བོད་ནང་གི་བོད་མི་ཚོས་གོང་ས་མཆོག་གི་སྐུའི་འཁྲུངས་སྐར་སྲུང་བརྩིའི་གནས་ཚུལ་ཐོན་ཡོད།


དེ་རིང་བོད་ཀྱི་དུས་བབ་ཐོག་གནས་ཚུལ་བཀོད་པ་ལྟར་ན། སྤྱི་ཟླ་༧པའི་ཚེས་ ༦ ཉིན་གྱི་སྤྱི་ནོར་༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་དུས་ཆེན་དང་བསྟུན་ཏེ། བླ་བྲང་འབོ་ར་དགོན་པའི་དགེ་འདུན་པ་ཚོས་ཉིན་དེའི་སྔ་དྲོ་བསང་གསོལ་དང་། དགོང་མོ་རྒྱ་སྒོར་སུམ་སྟོང་ལྷག་གི་ཤོག་སྦག་སྒྲོན་ཏེ། ༧གོང་ས་མཆོག་གི་འཁྲུངས་སྐར་ལ་དགའ་སྟོན་བརྟེན་འབྲེལ་ཞུས་ཡོད་འདུག་ཅིང་། ད་ཆར་ཞང་དང་རྫོང་གི་ཉེན་རྟོག་པ་དང་དམག་མི་སོགས་ཀྱི་དམ་དྲག་གང་ཡང་སླེབས་ཡོད་རབས་མི་འདུག གཞན། ཉེ་ཆར་ཕྱི་ཟླ་ ༤ ནང་འབོ་ར་ཞང་སྲིད་གཞུང་གིས་བཀའ་རྒྱ་བཏང་སྟེ། འབོ་ར་སློབ་འབྲིང་གི་འཛིན་ཁང་དང་ཉལ་ཁང་། ཚོགས་ཁང་སོགས་སུ་མཁས་དབང་དགེ་འདུན་ཆོས་འཕེལ་དང་དཔལ་དོན་འགྲུབ་རྒྱལ། སྙན་ངག་པ་ཡི་དམ་ཚེ་རིང་བཅས་ཀྱི་སྐུ་པར་དང་བཀའ་རྩོམ་སྒྲིག་གཤམ་བྱས་ཡོད་པ་ཚང་ཕྱིར་བསྡུ་བྱེད་དུ་བཅུག་སྟེ། རྗེས་ཕྱོགས་ཁོང་ཅག་གི་སྐུ་པར་སྒྲིག་གཤམ་དང་། བཀའ་རྩོམ་འགྲེམས་སྦྱར་བྱ་མི་ཆོག་པའི་བཀའ་རྒྱ་བཏང་ཡོད་འདུག འབོ་ར་དགོན་པར་ཁྱོན་བསྡོམས་དགེ་འདུན་པ་ ༣༠༠ ལྷག་ཡོད་འདུག་ལ། ཕྱི་ལོ་ ༢༠༠༨ ལོའི་ས་བྱི་ཞི་རྒོལ་ཆེན་མོའི་སྐབས། དགོན་གྲོང་གཉིས་རུབ་ཐོག་རྒྱ་གཞུང་ལ་ངོ་རྒོལ་ཤུགས་ཆེན་བྱེད་མཁན་གྲས་ཡིན་འདུགདེ་མིན་ཨེ་ཞི་ཡ་རང་དབང་རླུང་འཕྲིན་ཁང་ལ་གནས་ཚུལ་འབྱོར་བའི་ནང་།ཁམས་རྟ་བོ་རྫོང་དར་རྒྱས་དགོན་པའི་དགེ་འདུན་པ་ཚོས་སྣེ་ཁྲིད་དེ་བོད་མི་སེར་སྐྱ་སྟོང་ཕྲག་བརྒལ་བ་དགོན་པར་འདུ་འཛོམས་ཀྱིས་༧གོང་ས་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་ལེ་དབར་གཉིས་སར་ཡོད་པའི་རྣམ་རྒྱལ་མཆོད་རྟེན་འདུ་ཁང་གིས་བཞུགས་ཁྲི་རིན་པོ་ཆེར་གདན་ཞུ་བྱས་ནས་ཆོས་ཕྱོགས་ཀྱི་མཛད་སྒོ་སྤེལ་བ་མ་ཟད། གླུ་ལེན་གར་རྩེད་སོགས་དགའ་སྤྲོའི་བྱེད་སྒོ་སྣ་ཚོགས་ཀྱང་སྤེལ་ཡོད་འདུག

བོད་ཀྱི་སྙན་ངག

  • སྒ་བུ།

    འབྲོག་མོའི་བཞོ་དབྱངས་ལྟ་བུའི་རྗོད་བྱེད་འདི། །
    སྦྲང་དཀར་རྩམ་པ་ལྟ་བུའི་བརྗོད་བྱ་འདི། །
    འབྲི་མར་སེར་བོ་འདྲ་བའི་རྩོམ་ཐུང་འདི། །
    གངས་དཀར་ཨ་མ་ཚང་གི་སྙན་ངག་ཡིན། །

    མ་ཎིའི་མགུར་དབྱངས་ལྟ་བུའི་རྗོད་བྱེད་འདི། །
    འབྲི་མོའི་འོ་ཞོ་ལྟ་བུའི་བརྗོད་བྱ་འདི། །
    བེའུའི་མཆོང་རྩལ་ལྟ་བུའི་རྩོམ་ཐུང་འདི། །
    ཁ་བ་རི་བ་ཚང་གི་སྙན་ངག་ཡིན། །

    གཡང་དཀར་འབའ་སྒྲ་ལྟ་བུའི་རྗོད་བྱེད་འདི། །
    བལ་དཀར་ཁ་ཆུ་ལྟ་བུའི་བརྗོད་བྱ་འདི། །
    ལུ་གུའི་རྩེད་འཇོ་ལྟ་བུའི་རྩོམ་ཐུང་འདི། །
    སཱ་ལའི་སྨན་ལྗོངས་ཚང་གི་སྙན་ངག་ཡིན། །
    དེ་ལས་མང་། »

  • དམ་བཅའ།

  • བོད་ཁྲག

    མི་ལུས་རིན་ཆེན་ཐོབ་ཀྱང་ཡིད་ཙམ་གྱིས
    མི་ལོ་སུམ་ཅུའི་ན་སོ་ཡོལ་ནས་ཐལ
    མི་ཡུལ་འདི་ནས་དོན་ཅང་མ་འགྲུབ་པས
    མི་ངན་བདག་ལ་དེ་རིང་བྲེལ་འཚུབ་ལངས

    མི་ལས་མི་ལས་བྱ་ངན་མི་ལས་ཞེས
    མི་རྗེ་དམ་པ་དག་ལ་དཔང་བཙུགས་ཏེ
    མི་ཡུལ་འདི་ནས་མ་སོང་བར་དུ་ནི
    མི་ཡི་གྲལ་མཐའ་བདག་གིས་དམ་བཅའ་འབུལ

    མི་ཡུལ་འདི་རུ་ག་ཙམ་འདུག་པའི་ཡུན
    མི་མཆོག་དམ་པ་རྣམས་ཀྱི་རྗེས་འབྲངས་ཏེ
    མི་རིགས་འདི་ལ་སྲིད་ཞུ་ཐུབ་ཚོད་ཅིག།
    མི་རུལ་བདག་གིས་བསྒྲུབ་པའི་ཕུགས་འདུན་ཡོད

    མི་ཡི་གྲལ་མཐའ་བཟུང་བའི་དོན་གོ་ལ
    མི་ལུས་ལན་གཅིག་ཐོབ་འདི་མི་རླག་པར།།
    མི་ཡུལ་འདི་རུ་རྐང་རྗེས་ཆེན་པོ་ཞིག།
    མི་ངས་འཇོག་པར་དུས་ཚོད་ད་ནས་འབད

  • WordPress Themes