཁང་ཡོངས་སུ་ཡུ་གུར་སྐད་དང་རྒྱ་སྐད་གཉིས་ཀྱིི་སློབ་གསོ་ཁྱབ་གདལ་དང་། སློབ་གྲྭ་ཆུང་འབྲིང་དུ་སྤྱི་ལོ་༢༠༡༥ལོའི་སྔོན་ལ་དམིགས་ཡུལ་འདི་འགྲུབ་དགོས་ཚུལ་དང་། སྤྱི་ལོ་༢༠༢༠ལོར་ཐོན་དུས་ཞིན་ཅང་གི་སློབ་མ་ཡོངས་རྫོགས་ཀྱིས་ངེས་པར་དུ་ཡུ་གུར་སྐད་དང་རྒྱ་སྐད་གཉིས་བྱང་ཆུབ་པ་བཤད་ཐུབ་དགོས་པའི་བླང་བྱ་བཏོན་འདུག གནད་དོན་དབྱེ་ཞིབ་པས་པེ་ཅིན་གཞུང་གིས་རྒྱང་རིང་རྗེས་ལུས་ཀྱི་ཞིན་ཅང་ནི་དྲག་སྤྱོད་པའི་གནས་ཡུལ་ཞིག་ལ་གྱུར་བར་སེམས་ཁྲལ་བྱེད་བཞིན་ཡོད་པས་། ཞིན་ཅང་ནང་དཔལ་འབྱོར་གྱི་ཡར་རྒྱས་དང་རྒྱ་སྐད་ཁྱབ་གདལ་གྱི་སློབ་གསོ་ཤུགས་ཆེན་སྤེལ་ནས་།སྔར་ལས་ལྷག་པར་ཞིན་ཅང་ཐོག་སྟངས་འཛིན་ཆེད་ཤུགས་སྣོན་བྱེད་བཞིན་ཡོད་པ་རེད་ཟེར་།

    རྒྱལ་སྤྱིའི་བོད་རིག་པའི་ཚོགས་ཆེན་ཐེངས་བཅུ་གཉིས་པ་དང་ཕྱི་བསྐྱོད་མཐོང་མཆན།

  • རིག་འབྱུང་དོན་གྲུབ་བཀྲ་ཤིས་།

    ད་ལོའི་སྤྱི་ཟླ་བརྒྱད་པའི་ཚེས་༡༥ནས་༢༠བར་དུ། བོད་རིགས་པའི་ཚོགས་ཆེན་དེ་ཁ་ཎ་སྒྲར་(Canada)རྟེན་གཞི་བྱས་བའི་( University of British Columbia ) གཙུག་ལག་སློབ་ཁང་དུ་འཚོགས་གཏན་འཁེལ་ཡོད་ཅིང་ཐེངས་འདིའི་གཙོ་སྐྱོང་བ་བོད་རིགས་ལོ་རྒྱུས་ཆེད་མཁས་ཚེ་རིང་ཤཱཀྱ་ལགས་ཡིན། རྒྱལ་སྤྱིའི་བོད་རིགས་པའི་ཞིབ་འཇུག་ཚོགས་ཆེན་འདི་ལོ་གསུམ་གྱི་བར་ནས་ཐེངས་རེ་འཚོགས་བཞིན་ཡོད། ཐོག་མའི་ཆར་སྙན་ཞུ་འབུལ་མཁན་ཆིག་སྟོང་ལྷག་བྱུང་བའི་ཁོངས་ནས་ལྔ་བརྒྱ་ལྷག་གི་དཔྱད་རྩོམ་འདེམས་ཡོད། ཕྱི་རྒྱལ་བ་བོད་རིགས་པའི་ཆེད་མཁས་དང་ཉམས་ཞིབ་པ་རྣམས་ཕར་ཕུད་། ཐེངས་འདིའི་ཚོགས་ཆེན་ལ་བཅར་མཁན་ཕལ་ཆེ་བ་བོད་རིགས་ཡིན། འོན་ཀྱང་། བོད་རིགས་ཚོགས་བཅར་བ་ཚོའི་གྲངས་འབོར་དེས་ཚོགས་བཅར་བ་སྤྱིའི་གྲངས་འབོར་གྱི་གསུམ་ཆ་གཅིག་ཟིན་ཙམ་རེད། ད་ཐེངས་བོད་རིགས་ཚོགས་བཅར་བ་ཚོར་ཐེངས་སྔོན་མ་དག་དང་མ་འདྲ་བའི་དཀའ་ངལ་ཞིག་འཕྲད་བཞིན་ཡོད། དེ་ནི་ཕྱི་བསྐྱོད་ལག་འཁྱེར་(Passport)དང་ཕྱི་བསྐྱོད་མཐོང་མཆན་(Visa)གཉིས་ཀྱི་སྐོར་ནས་ཡིན། གནད་དོན་འདིའི་ཐད། གཙོ་སྐྱོང་བ་ཚེ་རིང་ཤཱཀྱ་ལགས་ཀྱིས་གསུངས་ན། བོད་ནས་འཚོགས་འདུར་བཅར་མཁན་ཚོར་ཕྱི་བསྐྱོད་ལག་འཁྱེར་མ་རག་པའི་དཀའ་ངལ་དང་རྒྱ་བལ་གཉིས་ནས་ཡོང་མཁན་ཚོར་ཕྱི་བསྐྱོད་མཐོང་མཆན་མ་རག་པའི་དཀའ་ངལ་འཕྲད་བཞིན་འདུག་ཟེར། དེ་ལས་མང་། »

  • WordPress Themes