གླུ

དམངས་གླུ་།

                  སྟོད་དབུས་གཙང་ཇོ་ཡི་གཡས་ཟུར་ན།།

                    ཇོ་ཡི་ལུ་མ་རང་བྱོན་བཞུགས་།།

                    དབུས་ཆོས་འདང་ཆེ་བ་དེ་དོན་རེད།།

                    སྐུ་བརྒྱ་བོད་ཀྱི་མཁར་ཁ་ན།།

                    རླུང་རྟའི་དར་ལྕོག་རང་མོ་ཡོད་།།

                    བོད་བསྟན་པ་དར་བ་དེ་དོན་རེད།།

         

                 དགུང་ཨ་སྔོན་དཀྱིལ་ནས་འཇའ་གསུམ་ཤར།།

                    རྗེ་བླ་མ་འཁྲུངས་གི་རྟེན་འབྲེལ་རེད་།།

                    འཇའ་ཁ་དོག་སྣ་ལྔ་ཚང་ནོ་འདི།།

                    ཚེ་འདི་ཕྱི་མཁྱེན་ནས་རྟེན་འབྲེལ་རེད་།།

                    བྲག་དམར་པོ་ཐེམ་ལ་རྒོད་པོ་བབས།།

                    བྱ་ནམ་འཕོང་བསྟད་ལས་འཕུར་ནོ་འདི།།

      ཕ་ཨ་ཁུ་སྐྱིད་པོའི་རྟེན་འབྲེལ་རེད་།།

 

   ༣       ཡང་ཡང་སྐྱིད་པའི་གླུ་ཞིག་ལེན།།

  བྲག་དང་ཤུག་ག་མཉམ་སྐྱེས་རེད་།།

  ཡངསྐྱིད་རྒྱ་རྫོང་མཁན་པ་རེད་།།

 

ཡང་ཡང་སྐྱིད་པའི་གླུ་ཞིག་ལེན།།

ཧ་ཨ་ཁུ་འཛོམས་པའི་སྐྱིད་ཟིག་རེད།།

ཡང་སྐྱིད་ཁ་ཡ་ན་ཟླ་རེད་།།

 

       གླུ་མགོ་མ་མཆོད་རྟེན་དཀར་རོ་ལེན།།

ཕྱག་འཚལ་ན་སྡུག་སྒྲུབ་དག་ནི་ལེན་།།

གླུ་བར་མ་ཁས་ཀི་ལབ་རྩེ་ལེན།།

འདི་བསྟད་ན་དགྲ་ལྷ་འཁོར་ནི་ལེན།།

གླུ་བཞུགས་མ་ཆུ་ཆེན་ཟམ་མ་ལེན་།།

འདི་ཕངས་ན་བསམ་དོན་འགྲུབ་ནི་ལེན་།།

༼ཚེ་རིང་ལྷ་མོས་ཕྱོགས་སྒྲིག་གནང་༽

1 མཆན་བུ་།

  • By བོད། ལྷ་ཀླུ་གཉན་གསུམ།, སྤྱི་ཟླ་བཅུ་གཉིས་པ། 20, 2008 @ 9:14 pm

    དམངས་གླུ་འདི་ང་ཆུང་དུས་སུ་ཨ་མས་བསླབ་པ་ཡིན། མདོ་སྨད་ཀྱི་དམངས་གླུ་ཞིག་རེད།

    ང་རྟ་ཞིག་ཡོད་ནོ་ཐོ་རུ་ཡིན།
    ཐོ་རུའི་རྟ་རྗེས་མི་ཆོད་ཀི
    མི་ཆོད་རང་ར་རྒྱུགས་རྒྱུ་ཡིན།

    ང་གླུ་ཞིག་ཡོད་ནོ་བྱིས་གླུ་ཡིན།
    གླུ་བས་གླུ་རྗེས་མི་ཟིན་གི
    མི་ཟིན་རང་ར་ལེན་རྒྱུ་ཡིན།

Other Links to this Post

RSS feed for comments on this post. TrackBack URI

མཆན་ཞོག

WordPress Themes