བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་པ་རིན་ཆེན་བསམ་འགྲུབ་ལགས་སུ་ལོ་ ༥ ཡི་ཁྲིམས་ཆད་བཅད་འདུག

རིན་ཆེན་བསམ་འགྲུབ་ལགས།་

བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་པ་དང་ཚོང་པ་གྲགས་ཅན་ཀརྨ་བསམ་འགྲུབ་ལགས་སུ་ལོ་ ༡༥ བཙོན་འཇུག་ཁྲིམས་ཐག་བཅད་དེ་ཉིན་བཅུ་ཙམ་ལས་སོང་མེད་པའི་སྐབས་འདིར། ཆབ་མདོ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཁོང་གི་སྤུན་མཆེད་རིན་ཆེན་བསམ་འགྲུབ་ལགས་སུ་ལོ་ ༥ བཙོན་འཇུག་ཁྲིམས་ཐག་བཅད་འདུག

ཕྱི་ཚེས་ ༢༤ ཉིན་མི་ལོ་ ༡༥ ཁྲིམས་ཐག་བཅད་ཡོད་པའི་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་པ་དང་ཚོང་པ་གྲགས་ཅན་ཀརྨ་བསམ་འགྲུབ་ཀྱི་སྤུན་མཆེད་རིན་ཆེན་བསམ་འགྲུབ་ལ། དེ་རིང་ཆབ་མདོ་འབྲིང་རིམ་མི་དམངས་ཁྲིམས་ཁང་ནས་ལོ་ ༥ ཡི་ཁྲིམས་ཐག་བཅད་པ་དང་ལོ་ ༣ གྱི་ཆབ་སྲིད་ཁེ་དབང་འཕྲོག་ཡོད་འདུག རིན་ཆེན་བསམ་འགྲུབ་ལགས་ད་ལྟ་རང་ལོ་ ༤༤ ཡིན་ལ་ཁོང་ལ་ཁོར་ཡུག་སྲུང་སྐྱོབ་ཐད་ཀྱི་བྱ་དགའ་ཡང་ཐོབ་མྱོང་ཡོད་འདུག
ཁོང་གི་ཁྲིམས་རྩོད་པ་ཞ་ཅིན་གྱིས་རོའུ་ཊར་གསར་འགོད་པར་བརྗོད་ན། ཁོང་ལ་ཁྲིམས་ཐག་གཅོད་དགོས་དོན་ནི་སྐུ་ཞབས་རིན་ཆེན་བསམ་འགྲུབ་ལགས་ཀྱིས་གཙོ་གཉེར་བྱེད་བཞིན་པའི་ཁོར་ཡུག་དྲ་ཚིགས་དེའི་ཐོག ༧གོང་ས་མཆོག་ལ་ནོ་བྷེལ་ཞི་བདེའི་གཟེངས་རྟགས་བཞེས་པའི་སྐོར་གྱི་རྩོམ་ཡིག་འགའ་བཀོད་ཡོད་སྟབས། ཁོང་ལ་རྒྱལ་ཁབ་ཁ་བྲལ་གྱི་ཉེས་འདོགས་འོག་ཁྲིམས་ཐག་བཅད་པ་རེད་ཟེར། དེ་ལས་མང་། »

མངའ་རིས་ཚོགས་པའི་བཀའ་སྤྱིའི་འོས་མི་ཕྱིར་བསྒྲགས།

མངའ་རིས་སྤྱི་མཐུན་ཚོགས་པས་མི་མང་གིས་ཐད་ཀར་འདེམས་རྒྱུའི་སྐབས་གསུམ་པའི་བཀའ་ཁྲིའི་འོས་མི་ལྔ་དང་། སྐབས་བཅོ་ལྔ་བའི་དབུས་གཙང་ཆོལ་ཁའི་འོས་མི་ཉེར་བརྒྱད་ཀྱི་མཚན་གཞུང་ཕྱིར་བསྒྲགས་གནང་ཡོད།

ཕྱི་ཚེས་ ༤ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༡༠ དང་ཕྱེད་ཀའི་སྟེང་ངྷ་ས་མངའ་རིས་སྤྱི་མཐུན་ཚོགས་པའི་དབུས་རྒྱུན་ལས་ཁང་གི་ཚོགས་ཁང་དུ། མངའ་རིས་སྤྱི་མཐུན་ཚོགས་པས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཏེ། སྐབས་གསུམ་པའི་བཀའ་ཁྲིའི་འོས་མི་ལྔ་དང་། སྐབས་ ༡༥ བའི་དབུས་གཙང་ཆོལ་ཁའི་སྤྱི་འཐུས་འོས་མི་ ༢༨ ཀྱི་མཚན་གཞུང་ཕྱིར་བསྒྲགས་གནང་ཡོད། སྐབས་དེར་བོད་མི་མང་སྤྱི་འཐུས་ལས་ཐོག་དང་མངའ་རིས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་ཨ་ཅརྱ་ཡེ་ཤེས་ཕུན་ཚོགས་ལགས་ཀྱིས། ཐེངས་འདིའི་མངའ་རིས་སྤྱི་མཐུན་ཚོགས་པའི་བཀའ་ཁྲིའི་འོས་མིག་ས་བོན་དང་སྤྱི་འཐུས་འོས་མིག་གི་ས་བོན་དེ་དག་ཉེ་ཆར་འཚོགས་ཟིན་པའི་མངའ་རིས་སྤྱི་མཐུན་ཚོགས་པའི་ཚོགས་ཆེན་ཐེངས་བདུན་པའི་སྐབས་གྲོས་གཞི་དོན་ཚན་བཅུའི་ཐོག་བགྲོ་གླེང་གོ་བསྡུར་གནང་སྟེ། མཐའ་མའི་གྲོས་ཆོད་ཁག་ ༥༤ ནང་མངའ་རིས་སྒྲིག་གཞི་དང་ས་ཁང་སྒྲིག་གཞི་བཅས་ཚོགས་ཆེན་དུ་གཏན་འབེབས་གནང་བར་མ་ཟད། མངའ་རིས་སྤྱི་མཐུན་ཚོགས་པའི་དབུས་ས་གཉིས་དང་དབུས་རྒྱུན་ཟུར་པ་བཅས་ཀྱིས་ཚོགས་ཆེན་ཐོག་གྲངས་བཤེར་གྱིས་གྲངས་ཀ་རྩེ་ཏོག་བྱས་ཏེ། བཀའ་ཁྲིའི་འོས་མིག་ས་བོན་ལྔ་ནི་བོད་གཞུང་བཀའ་དྲུང་མི་འགྱུར་རྡོ་རྗེ་དང་བཀའ་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ། བོད་མི་མང་སྤྱི་འཐུས་ཚོགས་གཞོན་རྒྱ་རི་སྒྲོལ་མ། མཁས་དབང་བློ་བཟང་སེང་གེ སྐུ་སྒེར་དྲུང་ཆེ་རྔ་པ་ཚེ་རྒྱམ་བཅས་ཡིན་ཞེས་གསུངས་བྱུང་།
དེ་ལས་མང་། »

WordPress Themes