གཞོན་སྐྱེས་སྙན་ངག་པ་གྲགས་ཅན་ཚྭ་རུ་མ་ཐབས་མཁས་ཀྱི་སྙན་རྩོམ་ཕྱོགས་བསྒྲིགས
བཙན་བྱོལ་ནང་གི་གཞོན་སྐྱེས་སྙན་ངག་པ་གྲགས་ཅན་ཚྭ་རུ་མ་ཐབས་མཁས་ཀྱི་སྙན་རྩོམ་ཕྱོགས་བསྒྲིགས་《རྣལ་འབྱོར་བ་དང་འཁོར་བ》ཞེས་པ་ྋགོང་ས་མཆོག་གི་སྐུའི་འཁྲུངས་སྐར་ཉིན་དང་སྟབས་བསྟུན་ནས་རྡ་རམ་ས་ལ་ནས་འགྲེམས་སྤེལ་བྱས་ཡོད། ཁོང་གིས་ལོ་ངོ་འགའི་རིང་དགེ་རྒན་དང་རྩོམ་སྒྲིག་པ་བྱེད་ཞོར་རྩོམ་ཡིག་བརྒྱ་ཕྲག་མང་པོ་བྲིས་ཤིང་བོད་ཕྱི་ནང་གཉིས་སུ་དུས་དེབ་དང་ཚགས་པར་གྱི་སྟེང་ད་བར་སྙན་རྩོམ་བརྒྱ་ཕྲག་ལྷག་སྤེལ། ཁོང་གིས་ལས་ཞོར་དུ་བྲིས་པའི་དཔྱད་རྩོམ་དང་སྙན་རྩོམ་བསྡོམས་པའི་དེབ་དྲུག་ལྷག་བྲིས་ཡོད་པ་དང་། ད་བར་ཁོང་ལ་རྩོམ་ཡིག་ཨང་དང་པོའི་བྱ་དགའ་ཐེངས་གང་མང་ཐོབ་མྱོང་ཡོད་ཅིང་། ད་ལྟ་ཁོང་གིས་རྡ་རམ་ས་ལ་ནས་རང་དབང་གི་སློབ་སྦྱོང་བྱེད་ཞོར་མུ་མཐུད་སྨྱུ་གུ་ལ་འཇུས་ནས་བསྡད་ཡོད་པས་ང་ཚོས་དབྱངས་ཅན་མ་ལྟ་བུའི་ཁོང་གི་སྙན་ངག་གི་འཇོ་སྒེག་ལ་རེ་སྒུག་བྱེད་ཆོག་གོ།
ཁོང་གི་སྙན་རྩོམ་ཕྱོགས་བསྒྲིགས་ཁ་སང་ྋགོང་ས་མཆོག་གི་སྐུའི་འཁྲུངས་སྐར་ཉིན་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་གིས་དངོས་སུ་དབུ་འབྱེད་གནང་ཡོད་པ་རེད།
