བོད་ཁམས་ཕྱོགས་ཀྱི་ས་ཁུལ་འདྲ་མིན་ནང་བོད་མི་མང་པོར་ཁྲིམས་ཆད་བཅད་པའི་གནས་ཚུལ་ཐོན་ཡོད་།

རྒྱ་ནག་གཞུང་གིས་དེང་སྐབས་བོད་ཀྱི་ས་ཆ་མང་པོ་ཞིག་ཏུ་བོད་མི་མང་པོ་ཞིག་ལ་རྒྱལ་ཁབ་ཁ་བྲལ་བྱས་ཚུལ་སོགས་ཀྱི་ནག་ཉེས་ཐོག་ཁྲིམས་ཆད་གཅོད་བཞིན་ཡོད་པ་ལྟར་།ཉེ་ཆར་ཁམས་ཀྱི་ས་ཁུལ་འདྲ་མིན་དུ་བོད་མི་མི་ཉུང་བ་ཞིག་ལ་ཁྲིམས་ཆད་གཅོད་པའི་གནས་ཚུལ་ཐོན་བཞིན་ཡོད།ཚེས་ལྔ་ཉིན་ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གིས་བརྗོད་ན།ཁམས་རྫ་ཆུ་ཁ་རུ་བླ་སྤྲུལ་ཨ་གྲགས་རིན་པོ་ཆེ་དང་ཁོང་གི་བུ་ཟླ་ཤེལ་གཉིས་ལ་རྒྱ་ནག་གཞུང་གིས་ཕྱི་ལོག་ཏྭ་ལའི་ཁ་བྲལ་ཕྱོགས་ཁག་དང་འབྲེལ་བ་བྱས་ཚུལ་གྱི་ནག་ཉེས་བཙུགས་ནས་ཉེ་ཆར་ཨ་གྲགས་རིན་པོ་ཆེར་ལོ་ལྔ་དང་།ཁོང་གི་བུ་ཟླ་ཤེལ་ལ་ལོ་བཅུའི་ཁྲིམས་ཆད་བཅད་རྗེས་ཁྱིམ་མིར་ལྷ་སའི་བཙོན་ཁང་ནང་ཁོང་གཉིས་ལ་ལྟ་རུ་ཕྱིན་ན་ཆོག་ཚུལ་གྱི་བརྡ་ཐོ་བཏང་འདུགཁོང་གཉིས་ནི་སྤྱི་ལོ་༢༠༠༨ལོའི་སྤྱི་ཟླ་གསུམ་པར་འཛིན་བཟུང་བྱས་རྗེས་ད་བར་གར་སོང་ཆ་མེད་དུ་ཕྱིན་ཡོད་འདུགགཞན་བོད་མི་ལྔ་ལ་སོ་སོར་ལྔ་རེའི་ཁྲིམས་ཆད་བཅད་པ་ལས་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་བྱུང་མེད་།དེ་བཞིན་ཟླ་སྔོན་མའི་ཟླ་དཀྱིལ་ཙམ་ལ་ཁམས་སོག་རྫོང་ར་རྟ་གྲོང་ཚོའི་ལོ་ན་༢༤ཡིན་པའི་བོད་མི་བཀྲ་ཤིས་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་ཡོད་པ་དང་། ཁོང་གིས་གློག་ཀླད་དྲ་ཁང་ནས་ཕྱི་ཕྱོགས་སུ་འབྲེལ་བ་བྱས་པ་དང་། ཆབ་སྲིད་དང་འབྲེལ་བའི་པར་རིས་བལྟས་པ་སོགས་ཀྱི་ཉེས་མིང་བཏགས་ཏེ། ད་སྐབས་ནག་ཆུའི་བཙོན་ཁང་ཞིག་ཏུ་བཙོན་འཇུག་བྱས་ཡོད་འདུག གཞན། ལོ་སྔོན་མའི་རྒྱ་ནག་གི་རྒྱལ་སྟོན་དུས་ཆེད་སྐབས་འཛིན་བཟུང་བྱས་ཏེ་ལོ་ ༣ གྱི་ཁྲིམས་ཐག་བཅད་པའི་རྒྱལ་སེང་ལ་་ད་སྐབས་དུས་ཚོད་བཀོད་སྒྲིག་གིས་ནང་མིར་ཐུག་འཕྲད་བྱེད་འཇུག་གིན་ཡོད་ཀྱང་། བདུན་རེའི་ནང་དུ་འདྲི་རྩད་ཀྱིས་ཉེས་རྡུང་རྒྱུན་ཆད་མེད་པར་གཏོང་གིན་ཡོད་འདུག སོག་རྫོང་ར་རྟ་གྲོང་ཚོ་གཙོ་བོར་གྱུར་པའི་ས་གནས་ཁག་ཏུ་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་སྤྲོད་པའི་ཚོགས་འདུ་བཙན་ཚུགས་ཀྱིས་ཚོགས་སུ་འཇུག་པ་སོགས་དམ་དྲག་ཤུགས་ཆེན་བྱེད་ཀྱིན་ཡོད་པ་བོད་ཀྱི་དུས་བབ་ནང་གནས་ཚུལ་བཀོད་འདུགཡང་དེ་རིང་ཨེ་ཤེ་རང་དབང་རླུང་འཕྲིན་ཁང་གིས་གནས་ཚུལ་བཀོད་པ་ལྟར་ན།ཁམས་འཇོ་མདའ་རྫོང་གི་བོད་མི་ཉི་ཤུ་ལྷག་ན་ནིང་གི་སྤྱི་ཟླ་དྲུག་པར་འཛིན་བཟུང་བྱས་པའི་ཁྲོད་ཀྱི་བོད་མི་ནོར་ལྷ་ལ་ལོ་དྲུག་དང་མགོན་པོ་དར་རྒྱས་ལ་ལོ་ལྔའི་ཁྲིམས་ཆད་བཅད་པའི་གནས་ཚུལ་གོ་ཐོས་བྱུང་བ་ལས་ནག་ཉེས་ཅི་བཙུགས་ཤེས་རྟོགས་མེད་ཀྱང་།་ན་ནིང་ལོར་བོད་མི་དེ་དག་ས་ཞིང་རྨོ་འདེབས་མ་བྱས་པར་ཞི་བའི་ངོ་རྒོལ་ལས་འགུལ་ནས་ཞུགས་སྐབས་འཛིན་བཟུང་བྱས་པ་ཡིན་འདུག

མཆན་བུ་མེད་།

མཆན་བུ་མེད་།.

RSS feed for comments on this post. TrackBack URI

མཆན་ཞོག

WordPress Themes