ཨ་རིའི་ཝེ་སི་ཁོན་སིན་མངའ་སྡེའི་གྲོས་ཚོགས་ཀྱིས་གྲོས་ཆད་ཅིག་བཞག་ནས་བོད་ཀྱི་ཉིན་མོ་གཏན་འཁེལ་བྱས་འདུག

དེའི་ཐད་ཀྱི་གནས་ཚུལ་ཞིབ་ཕྲ་འདི་ནས་ཉན་རོགས་གནོངས།
ཚེས་༤ཉིན་ཨ་རིའི་ཝེ་སི་ཁོན་སིན་མངའ་སྡེའི་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་ཐུན་མོང་གིས་གྲོས་ཆོད་ཨང་༡༡༢པ་ཞེས་པ་ཞིག་ལ་མོས་མཐུན་བྱུང་ནས་།སླེབས་ལ་ཉེ་བའི་གསུམ་བཅུ་དུས་དྲན་ཐེངས་༥༡དེ་བོད་ཀྱི་ཉིན་མོར་གཏན་འཁེལ་གནང་བ་མ་ཟད་།བོད་ཀྱི་རང་དབང་འཐབ་རྩོད་ཆེད་རང་སྲོག་བློས་བཏང་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་གུས་འདུད་དང་དྲན་གསོ་གནང་ནས་བོད་དོན་ཐད་རྒྱབ་སྐྱོར་ཤུགས་ཆེན་བྱས་ཡོད་ལ།ས་ཁུལ་དེའི་གཟའ་སྤེན་པའི་བོད་ཡིག་སློབ་གྲྭའི་སློབ་ཕྲུག་རྣམས་མགྲོན་འབོད་ཀྱིས་བོད་དང་ཨ་རིའི་རྒྱལ་གླུ་ལེན་པ་སོགས་ཀྱི་མཛད་སྒོ་བསྡུས་ཡོད་པ་རེད།

མཆན་བུ་མེད་།

མཆན་བུ་མེད་།.

RSS feed for comments on this post. TrackBack URI

མཆན་ཞོག

WordPress Themes