གོང་ས་མཆོག་གི་མཛད་རྣམ་རབ་བཏགས་རི་མོའི་ལམ་ནས་བྲིས་པའི་བོད་ཡིག་དེབ་པར་སྐྲུན་གནང་བ

ཉི་ཧོང་གི་སྤྱི་ཚོགས་དོན་གཉེར་མི་སྣས་པར་སྐྲུན་གནང་བའི་བོད་ཀྱི་དབུ་ཁྲིད་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མཛད་རྣམ་རབ་བཏགས་རི་མོའི་ནང་བྲིས་བའི་བོད་ཡིག་དེབ་དེ་།བཙན་བྱོལ་བོད་གཞུང་ཤེས་རིག་ལས་ཁུངས་ཀྱི་འགན་ཁུར་འོག་ཀརྨ་སྨོན་ལམ་ལགས་ཀྱིས་ཡིག་བསྒྱུར་གནང་སྟེ་པར་སྐྲུན་བྱས་བ་ཞིག་ཡིན་པ་དང་། ༧གོང་ས་ཏྭ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་བ་ཞེས་པའི་མཛད་རྣམ་དེ་དབྱིན་ཡིག་ནང་སྤྱི་ལོ་༢༠༠༨ལོར་ཨ་རི་ནས་དངོས་སུ་པར་སྐྲུན་གནང་བ་དང། མིག་སྔར་ཉི་ཧོང་ཡི་གེ་དང་དབྱིན་ཡིག བོད་ཡིག་བཅས་ནང་ཡོད་པས་། མུ་མཐུད་དུ་སུ་པན་ནི་ཞིའི་ཡི་གེ་དང་ར་ཞི་ཡ་སོགས་ཀྱི་ཡིག་རིགས་ནང་པར་སྐྲུན་གནང་རྩིས་ཡོད་པ་མ་ཟད། རྒྱ་ཡིག་ནང་པར་སྐྲུན་ཐད་ཀྱང་ད་ལྟ་བརྩོན་ལེན་བྱེད་བཞིན་ཡོད་ལ། རྒྱ་མི་ཚོས་གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་འཚེ་མེད་ཞི་བའི་ཐབས་ལམ་ཀྱི་དགོངས་དོན་ཤེས་རྟོགས་བྱེད་རྒྱུ་ཧ་ཅང་གལ་ཆེན་ཡིན་ཞིང་། རབ་བཏགས་རི་མོའི་དེབ་དེ་བོད་ཡིག་དང་རྒྱ་ཡིག་ནང་པར་སྐྲུན་རྗེས་སུ་ཐད་ཀར་དྲ་གནས་ཐོག་བརྒྱུད་བཀོད་ཀྱིས་ཀློག་མཁན་ཚོས་རིན་མེད་ཐོག་ལྟ་ཀློག་ཐུབ་པའི་འཆར་གཞི་འཐེན་གྱི་ཡོད་ཅེས་ཉི་ཧོང་གི་སྤྱི་ཚོགས་དོན་གཉེར་བ་དང་མཛད་རྣམ་རབ་བཏགས་རི་མོའི་དཔེ་དེབ་ཉི་ཧོང་ཡིག་རིགས་ནང་པར་སྐྲུན་གནང་མཁན་ཨས་ཇེ་ཞ་མན་གྱིས་གསུང་ཡོད་ལ། ཁོང་གིས་དེ་སྔ་གྷན་ངྷི་སོགས་ཞི་བདེའི་དེད་དཔོན་མང་པོའི་མཛད་རྣམ་རྩོམ་སྒྲིག་གི་ལས་དོན་གནང་མྱོང་ཡོད་འདུག དེ་བཞིན་གོང་ས་གི་མཛད་རྣམ་རབ་བཏགས་རི་མོའི་ལམ་ནས་མཚོན་པའི་དཔེ་དེབ་དེའི་ནང་༧གོང་ས་ཏྭ་ལའི་བླ་སྐུ་ཕྲེང་བཅུ་བཞི་བ་ཆེན་མོ་བསྟན་འཛིན་རྒྱ་མཚོ་མཅོག་སྐུ་གོང་མའི་ཡང་སྲིད་དུ་ངོས་འཛིན་གནང་ནས་ད་ལྟའི་བར་གྱི་མཛད་རྗེས་བཅས་བྲིས་ཡོད་ལ། གོང་ས་མཆོག་གི་འཚེ་མེད་ཞི་བའི་དགོངས་པ་རླབས་ཆེན་དེ་འཛམ་གླིང་ཁྱོན་ཡོངས་དང་། ལྷག་པར་དུ་ན་གཞོན་ཁྲོད་ཁྱབ་གདལ་ཆེད་ཡིན་ཞེས་ཉི་ཧོང་གི་གོང་བརྗོད་དཔེ་དེབ་རྩོམ་སྒྲིག་པས་གསུང་འདུག

WordPress Themes