མདོ་སྨད་རྨ་ཆུ་ནས་བོད་མིའི་གནའ་བོའི་ལུས་རྩལ་རྟ་ཐོག་སྤོ་ལོའི་མེ་རོ་གསོས་པ།

རྟ་ཐོག་སྤོ་ལོ་ནི་ལོ་རྒྱུས་རིང་བའི་གནའ་བོའི་ལུས་རྩལ་རིགས་ཤིག་ཡིན་ལ་རྗེས་སུ་ནུབ་ཕྱོགས་སུ་དར་ཏེ་ད་ལྟ་ཨ་རི་དང་། དབྱིན་ཇི། ཕྱི་སོག རྒྱ་གར། ཨ་ཇིན་ཐེ་ན། ཨེ་ཤ་ཡ་དཀྱིལ་མ་སོགས་ཤར་ནུབ་ཀྱི་རྒྱལ་ཁབ་མང་པོར་རྟའི་རིག་གནས་ཀྱི་མཚོན་བྱེད་ལུས་རྩལ་གཙོ་བོ་ཞིག་ཏུ་གྱུར་ཡོད།
རང་རེའི་བོད་ལ་མཚོན་ན། བོད་བཙན་པོའི་སྐབས་ནས་བཟུང་རྟ་ཐོག་སྤོ་ལོ་རྩེ་བའི་སྲོལ་ཡོད་པ< <ཐང་ཡིག་གསར་མ>>སོགས་ཁུངས་ལྡན་གྱི་ལོ་རྒྱུས་ཡིག་ཆ་ཁག་ཏུ་གསལ་བོར་བཀོད་ཡོད་ལ་རྟ་ཐོག་སྤོ་ལོའི་ཆེས་ཐོག་མའི་མཆེད་ཁུངས་ཀྱང་རང་རེའི་བོད་ཡུལ་ཡིན་པར་འདོད་མཁན་ཡོད་ནའང་། དེང་གི་དུས་འདིར་བོད་ཡུལ་ན་གདོད་མའི་ལུས་རྩལ་འདིར་གསལ་ཆ་ཡོད་མཁན་ཙམ་ཡང་ཉིན་མོའི་སྐར་མ་ལྟ་བུར་གྱུར་ཡོད།


དེ་ལས་མང་། »

WordPress Themes