སེང་རྡོར་གྱི་རྩོམ་གསར་གཅིག་ཅེས་པ་བཀླགས་རྗེས།

  • བོད་ཁྲག

    ༄༅།། སེམས་གཏམ་འོ་མའི་མར་ལོ།
    གཞན་གྱི་ལུང་བར་འཁྱམས་པའི་རང་མིའི་དཀའ་སྡུག་མི་ཤེས་ཤིང༌། །
    དེས་པའི་དགེ་སྦྱོང་མཆོག་ལ་གུས་པ་ཙམ་ལས་མི་བྱེད་པར། །
    རང་ཉིད་རྒྱ་མ་བརྒྱ་ལ་རང་གིས་འདེབས་པའི་བུ་རྒོད་པོ། །
    ཁྱོད་ཀྱིས་གཞན་ལས་ལྷག་པའི་སྤྱི་དོན་ག་ཙམ་བསྒྲུབས་ནས་ཡོད། །

    ང་ཚོའི་ལས་དབང་ནག་པོ་གཅིག་མིན་ཀུན་གྱི་མགོ་ན་ཡོད། །
    ང་ཚོའི་སྤྱི་དོན་དཀར་བོ་འགའ་མིན་ཡོངས་ཀྱི་ཕྲག་ན་ཡོད། །
    ང་ཚོ་རང་གིས་རང་ལ་ངོ་མཚང་བྲུས་ན་ངོ་རེ་ཚ། །
    ང་ཚོ་གཅིག་གིས་གཅིག་ལ་བལྟས་ཏེ་འདུག་ས་ཁྱོན་ནས་མེད། །

    ང་དང་ཁྱོད་ཅེས་རང་ཉིད་གཞན་དུ་དགར་ས་གཏན་ནས་མེད། །
    ཤ་དང་ཁྲག་གི་ཕུང་བོ་བོད་ལས་གཞན་དུ་ངོས་འཛིན་མེད། །
    ཡ་གུའི་ཁྲི་ཡི་བདག་པོ་ཁྱོད་ཀྱིས་ནུས་ན་ཁྱོད་ཉིད་ཡིན། །
    རང་གིས་རང་ལ་སྡིགས་ན་ངོ་ཚ་དེ་ཉིད་རང་གི་ཡིན། །

  • དྲན་ནམ།

  • སྒ་བུ།


    ཟ་འོག་ལྗང་ཁྲ་ཐང་ལ་བཏིངས་འདྲའི། །
    འཇམ་མཉེན་སྔོ་ལྗང་སྤང་གི་ཁུག་གི། །
    མཐིང་སྨུག་སྦྲ་ཡི་ཧྲག་བར་བསིལ་མོར། །
    བག་ཡངས་ངང་དུ་བྲིས་པའི་སྙན་ངག །
    ཐག་རིང་གྲོགས་ཀྱི་ས་ལ་བསྲིངས་ཡོད། །

    རྒྱང་རིང་གྲོགས་པོས་ལན་གཅིག་གསན་ཚེ། །
    བྱང་ཕྱོགས་གངས་རི་ཡིད་དུ་དྲན་ནམ། །
    གཡའ་རི་ནགས་རི་བྲག་རི་དྲན་ནམ། །
    ཚང་ཚིང་གཡུ་ལོའི་མགོ་ལྕོག་དྲན་ནམ། །
    ཁུ་བྱུག་སྔོན་མོའི་མགྲིན་གླུ་དྲན་ནམ། །
    སྔོ་ལྗང་སྤང་གི་ནེམ་ཤ་དྲན་ནམ། ། དེ་ལས་མང་། »

  • དབུ་མའི་ལམ་གྱི་སྲིད་ཇུས་ཀྱི་བྱུང་རིམ་བརྗོད་པ།

    བཀའ་ཁྲི་ཟམ་གདོང་རིན་པོ་ཆེ།

  • བཀའ་བློན་ཁྲི་བ་ཟམ་གདོང་རིན་པོ་ཆེས་ད་ལོར་ཨ་རིའི་ནིག་ཡོག་གྲོང་ཁྱེར་དུ་གསུང་བཤད་གནང་བ། ཡིག་ཐོག་ཏུ་ཕབ་མཁན་འབྲོག་མྱི།

    བཙོན་བྱོལ་བོད་གཞུངགི་བཀའ་བློན་ཁྲི་བ་ཟམ་གདུང་རིན་པོ་ཆེས་ཕྱི་ལོ་༢༠༡༠ལོའི་ཟླ་༥བའི་ཚེས་༢༢ཉིན་ཨ་མེ་རི་ཀའི་གྲོང་ཁྱེར་ནིག་ཡོག་ཏུ་བོད་མི་༥༠༠༠ཙམ་ལ་དབུ་མའི་ལམ་གྱི་སྲིད་བྱུས་བྱུང་རིམ་ཐད་གསུང་བཤད་གནང་པ་དང་། བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེས་གསུང་བཤད་ཡོངས་རྫོངས་གཤམ་གསལ་ལྟར།
    དབུ་མའི་ལམ་ཀྱི་སྲིད་བྱུས་ཀྱི་རྒྱབ་རྟེན།
    སྤྱིར་དབུ་མའི་ལམ་གྱི་སྲིད་བྱུས་ཞེས་པ་དེ་ནི་༡༩༧༤ལོ་ནས་ཐུགས་གཏན་ཁེལ་བའི་ང་ཚོས་རྒྱུན་ཡུན་རིང་བོར་འཛིན་སྐྱོང་གནང་བའི་སྲིད་བྱུས་ཤིག་ཏུ་ཆགས་ཡོད།དབུ་མའི་ལམ་གྱི་ཐོག་མའི་ལྟ་གྲུབ་ཀྱི་རྒྱབ་རྟེན་ནི།༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ནམ་རྒྱུན་སྙིང་རྗེ་སྙིང་བོ་ཅན་གྱི་ལྷག་སེམས་དེ་འཛམ་གླིང་ཡོངས་རྫོགས་ལ་གནང་དང་གནང་བཞིན་པ་དང་།སྒོས་སུ་འཇིག་རྟེན་འདིའི་ནང་དཀའ་རྙོག་ཅི་ཞིག་བྱུང་ཡང་གཉིས་མོས་མཛའ་མཐུན་གྱི་ངོས་ནས་སེལ་དགོས་པ་ལས་གདོང་ཐུག་དང་འགལ་ཟླའི་ལམ་ནས་སེལ་ཕྱོགས་དེ་ཕན་ཐོགས་ཅན་ཞིག་མིན་ཞེས་གསུངས་དང་གསུང་བཞིན་པ་རེད།འདས་པའི་དུས་རབས་ཉི་ཤུ་པ་དེ་དམག་འཁྲུག་དང་མི་གསོད་ཁྲག་སྦྱོར་གྱི་དུས་རབས་ཤིག་ཏུ་གྱུར་བ་རེད།དུས་རབས་ཉེར་གཅིག་པ་འདི་ནི་དཀའ་རྙོག་གི་ཆེད་དུ་དམག་འཁྲུག་སྤང་ནས་བགྲོ་གླེང་གི་ལམ་ནས་སེལ་དགོས་པའི་དུས་རབས་ཤིག་ཡིན་པ་བཀའ་གནང་གིན་ཡོད་པ་བཞིན།རྒྱུ་མཚན་དེའི་དབང་གིས།ང་ཚོའི་བོད་ཀྱི་རྕ་དོན་སྒྲུབ་ཕྱོགས་ཀྱི་ཐད་དུའང་གཉིས་མོས་དང་གཉིས་སྨན་གྱི་ལམ་ཞིག་ལ་མ་བསྟུན་ཚེ་སྒྲུབ་ཐབས་མེད་པ་ཞིག་ཡིན་པས།བགྲོ་གླེང་དང་གུ་ཡངས་ཀྱིས་རྩ་དོན་བསྒྲུབ་དགོས་ན་གཉིས་སྨན་གྱི་ལངས་ཕྱོགས་ཤིག་འཛིན་དགོས་པ་དང།ལྷག་པར་དུ་ནང་པའི་རྟེན་འབྱུང་གི་ལྟ་བར་བསྟེན་ནས་འཚེ་བ་མེད་པའི་སྤྱོད་པ་ཞིག་འཛིན་དགོས་ཚེ་གཉིས་མོས་གཉིས་སྨན་ཅན་དེ་གལ་འགངས་ཅན་དུ་གྱུར་ཡོད་ལ།ལྟ་གྲུབ་རྒྱབ་རྟེན་དེ་འདི་འདྲ་ཞིག་གི་འོག་ཏུ་བྱུང་པ་རེད།
    དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་ངོ་བོ།
    དབུ་མའི་ལམ་ཞེས་པ་དེ་མཐའ་གཉིས་དང་བྲལ་བའི་ལམ་ཞིག་ལ་གོ་དགོས་ལ།འོ་ན་དབུ་མའི་ལམ་གྱི་མཐའ་གཉིས་དེ་གང་རེད་ཅེ་ན།བོད་དེ་རང་བཙན་བསྐྱར་གསོ་བྱས་ཏེ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཁ་བྲལ་དུ་འགྲོ་རྒྱུ་དེ་ནི་མཐའ་གཅིག་རེད།ད་ལྟའི་བོད་ཀྱི་རང་དབང་མེད་པའི་གནས་བབ་ཇི་ལྟར་ཡོད་པ་དེ་ལྟར་འདུག་རྒྱུ་དེ་མཐའ་གཞན་ཞིག་རེད།ད་ལྟའི་གནས་བབ་དང་ཁ་བྲལ་དུ་འགྲོ་རྒྱུའི་མཐའ་གཉིས་སྤང་པའི་དེའི་དཀྱིལ་དུ་འགྲོ་རྒྱུའི་སྲིད་ཇུས་དེ་ལ་དབུ་མའི་ལམ་གྱི་སྲིད་ཇུས་སུ་འབོད་ཀྱིན་ཡོད། དེ་ལས་མང་། »

  • བཀའ་ཟུར་རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་གི་གསལ་བསྒྲགས།

    རྒྱ་རི་རིན་པོ་ཆེ།

    ༄༅། །ད་མཚམས་འོས་བསྡུ་ལས་ཁང་ནས་བཀའ་བློན་ཁྲི་པའི་འོས་བསྡུའི་ལས་རིམ་གསལ་བསྒྲགས་དངོས་སུ་གནང་སྟབས། རང་ཉིད་བཀའ་བློན་ཁྲི་པའི་འོས་གཞིར་མི་ཞུགས་རྒྱུའི་ཐག་གཅོད་ཡོངས་གྲགས་བྱེད་རྒྱུ་ཡིན། ངའི་ལས་རོགས་དང་། བློ་ཉེ་ཚོ། དེ་བཞིན་བཀའ་བློན་ཁྲི་པའི་འོས་བསྡུའི་ལས་རིམ་ལ་དོ་སྣང་ཞིབ་ཚགས་བྱེད་མཁན་ཚོས་ཕྲན་རང་ཐོག་མ་ནས་འོས་གཞིར་ཞུགས་རྒྱུའི་བསམ་བློ་མེད་པ་དེ་ཤེས་ཀྱི་ཡོད།
    གུས་པར་བཀའ་ཁྲིའི་འོས་གཞིར་ཞུགས་རྒྱུའི་གཞེན་བསྐུལ་གནང་མཁན་ཚོར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ཁྱད་པར་བོད་ནས་ཆེས་བཀུར་འོས་སྐྱ་སེར་མི་སྣའི་ཁོངས་ནས་བརྡ་ལན་དེ་རིགས་འབྱོར་བ་ནི་ཆེ་མཐོང་བླ་མེད་དུ་སྣང་།
    ང་རང་རྒྱུན་དུ་མང་གཙོའི་ལམ་ལུགས་གོང་འཕེལ་གཏོང་རྒྱུར་རྒྱབ་སྐྱོར་བྱེད་མཁན་ཞིག་ཡིན་ཞིང་། ལམ་ལུགས་འདི་ནི་བོད་མི་མང་གི་མངོན་འདོད་གསལ་སྟོན་བྱེད་རྒྱུའི་བརྒྱུད་ལམ་གལ་ཆེ་ཤོས་དང་། བོད་མིའི་ཆིག་བསྒྲིལ་གྱི་ནུས་པ་ཡུན་གནས་ཐུབ་པའི་ལམ་ལུགས་ཡང་དག་པ་ཞིག་ཡིན་པའི་ཡིད་ཆེས་བརྟན་པོ་ཡོད། མང་གཙོའི་ལམ་ལུགས་དང་སྒྲིག་འཛུགས་རྣམས་བོད་མི་རིགས་ཀྱི་ཁྲིམས་མཐུན་ཐོབ་ཐང་མངོན་འགྱུར་ཡོང་ཆེད་ཀྱི་ཐབས་ལམ་ཡིན་པ་ངོས་འཛིན་པའི་ཐོག་ནས་ང་ཚོས་མང་གཙོའི་ལྟ་གྲུབ་དང་ལག་ལེན་འཐུས་སྒོ་ཚང་དུ་བཏང་བར་སྒོ་ཀུན་ནས་འབད་བརྩོན་བསྐྱེད་དགོས།
    གོང་འཁོད་རྒྱུ་མཚན་གཞི་བཟུང་ངས་ཟམ་གདོང་རིན་པོ་ཆེ་མཆོག་ནས་ཡང་བསྐྱར་ལས་ཡུན་ཞིག་གནང་ཐུབ་རེ་བྱས་པ་ཡིན་ཞིང་། བོད་ཕྱི་ནང་གཉིས་སུ་འཁོད་པའི་བོད་རིགས་དོ་ཁུར་ཅན་དང་འབྱུང་འགྱུར་བོད་མིའི་འཐབ་རྩོད་ཀྱི་གནས་བབ་དང་ཁ་ཕྱོགས་ཇི་ཆགས་ལ་ཐུགས་འཚབ་གནང་མཁན་མང་པོས་ཀྱང་བསམ་ཚུལ་བཏོན་ཡོད། དེ་ལས་མང་། »

    ངས་ཁྱེད་ལ་འདི་ལྟར་བཤད་ཆོག་སྟེ།

    kobe Bryant


    kobe Bryant

  • ཁི་པིས་པི་རན་ཐུ་(kobe Bryant)ལ་ཕུལ་བ།

    རྣོ་སྦྲེང་།
    གླིང་ཕྲན་འདིའི་ཕྱི་ནང་ཀུན་ན་ཁྱེད་ཀྱི་ཆེད་དུ་སྐད་འབོད་བྱེད་མཁན་མང་པོ་ཡོད་པས
    ཡང་གཅིག་བཤད་ན ངས་ཁང་མིག་ཆུང་ཆུང་ཞིག་གི་ནང་ན
    ཁྱོའི་ཆེད་དུ་འགྲན་བསྡུར་རེ་རེའི་སྣེ་མོ་ནས་ཤ་སྒྲིམ་ཚོད་སྦྲིད་ཀྱི་དུས་ཚོད་དེ་དག
    ཁྱེད་ཀྱིས་དུས་ནམ་ཡང་ཚོར་ཐབས་ཡོད་པ་མ་རེད་མོད
    ངས་ཁྱེད་ལ་འདི་ལྟར་བཤད་ཆོག་སྟེ
    ང་ཡི་ཁི་པིས་པི་རན་ཐུ དེ་ལས་མང་། »

  • རྒྱ་ནག་ཁྲོང་ཆིན་དུ་མཚོ་འགག་འགྲམ་གཉིས་བར་དཔལ་འབྱོར་མཉམ་འབྲེལ་གྲོས་མཐུན་ལ་མིང་རྟགས་བཀོད་པ།

    ཚེས་༢༩ཉིན་རྒྱ་ནག་གི་མཚོ་འགག་མཐུན་ཚོགས་ཀྱི་ཚོགས་གཙོ་ཁྲིན་ཡོན་ལེན་དང་ཐེ་ཝན་མཚོ་འགག་ཐེབས་རྩ་ཚོགས་པའི་འགན་འཛིན་ཅང་པེན་ཁོན་རྣམ་གཉིས་བར་ཁྲོང་ཆིན་དུ་མཚོ་འགག་འགྲམ་གཉིས་བར་དཔལ་འབྱོར་མཉམ་འབྲེལ་ཐད་ཀྱི་གྲོས་མཐུན་ལ་མིང་རྟགས་བཀོད་ཡོད་ལ། ཐེ་ཝན་གྱི་དཔོན་རིགས་ཀྱིས་དེ་ནི་མཚོ་འགག་འགྲམ་གཉིས་བར་ལོ་དྲུག་ཅུའི་རིང་གི་གནད་འགག་ཅན་གྱི་གྲོས་མཐུན་ཆིངས་ཡིག་ཡིན་ཚུལ་བརྗོད་བཞིན་ཡོད་ལ་། དེ་དང་མཉམ་དུ་ཕྱོགས་གཉིས་བར་ཤེས་ཡོན་ཐོན་རྫས་བདག་དབང་སྲུང་སྐྱོབ་མཉམ་འབྲེལ་ཐད་ཀྱང་གྲོས་མཐུན་བཞག་ཡོད་། གོང་བརྗོད་གྲོས་མཐུན་གྱི་རྨང་གཞིའི་ཐོག་མཚོ་འགག་འགྲམ་གཉིས་ཀྱི་མཉམ་འབྲེལ་སྐབས་མ་འོངས་པའི་ལོ་གཉིས་རིང་རིམ་པས་ཚོང་རྫས་བརྒྱད་བརྒྱ་ཙམ་ལ་འགག་སྒོའི་དཔྱ་ཁྲལ་མེད་པར་བཟོ་རྒྱུ་དང་། དེ་དག་ཁྲོད་ཐེ་ཝན་གྱི་ཐོན་རྫས་ཀྱིས་ཧ་ལམ་ཨ་རིའི་སྒོར་མོ་དུང་ཕྱུར་༡༤༠ཙམ་དང་རྒྱ་ནག་སྐམ་སའི་ཐོན་རྫས་ཀྱིས་ཨ་སྒོར་དུང་ཕྱུར་༣༠ཙམ་ཟིན་གྱི་ཡོད་། ཐེ་ཝན་གྱི་མི་མང་ཁྲོད་དེར་ངོ་རྒོལ་བྱེད་མཁན་གྱིས་དེ་ནི་རྒྱ་ནག་སྐམ་ས་ཆེན་མོས་ཐེ་ཝན་གྱི་ཁེ་གཉེར་ཚོང་ལས་ཁང་ཆེན་མོ་ཚོ་བེད་སྤྱོད་ཀྱིས་མཚོ་འགག་འགྲམ་གཉིས་གཅིག་གྱུར་བྱེད་པར་ཆབ་སྲིད་ཀྱི་རྒྱབ་སྐྱོར་འཚོལ་བའི་ཐབས་ལམ་ཞིག་རེད་ཟེར་། དེ་ལས་མང་། »

    རིག་འཛིན་སྒྲོལ་མ། ང་ཁྱོད་ཀྱི་གླུ་སྐད་ལ་སྐྲག་གི

  • གདོང་དམར་བ།

    ནམ་རྒྱུན།
    ངས་ཁྱོད་རང་ས་སྲོད་ཀྱི་སྒྲོན་ངོགས་ལ་བསུས་ཞིང་།
    ཞོགས་ཟིལ་གྱི་དྭངས་ཤ་བཞིན་འཚེར་བའི།
    མཛེས་སྡུག་གི་བསམ་གཞིགས་མང་པོ་ཞིག་སྦྲུམ་རྗེས།
    ཉི་ཟེར་གྱི་འོད་ངོགས་དང་།
    མེ་ཏོག་གི་འདབ་མ་ལ་ཁྱིམ་གཞི་བྱས་ཤིང་།
    བརྩེ་གླུ་ཡི་འགྱུར་ཁུགས་སྙན་མོ།
    སྐྱི་བསེར་རླུང་བུས་བཏེགས་ནས།
    གཙང་གཞུང་གི་འགྲམ་རྒྱུད་དང་།
    རྫ་སྒང་གི་གཡས་གཡོན་ནས་སྤུར།
    དེ་ལས་མང་། »

  • ལས་དབང་སྐྱུར་མོ།

  • གདོང་དམར་བ།

    གནས་འགྲོ་བུ་མོ་ཞིག་གི་ཟིན་ཐོ་རིང་མོ།

    གཡར་བོའི་མ་ལོའི་མནར་སྡུག་ཐོག་ལས་ཚ།།
    ཕ་ལོའི་སྨྲ་མེད་གདམ་ག་སྙིང་ལ་གཟན།།
    མི་འདོད་གནས་ཡུལ་འགྲིམ་པའི་ལས་དབང་གིས།།
    མིག་ཆུའི་ཕྲེང་ཐག་རིང་མོའི་རྒྱུན་ཐག་ཐོར།།
    རྒྱང་རིང་འགྲུལ་བཞུད་ལམ་གྱི་གོམ་ཁ་ལྕི།།
    མིག་ཆུ་སེམས་ལ་བསགས་པའི་ཞེ་རྩ་གཉོམ།།
    རྒྱང་རིང་གནམ་ས་འདྲེས་བའི་སྲོད་ཁ་ན།།
    ཁོ་མོའི་མིག་ཆུར་ཁྲག་གི་གཟི་མདངས་འཚེར།། དེ་ལས་མང་། »

  • ཀརྨ་བསམ་འགྲུབ་ལགས་སུ་ཁྲིམས་ཆད་ལྕི་མོ་བཅད་པར་བོད་གཞུང་ཕྱོགས་ནས་སྐྱོན་བརྗོད་བྱས།

    བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་པ་ཀརྨ་བསམ་འགྲུབ་ལགས་སུ་རྒྱ་ནག་གཞུང་གིས་བང་སོ་རྐུ་བསྔོགས་གི་ནག་ཉེས་བཙུགས་ནས་ལོ་བཅོ་ལྔའི་ཁྲིམས་ཐག་བཅད་པ་དེར་བཙན་བྱོལ་བོད་གཞུང་གིས་སྐྱོན་བརྗོད་བྱས་འདུག
    ཚེས་༢༥ཉིན་རྒྱ་གར་ངྷ་རམ་ས་ལར་ཡོད་པའི་བཙན་བྱོལ་བོད་གཞུང་གིས་ ཀརྨ་བསམ་འགྲུབ་ལགས་སུ་རྒྱ་ནག་གཞུང་གིས་བཙོན་འཇུག་ཁྲིམས་ཆད་ནན་མོ་བཅད་པ་དེར་མཐའ་གཅིག་ཏུ་ངོ་རྒོལ་ཡོད་པའི་རྣམ་འགྱུར་བསྟན་ཡོད་ལ་།བཙན་བྱོལ་གཞུང་གི་མགྲིན་ཚབ་པས་ཐུབ་བསྟན་བསམ་འཕེལ་ལགས་ཀྱིས་ཧྥུ་རན་སུའི་གསར་སྤེལ་ཁང་ལ་གསུང་དོན།ཀརྨ་བསམ་འགྲུབ་ལགས་སུ་འདྲི་ཞིབ་སྐབས་གཅར་རྡུང་བྱས་ཡོད་པ་དང་། ཁོང་ལ་དྲང་བདེན་གྱི་ཁྲིམས་ཞིབ་བྱེད་དགོས་པ་ང་ཚོས་དམིགས་བསལ་རྒྱ་ནག་གཞུང་ལ་འབོད་སྐུལ་ཞུ་རྒྱུ་མ་ཟད་། རྒྱ་ནག་གཞུང་གིས་ཆབ་སྲིད་བཙོན་པ་རྣམས་གློད་གྲོལ་དང་། ཆབ་སྲིད་བཙོན་པ་ཚོར་ཁྲིམས་ཞིབ་དུས་སུ་ངེས་པར་དུ་དྲང་བདེན་དང་ཕྱི་གསལ་ནང་གསལ་བྱེད་དགོས་ཞེས་འབོད་སྐུལ་ཞུས་འདུག དེ་བཞིན་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གིས་ཀྱང་ཀརྨ་བསམ་གྲུབ་ལགས་སུ་ཉེས་འཛུགས་བྱས་བ་དེ་ནི་མ་ཉེས་ཁ་གཡོག་ཐེབས་པར་བསམ་གྱི་ཡོད་། ད་ལྟ་དགུང་ལོ་༤༢ཡིན་པའི་ཀརྨ་བསམ་འགྲུབ་ལགས་སུ་ཞིན་ཅང་ཡན་ཆི་རྫོང་ཁྲིམས་ཁང་གིས་གནའ་བོའི་བང་སོ་རྐུ་བསྔོག་བྱས་པའི་ནག་ཉེས་བཙུགས་ཏེ་ཉིན་གསུམ་ཙམ་གྱི་འདྲི་ཞིབ་བརྒྱུད་། ཚེས་༢༤ཉིན་ལོ་བཅོ་ལྔའི་བཙོན་འཇུག་ཁྲིམས་ཆད་དང་རྒྱ་སྒོར་ཁྲི་གཅིག་གི་ཉེས་ཆད་བཅད་ཡོད་ལ། དེ་ལས་མང་། »

    སེང་རྡོར་ལ་བཤད་པའི་ཀུ་རེ།

  • ཁ་བྱང་གི་འགྲེལ། ཁྭ་དས་མི་གཙང་ཟོས་པའི་མཆུ། །
    ས་གཙང་གཞན་ལ་འབད་ནས་འཕྱིད། །
    ས་སྐྱ་ལེགས་བཤད་ལས།

    བོད་ཁྲག

    ༄༅།།སྡོམ་པ།
    ཆགས་ལྡན་རང་གི་མྱོང་ཙམ་པོ་སྤྱི་ལ་མ་འགེལ་རྨོངས་པའི་བུ། །
    སེམས་ཅན་ཀུནད་ཀྱི་ཁམས་དང་མོས་པ་མི་གཅིག་ཁ་ཁ་སོ་སོ་ཡིན། །
    ལ་ལ་སྒོར་གྱི་དོན་ལ་ངུ་ཞིང་འགའ་རེ་སྒོར་ལ་ཞེན་ཁ་ལོག །
    ལ་ལས་སེམས་ཅན་སྲོག་ལ་རྒོལ་ཡང་འགའ་རེས་གཞན་དོན་རང་སྲོག་འབུལ། །

    མགོ་ལོག་ཨ་ཁུ་ཚངས་དབྱངས་ཚང་ལ་སྒོར་མོ་མི་དགོས་གཞན་དོན་མཁོ། །
    དྭ་ཕྲུག་སློབ་གྲྭ་ཁ་རུ་ཁྱེར་ནས་སེང་རྡོར་སྒོར་མོ་རུམ་གང་བསྡུས། །
    སྔ་མ་སྒོ་གསུམ་དམ་དུ་བསྡམས་པའི་དགེ་བ་སྟོང་གི་གཟི་བྱིན་ཡིན། །
    ཕྱི་མ་སྡོམ་པའི་ར་ལས་ཤོར་བའི་འདོད་ཆགས་དྲག་པོའི་རང་འཚང་ཡིན། །

    ལོ་ངོ་སྟོང་ཕྲག་དུ་མའི་གོང་གི་སྒོ་གསུམ་བསྡམས་པའི་སྐྱེས་བུ་དག །
    དུས་སྙིགས་སྤྱི་ཚོགས་འདི་ཡི་ཁྲོད་དུའང་ད་དུང་གསོན་པོར་བཞུགས་པ་འདྲ། །
    འདི་ཚོས་འཕྲལ་དང་ཡུན་གྱི་བདེ་བ་མ་ནོར་བླང་དོར་གསལ་བོ་རུ། །
    ཕྱི་རབས་བློ་ལྡན་སྟོང་ལ་བཞག་པའི་སྒོ་གསུམ་སྡོམ་པའི་དགེ་མཚན་ཡིན། །

    དེ་ལས་མང་། »

  • WordPress Themes