༄༅།།གངས་རིའི་སྐར་ཚོམ།

  • བོད་ཁྲག

    ༄༅།།མི་ལ་རས་པ།
    རས་ཁེར་རྐྱང་གྱོན་ནས་མི་རྐྱང་དུ། །
    གངས་དཀར་བོའི་ཁྲོད་དུ་མི་ཚེ་བཏང༌། །
    ཕ་སྒྲ་བསྒྱུར་མར་བའི་སྡུག་འོག་ནས། །
    གཏན་བདེ་བ་རྙེད་པའི་བུ་རྒོད་པོ། །
    ༄༅།།ས་སྐྱ་པཎ་ཆེན།
    རིག་པ་འགྲན་ནས་མུ་སྟེགས་འཕྲོག་བྱེད་ཀྱི། །
    རལ་བ་བཅད་ནས་རྒྱལ་བའི་མཚན་མར་ཕྱར། །
    བཅུ་ཕྲག་རིག་པའི་ཐ་སྙད་གསར་མཛད་ནས། །
    ས་སྐྱ་པཎ་ཆེན་ཞེས་ནས་མིང་དུ་གྲགས། །
    ༄༅།།འབྲུག་པ་ཀུན་ལེགས།
    འཇེ་ཁོ་ནས་འགྲོ་དོན་མཛད་པ་ཡི། །
    བོད་གངས་ཅན་འབྲུག་སྨྱོན་ཀུན་ལེགས་རྗེ། །
    གཤིས་དྲང་བོ་མངོན་སུམ་སྟོན་པ་ལ། །
    བུ་ཁྱོད་འདྲ་བོད་ལ་སྐྱེས་མྱོང་དཀོན། །
    དེ་ལས་མང་། »

  • ༄༅།།ཕ་མའི་བཀའ་དྲིན་དྲན་སྲོལ་ཞིག

  • སྒ་བུ།

    བདག་གི་མི་ཚེ་འདི་ལ་དད་པའི་ལྷ། །
    ལྷ་མོ་གཡུ་ཡི་མདངས་ཀྱི་དཔལ་འཛིན་མ། །
    མ་གཅིག་རྗེ་བཙུན་འཕགས་མ་སྒྲོལ་མ་དེ། །
    དེ་རིང་བུ་ངའི་སྤྱི་བོའི་རྒྱན་དུ་བྱོན། །

    ཕ་དང་མ་ཡི་དྲིན་ལན་མི་བསམས་པ། །
    དུས་ཀྱི་མ་གཤམ་འདི་རུ་ཇེ་མང་རེད། །
    ཕ་མ་མེད་ན་རང་ཉིད་གང་ན་ཡོད། །
    དེ་བས་ཕ་མའི་དྲིན་ལན་དྲན་པར་མཛོད། །

    དང་བོར་ཁོག་ཏུ་ཁུར་བའི་སྡུག་བསྔལ་སོམས། །
    བར་དུ་གཅིན་སྐྱག་ཉར་བའི་དཀའ་བ་སོམས། །
    ཐ་མར་ལྟོ་གོས་བྱིན་པའི་བརྩེ་བ་སོམས། །
    འདི་དག་བསམས་ན་ཕ་མ་སེམས་ལ་འཁོར། །
    དེ་ལས་མང་། »

  • WordPress Themes