འོད་དཀར་དྲ་ཚིགས་དང་ཚགས་ཤོག་གཉིས།
རྒྱ་ཆེ་བའི་ངེད་དྲ་ཚིགས་ཀྱི་ཀློག་པ་པོ་རྣམ་པ་ལ་ཞུ་རྒྱུ། ངེད་དྲ་ཚིགས་ཀྱི་ཐོག་མའི་དམ་བཅའ་དང་རེ་འདུན་ནི་བོད་ཀྱི་ཤེས་ཡོན་པའི་སྡེ་རྣམས་ལ་རང་ནུས་གང་ཡོད་ཀྱིས་ཕན་པ་བསྒྲུབ་རྒྱུ་དེ་ཡིན། དེང་གི་སྐབས་འདིར་ངེད་དྲ་ཚིགས་ཀྱིས་བཙན་བྱོལ་སྤྱི་ཚོགས་ནང་གསར་དུ་འཚར་ལོངས་ བྱུང་བའི་བོད་ཀྱི་སློབ་གསོ་ཚགས་པར་དང་། སྐད་ཡིག་ཚགས་ཤོག་གཉིས་ལ་ཆེད་དུ་ ལེ་ཚན་གསར་བ་ཞིག་བཟོས་ཏེ། ཚང་མས་མཐོང་བདེ་བོ་དང་ཀློག་བདེའི་ཆེད་ང་ཚོས་མཉམ་འབྲེལ་གྱིས་ཚགས་པར་དེ་གཉིས་ངེད་དྲ་ཚིགས་བརྒྱུད་དངོས་སུ་ཀློག་མཁན་དག་གི་སྤྱན་ལམ་དུ་ཕུལ་རྒྱུ་ལགས་པས། ད་ནས་བཟུང་ཚགས་པར་འདི་གཉིས་ལ་རིགས་མཐུན་སྤུན་ཟླ་དག་གིས་མཉམ་རོལ་བྱེད་ཐུབ་ པར་བྱུང་ནི་དགའ་དགོས་པ་ཞིག་ལོས་ཀྱང་ཡིན།
ང་ཚོར་ད་དུང་འདི་ལྟར་གཞོན་སྐྱེས་རྣམས་ཀྱི་མཉམ་འབྲེལ་གྱི་བྱ་བཞག་རྒྱུན་སྐྱོང་གིས་མདུན་བསྐྱོད་བྱེད་འདོད་ཡོད་ལ། དེ་བཞིན་དུ་ཀློག་པ་པོ་དང་ཤེས་ལྡན་པ་དག་གི་འདོད་འདུན་རྣམས་མུ་མཐུད་ནས་རང་ནུས་ཅི་ཡོད་སྒོས་སྐོང་འདོད་ཡོད་པ་མ་ཟད། བོད་ཀྱི་སྐད་ཡིག་གི་འཕགས་ཚག་གི་ང་རོ་རི་བོ་ཧི་མ་ལའི་མཐོ་སྒང་གཅིག་པུ་ཙམ་མ་ཡིན་པར། གོ་ལ་ཧྲིལ་བོ་ལས་བརྒལ་འདོད་ཀྱི་ཧམ་སེམས་དེ་བས་ཀྱང་ཆེ། དེ་ལྟར་དུས་ཚིགས་ཀྱི་སྔ་ཕྱི་ཙམ་ལས་ང་ཚོས་བོད་ཕྱི་ནང་གཉིས་ཀྱི་སྤུན་ཟླ་ཚོའི་ལག་རྡང་གཅིག་ཏུ་སྦྲེལ་ཐུབ་པ་བྱ་རྒྱུ་ནི་སེམས་ཀྱི་རེ་འདོད་ཡིན།
༼ཡོང་ཁུངས།འོད་དཀར་དྲ་ཚིགས།༽
By lomaserpo, སྤྱི་ཟླ་གཉིས་པ། 7, 2010 @ 9:57 pm
གཡུ་ཞིན་དྲ་ཚིག་ལ་ཐུགས་རྗེས་ཆེ་ཞུ་བ་དང་།
By ཛཱ་ཏི།, སྤྱི་ཟླ་གཉིས་པ། 8, 2010 @ 7:06 am
ཤིན་ཏུ་ལེགས།