ཨ་མེ་རི་ཀས་རང་བཙན་དུས་དྲན་ཐེངས་༢༣༤པ་སྲུང་བརྩི་བྱས་བ།

པར་དབང་།Reuters

པར་དབང་།AP

སྤྱི་ཟླ་༧པའི་ཚེས་༤ཉིན་ནི་ཨ་མེ་རི་ཀའི་རང་བཙན་གྱི་ཉིན་མོ་དང་།གཞུང་འབྲེལ་གྱི་གུང་གསེང་ཉིན་མོ་ཡིན་ཕྱིར་།ཨ་རིའི་རྒྱལ་ཡོངས་སུ་མི་ཚང་མས་ཤ་བསྲེག་པ་དང་ཤོག་སྦག་བཀད་པ། དེ་མིན་དུས་ཆེན་དང་འབྲེལ་བའི་བྱེད་སྒོ་སྣ་ཚོགས་སྤེལ་བཞིན་ཡོད་། སྤྱི་ལོ་༡༧༧༦ལོའི་ཉིན་འདིར་སྔོན་མའི་བྱང་ཨ་མེ་རི་ཀ་གླིང་གི་མི་སེར་སྤེལ་ཡུལ་བཅུ་གསུམ་གྱིས་རང་བཙན་བརྩོན་ལེན་གྱི་དམག་འཁྲུག་གསལ་བསྒྲགས་ཀྱིས་དབྱིན་ཇིའི་དབང་བསྒྱུར་དང་ཁ་གྱེས་པ་རེད།
ཨ་རིའི་རྒྱལ་ས་ཝ་ཞིན་ཌོན་ལ་མཚོན་ན་ད་ལོར་ཉིན་འདིར་ཚ་བ་ཧ་ཅང་ཆེ་ནའང་མི་གྲངས་སྟོང་ཕྲག་མང་པོའི་ལས་ལ་དཀར་དམར་སྔོ་གསུམ་གྱི་ཚོན་ཁྲའི་ལྭ་བ་གྱོན་ནས་ལག་ཏུ་རྒྱལ་དར་བཟུང་སྟེ། རྒྱལ་ཁབ་ཐང་ཆེན་དུ་འཛོམས་ནས་ལོ་གཅིག་རིང་གི་ཐེངས་གཅིག་གི་དུས་དྲན་གྱི་ཨ རིའི་ལོ་རྒྱུས་དང་འབྲེལ་བའི་བྱེད་སྒོ་སྣ་ཚོགས་ནང་ཞུགས་བཞིན་ཡོད། ད་ལོར་རྒྱལ་སར་རྒྱལ་ཁབ་འདིའི་རང་དབང་གསལ་བསྒྲགས་དང་མིང་རྟགས་བཀོད་མཁན་གྱི་སྔོན་བྱོན་མི་སྣའི་ལད་ཟློས་བྱེད་པ་སོགས་ཐེ་བའི་བྱེད་སྒོ་སྣ་ཚོགས་ཡོད་ལ་། ཨ་རིའི་སྲིད་འཛིན་ཨོ་བྷ་མས་ཕོ་བྲང་དཀར་པོའི་ནང་ཤ་རིགས་བསྲེག་པ་དང་། རོལ་དབྱངས་འདུ་འཛོམས། ཤོག་སྦག་བཀད་པར་ལྟད་མོ་བལྟ་བའི་ལམ་ནས་དམག་མི་དང་དམག་མིའི་ནང་མི་༡༢༠༠ཙམ་ལ་མགྲོན་བསུ་བྱས་ཡོད། དེ་མིན་རྒྱལ་ས་དང་སྤྱི་ལེ་ཁ་ཤས་ཀྱི་ས་ན་ཡོད་པའི་ཨ་རིའི་སྲིད་འཛིན་དང་པོ་ཇོར་རྗི་ཝ་ཞིན་ཌོན་གྱི་བཞུགས་གནས་ཞིང་ར་ནས་།བྱེད་སྒོ་བཀོད་སྒྲིག་གནང་མཁན་གྱིས་ཝ་ཞིན་ཌོན་གྱི་དུར་སར་མེ་ཏོག་གི་མཆོད་པ་ཕུལ་བ་། མི་གྲངས་བརྒྱ་ཙམ་ཨ་རིའི་མི་སེར་ནང་ཞུགས་པའི་དམ་བཅའ་འཇོག་པ་སོགས་ཀྱི་བྱེད་སྒོ་སྤེལ་འདུག དེ་བཞིན་ཨ་རིའི་རང་བཙན་གསལ་བསྒྲགས་ལ་མོས་མཐུན་གནང་ས་དང་རྒྱལ་ས་རྙིང་བ་ཧྥེ་ལི་ཌེ་ཧྥུས་ཡ་ནས་རྟེན་འབྲེལ་མཛད་སྒོ་འདྲ་མིན་སྤེལ་ཡོད་པ་དང་། ཚེས་༤ཉིན་གྱི་དགོང་མོར་ཝ་ཞིན་ཌོན་དང་ནིག་ཡོག་གྲོང་ཁྱེར་། ལོ་སན་ཨན་ཅི་ལི་སུ་སོགས་གྲོང་ཁྱེར་ཆེ་ཁག་ནང་མིག་དབང་འཕྲོག་པའི་ཤོག་སྦག་གི་ཚོས་མདོག་སྣ་ཚོགས་ཀྱིས་ནམ་མཁའ་ཁེངས་ཡོད།

སྣ་ཚོགས་སེམས་ཀྱི་ཟུག་རྔུ།

  • བྱ་དོར་ཕུན་ཚོགས་དབང་ཕྱུག

    དྲི་མེད་ཞོ་གསར་སྤྲིན་གྱི་ཁྲི་འཕང་ན་འགྱིངས་པའི།།
    ཚངས་པའི་བློ་ལ་ཅོ་འདྲི་དགྲ་བཅོམ་གྱི་རྒྱལ་པོ།།
    ལས་དང་རྒྱུ་འབྲས་ཁས་ལེན་བྱེད་མུས་ཤིག་ཡིན་རུང༌།།
    ཁོ་བོ་སེམས་ནད་མལ་ལས་ཐར་དུས་ཤིག་མི་འདུག།

    ཡ་གིའི་དཀོན་མཆོག་གསུམ་ལ་དད་མཆོད་ཀྱི་བཀུར་དང༌།།
    མ་གིའི་ངན་སློང་དག་ལ་སྦྱིན་པ་རང་སྩལ་རུང༌།།
    འཚོ་གནས་ངལ་བས་ལུས་པོའི་ཟུངས་བཅུད་ཀུན་ཉམས་པའི།།
    རྒྱུ་འབྲས་ཆ་མི་སྙོམས་པའི་ལས་དབང་དེ་གང་ཡིན།།

    མཐོང་བ་དོན་ཡོད་བྱམས་ལྡན་ཕ་མ་ཡི་བསླབ་བྱ།།
    མ་ཉན་ཁོང་ནས་རྒོལ་བའི་པྲ་ཚག་ལ་འབད་པས།།
    ཕོ་རྒོད་དར་མའི་ལ་རྒྱ་གཞན་དབང་དུ་བསྐྱལ་དགོས།།
    འཁོར་བའི་རྣམ་སྨིན་མིན་པའི་གཏན་ཚིགས་དེར་སུས་འགྲེལ།།
    དེ་ལས་མང་། »

  • རྔ་བ་མཛོད་དགེ་རྫོང་མཐའ་མ་སྡེ་བའི་སྡེ་དཔོན་བདུན་འཛིན་བཟུང་བྱས་བ།

    ཉེ་སྔོན་གྱི་སྤྱི་ཟླ་ ༦ ཚེས་ ༢༧ ཉིན་སི་ཁྲོན་མཛོད་དགེ་རྫོང་མཐའ་མ་སྡེ་བའི་སྡེ་དཔོན་དང་ས་གནས་མང་ཚོགས་ཀྱི་འགོ་བ་སོགས་གནད་ཡོད་མི་སྣ་བདུན་ཙམ་རྫོང་ཉེན་རྟོག་མི་སྣས་འཛིན་བཟུང་བཀག་ཉར་བྱས་ཡོད་པ་དང་།ཁོང་ཚོ་ནི་མཛོ་དགེ་རྫོང་མཐའ་མ་སྡེ་བའི་ཆོས་བྷོ་དང༌། རྐྱང་ཚའི་སྒོས་རུ་བའི་དཀོན་བྷོ། རྐྱང་ཚའི་སྐེད་རྒྱུད་ཀྱི་ཨ་རྟམ། ཆུ་ནག་འབྲོག་རྭའི་ལྷ་ཁོ། གཟའ་རུ་སྟོད་མའི་འཇིགས་བྱེད་སྐྱབས། གཟའ་རུ་སྨད་མའི་བློ་གཅེས། ར་རོང་བ་རྡོ་རྗེ་ཚེ་རིང་བཅས་ཡིན་ཞིང་། བོད་ཀྱི་ཞིང་གྲོང་གི་སྔར་སྲོལ་ལྟར་ཁོང་ཚོ་ནི་སྡེ་ཤོག་སོ་སོའི་མང་ཚོགས་ཀྱིས་བཞག་པའི་འགོ་བ་ཡིན་པ་དང་། ཁོང་ཚོ་འཛིན་བཟུང་བྱེད་དགོས་པའི་རྒྱུ་མཚན་ནི། ལོ་ཁ་ཤས་ཀྱི་སྔོན་ནས་སྟག་ཚང་ལྷ་མོ་ཀིརྟི་དགོན་པའི་ཉེ་འགྲམ་གྱི་ལམ་ཆེན་གཡས་གཡོན་གྱི་གྲོང་པ་རྣམས་ཀྱིས་རང་རང་གི་ཁང་ས་རྒྱ་བསྐྱེད་དེ། གྲོང་བར་གྱི་ལམ་ཁ་ཇེ་དོག་ཏུ་བཏང་ཞིང་། དགོན་པར་མཇལ་སྐོར་དུ་འགྲོ་བའི་རླངས་འཁོར་རིགས་མི་ཤོང་བའི་དཀའ་ངལ་ལ་འཕྲད་བཞིན་ཡོད་སྟབས། དགོན་པའི་ལྷ་སྡེ་རྣམས་ཀྱིས་མཛོད་དགེ་རྫོང་ལ་ཞུ་གཏུག་ཡང་ཡང་བྱས་ནའང་རྫོང་གིས་སྣང་མེད་བཞག་ཡོད་པར་བརྟེན། ཉེ་སྔོན་གྱི་སྤྱི་ཟླ་ ༦ ཚེས་ ༢༧ ཉིན་དགོན་པའི་ལྷ་སྡེ་རོང་འབྲོག་གི་མི་སྣ་གང་འཚམ་སྟག་ཚང་ལྷ་མོར་འཛོམས་ཏེ། ལམ་ཁ་གཡས་གཡོན་གྱི་གྲོང་པ་དག་ལ་རང་ས་ནས་ཚུར་མི་བརྒལ་བར་ལམ་ཁ་རང་འཇགས་འཇོག་དགོས་པའི་གནས་ལུགས་བཤད་ཀྱང་། རེ་ཟུང་གིས་ཁ་ཉན་པར་ཁོང་ཚོའི་བར་འཁོན་འཛིང་བྱུང་སྟེ། ཁང་པ་རེ་ཟུང་གི་སྒོ་དང་སྒེའུ་ཁུང་བཅག་པའི་དོན་རྐྱེན་བྱུང་མ་ཐག མཛོད་དགེ་རྫོང་གི་ཉེན་རྟོག་མི་སྣ་ཡོང་སྟེ་ཁོང་ཚོ་འཛིན་བཟུང་བྱས་པ་རྒྱ་གར་ངྷ་རམ་ས་ལར་ཡོད་པའི་ཀརྟི་བྱེས་པ་གྲྭ་ཚང་གི་ཛ་དྲག་འབྲེལ་མཐུད་ཚོགས་ཆུང་གིས་གསུང་འདུག དེ་ལས་མང་། »

    བོད་རང་སྐྱོང་ལྗོངས་ནང་སྡེ་དྲུག་སྤྲུལ་སྐུ་སྐུ་ཕྲེང་དྲུག་པ་ངོས་འཛིན་བྱས་བ།

    སྤྱི་ཟླ༧པའི་ཚེས༤ཉིན་གྱི་སྔ་དྲོར། ལྷ་སའི་གཙུག་ལག་ཁང་དུ་སྡེ་དྲུག་སྐུ་ཕྲེང་ལྔ་པའི་ཡང་སྲིད་ངོས་འཛིན་དང་སྐྲ་ཕུད་ལེན་པའི་མཛད་སྒོ་འཚོགས་ཤིང་། མཛད་སྒོའི་སྟེང་རྒྱ་ནག་གཞུང་གིས་འདེམས་པའི་པན་ཆེན་གྱིས་ཡང་སྲིད་ཀྱི་སྐྲ་ཕུད་བླངས་ནས་མཚན་ལ་སྡེ་དྲུག་འཇམ་དབྱངས་ཤེས་རབ་དཔལ་ལྡན་ཞེས་བཏགས་ཡོད་པའི་སྐོར་རྒྱ་ནག་གཞུང་འབྲེལ་གསར་འགྱུར་བརྒྱུད་ལམ་ནང་གནས་ཚུལ་བཀོད་འདུག ཡང་རྦས་རྦས་སུའི་གསར་འགྱུར་ནང་བརྗོད་ན། སྡེ་དྲུག་སྐུ་ཕྲེང་ལྔ་བ་འཇམ་དཔལ་སྐལ་བཟང་རྒྱ་མཚོ་མཆོག་སྤྱི་ལོ་༢༠༠༠ལོར་བོད་ཀྱི་རྒྱལ་ས་ལྷ་ས་ནས་སྐུ་མྱ་ངན་དུ་འཐིམས་པ་དང་། རྒྱ་ནག་གཞུང་གིས་སྤྲུལ་སྐུའི་ཡང་སྲིད་གཉིས་འདེམས་ཡོད་པ་དང་། བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཆེད་མངག་འཐུས་མི་བློ་བཟང་འཇིགས་མེད་ཀྱིས་གསེར་བུམ་དཀྲིགས་ཏེ། སྤྱི་ལོ་༢༠༠༥ལོའི་སྤྱི་ཟླ་༡༡པའི་ཚེས་༣༠ཉིན་ལྷོ་ཁའི་ལྷུན་རྩེ་རྫོང་གི་ཡིན་པའི་བློ་བཟང་རྡོ་རྗེ་ངོས་འཛིན་གྱིས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཆོག་མཆན་ཡི་གེ་སྒྲོག་འདོན་བྱས་འདུག

    WordPress Themes