སྤྱི་ཟླ་༧པའི་ཚེས་༡༣ཉིན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་བོད་ནས་ཁུངས་ལྡན་གནས་ཚུལ་འབྱོར་བ་ལྟར་ན།སྤྱི་དྲུག་པའི་ཚེས་༢༡ཉིན་རྒྱ་ནག་ཕྱོགས་ནས་བོད་ནང་གི་རྩོམ་པ་པོ་གྲགས་ཅན་གཉན་ལགས་དང་བུད་ངྷ་ལགས་རྣམ་གཉིས་འཛིན་བཟུང་བྱས་ཡོད་ནའང་། ད་ལྟ་གང་དུ་འཛིན་བཟུང་བཀག་ཉར་བྱས་ཡོད་མེད་གསལ་པོ་ཤེས་རྟོགས་མེད་པ་དང་།འཛིན་བཟུང་བྱེད་དོན་དེ་ཧ་ལམ་སྤྱི་ལོ་༢༠༠༨ལོའི་བོད་མིའི་ཞི་བའི་ངོ་རྒོལ་ཡར་ལངས་སྐོར་ཤར་དུང་རི་དུས་དེབ་ཐོག་རྩོམ་ཡིག་བྲིས་བ་དེའི་སྐོར་ཡིན་པར་དོག་གཞི་བྱེད་བཞིན་ཡོད་ཟེར། གཉན་གྱི་མཚན་དངོས་ལ་འཇང་རྩེ་དོན་ཁོ་ལགས་དང་རྔ་བ་ཁུལ་ཁྱུང་མཆུ་རྫོང་ས་གནས་ལོ་རྒྱུས་ཞིབ་འཇུག་ལས་ཁུངས་(地志办)ཀྱི་ལས་བྱེད་རེད་།ཁོང་གི་སྙན་ངག་དང་འབོར་རྩོམ་སོགས་བརྩམས་ཆོས་ཁག་ལ་བོད་ནང་སྐད་གྲགས་ཆེན་པོ་ཡོད་པ་མ་ཟད།ཁོང་གི་སྙན་རྩོམ་དེབ་༼རོ་ལངས་༽ཞེས་པ་སྤྱི་ལོ་༢༠༠༢ལོར་ཀན་སུའི་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་ཡོད་ལ་། དེ་བཞིན་ཁོང་གི་བརྩམས་ཆོས་ལ་སྦྲང་ཆར་དུས་དེབ་སོགས་སུ་བོད་ཡིག་གི་བྱ་དགའ་མཐོ་ཤོས་ཐེངས་མང་རེག་མྱོང་ཡོད་པ་རེད།བུད་ངྷ་ལགས་ནི་རྔ་བ་རྫོང་བར་མ་ཞང་བོད་སྨན་ཁང་གི་སྨན་པ་ཞིག་ཡིན་པ་དང་། ནམ་རྒྱུན་ཁོང་ནི་འབོལ་རྩོམ་སོགས་བརྩམས་ཆོས་མང་པོ་སྤེལ་མཁན་ཞིག་རེད།ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་སློབ་མ་ཚོས་རྩོམ་སྒྲིག་བྱས་པའི་༼ཤར་དུང་རི།༽དུས་དེབ་ཀྱི་སྤྱི་ལོ་༢༠༠༨ལོའི་འདོན་ཐེངས་སུ།སྤྱི་ལོ་༢༠༠༨ལོའི་བོད་ཆོལ་ཁ་གསུམ་གྱི་ཞི་བའི་ངོ་རྒོལ་སྐོར་ལ་རྩོམ་ཡིག་མང་པོ་ཞིག་སྤེལ་ཡོད་པའི་ནང་། རྩོམ་པ་པོ་གྲགས་ཅན་གཉན་ལགས་ཀྱིས་ང་ཚོའི་ལས་ཐོག་ན་འགྲོ་བ་མིའི་ཐོབ་ཐང་ག་འདྲ་ཞིག་ཡོད་ཅེས་པ་དང་།ཡང་རྩོམ་པ་པོ་གྲགས་ཅན་བུད་ངྷ་ལགས་ཀྱིས་ཕྱིར་རྟོག་དང་བསམ་གཞིག་ཅེས་པ་སྤེལ་ཡོད་།དེ་བཞིན་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་སློབ་མ་དང་ཤར་དུང་རིའི་རྩོམ་སྒྲིག་པ། གཞོན་སྐྱེས་རྩོམ་པ་པོ་ཐེའུ་རང་ལགས་ད་ལོའི་སྤྱི་ཟླ་༤བར་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་པ་ནས་ད་བར་ཁོང་གི་གནས་ཚུལ་གང་ཡང་ཤེས་རྟོགས་མེད་པར་ལྷག་ཡོད་ལ། ཉེ་ཆར་གནས་ཚུལ་ཁུངས་ཤིག་ནས་བརྗོད་ན་ད་ལྟ་ཁྲིན་ཏུའུ་རུ་འཛིན་བཟུང་བཀག་ཉར་བྱས་ཡོད་ཚུལ་ལས་ཞིབ་ཕྲའི་གནས་ཚུལ་ཅི་ཡང་མེད། དེ་མིན་ད་ལོའི་སྤྱི་ཟླ་ལྔ་བའི་ནང་རྔ་བ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་གི་དགེ་རྒན་ལྔ་འཛིན་བཟུང་བྱས་བ་རྣམས་ཀྱི་སྐོར་ལའང་ད་ལྟའི་བར་གནས་ཚུལ་གོ་ཐོས་ཅི་ཡང་མེད་ལ། ཁོང་ཚོ་ནི་ཕ་ཡུལ་མཛོད་དགེ་ནས་ཡིན་པའི་ཆོས་འཕེལ་ལགས་དང་།མཛོད་དགེ་ཡིན་པའི་ཀུ་རྟི་སྐྱབས་ལགས། ཐེ་བོ་ནས་ཡིན་པའི་བསོད་ནམས་ལགས། མཚོ་སྔོན་ནས་ཡིན་པའི་རྡོ་ལ་ལགས།རྔ་བ་རྫོང་གི་ཡིན་པའི་གཏམ་མེ་ལགས་བཅས་རེད། ཡང་གནས་ཚུལ་ཡོང་ཁུངས་ནས་མུ་མཐུད་དུ་བརྗོད་ན། ཁོང་ཚོ་འཛིན་བཟུང་བྱེད་དོན་དེ་གཙོ་བོ་སློབ་གྲྭའི་ནང་སློབ་མ་ཚོས་སྒེར་ངོས་ནས་པར་སྐྲུན་བྱེད་བཞིན་པའི་གནམ་ལྕགས་ཞེས་པའི་ཚགས་པར་ཞིག་ཡོད་པ་དེར་གོང་བརྗོད་དགེ་རྒན་དེ་ཚོས་དཔལ་འབྱོར་སོགས་ཀྱི་རྒྱབ་སྐྱོར་བྱས་ཚུལ་དང་ཚགས་པར་དེར་ཆབ་སྲིད་དང་འབྲེལ་བའི་ནང་དོན་བསྲེས་ཡོད་ཚུལ་བརྗོད་བཞིན་ཡོད་ཟེར།
༄༅།། མཁྱེན་དཔྱོད་ཡངས་པའི་དྲུང་ཡིག་ཆེན་མོ་ལྕམ(Nirupama Rao)ནེརུ་པད་མ༌རཧོ་མཆོག་གི་དྲུང་དུ་གུས་གསོལ།།
ལྕམ་སྐུ་ཉིད་དབྱར་དཀྱིལ་གྱི་ཆར་དུས་དང་མཉམ་པོར། རི་ངོགས་འདིར་ཉིན་གཉིས་རིང་འཚམས་གཟིགས་ལ་ཕེབས་ཐུབ་པར་དགའ་བོ་བྱུང༌། འདི་ནས་ ལོ་བདུན་ཅུའི་ཁར་བརྒྱབ་ཡོད་པའི་ྋགོང་ས་ཏྭ་ལའི་བླ་མ་མཆོག་དང༌། གང་ཉིད་གཙོས་ང་ཚོའི་རྒྱབ་དཔུང་བཅོལ་སའི་རི་བོ་རྡོ་ལ་རྡར། སྐྱབས་བཅོལ་བ་དང༌། ཡུལ་སྐོར་བ། ས་སྐྱེས་རྡོ་སྐྱེས་ཀྱི་ཡུལ་མི་ཚང་མ་ཞི་མཐུན་ངང་གཞིས་ཆགས་སའི་ཀང་རའི་ལུང་ གཞུང་རིང་མོ་བཅས་པ། མདོར་ན་ཡུལ་ཕྱོགས་འདིའི་སྣོད་བཅུད་གཉིས་ཀྱིས་ཉིད་ལ་བྱོན་པ་ལེགས་པའི་ཕེབས་བསུ་ཞུ་བཞིན་ཡོད་ལ། ངེད་ཅག་རྩོམ་པ་པོ་དང༌། སྒྱུ་རྩལ་བ། ཉམས་ཞིབ་པ། བོད་དོན་ལས་འགུལ་བ་བཅས་ཀྱིས་གྲུབ་པའི་བོད་ཕྲུག་གཞོན་སྐྱེས་ཁག་ཅིག་གིས་ཀྱང༌། སེམས་ཁུངས་ནས་མེ་ཏོག་གི་ཕྲེང་བ་བསྣབ་ནས་ཁྱོད་ཀྱི་གཟིགས་སྐོར་འདིར་ལོ་རྒྱུས་ ཀྱི་དོན་སྙིང་ཤིག་བྱུང་བར་རེ་བ་བརྒྱག་ཞོར། ཁྲོམ་བསྒྲགས་རང་བཞིན་གྱི་སྙན་ཞུ་འདི་འབུལ་ལམ་ཞུས་པ་ཡིན།།
དེ་ཡང་བཞུགས་སྒར་རྡ་ས་སྟེ། ལྷ་ས་ཆུང་ངུརའང་འབོད་པའི་གནས་འདི་ན། ཆོས་གསུངས་མཁན་དང་ཆོས་ཞུ་བའི་འཚངས་ཁ་རྒོད་ལ། ཡུལ་སྐོར་བ་དང་ཡུལ་སྐོར་ཞབས་ཞུའི་ཚོང་རར་འཁྲིག་ཆ་ཆེ་མོད། རི་ངོགས་འདིའི་བརྗོད་ཚིག་གཙོ་བོ་ནི་“རྒྱལ་ཁབ་ཤོར་”ནས་ཡོང་བའི་མི་རིགས་ཤིག་ གི་གཏམ་རྒྱུད་ཡིན་པ་ཉིད་ཀྱིས་མཁྱེན་དང་མཁྱེན།།
ང་ ཚོས་གནས་འདི་ནས། ལོ་ངོ་༥༠་རིང་ལ་ཕ་ཡུལ་དྲན་ཞིང་དྲན་ནས་ཤི་སོང་བའི་ལོ་ལོན་རྒོན་འཁོག་མང་པོ་ཞིག་ལ་དུར་འཇུག་བྱས་ཤིང༌། གནས་ཚང་བཞག་ནས་ནུབ་ཕྱོགས་ལ་འཕུར་དང་འཕུར་བཞིན་པའི་གཞོན་སྐྱེས་སྐོར་ཞིག་ལ་ཕེབས་སྐྱེལ་བྱེད་ཞོར། ད་དུང་ལ་ཕར་ རྒྱབ་གན་ནས་ཁ་ཆག་མགོ་རལ་ཉོས་ཏེ་བྲོས་བྱོལ་ལ་ཡོང་མཁན་ཚོར་སྣེ་ལེན་བྱེད་མུས་ཁར། ཕ་མ་རྒྱ་ཡིས་བསད་སོང་བའི་དྭ་ཕྲུག་ཚོ་གསོ་སྐྱོང་བྱ་དགོས་པ་ནི་ཨ་ཅང་ཅང༌། མ་གཞི་གནས་ཚུལ་འདི་དག་ང་ཚོས་མ་ཞུས་ཀྱང་ཉིད་ལ་བརྗོད་མཁན་ཡོང་མདོག་ཁ་བོ་རེད། ། དེ་ལས་མང་། »
ཚེས་༡༣ ཉིན་གྱི་སྔ་དྲོ་ཆུ་ཚོད་༡༠ ཐོག་མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་སྐབས་གསུམ་པའི་བཀའ་བློན་ཁྲི་པའི་འོས་གཞི་རུ་བོད་གཞུང་གི་དྲུང་ཆེ་གོ་འཇོ་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་དང། སྐུ་སྒེར་དྲུང་ཆེ་ཟུར་པ་རྣམ་སྤེལ་ཚང་བློ་བཟང་སྦྱིན་པ། སྐུ་སྒེར་དྲུང་ཆེ་ལས་ཐོག་རྔ་བ་ཚེ་རྒྱམ་གསུམ་དང། སྐབས་བཅོ་ལྔ་པའི་མདོ་སྟོད་སྤྱི་འཐུས་ཀྱི་འོས་གཞི་རུ་མི་༡༧ ཁྱབ་བསྒྲགས་གནང་ཡོད་པ་རེད།
དེ་ཡང་བཀའ་ཁྲིའི་འོས་གཞི་རྣམ་པ་དང། སྐབས་བཅོ་ལྔ་པའི་མདོ་སྟོད་སྤྱི་འཐུས་ཀྱི་སྔོན་འགྲོའི་འོས་གཞི་རྣམ་པས་ཆ་རྐྱེན་འགན་ཁུར་དགོས་པ་གསུམ་འཁོད་འདུག་པ་དང། ༡༽ བཙན་བྱོལ་བོད་མིའི་བཅའ་ཁྲིམས་རིན་པོ་ཆེའི་དགོངས་དོན་འགལ་མེད་ཐོག་སྐྱབས་མགོན་རིན་པོ་ཆེའི་དབུ་འོག་དཔུང་འདེགས་ཞུ་དགོས་པ། ༢༽ གཞིས་ལུས་རྒྱ་ཆེའི་མི་མང་གི་མངོན་འདོད་ལ་གདུང་ཤུགས་གཅིག་བསྒྲིལ་གྱིས་ནུས་ཤུགས་འདོན་དགོས་པ། ༣༽ བཅའ་ཁྲིམས་ཀྱི་དགོངས་དོན་དམ་བཅའི་ཚིག་དོན་གཞིར་བཟུང་འཇིགས་ཞུམ་ཆགས་སྡང་སྤངས་ཏེ་སྤྱི་དོན་གང་ཅིར་འཛེམས་ཟོན་མེད་པ་གྲོས་རར་བཤད་ཕོད་པ་ཞིག་དགོས་པ་བཅས་ཡིན་པ་རེད།
སྐབས་༡༣ པའི་བཀའ་བློན་ཁྲི་པའི་འོས་གཞི་དང། ཕྱི་ལོ་༢༠༡༡ ལོའི་སྐབས་བཅོ་ལྔ་པའི་བོད་མི་མང་མདོ་སྟོད་སྤྱི་འཐུས་ཀྱི་སྔོན་འགྲོའི་འོས་གཞིའི་ས་བོན་འདོན་ཕྱོགས་ཐད་མདོ་ཁམས་ཆུ་བཞི་སྒང་དྲུག་འགན་འཛིན་ལྷན་ཚོགས་ཐེངས་༤༠ པའི་ཚོགས་ཆེན་ཐོག་སྤྱི་མོས་ཀྱིས་གཏན་ལ་དབབ་པའི་གྲོས་ཆོད་དགོངས་དོན་གཞིར་བཟུང་ས་གནས་སོ་སོའི་རྒྱུན་ལས་རྣམ་པས་སྤྱི་འཐུས་ཀྱི་འོས་གཞིའི་ས་བོན་འདེམས་སྒྲུག་གིས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་དུ་འབུལ་དགོས་པ་དང་། དེ་ལས་མང་། »