ཀླད་ཀྱི་གཏམ
དྲ་ཚིགས་གསར་སྐྲུན་གྱི་ཀུན་སློང་།
གཞན་དབང་གིས་ང་ཚོ་ཧི་མ་ལ་ཡའི་ཕ་རོལ་དང་ཚུར་རོལ་དུ་གྱེས་ནས་། དུས་རབས་ཕྱེད་ཀའི་རིང་དྲན་གདུང་གི་མིག་ཆུ་རླུང་ལ་བསྐུར་དགོས་བྱུང་ཡང་། དེང་རབས་ཀྱི་གློག་རྡུལ་འཕྲུལ་རིག་འཕེལ་རྒྱས་སྐྱེན་པའི་དུས་འདིར་། གངས་རིའི་ཕར་ཚུར་གཉིས་ཀྱི་རྒྱང་ཐག་ཀྱང་ཉེ་ནས་ཉེ་རུ་ཕྱིན་། ལྷག་པར་ཉེ་བའི་རིང་གཞིས་བྱེས་གཉིས་སུ་གནས་འཕྲིན་དྲ་བ་དར་ཁྱབ་ཆེན་པོ་འགྲོ་བཞིན་པ་དེས་། ང་ཚོར་སླར་ཡང་ལག་གདང་མཉམ་འབྲེལ་གྱི་གོ་སྐབས་གསར་བ་ཞིག་བསྐྲུན་། བཀག་རྒྱའི་ཚོད་འཛིན་ཡོད་མེད་ལ་མ་བལྟས་པར་དྲ་ལམ་ནས་གནས་ཚུལ་འདོན་སྤེལ་བྱེད་པ་དེའང་ཕར་ཚུར་གཉིས་ཀྱི་གནས་ཚུལ་ཤེས་རྟོགས་དང་བསམ་བློ་བརྗེ་རེས་ཀྱི་ཡོང་ཁུངས་ཉུང་ངུའི་གྲས་ཀྱི་གཅིག་ཆགས་ཡོད་། ཡིན་ནའང་གངས་རིའི་ཉིན་རྒྱབ་གཉིས་དང་ཐ་ན་བོད་ནང་དུའང་རྩོ་མ་འབྲིའི་གོ་རིམ་ཞིག་གི་ཁྲོད་སོ་སོ་རང་ཉིད་ཁ་ཁར་གྱེས་བཞིན་པ་མཐོང་། ང་ཚོ་དགའ་ཞིང་དུང་པའི་མི་རིགས་འདི་འང་ཁ་ཁར་གྱེས་བཞིན་པ་མཐོང་། འདི་ནི་མི་སྒེར་བ་ཞིག་གི་ལས་དབང་མ་ཡིན་པར་། ཁྱོད་དང་ང་། འུ་ཅག་བོད་མི་ཚང་མའི་ལས་དབང་ཡིན་པས་ན། འདི་ལྟ་བུའི་ལས་དབང་གིས་ང་ཚོ་ནམ་ཡང་མཉམ་དུ་སྦྲེལ་ཡོད། གཡུ་ཞུན་གྱི་དྲ་བ་ཆུང་ཆུང་འདི་ཡང་དེའི་ཆེད་དུ་བཙུགས་པ་ཡིན་པས་། ཧི་མ་ལ་ཡའི་ཕར་ཚུར་སྤུན་ཟླ་རྣམ་པས་ཁོམ་ལོང་གི་བར་གསེང་བཙལ་ནས་གནས་འདི་ཁྱེད་ཀྱི་མིག་གི་དགའ་སྟོན་དང་། སྨྱུ་གུའི་འདེགས་འཇོག་བསྒྱུར་སའི་ཞིང་ཁམས་སུ་འགྱུར་བར་སྨོན།
By wokar, སྤྱི་ཟླ་བཅུ་གཉིས་པ། 15, 2008 @ 10:43 am
བོད་ཀྱི་ལོ་གསར་ནག་པོ་བརྩི་བསྲུང་བྱེད་དགོས།
རྒྱ་ཆེ་བའི་བོད་རིགས་སྤུན་ཟླ་ཚོ། ད་ལོ་བོད་ནང་གཞིས་ལུས་མི་མང་གང་མང་ཞིག་གི་ཚེ་སྲོག་ཤོར་ཡོད་ལ་འདི་བོད་ཀྱི་ལོ་རྒྱུས་ཁྲོད་གཞི་རྒྱ་ཆེ་བའི་བོད་མིའི་སེམས་ཁོང་གི་ཕུག་མདུན་ཕྱི་ལ་མངོན་པའི་རྟགས་མཚན་གསལ་བོ་ཡིན་པ་སེམས་སུ་ངེས་གསལ་ལྟར། ད་ལོའི་ལོ་གསར་འདི་ཡང་ང་ཚོའི་སྡུག་འོག་གི་ལོ་གསར་ཞིག་ཡིན་པས། བོད་མི་རྒྱལ་གཅེས་པ་དག་གིས་ལྷག་བསམ་ཟོལ་མེད་མཚོན་ཆེད་གཞིས་བྱེས་གཉིས་ཀྱི་བོད་མི་ཡོངས་ནས་ལོ་གསར་འདི་བོད་ཀྱི་ལོ་རྒྱུས་ཁྲོད་ཀྱི་ལོ་གསར་ནག་པོ་ལ་ངོས་འཛིན་བྱེད་དགོས་ཀྱི་ཡོད། ལོ་གསར་ཉིན་ཁང་ཐོག་ལ་དར་ཆ་ནག་པོ་ཞིག་བསླངས་ནས་ལོ་གསར་ནག་པོ་བརྩི་བསྲུང་བྱེད་རོགས་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན། བོད་མི་ཡོངས་ཀྱི་མ་བགྲོས་བསམ་པ་གཅིག་མཐུན་འོག་རྒྱལ་གཅེས་དཔའ་བོ་དཔའ་མོ་དང་བཙོན་ཁང་ནང་སྡུག་བསྔལ་ཚད་མེད་མྱོང་བཞིན་པའི་ཤ་རུས་གདུང་རྒྱུད་གཅིག་པའི་སྤུན་ཟླ་ཡོངས་ལ་མྱ་ངན་དང་བོད་མིའི་ཆོད་སེམས་གཅིག་མཐུན་དང་། སྐྱིད་སྡུག་མཉམ་མྱོང་མཚོན་བྱེད་གཞིས་བྱེས་གཉིས་ནས་ངེས་པར་བརྩི་བསྲུང་བྱེད་དགོས། འདི་ལྟ་བུ་ཞིག་ང་ཚོས་བརྩི་བསྲུང་བྱེད་དགོས་ལ་བྱེད་ཐུབ་པར་རང་ཉིད་ཀྱིས་བོད་མི་ཡོངས་ལ་ཡིད་ཆེས་དང་རེ་བ་བྱེད་བཞིན་ཡོད། བོད་པ་ཚོ་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་གིས་ང་ཚོ་ལ་༼ལས་ལ་བརྩོན་ཞིང་དཔའ་ངར་ལྡན་པའི་བོད་མི་རིགས༽་ཞེས་པའི་མཚན་གནས་གནང་ཡོད་པ་སེམས་སུ་ནམ་ཡང་དྲན་པ་མ་བརྗེད་རོགས་ཞུ།
འོད་དཀར།
By ལྡོང་སྲས།, སྤྱི་ཟླ་བཅུ་གཉིས་པ། 31, 2008 @ 12:50 am
བསུན་བཙུར་ཁ་རླུང་རེས་སུ་འཁོར་བའི་ས་མཐོའི་སྒལ་གཞུང་ན།
མགོ་བོ་ལྟག་གར་དགྱེ་ཞིང་ལྗིད་ཏིག་གོམ་པའི་འདེགས་འཇོག་ཁྲོད།
ནག་པོའི་ལོ་དང་སྡུག་གི་ལས་གཉིས་ངོ་གདོང་འཕྲད་པ་ནི།
སྐྱིད་པའི་དཔལ་ལ་འཁྲུལ་ཚེ་འཇིག་རྟེན་མགོ་རྟིང་སློག་པའི་ལྟོས།།
By བོད་ལ་ཡོད་་པའི་བོད་པ།, སྤྱི་ཟླ་དང་པོ། 2, 2009 @ 4:14 pm
གུས་པ་ནི་རྒྱ་ནག་ཏུ་སློབ་སྦྱོང་བྱེད་བཞིན་པའི་སློབ་ཆེན་སློབ་མ་ཞིག་ཡིན།
དྲ་བ་དེ་མཐོང་དུས་དགའ་བ་ཆེན་པོ་བྱུང་།
སྤུན་ཟླ་ཚང་མས་བོད་མི་རིགས་ཀྱི་ཆེད་དུ་ནུས་ཤུགས་རྒྱབ་རོགས།
བཀྲ་ཤིས་བདེ་ལེགས།
By youshun, སྤྱི་ཟླ་དང་པོ། 3, 2009 @ 1:34 am
བོད་ནང་གི་སྤུན་ཟླ་ལགས་
ཁྱེད་ངའི་དྲ་ཚིགས་ཆུང་ཆུང་འདིར་ཕེབས་པར་དགའ་སྤྲོ་དཔག་མེད་སྐྱེས་།ཁྱེད་ཚོས་འབྲེལ་གཏུག་བྱེད་སའི་གློག་འཕྲིན་ཁ་བྱང་ཐོག་ཕྱག་རྩོམ་སྣ་ཚོགས་བསྐུར་རོགས་ཞུ་།རེ་ཞིག་ང་ཚོ་མཉམ་འཛོམས་ཀྱི་སྐལ་བ་བྲལ་ཡང་།གནས་འདི་ནི་ངེད་ཅག་ཐུན་མོང་གི་སེམས་གཏམ་བཤད་སའི་ཞིང་ཁམས་ཤིག་ཡིན་།
By བོད། ལྷ་ཀླུ་གཉན་གསུམ།, སྤྱི་ཟླ་དང་པོ། 3, 2009 @ 10:05 am
ཞིང་ཁམས་འདི་ནས་ངེད་ཅག་གི་སྐྱིད་སྡུག་མཉམ་གླེང་བྱེད་ཡ། འདི་ནས་ངེད་ཅག་གི་མི་རིགས་ཀྱི་དར་རྒུད་གླེང་ཡ། འདི་ནས་ངེད་ཅག་གི་འབྱུང་འགྱུར་ལ་གྲོས་གཞི་འདོན་ཡ། ཕེབས་ཤོག་དང་གངས་ཅན་བོད་པ་ཚོ་་་་་་་་་་
By nima, སྤྱི་ཟླ་གཉིས་པ། 2, 2009 @ 6:35 pm
hello how are you?
By youshun, སྤྱི་ཟླ་གཉིས་པ། 3, 2009 @ 2:45 am
ཉི་མ་ལགས་ཕེབས་པར་དགའ་བསུ་ཞུ།
By madhar, སྤྱི་ཟླ་གཉིས་པ། 22, 2009 @ 2:50 am
hey how are you doing?
By བསེ་རུ།, སྤྱི་ཟླ་བརྒྱད་པ། 1, 2009 @ 2:04 am
གཡུ་ཡུན་དྲ་བའི་དྲ་དཔོན་ལགས།
ང་ཚོ་འདིར་གཞིས་བྱེས་ལྷན་འཛོམས་ཀྱི་གོ་སྐབས་ཤིག་གནང་བར་ལྷག་པར་སྐུ་དྲིན་ཆེ།
ངའི་བསམ་པར་དུས་ནས་དུས་སུ་གཞིས་བྱེས་གཉིས་ཀྱི་དྲ་གྲོགས་བར་ཐད་ཀར་ཉམས་མྱོང་སྤེལ་རེས་དང་།
སེམས་པ་དང་སེམས་པའི་བར་གྱི་ཚོར་འདུ་རྣམས་གཤར་མར་སྤེལ་ཐུབ་ན་ཧ་ཅང་སྐལ་པ་བཟང་བར་འདོད།།
By གཞོན་ནུ་ཟླ་མེད, སྤྱི་ཟླ་བརྒྱད་པ། 19, 2009 @ 5:27 pm
ཁ་བརྡ་དྲ་བ་ནང་ནས་རྒྱག་རེས་ཡག་ཐག་ཆོད་བརྒྱབ་ནས། གཡུ་ཞུན་དྲ་བ་ནང་ལ་བྲོས་ཡོང་བ་ཡིན། འདི་ད་ངོ་ནས་དྲ་ཚིགས་འཇམ་པོ་ཟིག་རེད་འདུག རྒྱག་རེས་རྒྱག་མཁན་གཅིག་ལ་མེད་གི ཚང་མས་སྙིང་གཏམ་དང་། གསར་འགྱུར། བོད་དོན་བཅས་བཤད་ནས་བསྡད་ཡོད་གི ད་དུང་ལ་གཞས་སོགས་སྣ་འཛོམས་རང་བཞིན་ཅན་ཟིག་རེད།
By ncjhhqqi, སྤྱི་ཟླ་དགུ་པ། 3, 2009 @ 7:19 am
UuK3te csgdmoccyxlb, [url=http://svvpqtthlkzc.com/]svvpqtthlkzc[/url], [link=http://tbrjgwoqcvpz.com/]tbrjgwoqcvpz[/link], http://ewdmksjneeiu.com/
By ཀེ་ཏ་ཀ།, སྤྱི་ཟླ་དགུ་པ། 12, 2009 @ 3:33 am
དྲ་དཔོན་ལགས།ཁྱེད་དྲ་བ་རུ་རྩོམ་ཡིག་བསྐུར་བའམ་ཟིན་བྲིས་ཉར་ན་ཇི་ལྟར་བྱེད་དགོས།
By གཡུ་ཞུན, སྤྱི་ཟླ་དགུ་པ། 12, 2009 @ 7:49 am
ཀེ་ཏ་ཀ་ལགས།
འབྲེལ་གཏུག་བྱེད་སའི་གློག་འཕྲིན་ཁ་བྱང་གཉིས་ཡོད་པ་གང་རུང་ཐོག་བསྐུར་རོགས་གནོངས་།
By སྟོབས་པོ་ཆེ་, སྤྱི་ཟླ་བཅུ་པ། 12, 2009 @ 10:21 am
ང་ཚོས་ཅི་ཞིག་སྒུག་ཡོད།
དུས་རབས་ཕྱེད་ཀ་གཉིད་དུ་ཡོལ་བའི་ང་ཚོ།
ངམ་ནག་གཉིད་ལམ་གྱིས་མནལ་བའི་ང་ཚོ།
དཀོན་མཆོག་སྐྱབས་སུ་འབོད་པའི་ང་ཚོ།
ད་བར་དུ།
མཛུབ་མོ་ཁ་ནང་དུ་བཅུག
ངུ་ངག་གི་དབྱངས་ལས།
ཁུ་ཚུར་གནམ་དུ་གདེགས་མ་ཕོད།
འགྲེ་སློག
འཕག་འཚག
ཇི་ཙམ་ལུས་སེམས་མནར་ཡང་།
ཉི་འོད་ལ་སྦར་འཛིན་བྱེད་མ་ཕོད།
འཆི་ཁ་འདིར་
ཅི་བྱས་ཀྱང་རུང་།
མདུན་དུ་གཅིག་མཆོང་འགྲོ།
By Avo Reyak, སྤྱི་ཟླ་དང་པོ། 1, 2010 @ 9:04 pm
Hsppy New Years to fellow Tibetans.
I was thinking of typing it in TIbetan but I couldn’t do it.