རྒྱ་གར་གྱིས་སྐྱབས་བཅོལ་བའི་ཐོབ་ཐང་ཐད་ཁྲིམས་ཡིག་ཅིག་གཏན་འབེབས་བྱེད་འཆར་ཡོད་འདུག

ཚེས་༣ཉིན་ཧིན་རྡུ་སུ་ཌན་དུས་བབ་ཅེས་པའི་ཉིན་རེའི་གསར་ཤོག་གི་གནས་ཚུལ་སྤེལ་བ་ལྟར་ན།རྒྱ་གར་ནང་བོད་ནས་བོད་མི་སྐྱོབས་བཅོལ་བ་དང་དེ་བཞིན་སུ་རོས་ལན་ཁ་ནས་ཏ་མོལ་སྐྱབས་བཅོལ་བ་བཅས་ཁྱོན་བསྡོམས་སྐྱབས་བཅོལ་བ་འབུམ་གཉིས་ལྷག་ཙམ་གནས་སྡོད་བྱེད་བཞིན་ཡོད་ཀྱང་ རྒྱ་གར་གཞུང་གི་༡༩༥༡ལོའི་ཇི་ནི་ཝའི་སྤྱི་ཆིངས་ཞེས་པའི་སྐྱབས་བཅོལ་བའི་ཐོབ་ཐང་སྐོར་གྱི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གཏན་འབེབས་བྱས་པའི་ཆིང་ཡིག་ལ་མིང་རྟགས་མ་བཀོད་པར་བརྟེན་རྒྱ་གར་ནང་ཁྲིམས་ཐོག་ནས་སྐྱབས་བཅོལ་བ་ཚོའི་གནས་བབས་དང་ཐོབ་ཐང་ཁ་གསལ་པོ་མེད་པ་རེད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་གཏན་འབེབས་བྱས་པའི་རྒྱལ་སྤྱིའི་ཐོག་སྐྱབས་བཅོལ་བའི་གནས་བབས་སྐོར་གྱི་ཆིངས་ཡིག་ལ་རྒྱ་གར་གཞུང་གི་མིང་རྟགས་མ་བཀོད་པ་ནི་ཆིངས་ཡིག་དེའི་ནང་སྐྱབས་བཅོལ་ཞུ་མཁན་དང་སྐྱབས་བཅོལ་ལེན་མཁན་གྱི་རྒྱལ་ཁབ་བར་ཐོབ་ཐང་དང་འགན་ཁུར་ཇི་ཡོད་སྐོར་སྒྲིག་གཞི་ཁ་གསལ་མེད་པའི་རྒྱུ་མཚན་འདྲེན་གྱི་ཡོད་། ཡིན་ནའང་ད་ལྟ་རྒྱ་གར་གྱི་གྲོས་ཚོགས་ནང་སྐྱབས་བཅོལ་བ་དང་སྐྱབས་བཅོལ་གནས་བར་སྲུང་སྐྱོབ་ཅེས་པའི་ཁྲིམས་ཡིག་བརྒྱུད་རྒྱ་གར་ནང་སྲིད་ལྷན་ཁང་གིས་སྐྱབས་བཅོལ་བའི་གནས་བབས་ཐོག་ རྒྱ་གར་གཞུང་གི་སྲིད་ཇུས་ཁ་གསལ་བོ་བཟོ་རྩིས་བྱེད་བཞིན་ཡོད་པ་དང་།ཁྲིམས་ཡིག་དེ་ད་ལོའི་ལོ་འཇུག་བར་གཏན་འབེབས་དང་ལག་བསྟར་བྱ་ངེས་ཡིན་པའི་སྐོར་འབྲེལ་ཡོད་ལས་བྱེད་པས་བརྗོད་འདུག རྒྱ་གར་ནང་ད་ལྟ་ཁྲིམས་ཐོག་ན་སྐྱབས་བཅོལ་བའི་གནས་བབས་སྐོར་སྒྲིག་གཞི་གསལ་པོ་མེད་པས་རྐྱེན་གྱིས་སྐྱབས་བཅོལ་དང་འབྲེལ་བའི་གནད་དོན་ཡོངས་རྗོགས་རྒྱ་གར་གྱི་མི་སེར་མ་ཡིན་པའི་ཕྱི་མི་དང་འབྲེལ་བའི་ཁྲིམས་གཞིའི་ སྲིད་ཇུས་ལག་བསྟར་བྱས་སྟེ་ །རྒྱ་གར་གཞུང་ལ་ སྐྱབས་བཅོལ་བ་ཐེ་བའི་ཕྱི་མི་སུ་ཞིག་ཡིན་རུང་ཕྱིར་འབུད་བྱེད་རྒྱུའི་དབང་ཚད་ཆ་ཚང་ཡོད་པ་རེད་ རྒྱ་གར་གྱི་གྲོས་ཚོགས་ཀྱིས་སྐྱབས་བཅོལ་བའི་གནས་བབས་དང་ཐོབ་ཐང་སྐོར་གྱི་ཁྲིམས་ཡིག་དེའི་ནང་ སྐྱབས་བཅོལ་བ་ཚོའི་ཐོབ་ཐང་དང་ལས་འགན་སྐོར་ཁྲིམས་གཞི་ཁ་གསལ་བཟོ་རྒྱུ་མ་ཟད་།ཕྱི་མི་སུ་ཞིག་རྒྱ་གར་གཞུང་གིས་ཕྱིར་འཕུད་ཀྱི་ཐག་གཅོད་བྱས་ཚེ་ ཐག་གཅོད་དེ་དག་ལ་ཁྲིམས་ཐོག་ནས་ཞུ་གཏུག་དང་རྩོད་གླེང་བྱེད་པའི་ཐོབ་ཐོང་སྤྲོད་རྒྱུ་རེད་།

མཆན་བུ་མེད་།

མཆན་བུ་མེད་།.

RSS feed for comments on this post. TrackBack URI

མཆན་ཞོག

WordPress Themes