འབྲེལ་གཏུག་བྱེད་ས

གཤམ་གསལ་གློག་འཕྲིན་ཁ་བྱང་ཐོག་ཁྱེད་ཀྱི་ཕྱག་རྩོམ་སྣ་ཚོགས་ཀྱི་སྦྱིན་པ་གནང་པར་བཀའ་དྲིན་ཆེ།

wdyoushun@yahoo.com

gangla@live.com

122 མཆན་བུ་།

  • By བོད། ལྷ་ཀླུ་གཉན་གསུམ།, སྤྱི་ཟླ་བཅུ་གཉིས་པ། 20, 2008 @ 11:20 am

    ཁྱེད་ཅག་གིས་ལས་གཞི་འདི་གཙོ་གཉེས་བྱས་པ་ལ་སེམས་གཏིང་ནས་དགའ་བསུ་དང་རྒྱབ་སྐྱོར་ཚད་མེད་ཡོད། ཁྱེད་ཅག་གི་ལས་གཞི་འདི་རྒྱལ་གྱུར་ཅིག བར་ཆད་དང་རྐྱེན་ངན་དང་མི་འཕྲད་པར་ཤོག

  • By ཀླུ་སྨྱོན།, སྤྱི་ཟླ་དང་པོ། 2, 2009 @ 4:28 am

    དོན་དག་ཆུང་ཆུང་རེར་ཁ་གཡར་ནས་ལས་ཀ་ཆེན་པོ་བློས་མ་གཏོང་།

  • By youshun, སྤྱི་ཟླ་དང་པོ། 2, 2009 @ 3:59 pm

    ཀླུ་སྨྱོན་ལགས་ཕེབས་པར་དགའ་བསུ་ཞུ་།ཉིད་ཀྱི་དྲལ་སྐུལ་ནམ་ཡང་སེམས་ལ་འཇགས་ངེས་།

  • By བོད། ལྷ་ཀླུ་གཉན་གསུམ།, སྤྱི་ཟླ་དང་པོ། 11, 2009 @ 9:32 am

    ཤི་བོའི་རྗེས་ཀྱི་གསོན་པོ།

    དེ་རིང་ནས་བརྩིས་པ་ཡིན་ན་ཟླ་གཉིས་ཏག་ཏག་གི་རྗེས་སུ་བོད་པ་བཙན་བྱོལ་ཆགས་ནས་མི་ལོ་ལྔ་བཅུ་ཏག་ཏག་འཁོར་བ་ཡིན་ལ། བོད་ནང་གི་དམར་གསོད་ཆེན་མོའམ་ཞི་རྒོལ་ཆེན་མོ་བྱུང་དེ་མི་ལོ་ཧྲིལ་བོ་གཅིག་ཏག་ཏག་འཁོར་གྱི་ཡོད། ངེད་ཅག་ལ་གྲ་སྒྲིག་ག་རེ་ཡོད། དཔའ་བོ་དེ་དག་གི་ཤུལ་རྗེས་ཇི་ལྟར་སྐྱོང་རྩིས་ཡོད། མི་ལོ་ལྔ་བཅུའི་རིང་གི་ས་མཐར་ལུས་པའི་གྱོང་རྒུད་དེ་དག་ཁ་གསབ་ཇི་ལྟར་བྱེད་འཆར་ཡོད། ངེད་ཅག་ལ་འཆར་གཞི་དང་དམིགས་ཡུལ་ཞིག་ཡོད་སྲིད་དམ། ངེད་ཅག་ལ་གངས་ཅན་བོད་པ་ཚང་གི་རྣམ་ཤེས་ངོ་མ་ཞིག་ཡོད་པ་ཡིན་ནམ། འདི་དག་རེ་རེ་བཞིན་ང་རང་གི་སེམས་ནང་དུ་དྲན་དེ་འོང་དུས། ད་དུང་བོད་ཀྱི་ལོ་གསར་ཡང་སླེབས་གྲབས་འདུག་པ་དེ་རེད་ལ། ལོ་གསར་གཏོང་མིན་གྱི་སྐོར་ལ་བསམ་བློ་ཞིག་གཏོང་དགོས་པ་དེ་རེད། མི་མང་བོ་ཞིག་གི་ལོ་གསར་མི་བྱེད་ཟེར་བཞིན་འདུག་ལ། བོད་སྙིང་མེད་མཁན་ཁ་ཤས་ཤིག་གི་ལོ་སར་སྟབས་བདེ་ཞིག་བྱེད་ཀྱི་ཡིན་རབས་བཤད་ཀྱི་འདུག་ལ། བོད་ཞེན་མེད་མཁན་མང་བོ་ཞིག་གི་ལོ་གསར་སྔར་རྒྱུན་བྱེད་འདོད་ཡོད་པར་བྲིས་འདུག གང་ལྟར། མཐའ་མ་དེ་ནི་ལོ་གསར་མི་བྱེད་ཟེར་མཁན་དག་གི་ལོ་གསར་མི་བྱེད་པར་མྱ་ངན་བྱེད་རྒྱུ་ཡིན་ནམ། ཡང་ན་ནང་དུ་འཛུལ་ནས་རང་རང་གི་དགའ་ཉེ་སྤུན་གྲོགས་ཚོ་དང་ལྷན་དུ་འདུས་དེ་ཁ་ཟས་ཞིམ་པོ་རེ་ཟོས་དེ་འདུག་རྒྱུ་ཡིན་ནམ་ཟེར་བ་དེ་རེད། མྱ་ངན་ཞིག་བྱེད་རྒྱུ་ཡིན་ན་མྱ་ངན་བྱེད་སྟངས་ཀྱི་གྲ་སྒྲིག་དང་ལས་འགུལ་གང་ཞིག་སྤེལ་ནས་རང་རིགས་ཀུན་དང་འཛམ་གླིང་མི་མང་ལ་བདེན་དབུང་གང་ཞིག་བྱེད་ན་བཟང་། མིན་ན་ནང་དུ་འཛུལ་མཁན་དག་གི་ལོ་གསར་མི་བྱེད་ཟེར་ནས་ནང་དུ་འཛུལ་བསྡད་ན་གང་ལ་ཕན་གྱི་འདུག

    ལོ་གསར་སྟབས་བདེ་ཞིག་གསར་གྱི་ཡིན་ཟེར་མཁན་དག་གིས་ལོ་གསར་སྟབས་བདེ་ཟེར་བ་གང་འདྲ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། གླུ་ལེན་གར་རྩེད་མེད་པར་བྱས་དེ་ཤོ་སྤག་སོགས་རྩེད་ནས་ཆང་འཐུང་བ་དང་སྟོང་གཏམ་གང་མང་མང་ཞིག་བཤད་དེ་རང་རང་ལ་བོད་པ་ཟེར་ནས་གླེང་འདོད་ཀྱི་སྤོབས་པ་རྫུན་མ་ཞིག་གི་ཆོ་ལོ་རེ་སྤྲོད་འདོད་ཡོད།
    ལོ་གསར་སྔར་རྒྱུན་བཞིན་གསར་འདོད་ཡོད་ཅེས་འབྲི་མཁན་དག་གི་གླུ་ལེན་གར་རྩེད་གང་ཞིག་བྱེད་འདོད་ཡོད། དབའ་བོ་དག་ལ་རྗེས་དྲན་གྱི་བསྟོད་གླུ་ལེན་ནམ་སྡུག་གླུ་ལངས་དེ་མི་སེམས་ལ་མྱ་ངན་དང་རང་སེམས་ལ་ངལ་གསོ་སྟེར་འདོད་ཡོད་དམ། ཡང་ན་ཤོ་བརྒྱབ། ཆང་འཐུང་སྐྱིད་སྡུག་ཁག་གི་སྤྲོ་སྐྱིད་ཟེར་ནས་ནང་འཁྲུག་ཕྲན་བུ་རེའི་མགོ་འཛུགས་བྱེད་འདོད་ཡོད། ད་དུང་བོད་གཞུང་གི་གང་ཡང་བྱེད་ཀྱི་མི་འདུག་ཟེར་ནས་ཁ་རེ་བཏང་དེ་རང་ཉིད་བོད་པ་ཚང་གི་མི་ཞིག་ཡིན་པ་ལ་འགན་ལེན་མེད་པའི་སྐད་ཆ་རྡབ་རྡུབ་རེ་བཤད་དེ་ལོ་གསར་ལ་བཀྲ་ཤིས་བདེ་ལེགས་ཟེར་རྒྱུ་ཡིན།

    ངས་དེ་དག་གོ་ན་མི་འདོད། ངས་བོད་པ་ཚོ་ད་དུང་ཤི་མེད་པ་དང་བོད་ཀྱི་བདེན་དོན་རྩོད་ལེན་བྱེད་མཁན་དག་མ་གྲོས་བསམ་པ་གཅིག་མཐུན་དང་བོད་པ་ཚང་མ་ཆིག་སྒྲིལ་གྱི་ནུས་སྔར་ལས་ལྡབས་འགྱུར་གྱི་གོང་འཐོར་སོང་ཡོད་པ་འཛམ་གླིང་མི་མང་དང་རྒྱ་ནག་སྲིད་གཞུང་ལ་ཤེས་སུ་འཇུག་ན་འདོད། ང་རང་གིས་ཀྱང་གང་ཐུབ་ཞིག་རང་ཉིད་བསྡོད་ས་ནས་ཐུབ་ཚོད་ཀྱི་མྱ་ངན་ཞིག་བྱས་དེ་བོད་ཀྱི་དབའ་བོ་དེ་དག་གི་རྣམ་ཤེས་ལ་ངལ་གསོ་ཞིག་སྤྲོད་འདོད་ཡོད།
    ངས་རང་ཉིད་བོད་པ་ཡིན་པ་འཛམ་གླིང་མི་དམངས་ཀྱི་ཆ་ཤས་ཤིག་ལ་ཡིན་ཡང་ངོ་སྤྲོད་དང་བོད་ནང་གི་བོད་མི་དག་ལ་རང་དབང་དང་ལྷན་སྐྱེས་ཀྱི་ཐོབ་ཐང་ལོངས་སུ་སྤྱོད་དབང་མེད་པ་རང་ཉིད་བསྡོད་ས་ནས་ཁ་བརྡ་དང་གླེང་མོལ་བྱེད་ཀྱི་ཡོད་ལ། རང་གི་ནུས་ཚོད་ཀྱི་འཇིག་རྟེན་ན་བོད་པ་ཚོ་གསོན་ཡོད་པ་ནས་གསོན་དབང་མེད་པ་ཤེས་སུ་འཇུག་རྒྱུའི་འགན་དབང་དེ་རང་ཉིད་ཀྱི་ཕྲག་པར་ལེན་འདོད་ཡོད་པ་དེ་བཞིན་དུ་བོད་རིགས་སུ་སྐྱེ་བ་ལངས་ཡོད་མཁན་ཚང་མ་ལ་ཡང་དེ་ལྟར་བཤད་ན་འདོད།

    བཙན་འོག་གི་བོད་པ་ཚོའི་སྙིང་སྟོབས་ལ་དྲན་གསོ་དང་མེ་མདའི་འོག་འདས་གྲོངས་བྱིན་པའི་བོད་རིགས་དེ་དག་གི་ནང་མི་ཚོ་ལ་སེམས་གསོ་བླ་མེད་ཅིག་བྱེད་འདོད་ཡོད་པ་མ་ཟད། ཁོང་ཚོས་ནང་མི་དེ་དག་ཡང་དོན་མེད་དུ་ཤི་བ་མིན་པ་ཤེས་སུ་འཇུག་ན་འདོད་ལ་ཁོང་ཚོས་སེམས་ནང་དུ་ཡང་ཁོང་ཚོས་ནང་མི་ཚོ་ཤི་བ་གཟི་བརྗིད་ལྡན་པ་ཞིག་ཡིན་པ་མིག་མདུན་དུ་ཤར་དུ་འཇུག་ན་འདོད། ངས་བོད་ཕྱི་ནང་གཉིས་ཀྱི་བོད་པ་ཡོངས་སུ་རྫོགས་པ་ལ་ང་ཚོ་ལ་ལོ་གསར་བྱེད་རྒྱུའི་ཡི་ཀ་གཏན་ནས་མེད་ཟེར་ན་འདོད་ལ། ལོ་གསར་མི་བྱེད་ཟེར་ནས་རྒྱ་ནག་སྲིད་གཞུང་ལ་བརྗོད་དགོས་པ་དང་ང་བོད་པ་ཟེར་བ་ནི་གཅིག་ལས་གཉིས་མེད་པ་དང་ཁྱེད་ལུགས་མེད་སྲིད་གཞུང་གིས་ངེད་ཅག་གི་སྤུན་ཟླ་དག་དོན་མེད་དུ་དམར་གསོད་བྱས་པ་ལ་འགྱོད་གཤེགས་བྱེད་དགོས་པ་དང་ཉེས་མེད་དུ་བཙོན་འཇུག་བྱས་པ་ཡོད་ཚད་ཆ་རྐྱེན་གང་ཡང་མེད་པའི་སྒོ་ནས་གློད་གྲོལ་གཏོང་དགོས་ཞེས་འཚེ་མེད་ཞི་བའི་སྟོབས་ཤུགས་ལ་བརྟེན་ནས་སྐད་འབོད་བྱེད་དགོས་པར་སྐུལ་ལྕགས་ཤུགས་ཆེན་བྱེད་རྒྱུ་ཡིན།

    ང་ཚོ་ལ་སྲོག་ཡོད་ལ་ང་ཚོ་ལ་སྐད་ཆ་བཤད་རྒྱུའི་ཐོབ་ཐང་དང་བོད་མི་རིགས་ཀྱི་རིག་གནས་རྒྱུན་འཛིན་དང་སྐད་ཡིག་རང་དབང་གི་ཐོབ་ཐང་། མི་རིགས་རང་ལུགས་ཀྱི་ཆེས་མཐོའི་རང་དབང་དགོས་ཞེས་སླར་ཡང་འཚེ་མེད་ཞི་བའི་སྟོབས་ཤུགས་ཀྱི་ནུས་པ་དེ་ཤེས་སུ་འཇུག་དགོས་པར་སེམས་གཏིང་ནས་འབོད་པ་བྱེད་ཀྱི་ཡིན། ངེད་ཅག་བོད་པ་ཚང་ལ་གཉའ་གནོན་དང་བཙན་དབང་མི་འགྲོ་བ་ཤེས་སུ་འཇུག་དགོས། ངེད་ཅག་བོད་པ་ཚང་ལ་དྲག་སྤྱོད་བྱེད་འདོད་མེད་པ་ནི་རང་དཔེ་གཞན་ལ་སྤྱོར་བའི་བསམ་བློའི་ནུས་པ་རླབས་ཆེན་ཞིག་ཡོད་པ་དེ་ལས་བྱུང་ཡོད་པ་ལས་ངེད་ཅན་གངས་ཅན་བོད་པ་ཚང་མ་སྡར་མ་དང་སྐྱག་ཤོར་མ་ཡིན་དངོས་སུ་ར་སྤྲོད་བྱེད་རན་སླེབས་ཀྱི་ཡོད་པ་ལས་བོད་པ་ཚང་གི་མི་ཡོད་ཚད་ཀྱི་ད་ནི་ལྷོད་བསྡོད་བྱེད་པའི་དུས་ཤིག་མིན་པ་སེམས་གཏིང་དུ་ངེས་པ་རྙེད་དགོས་པ་དང་རྨོངས་འཐོམ་དང་དྲན་མེད་ཀྱི་བྱེད་སྟངས་ལས་གཉིད་ལས་སད་དེ་བོད་ཟེར་བའི་དོན་དག་ནི་མི་རང་རང་གི་ཚེ་སྲོག་གི་རྒྱུན་དང་བུ་རབས་ཚ་རྒྱུད་དག་གི་ནང་ཞིག་ཟིན་མི་ཟིན་ལ་ཐུག་ཡོད་པ་གསལ་བསྒྲགས་དང་མྱུར་སྐྱོབས་བྱེད་དགོས་པ་ཁ་ཕྱོགས་གཅིག་ལ་སྙེགས་དགོས།

    རེམ་ཞིག་གངས་ཅན་བོད་པ་ཚོ། འཚེ་མེད་ཞི་བའི་སྟོབས་ཤུགས་ལ་བརྟེན་ནས་ཡར་ལ་ལོངས། འཚེ་མེད་ཞི་བའི་ནུས་པ་བརྟེན་ནས་གཉིད་ལས་སད་རོགས་ཞུ། འཚེ་མེད་ཞི་བའི་བསམ་བློའི་འོག་ནས་བོད་ཀྱི་མ་འོངས་པ་བསུ་བར་ཤོག འཚེ་མེད་ཞི་བའི་དྲོད་ཁོལ་གྱི་བོད་ཀྱི་སྣོད་བཅུད་ལ་ཆག་འཇིག་མེད་པར་འགན་ལེན་བྱེད་དགོས། འཚེ་མེད་ཞི་བའི་སྐད་འབོད་གྱིས་བདེན་དོན་སྐད་ཤུགས་ཆེན་པོའི་གངས་རིའི་ལྗོངས་ནས་གྲགས་དེ་འཛམ་གླིང་ཧྲིལ་བོ་ཐེངས་ཤིག་འགུལ་སྐྱོམས་བྱེད་དུ་འཇུག ངེད་ཅག་ལ་འཚེ་མེད་ཞི་བའི་སློབ་དབོན་ཞིག་ཡོད་པ་དང་སློབ་དབོན་དེའི་ནུས་པ་ཡང་འཚེ་མེད་ཞི་བ་དང་དེའི་མི་མང་ཡང་འཚེ་མེད་ཞི་བའི་མི་མང་ཞིག་ཡིན་པ་གཅིག་ནས་བཅུ། བཅུ་ནས་བརྒྱ། བརྒྱ་ནས་སྟོང་། སྟོང་ནས་ཁྲི་འབུམ། འབུམ་ནས་ས་ཡ། ས་ཡ་ནས་རྩིས་ལོངས་མེད་པའི་འཛམ་གླིང་གི་མིག་ཡོད་མཁན་ཚོ་མཐོང་དུ་འཇུག་ལ་རྣ་བ་ཡོད་མཁན་ཚང་ལ་གོ་རུ་འཇུག ངེད་ཅག་ད་དུང་ཡང་ཤི་བོའི་རྗེས་ཀྱི་གསོན་པོ་ཡིན་པ་ར་སྤྲོད་བྱེད།

    ངེད་ཅག་ནི་ཤི་བོའི་རྗེས་ཀྱི་གསོན་པོ་ཡིན། འདས་པོ་དེ་དག་གི་ལུས་སྟེང་ནས་གཞུར་བཞིན་པའི་ཁྲག་དམར་པ་དེ་དག་ང་ཚོའི་མིག་ལམ་ན་ད་དུང་ཡལ་མེད་ལ། འདས་པོ་དེ་དག་གི་དབའ་ངར་ལྡན་པའི་ཚེ་སྲོག་འབོད་སྐུལ་དེ་དག་དེ་དག་ངེད་ཅག་གི་རྣ་ལམ་ན་ད་དུང་འཇག་མེད། འདས་པོ་དེ་དག་གི་ཞུམ་མེད་ཀྱི་སྙིང་སྟོབས་དྲན་སྐུལ་དེ་དག་ད་དུང་ངེད་ཅག་གི་སེམས་ནང་དུ་ལྷིང་ངེར་གནས་ཡོད། ངེད་ཅག་ཤི་བོའི་རྗེས་ཀྱི་གསོན་པོ་ཡིན་དུས་ངེད་ཅག་ལ་ཤི་བོའི་དེ་དག་གི་ཁ་ཆེམས་བཞག་ཡོད། ངེད་ཅག་ག་ཁ་ཆེམས་དེ་དག་སྒྲུབ་པའི་འགན་འཁུར་ཡོད་ལ་དང་ལེན་ཡང་བྱེད་དགོས། དེ་ཡང་རྒྱ་ནག་སྲིད་གཞུང་གི་དཔོན་ངག་དེ་དག་རེ་རེ་བཞིན་དམར་གསོད་གཏོང་དགོས་ཟེར་བཞིན་མེད་ལ། དཔོན་ངན་དེ་དག་ལ་ངེད་ཅག་གི་མི་རིགས་འདི་ལ་ད་དུང་ཤི་བོའི་རྗེས་ཀྱི་གསོན་པོ་ཡོད་པ་ལག་ལེན་དངོས་ཀྱི་ཐོག་ནས་ར་སྤྲོད་བྱེད་པའི་དུས་ལ་སླེབས་ཡོད་དོ། དེ་ཡང་ཆིག་སྒྲིལ་གྱི་ནུས་པ་སྔར་ལས་སྟོང་ཕྲག་ཁྲི་ཕྲག་གི་འཕར་ནས་བོད་ས་ཡོངས་རྫོགས་ནང་དགོས་ཕྱི་བསྡོད་བོད་པ་དག་གི་འགན་བླངས་དེ་འཚེ་མེད་ཞི་བའི་ལས་འགུལ་ལ་མཚམས་འཇོག་ནམ་ཡང་བྱེད་མི་རུང་ངོ། གངས་ཅན་བོད་པ་ཚོ། ཤི་བོའི་རྗེས་ཀྱི་གསོན་པོ་ངེད་ཅག་ཡིན་པ་བརྗེད་མི་རུང་། ལོངས་ཤོག ཆིག་སྒྲིལ་དང་རྡོག་རྩ་གཅིག་དུ་སྒྲིལ་བོད་ཀྱི་བདེན་མཐའ་མ་གསལ་བར་དུ། ༧གོང་ས་མཆོག་བོད་དུ་མ་ཕེབས་པར་དུ། ངེད་ཅག་ཤི་བོའི་རྗེས་ཀྱི་གསོན་པོ་ཡིན་པ་ར་སྤྲོད་བྱེད།

    ༡༠།༡།༠༩མཚན་མོ་བྲིས།

    གཡུ་ཞུན་ལགས། ད་ནས་བཟུང་ཁྱེད་རང་གི་ལམ་སྟོན་ལྟར་འདི་རུ་བཀོད་ཆོག་ལ། ཁྱེད་རང་གི་གདམ་གསེས་ནང་དེ་འགོད་རོགས་ཞུ།

  • By བོད། ལྷ་ཀླུ་གཉན་གསུམ།, སྤྱི་ཟླ་དང་པོ། 13, 2009 @ 7:12 pm

    མིག་མ་བཙུམ་གོང་དུ།

    ངས་འདི་ལྟར་རེ་བ་ཞིག་བྱེད་ཀྱི་ཡོད། མིག་མ་བཙུམ་གོང་དུ་རང་རིགས་གཞིས་བྱེས་གཉིས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་གངས་རིའི་ལྷ་སྐལ་ཕྱི་ལོག་ནས་རང་ཡུལ་དུ་གདན་འདྲེན་བྱེད་ཐུབ་ན་འདོད་ཀྱི་ཡོད་ལ། ཁོང་གི་རེ་བ་ཡང་མིག་མ་བཙུམ་ཡར་སྔོན་དུ་བོད་ལ་ཕེབས་རྒྱུ་དེ་རེད། དེས་ན་ངེད་ཅག་གི་རེ་བ་འདི་སྒྲུབ་ཐུབ་ཀྱི་རེད་དམ། ངེད་ཅག་ལ་འདི་སྒྲུབ་པའི་ནུས་པ་དང་རང་ཉིད་ལ་ཡིད་ཆེས་ཡོད་པ་རེད་དམ། འདི་ལྟར་མིག་མ་བཙུམ་གོང་དུ་དྲི་བ་མང་བོ་མང་བོ་ཞིག་ང་རང་གི་ཀླད་སྟེགས་དུ་ཡང་ཡང་འཁོར་དེ་འོང་དུས་སུ། ངས་རང་ཉིད་བོད་དུ་སྐྱེ་བ་ལ་ཡང་རང་ཉིད་ལ་ངོ་ཚ་ཡི་འདུག ཁ་ནང་དུ་འཁོར་ནས་སྐད་ཆ་བཤད་རྒྱུ་དང་རྩུབ་རེག་དང་ཕྲག་དོག་སོགས་མང་བོ་ཞིག་བྱེད་ཤེས་ཀྱི་ཡོད་པ་ལས། ཁ་ཕྱི་ལ་འཁོར་ནས་གང་ཡང་བྱེད་ཐུབ་ཀྱི་མི་འདུག ཐ་ན་རང་གི་མི་འདོད་པ་ཞིག་ཡིན་ཡང་ང་རང་ལ་དེ་ལ་དགའ་ཟེར་ནས་བཤད་དགོས་པ་དང་ང་རང་ལ་འདོད་པ་ཡོད། ངས་དེ་བྱེད་ཀྱི་ཡིན་ལ་སོགས་རང་དབང་མེད་པར་དེ་ལྟར་ཁས་ལེན་བྱེད་ཀྱི་འདུག་པ་འདི་དག་ནི། ང་རང་བོད་ལ་སྐྱེ་བའི་ནོར་སོང་བ་རེད་དམ། ཡང་ན་ང་རང་གི་བོད་སྐད་བཤད་པའི་ནག་ཉེས་ཡིན་ནམ། ཡང་ན། བོད་ཟེར་བའི་མི་རིགས་ནམ་ཡང་ཁོང་ཚོས་དགྲ་ཁོ་ན་དང་གཏོར་བཤིག་དང་བཤུ་བཞོག་ལ་དགའ་བའི་མི་རིགས་ཤིག་ཡིན་ནམ་ཅི། ངས་འདི་ལྟར་བསམ་བཞིན་བསམ་བཞིན་རྒྱང་རིང་དུ་ལོ་ངོ་ལྔ་བཅུའི་རིང་དུ་མི་རིགས་ཤིག་གི་བདེན་དོན་ཆེད་དུ་ཉིན་མཚན་དབྱེར་མེད་དུ་འགྲིན་ཚབ་དང་ལས་ཀ་བྱེད་བཞིན་པའི་དགུང་ལོ་དོན་ལྔ་སོན་ལ་རན་པའི་སྐྱེ་བོ་དེའི་སེམས་གཏིང་གི་ཚད་མེད་པའི་ཐུགས་བསྐྱེད་ལ་བརྟེན་ནས་འཚོ་བ་ལས་རང་གི་རྐ་ལག་ལ་འགུལ་བསྐྱོད་རྒྱག་འདོད་མེད་པའི་ལས་ངན་གྱི་མི་རིགས་ཤིག་གི་ཁྲོད་དུ་རང་ཉིད་སྐྱེ་ཡོད་པ་དབུགས་རིང་བོ་ཞིག་ཤོར་གྱི་འདུག མིག་མ་བཙུམ་གོང་དུ། མ་མཐའ་ཡང་ངས་ང་རང་གི་གང་བྱེད་འདོད་པ་དང་ང་རང་གི་གང་བཤད་འདོད་པ་དེ་དག་ལ་བཙན་དབང་མེད་པ་ཞིག་བྱུང་ན་འདོད་ལ་དེའི་ཕྱོགས་སུ་ཡང་ལུས་ངག་ཡིད་གསུམ་གྱི་བརྩོན་པ་བྱེད་ཀྱི་ཡིན།

  • By བོད། ལྷ་ཀླུ་གཉན་གསུམ།, སྤྱི་ཟླ་དང་པོ། 14, 2009 @ 10:32 am

    རྒྱལ་བ་རིན་པོ་ཆེའི་སྐུ་དཔར་གཤམ་པ་ཙམ་གྱིས་དད་པ་ཡོད་པ་མི་མཚོན།

    སེམས་ལ་ངེས་པ་དང་ཁ་ནས་བཤད་ཤེས་པ་དེ་ཙམ་གྱི་རྒྱལ་བ་རིན་པོ་ཆེ་ཚང་གི་ཐུགས་དགོང་འགྲུབ་ཀྱི་མེད། དེ་ལྟར་ཡོད་ན་དེ་ལྟར་བཤད་ཤེས་མཁན་དང་སེམས་ན་ཡོད་མཁན་གྱི་བོད་མི་གྲངས་མི་ཉུང་བ་ཞིག་ཡོད་པ་རེད། ངས་ནམ་རྒྱུན་དུ་བཤད་འདོད་པ་འང་དེ་ཡིན། མི་མང་བོ་ཞིག་གི་རྒྱལ་བ་རིན་པོ་ཆེའི་གསུང་འདུག དེ་རྒྱལ་བ་རིན་པོ་ཆེའི་བཀའ་རེད། དེ་རྒྱལ་རིན་པོ་ཆེའི་ལུང་བསྟན་རེད་ཟེར་ནས་ཡོད་ཚད་རང་ཉིད་ལ་འགན་མེད་པ་ལྟར། ཁོང་རྒྱལ་བ་རིན་པོ་ཆེ་ལ་འགེལ་རྐྱང་བྱས་པ་ལས་འགན་མ་བླངས་པ་དེ་དག་གི་བྱས་ཉེས་ཁོང་གི་མཁྱེན་ནས་ལོ་ངོ་གཉིས་ཀྱི་སྔོན་ནས་བཟུང་ཁོང་གི་དེང་སང་མི་མང་བོ་ཞིག་གི་ང་རང་གི་བཤད་པ་རེད་ཟེར་ནས་ང་རང་ལ་ལག་པ་འཕྱི་ས་མ་གཏོགས་དོན་དངོས་ལག་ལེན་ཐོག་མེད་པ་དེ་འདྲ་བྱེད་མཁན་མང་བོ་ཡོད་ས་རེད། དེ་ཚོ་དངོས་ནས་ཡག་པོ་མ་རེད། དགོས་པ་རྒྱུ་མཚན་ཡོད་ས་ནས་ཁྱེད་རང་ཚོས་ངས་བཤད་ཀྱི་འདུག་ཟེར་ནས་བེད་སྤྱོད་གནང་བ་ཡིན་ན་ངས་དེ་ལ་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཞེས་ཡང་དང་བསྐྱར་དུ་ངེད་ཅག་ཁ་རྒྱག་པ་དག་ལ་ཐེངས་མང་བོ་ཞིག་གསུང་ཚར་ན་ཡང་། ད་དུང་བོད་མི་ལས་མགོ་འཛིན་མཁན་གང་མང་མང་ཞིག་གིས་སྔར་སོང་ལ་འགྱོད་བཤགས་དང་ཕྱི་མ་ལ་སྡོམ་སེམས་གང་ཡང་མེད་པར་སྔར་རྒྱུན་བཞིན་དགོས་པ་ཡོད་མེད་གང་སར་རྒྱལ་བ་རིན་པོ་ཆེའི་མིང་བེད་སྤྱོད་གཏོང་བ་ལས་འགན་འཁུར་གྱི་མེད་མཁན་གྱི་གྲངས་ཀ་སྔར་ལས་ཇེ་མང་དུ་འགྲོ་བཞིན་པ་འདི་དག་ལ་ངེད་ཅག་གི་བརྡ་ཞིག་སྤྲོད་དགོས་ཀྱི་ཡོད། མཚམས་རེར་ངས་གྲོགས་པོ་རེ་ཟུང་དང་གླེང་མོལ་བྱེད་དུས་སུ། ཁོང་ཚོས་ང་ལ་འདི་རྒྱལ་བ་རིན་པོ་ཆེའི་གསུང་བ་རེད་ཅེས་སྐད་ཆ་རེ་བཤད་འོང་དུས། ངས་ཁོང་ཚོ་ལ་རྒྱལ་བ་རིན་པོ་ཆེའི་མིང་འཁུར་ནས་འོང་དེ་ང་རང་ལ་སྐྲག་སྣང་མ་སྐུལ་ཟེར་ནས་ལན་ཡང་ལོག་མྱོང་ཡོད། དེ་ནི་མི་དེ་དག་གི་རྒྱལ་བ་རིན་པོ་ཆེའི་བཀའ་གསུང་ཐུང་ངུ་རེ་ཇ་ཁ་ཆང་ཁ་ནས་རང་རང་གི་གླེང་མོལ་ལ་རྒྱབ་བརྟེན་རེ་འཚོལ་གྱི་ཡོད་པ་ལས་འགན་ལེན་བྱེད་ཀྱི་མེད་པ་དེ་ལ་ངོ་རྒོལ་བྱས་པ་ལས། རྒྱལ་བ་རིན་པོའི་ཆེ་བཀའ་ལ་བརྩི་འཇོག་བྱེད་མི་དགོས་པའི་དོན་ཞིག་གཏན་ནས་མིན། དེ་ནི་གོང་ནས་གསལ་བཤད་བྱས་ཟིན་པ་དེས་ཆོག་པ་བྱོས། དེང་ཕྱིན་བོད་མི་སུ་ཞིག་ཡིན་ན་ཡང་ཆོག མཐོ་དམན་དང་རྒན་གཞོན་མེད་པར་རྒྱལ་བ་རིན་པོ་ཆེའི་བཀའ་གསུང་རེད་ཅེས་སྣང་མེད་དང་བརྩི་བཀུར་མེད་པར་བྱེད་མཁན་དེའི་རིགས་ལ་ངེད་ཅག་གིས་ཅི་ནས་བསམ་བློ་ཞིག་གཏོང་དགོས་པར་འབོད་སྐུལ་དང་རྩོམ་ཡིག་འབྲི་བ། ཕན་ཚུན་ལ་གྲོས་མོལ་བྱེད་པ་སོགས་མང་བོ་ཞིག་བྱེད་ཐུབ་པ་ཡིན་ན་ཡག་པོ་འདུག དེ་མིན་ཚོང་བདག་དག་གི་རྒྱལ་བ་རིན་པོ་ཆེའི་སྐུ་དཔར་ཞིག་ཚོང་ཁང་དང་ཟ་ཁང་ཇ་ཁང་དུ་གཤམ་པ་དང་། ཆོས་པ་ཚོས་མཆོད་ཁང་དང་གཙུག་ལག་ཁང་སོགས་ལ་རྒྱལ་བ་རིན་པོ་ཆེའི་སྐུ་དཔར་གཤམ་པ། མི་དམངས་ཀྱིས་རང་རང་གི་ནང་དང་བསྡོད་ས། ལས་ཁུངས་དང་འགྲུལ་ཁང་སོགས་ལ་རྒྱལ་བ་རིན་པོ་ཆེའི་སྐུ་དཔར་གཤམ་པ་དེ་ཙམ་གྱི་རྒྱལ་བ་རིན་པོ་ཆེ་ལ་དད་ཞེན་ཡོད་པ་མཚོན་མི་ཐུབ་ལ། རྒྱལ་བ་རིན་པོ་ཆེའི་གསུང་བརྩི་བཞིན་པར་དེ་བས་ཡིད་ཆེས་བྱེད་ཐུབ་གཏན་ནས་མེད་པ་དེ་རེད།

  • By བོད། ལྷ་ཀླུ་གཉན་གསུམ།, སྤྱི་ཟླ་གཉིས་པ། 9, 2009 @ 8:00 pm

    མྱ་ངན་གྱི་མི་རབས།

    དྲ་གྲོགས་ལགས། དམིགས་གསལ་གྱི་ད་ལོ་གཅིག་བུ་ང་ཚོ་བོད་པ་ཚང་གི་ལོ་སར་ལ་མྱ་ངན་ཟེར་བ་ལས་ངས་བོད་པ་ཚང་གི་ད་ལྟའི་མི་རབས་འདི་ལ་མྱ་ངན་གྱི་མི་རབས་ཟེར་ན་འདོད། ངེད་ཅག་གི་མྱ་ངན་འདི་མ་སངས་ན། བོད་པ་ཚང་ནི་མྱ་ངན་གྱི་མི་རབས་ཟེར་ནས་འབོད་འདོད་ཡོད། ངས་བོད་པ་ཚང་འདི་མི་ལོ་ལྔ་བཅུ་ཏག་ཏག་ལ་མྱ་ངན་ནང་དུ་བསྡད་པ་དང་། ད་དུང་ཡང་མི་ལོ་ག་ཚོད་ཅིག་ལ་མྱ་ངན་ཁྲོད་དུ་གནས་དགོས་མིན་མི་ཤེས་སྟབས། ངས་ད་ལྟའི་བོད་ཀྱི་གནས་བབ་འདི་ལ་མྱ་ངན་གྱི་མི་རབས་ཟེར་ནས་འབོད་ཀྱི་ཡིན་ལ། དྲ་གྲོགས་ཁྱེད་རང་དང་དྲ་གྲོགས་གཞན་པ་དག་ལ་འདིས་ཐད་དུ་ལྟ་ཚུལ་གང་ཡོད་ང་རང་གི་ཤེས་ན་འདོད། ང་ཚོ་ནི་མྱ་ངན་གྱི་མི་རབས་ཡིན་པ་མ་ཟད། ངེད་ཅག་གི་མྱ་ངན་གྱི་མི་རབས་འདི་སངས་ཆེད་དུ། བོད་པ་གང་དུ་གནས་ཡུལ་གྱི་འཛམ་གླིང་གི་ཡུལ་གྲུ་གང་ས་ནས་རང་ཉིད་ནི་མྱ་ངན་གྱི་མི་རབས་ཤིག་གི་ཁུངས་སུ་སྐྱེས་ཡོད་པ་ཤེས་དགོས་པ་དང་དེ་དང་འབྲེལ་ནས་མྱ་ངན་གྱི་མི་རབས་འདིས་མྱ་ངན་གྱི་བྱུང་རབས་ཀྱང་མི་གཅིག་ནས་བཅུ། བཅུ་ནས་བརྒྱ། བརྒྱ་ནས་སྟོང་། སྟོང་ནས་ཁྲི། ཁྲི་ནས་ས་ཡ་ནས་ས་ཡ་ནས་བརྒྱུད་དེ། འཛམ་གླིང་གི་མི་དམངས་གང་མང་མང་གི་རྣ་ལམ་འདི་མྱ་ངན་གྱི་མི་རབས་ཤིག་ད་ལྟ་ཡང་མྱ་ངན་དང་མནར་གཅོད། རང་དབང་གཏན་བྲལ་གྱི་འཚོ་བ་ཞིག་རྒྱ་ནག་སྲིད་གཞུང་གིས་གནོན་ཤུགས་འོག་རོལ་བཞིན་ཡོད་པ་ནི། འདོད་མོས་ཡོད་ནས་རོལ་བཞིན་མེད་པ་དེ་དག་གི་བསྐོར་དངོས་ཤུགས་བརྒྱུད་གསུམ་གང་ཞིག་ལ་ནུས་པ་འདོན་ཐུབ་པ་དེ་དག་རང་རང་གི་སྐད་ངག་དང་ཡི་གེ རྩོམ་ཡིག་དང་ཆབ་བསྒྲགས། འབོད་སྐུལ་དང་སྙན་ཞུ་སོགས་ཐབས་ལམ་འདྲ་མིན་ནས་ང་ཚོ་ནི་བོད་མི་རིགས་ཀྱི་མྱ་ངན་གྱི་མི་རབས་ཤིག་ཡིན་པ་ཤེས་སུ་མཇུག་རྒྱུའི་ལས་འགན་ནི་ངེད་ཅག་གི་ཕྲག་པར་འབབ་ཡོད་པ་ཤེས་སུ་འཇུག་པའི་འོས་འགན་དང་འབད་བརྩོན་བྱེད་དགོས་པའི་ལས་དེ་ང་ཚོ་བོད་མི་རབས་ཀྱི་གཞོན་སོ་དཀར་ནས་དབུ་དུང་དཀར་བར་དང་། བྱིས་པ་ལོ་དྲུག་ནས་བུད་མེད་རྒན་གཞོན་ཡོད་ཚད་ཀྱི་སེམས་ཁུངས་དུ་བོད། མྱ་ངན་གྱི་མི་རབས་ཡིན་པ་ངེས་ཤེས་ཤིག་རྙེད་དུ་བཅུགས་པ་ཡིན་ན། ད་གཟོད་བོད་པ་ཚང་གི་གཞིས་བྱིས་གཉིས་ལ་རེ་བ་ནས་དམིགས་ཡུལ་གྱི་སྟེང་འགྲོ་ཐུབ་པའི་ལམ་ཕྱོགས་ཤིག་ཡོད་པར་ཡིད་ཆེས་བྱེད་ཆོག་པ་ཡིན། ངས་འདི་ལྟར་གླེང་གཞི་ཞིག་འཛུགས་དོན་ནི། མྱ་ངན་གྱི་ལོ་སར་ཞེས་གླེང་དེ་ལོ་སར་བ་མྱ་ངན་བརྗེད་འགྲོ་བ་ལྟ་བུ་ཞིག་གི་ལས་འགུལ་དེ་ཉིད་ཆུང་དྲགས་པར་གླེང་བཞིན་ཡོད་པ་ལས། མྱ་ངན་གྱི་ལོ་སར་ཟེར་བ་དེ་ནི་ཡག་པོ་མེད་པ་ཞིག་རེད་ཅེས་བཤད་ཀྱི་མེད། ངས་བོད་པ་ཚང་ལ་རང་དབང་མ་ཐོབ་བར་དུ་བོད་འདི། མྱ་ངན་གྱི་མི་རབས་ཤིག་ཡིན་པར་འབོད་ཀྱི་ཡོད་དོ།

    དྲ་གྲོགས་ཤིག་གིས་མྱ་ངན་གྱི་ལོ་སར་ཟེར་ནས་ཡང་ཡང་གླེང་བཞིན་འདུག་པ་དེ་ནི་ཆབས་ཆུང་བར་འདོད་ནས་ངས་མྱ་ངན་གྱི་མི་རབས་ཟེར་ནས་གླེང་བ་ཡིན། ང་རང་དུས་ཚོད་བྱུང་བ་ཡིན་ན། མུ་མཐུད་དུ་མྱ་ངན་གྱི་མི་རབས་ཞེས་པ་འདིས་བསྐོར་ཞིག་འབྲི་འདོད་ཡོད།

  • By རྭ་རྒྱ་བློ་དབང་།, སྤྱི་ཟླ་གཉིས་པ། 22, 2009 @ 11:20 am

    ཨ་ཅེ་ལྕགས་མོ་མཚོ་ལགས། ཁྱེད་ཀྱི་དྲ་ཚིགས་ཀྱི་ཁ་བྱང་གཡུ་ཞུན་དྲ་བ་ཞེས་པའི་དབུ་མེད་ཡིག་གཟུགས་དེ་གཏགས་སྟངས་འགྲིག་མི་འདུག
    གཞན་གྱིས་བལྟས་ན་མཛེས་པོ་ཡང་མི་འདུག ཨ་ཅེ་རང་ནས་མྱུར་དུ་བརྗེ་རོགས་ཞུ། གལ་སྲིད་དེ་ནས་ཡི་གེ་གཏགས་སྟངས་སྟབས་བདེ་མི་འབྱུང་ན་ངས་རོགས་རམ་བྱེད་ཆོག

  • By རྭ་རྒྱ་བློ་དབང་།, སྤྱི་ཟླ་གཉིས་པ། 22, 2009 @ 11:23 am

    ངའི་གློག་འཕྲིན་ནི་wangshuk2@gmail.comཡིན། ངས་ཁྱེད་ཀྱི་དྲ་བའི་ཁ་བྱང་དེ་བརྗེ་དགོས་བསམ་པ་ལས་དམིགས་ཡུལ་གཞན་མེད། ང་གྲྭ་བ་ཞིག་ཡིན། རྒྱ་གར་ལྷོ་ཕྱོགས་ན་ཡོད།

  • By ཐེ་བོ་ཤེས་རབ་རྒྱ་མཚོ།, སྤྱི་ཟླ་གསུམ་པ། 11, 2009 @ 5:59 pm

    གཡུ་ཞུན་ལགས། ཁོམ་ལོང་རེ་བྱུང་ཚེ་འོད་ཟེར་གྱི་རྩོམ་ཡིག་རེ་བསྒྱུར་གནང་ཡོང་བའི་རེ་སྐུལ་ཞུ་བཞིན་ཡོད།

  • By arikgethong, སྤྱི་ཟླ་གསུམ་པ། 16, 2009 @ 7:10 am

    གླུ་སྐད།
    བརྩེ་ཆེན་ཕ་མ་བཞག་ནས། །
    རྒྱུས་མེད་ཡུལ་ལ་འཁྱམ་དུས། །
    མི་ཡུལ་བརྙེས་བཅོས་འོག་ནས། །
    མིག་ཆུ་ཐང་ལ་ཟེགས་སོང་། །

    ཕ་ས་རྒྱ་མིའི་འཕྲོག་ཐལ། །
    ཕུ་ནི་ཉེ་འབྲེལ་འཐོར་རུང་། །
    རྒྱལ་བ་བསྟན་འཛིན་རྒྱ་མཚོས། །
    བོད་མིའི་མགོན་སྐྱབས་གནང་ཡོད། །

    གཞིས་ལུས་ཆོལ་གསུམ་བོད་མིའི། །
    རྡོག་རྩ་གཅིག་སྒྲིལ་བྱས་ཏེ། །
    ན་ནིང་ལོ་ཟླའི་ཁྲོད་དུ། །
    རང་སྲོག་མཆོད་འབུལ་བྱས་ཡོད། །

  • By arikgethong, སྤྱི་ཟླ་གསུམ་པ། 16, 2009 @ 7:12 am

    ཨ་ཅེ་གཡུ་ཞེན་ལགས།
    ངའི་རྩོམ་ཡིག་འདི་གཞས་ཚིག་ས་ཁུངས་སུ་འགོད་རོགས།

  • By arikgethong, སྤྱི་ཟླ་གསུམ་པ། 16, 2009 @ 7:18 am

    ཨ་ཅེ་གཡུ་ཞེན་ལགས།
    ཁྱོད་ཀྱི་དྲ་ཚིགས་འདིའི་ཡིག་གེ་ཆུང་དྲག་ནས་ཡག་པོ་ཀློག་ཐུབ་ཀྱིན་མི་འདུག་པ་ལགས་ན་ཁྱེད་ལ་ཐབས་ཤེས་རེ་ཡོད་དམ།

  • By རྟ་མགྲིན་རྒྱལ, སྤྱི་ཟླ་བཞི་པ། 5, 2009 @ 5:20 am

    ཨ་ཁུ་ཁྱེད་གཉིས་བདེ་བར་བཞུགས་ཡོད་དམ།
    ང་ཚོའི་འདིར་ཁྱེད་ཅག་གི་བྱ་བ་ལམ་འགྲོ་ཡོང་བར་སྨོན་འདུན་ཞུ་གི་ཡིན
    ཞེས་ལན་གྲུ་ནས

  • By རྟ་མགྲིན་རྒྱལ, སྤྱི་ཟླ་བཞི་པ། 5, 2009 @ 5:34 am

    ཨ་ཁུ་ཁྱེད་གཉིས་བདེ་བར་བཞུགས་ཡོད་དམ།
    ང་ཚོའི་འདིར་ཁྱེད་ཅག་གི་བྱ་བ་ལམ་འགྲོ་ཡོང་བར་སྨོན་འདུན་ཞུ་གི་ཡིན
    ཞེས་ལན་གྲུ་ནས

  • By རྟ་མགྲིན་རྒྱལ, སྤྱི་ཟླ་བཞི་པ། 5, 2009 @ 5:34 am

    གོང་མ་དེའི་ཡིག་ཟམ་གྱི་གསང་གྲངས་ཡིད་དུ་མི་འདུག

  • By youshun, སྤྱི་ཟླ་བཞི་པ། 7, 2009 @ 1:58 am

    རྟ་མགྲིན་རྒྱལ་ལགས་།
    ཁྱེད་ཀྱི་འཕྲིན་མཐོང་སོང་།ཐུགས་རྗེ་ཆེ།ལན་ཞིག་ཕུལ་ཡང་གློག་འཕྲིན་ཁ་བྱང་ངོ་མ་མིན་འདྲ་།གང་ལྟར་གཏོང་མ་ཐུབ་པར་བརྟེན་མཆད་དཔྱད་འདིར་བཀོད་པ་ཡིན་།རྗེས་ནས་སྒེར་གྱི་དོན་དག་འདྲ་ཡོད་ན་།གློག་འཕྲིན་ཁ་བྱང་wdyoushun@yahoo.comཐོག་འབྲེལ་བ་གནང་རོགས་།
    གཡུ་ཞུན་གྱིས་གུས་ཕུལ།

  • By ཁྱེད་བདེ་མོ་ཡིན་ན།, སྤྱི་ཟླ་བཞི་པ། 30, 2009 @ 9:38 am

    ཉིད་ཀྱི་དྲ་ཚིགས་ཀྱི་དཀར་ཆགས་ཅུང་ཆུང་འདུས་པས་ཀློག་པར་དཀའ་ངལ་ཅང་ཙམ་འདུག
    མཐར་ཁྱེད་ཀྱི་ཅི་བསམ་ལྷུན་གྲུབ་ཡོངས་བའི་སྨོན་འདུན་དང་བཅས་གཟུངས་ཕྱུག་སྐྱིད་ནས།

  • By གཡུ་ཞུན, སྤྱི་ཟླ་ལྔ་པ། 3, 2009 @ 7:46 pm

    གཟུངས་ཕྱུག་སྐྱིད་ལགས་ཕེབས་པར་ཐུགས་རྗེ་ཆེ།
    ད་ལྟ་དྲ་ཚིགས་ལ་ཅུང་སྐྱོན་ཤོར་འདུད་པས་།ལག་རྩལ་པར་འབྲེལ་བ་བྱེད་པའི་སྒང་ཡིན་།བདུན་ཕྲག་གཉིས་ཙམ་ལས་མཆན་དཔྱད་ཀྱི་ཡིག་གཟུགས་ཆུང་དྲགས་པ་སོགས་ཀྱི་དཀའ་ངལ་སེལ་རྩིས་།དྲ་གྲོགས་རྣམས་ཀྱིས་དགོངས་འཇགས་གནང་བར་འཚལ་།

    གཡུ་ཞུན་གྱིས་།

  • By རྭ་རྒྱ་བློ་དབང་།, སྤྱི་ཟླ་ལྔ་པ། 26, 2009 @ 3:17 am

    ཨ་ཅེ་གཡུ་ཞུན་ལགས། ཉིད་ཀྱི་དྲ་ཚིགས་སུ་དཔྱད་རྩོམ་ལྟ་བུ་རིང་བོ་དེ་འདྲ་འགོད་ཐུབ་ཀྱི་ཡོད་དམ། གཞན་དེ་སྔ་དེབ་བཀོད་བྱས་ཟིན་པའི་རིགས་ཡིན་ན་འགོད་ཀྱི་ཨེ་ཡོད། སྐད་ལན་ཐུང་ངུ་ཞིག་ཡོད་པ་མཁྱེན།

  • By བོད། ཤ་ཁྲག་རུས་གསུམ།, སྤྱི་ཟླ་བདུན་པ། 6, 2009 @ 2:40 pm

    སེམས་ལྗོངས་དཀྲིགས་པའི་མགུར།

    ཕྱི་མིག་ལང་ལིང་གི་དྲན་ཤིང་བསྐྱུར་ནས།།
    སྐྲ་དཀར་ཚོམ་བུ་ཞིག་ཐོད་ལ་བཟུང་སྟེ།།
    ང་ཡི་ཨ་མ་ཁྱོད་ཕེབས་པའི་ཉིན་མོར།།
    ཕ་ཁྱིམ་གྲུ་གཞི་འདི་སྐྱོ་བས་ཁེངས་ཡོད།།

    རྒྱུས་མེད་རྒྱལ་ཁམས་ཀུན་ཞབས་ཀྱིས་བཅགས་ཏེ།།
    སྐད་སྙན་ལྷང་ལྷང་གིས་ཕ་ཡུལ་འབོད་དུས།།
    བུ་ངའི་སྨྲ་སྒོ་འདི་སྐྱོ་བས་འདར་ཡང༌།།
    ཨ་ལེན་དྲོན་མོ་ཞིག་སྟེར་ཁ་དཀའ་གི།

    ནང་གི་དུངས་པ་འདི་སྐྱོགས་ལ་བཅུས་ནས།།
    ཕུ་ནུ་མིང་སྲིང་ཚོས་ཁྱོད་ལ་བསྐུར་ན།།
    བྱམས་པའི་མིག་ཟུང་ལ་མཆི་མ་འཁོར་ནས།།
    ཕྱག་གི་ཕྲེང་བ་ལ་བཏང་ལྷོད་ཤོར་ངེས།།

    སང་ལོ་ཕྱི་ལོ་ཡི་འཕྲིན་པར་བསྒུགས་ནས།།
    ཨམ་འབྱོག་ལེབ་མོ་འདི་ཉལ་རྒྱུ་མ་བྱུང༌།།
    རེ་བའི་ཉི་ཟེར་ལ་སེམས་གཏམ་བཀལ་ཏེ།།
    ཉིན་མཚན་དུས་དྲུག་ལ་ཨམ་ཚུགས་བསྡམས་ཡོད།།

    ལྷ་ལྡན་ཇོ་བོ་ཡི་གསེར་ཞལ་མདུན་དུ།།
    ལུས་པོ་པུས་བཙུགས་ཀྱི་འདུག་སྟངས་བྱས་ཏེ།།
    ངག་སྒོ་འདར་འདར་གྱི་གསོལ་འདེབས་ཀློང་ནས།།
    སྐུ་ཚེ་བསྐལ་བརྒྱར་གྱི་སྨོན་ལམ་བཏབ་ཡོད།།

    ཚེ་རབས་ལས་འཕྲོ་འདིར་སྙིང་རྗེ་མེད་པས།།
    ང་ཡི་ཨ་མ་ལ་ཐུག་ཐབས་དཀའ་གི།
    དྲན་གདུང་ཤུགས་དྲག་གིས་ཡར་ཡར་དེད་ནས།།
    རི་གསུམ་རྩེ་མོ་ནས་ཐེངས་འགར་ངུས་ཡ།།

    བརྩེ་བའི་མ་ལོ་ཁྱོད་མིག་གིས་མཐོང་ཞིང༌།།
    སྙན་མོའི་ལེགས་བཤད་དེ་རྣ་བས་ཐོས་ན།།
    བུ་ངའི་ཚེ་སྲོག་གི་འགྱུ་བ་ཕྲ་མོ།།
    གཞི་མེད་ནམ་མཁའ་རུ་བཏང་ཡང་ཆོག་གོ།།
    སྐྱོ་བ་དང་བཅས་བྲིས་པ་འོ།།

    ཨ་ཅེ་གཡུ་ཞུན་ལགས། རྩོམ་ཡིག་འདི་བོད་ནང་གི་རྩོམ་པ་པོ་ལྷན་ཀོག་གིས་གཞིས་ཀྱི་དྲ་དེབ་དག་ལ་བཀོད་པར་རེ་སྐུལ་ཞུས་པ་འདི་རུ་འཁུར་ནས་ཡོང་བ་ཡིན། དྲ་སྟེང་ལ་འགོད་རོགས་ཞུ་ལགས།

  • By བསེ་རུ།, སྤྱི་ཟླ་བརྒྱད་པ། 1, 2009 @ 1:57 am

    བོད་ཀྱི་སྐད་ཡིག་ཐོག་ཡོད་པའི་གཡུ་ཞུན་དྲ་བའི་དྲ་དཔོན་ནམ་ལས་བྱ་བ་ཡོངས་ལ་བཀྲ་ཤིས་བདེ་ལེགས་ཞུ།
    དུས་ཁོམ་རེ་བྱུང་ན་ཁྱེད་རྣམས་སེམས་དང་སེམས་པའི་བར་ནས་གླེང་མོལ་རེ་བྱས་ཆོག་པ་ཞུ།།

  • By བསེ་རུ།, སྤྱི་ཟླ་བརྒྱད་པ། 1, 2009 @ 1:59 am

    གཡུ་ཡུན་དྲ་བ་ཡི་ནང་ནས།།
    རང་རིགས་སྐད་ཡིག་ལ་གདུང་བའི།།
    དྲ་གྲོགས་དཔྱོད་ལྡན་རེ་མཇལ་སྐབས།།
    སེམས་པར་ངལ་གསོ་ཞིག་ཐོབ་བྱུང་།།

  • By གཡུ་ཞུན, སྤྱི་ཟླ་བརྒྱད་པ། 1, 2009 @ 8:58 am

    བསེ་རུ་ལགས་།
    ཁྱེད་ཀྱིས་ངའི་དྲ་ཚིགས་ཆུང་ཆུང་འདིར་རྒྱབ་སྐྱོར་དང་ཐུགས་ཁུར་གནང་བར་བཀའ་དྲིན་ཆེ་།ཁྱེད་ལ་གསུང་འདོད་ཅི་ཞིག་ཡོད་ན་།འབྲེལ་གཏུག་བྱེད་སའི་གློག་འཕྲིན་ཁ་བྱང་ཐོག་སྐུར་བའམ་ཡང་ན་ཐད་ཀར་མཆན་བུ་སྤེལ་ཆོག

    གཡུ་ཞུན་ནས་གུས་ཕུལ།

  • By བོད། ཤ་ཁྲག་རུས་གསུམ།, སྤྱི་ཟླ་བརྒྱད་པ། 7, 2009 @ 11:05 am

    ༧གོང་ས་མཆོག་བོད་ལ་མེད་ཉིན་ནས་ག་རེ་བྱུང་ངེས་ཡིན།

    ང་ཚོ་ བོད་ཕྱི་ནང་གཉིས་སུ་དེང་སང་བརྗོད་གཞི་༧གོང་ས་མཆོག་བཟུང་དེ་རྩོམ་ཡིག་སྤེལ་ མཁན་མི་ཉུང་བ་ཞིག་བྱུང་ཡོད་ལ། དེ་དག་ཡང་དགེ་སྐྱོན་གཉིས་ཀ་གླེང་མཁན་ཞིག་ཆགས་ཡོད།

    སྐྱོན་བརྗོད་བྱེད་མཁན་དག་ཡང་༧གོང་ས་མཆོག་ལ་མ་དགའ་བར་སྐྱོན་བརྗོད་བྱེད་ཀྱི་ མེད་པར། ༧གོང་ས་མཆོག་གི་དབུ་མའི་ལམ་ལ་དེ་འདྲའི་རྒྱབ་སྐྱོར་མེད་མཁན་དང་༧གོང་ས་མཆོག་ གི་ཆོས་ལུགས་རང་བཞིན་གྱིས་མཛད་འཕྲིན་དེའི་བོད་པ་ཚང་གི་མ་འོངས་པ་ཐག་གཅོད་ བྱེད་ཐུབ་མེད་པར་འདོད་མཁན་གྱི་བསམ་ཚུལ་འོག་ནས་སྐྱོན་བརྗོད་དང་བསམ་ཚུལ་གླེང་ བཞིན་པ་ཁག་གཅིག་རེད། ཡིན་ཡང་། ཁོང་ཚོས་ཞེ་འདོད་ངོ་མ་དེ་ནི་༧གོང་ས་མཆོག་ལ་ངོ་རྒོལ་བྱེད་རྒྱུ་དེ་ནི་གཏན་ནས་ མ་ཡིན་པར་བཤད་ཆོག་པ་ཡིན་ན་ཡང་། གོ་བ་ལེན་ཕྱོགས་དང་རྩོམ་ཡིག་གི་འབྲི་སྟངས་ཐད་དུ་ཀློག་མཁན་མི་ཉུང་བ་ཞིག་ལ་ གོ་བ་ལོག་པ་ཞིག་སྟེར་བཞིན་ཡོད་པ་རེད།

    དེས་ ན་དགེ་ཕྱོགས་གླེང་མཁན་དག་གིས་གང་ཞིག་བཤད་བཞིན་འབྲི་བཞིན་ཡོད་ཟེར་ན་༧གོང་ས་ མཆོག་གི་བྱམས་དང་བརྩེ་བའི་ཐུགས་བསྐྱེད་ཀྱི་མཛད་འཕྲིན་དང་བོད་མི་རིགས་ཀྱི་ འདས་མ་ད་གསུམ་ལ་༧གོང་ས་མཆོག་ནི་མེད་དུ་མི་རང་བ་ཞིག་ཆགས་ཡོད་པར་ཡིད་ཆེས་ བྱེད་པ་དང་༧གོང་ས་མཆོག་གི་ཆོས་ལུགས་འཆམ་མཐུན་དང་འཛམ་གླིང་ཞི་བདེའི་ལྟ་ཚུལ་ དེས་བོད་མི་གཙོ་བའི་འཛམ་གླིང་ཀུན་ཁྱབ་རང་བཞིན་གྱི་སེམས་འཁུར་ཞིག་ལ་ངོས་ འཛིན་བྱེད་ཀྱི་ཡོད་ལ། དེ་དག་ལེགས་འགྲུབ་ཡོང་རྒྱུར་བོད་མི་གཙོ་བའི་འཛམ་གླིང་གི་སྐྱེ་འགྲོ་ཚང་མ་ལ་ དེ་ཉིད་གླེང་བའི་ཐོབ་ཐང་ཡོད་པ་དང་གླེང་དགོས་པ་ཞིག་ཡིན་པར་གླེང་འོས་པར་མོས་ མཐུན་བྱེད་ཀྱི་ཡོད་པ་དེ་རེད་ཟེར་ན་འགྲིག

    འོ་ ན། བོད་པ་ཚང་གི་དོན་དངོས་ཐོག་ནས་༧གོང་ས་མཆོག་མེད་ཉིན། བོད་པ་ཚང་གི་ག་རེ་བྱེད་སྲིད་མིན་དང་། ༧གོང་ས་མཆོག་ནི་འཆི་མེད་རྒས་མེད་ཅིག་མིན་པ་ནི་མི་ཡི་གཟུགས་སུ་ཕེབས་ཡོད་པ་ འདི་ཙམ་གྱིས་ངེད་ཅག་ཚང་ལ་ངོ་སྤྲོད་གསལ་བོ་བྱས་ཡོད་པ་ཁས་ལེན་མི་བྱེད་རང་ བྱེད་ཡིན་དུས། ༧གོང་ས་མཆོག་མེད་ཉིན་བོད་པ་ཚང་གི་༧གོང་ས་མཆོག་ཡང་བསྐྱར་འཚོལ་སྲིད་དམ། ཡང་ན། སྤྲུལ་སྐུའི་ལམ་ལུགས་འདི་ཉིད་མེད་པ་བཟོས་དེ་༧གོང་ས་མཆོག་མེད་པར་༧གོང་ས་ མཆོག་གི་ཚབ་མཚོན་ལྟ་བུ་ཞིག་གི་བོད་ཀྱི་ཆོས་སྲིད་གཉིས་ལ་འགན་འཁྲི་ཐེགས་མཁན་ ཡོང་གི་རེད་དམ། ཡང་ན་དེ་འདྲ་ཞིག་བོད་པ་ཚང་ལ་མེད་ཀྱང་འགྲིག་གི་ཡོད་པ་རེད། ༧གོང་ས་མཆོག་མེད་ཉིན་ནས་བོད་ལ་གཅིག་གྱུར་གྱི་དབང་སྒྱུར་བྱེད་མཁན་གྱི་དེད་ དཔོན་ཞིག་ཡོང་སྲིད་དམ། དེ་ལ་བོད་མི་ཡོད་ཚད་ཀྱིས་འགྲིན་གཅིག་དབྱངས་གཅིག་གིས་ཁས་ལེན་བྱེད་སྲིད་དམ། འདི་དག་ནས་༧གོང་ས་མཆོག་མེད་ཉིན་ནས་མགོ་འཛུགས་རྒྱུའི་གནད་དོན་ཞིག་ཆགས་ཡོད་ན། ད་ལྟ་༧གོང་ས་མཆོག་བཞུགས་དུས་སུ་ཐག་གཅོད་བྱས་ན་མ་འོངས་འབྱུང་འགྱུར་གྱི་བོད་ མིའི་དབུ་ཁྲིད་༧གོང་ས་མཆོག་བོད་དུ་དགོས་མཁོ་ཡོད་མེད་ཀྱང་། བོད་མི་རང་གིས་ད་ལྟ་༧གོང་ས་མཆོག་བཞུགས་དུས་འདིར་ཐག་བཅད་པ་ཡིན་ན། ༧གོང་ས་མཆོག་མེད་ཉིན་ནས། བོད་ལ་༧གོང་ས་མཆོག་མེད་དུས་སུ་༧གོང་ས་མཆོག་མེད་པའི་དཀའ་ངལ་ཞིག་བྱུང་མི་ སྲིད་པར་འདོད།

  • By དབུས་ཕྲུག་ཚེ་རིང།, སྤྱི་ཟླ་བརྒྱད་པ། 13, 2009 @ 3:32 am

    གཡུ་ཞུན་ལགས། ཁྱེད་ཀྱིས་ཉམ་ཐག་པའི་གངས་ཅན་པའི་ལས་དབང་ལ་ལག་འཇུ་འདི་ལྟར་གནང་བར་སྙིང་དབུས་ནས་བཀའ་དྲིན་ཆེ་ཞུ། ང་ཚོ་རེ་རེས། རང་གི་འཇོན་ནུས་བཞིན་འཕག་འཚག་རེ་རྒྱག་དགོས་ལ། དེ་ནི་ཐུན་མོང་གི་སྟོབས་ཤུགས་སུ་འགྲོ་ངེས་རེད། བདེ་མོ་བྱོས། ཕྲན་དབུས་ཕྲུག་ཚེ་རིང་གིས།

  • By གཡུ་ཞུན, སྤྱི་ཟླ་བརྒྱད་པ། 13, 2009 @ 6:06 pm

    གུས་པའི་དབུས་ཕྲུག་ཚེ་རིང་ལགས་།
    སྐུ་ཉིད་ཕེབས་པ་དང་སྐུལ་མ་གནང་བར་བཀའ་དྲིན་ཆེ།ང་ཚོ་ནམ་ཡང་སྡུག་བསྔལ་གྱིས་མདུན་དུ་བསྐྱོད་དགོས་།མདུན་ན་ཁ་ཆར་དྲག་པོས་བསུས་རུང་།ནམ་ཡང་གཟིམ་པ་མེད་པ་ནི་ངེད་ཅག་གི་ལྷག་བསམ་ཡིན་ལ།ང་ཚོ་ཐུན་མོང་གི་སྟོབས་ཤུགས་དྲང་བདེན་སྐྱོང་བའི་གཞི་མ་ཡིན།

    གཡུ་ཞུན་ནས་།

  • By ཀརྨ་དགེ་ལེགས།, སྤྱི་ཟླ་བརྒྱད་པ། 16, 2009 @ 1:26 pm

    ས་སྟེང་གཡུ་ཡིས་བཀང་ནའང་། །
    དེ་ལ་དགོས་པ་ཅི་ཞིག་ཡོད། །
    ལེགས་པཤད་གཏམ་གྱི་ནོར་བུ་དེ། །
    རང་ཅག་བོད་ལ་གལ་ཆེ་འོ། །

  • By ཀརྨ་དགེ་ལེགས།, སྤྱི་ཟླ་བརྒྱད་པ། 16, 2009 @ 1:33 pm

    བོད་ཡིག
    བོད་ཡིག་བེད་སྤྱོད་མི་འདུག་མ་གསུངས་ལགས། །
    བོད་ཡུལ་བོད་ཀྱིས་སྐྱོང་ལ་བོད་ཡིག་དགོས། །
    བོད་ཀྱི་མདུན་ལམ་བསུ་ལ་བོད་ཡིག་དགོས། །
    བོད་ཀྱི་རིག་གཞུང་འཛིན་ལ་བོད་ཡིག་དགོས། །
    བོད་སྐད་བོད་ལ་དགོས་ན་བོད་ཡིག་དགོས། །
    བོད་མིས་རང་མགོ་མཐོན་ལ་བོད་ཡིག་དགོས།།
    བོད་དོན་བོད་མིས་སྒྲུབ་ལ་བོད་ཡིག་དགོས། །
    བོད་མི་ལ་རྒྱ་ཅན་ལ་བོད་ཡིག་དགོས། །
    བོད་ཡིག་བེད་སྤྱོད་ཡོད་མེད་ནི།།བོད་མི་རང་ལ་རག་ལས་ཡོད། །

    བོད་ཡིག་བེད་སྤྱོད་མི་འདུག་མ་གསུངས་ལགས། །
    བོད་ཡིག་མེད་ན་བོད་ཀྱི་སྲོག་རྩ་མེད། །
    བོད་ཡིག་མེད་ན་བོད་ཀྱི་རིག་གཞུང་མེད།།
    བོད་ཡིག་མེད་ན་བོད་མིར་ཤེས་ཡོན་མེད། །
    བོད་ཡིག་མེད་ན་བོད་ལ་མདུན་ལམ་མེད།།
    བོད་ཡིག་མེད་ན་བོད་རྒྱ་གཅིག་ཏུ་འདྲེ། །
    བོད་ཡིག་མེད་ན་བོད་ཀྱི་ངོ་བོ་འགྱུར། །
    བོད་ཡིག་མེད་ན་བོད་ཀྱི་རང་ཚུགས་ཤོར།།
    བོད་ཡིག་བེད་སྤྱོད་ཡོད་མེད་ནི། །བོད་མི་རང་ལ་རག་ལས་ཡོད། །

    བོད་ཡིག་བེད་སྤྱོད་མི་འདུག་མ་གསུངས་ལགས། །
    བོད་ཡིག་སློབས་ཤིག་བོད་ཀྱི་གྲོགས་པོ་ཚོ། །
    བོད་མི་ང་ཚོ་བོད་ཀྱི་རྒྱུད་འཛིན་ཡིན། །
    བོད་ཀྱི་མདུན་ལམ་བོད་མི་ང་ཚོར་ཐུག །
    བོད་ཡིག་བེད་སྤྱོད་བོད་མིས་མ་ཐུབ་ན། །
    བོད་མི་ང་ཚོ་བོད་ཀྱི་ཞབས་འདྲེན་རེད།།
    བོད་པ་ཡིན་ཡང་བོད་ཡིག་མི་ཤེས་ན། །

    བོད་ལ་དགོས་པའི་བོད་མི་ཁྱེད་མ་རེད། །
    བོད་ཡིག་བེད་སྤྱོད་ཡོད་མེད་ནི། །བོད་མི་རང་ལ་རག་ལས་ཡོད། །

    ཀརྨ་དགེ་ལེགས་ཀྱིས་བོད་མི་རྒན་གཞོན་ཡོངས་ལ་དྲན་བསྐུལ་གྱི་ཆེད་དུ་ཕུལ།
    ཞེས་རང་གི་ཟིན་བྲིས་ལས་བསླངས་ནས་ཕུལ

  • By ཀརྨ་དགེ་ལེགས།, སྤྱི་ཟླ་བརྒྱད་པ། 16, 2009 @ 1:41 pm

    བོད་མིས་རང་མགོ་ཐོན་ལ་བོད་ཡིག་དགོས།།
    གང་གི་རང་མགོ་ཐོན་ལ་མཐོན་ཞེས་ཡིག་ནོར་ཤོར་འདུག

  • By གཡུ་ཞུན, སྤྱི་ཟླ་བརྒྱད་པ། 16, 2009 @ 5:38 pm

    གུས་པའི་ཀརྨ་དགེ་ལེགས་ལགས།
    ཁྱེད་ཀྱིས་རྗེས་ནས་སྙན་རྩོམ་འདི་རིགས་ཐད་ཀར་མཆན་བུའི་ནང་མ་བཀོད་པར་།འབྲེལ་གཏུག་བྱེད་སའི་གློག་འཕྲིན་ཁ་བྱང་ཐོག་བསྐུར་ན་ངའི་དྲ་ཚིགས་ཀྱི་མདུན་ངོས་སུ་བཀོད་ངེས་ཡིན།ཐུགས་རྗེ་ཆེ།
    གཡུ་ཞུན་ནས་གུས་ཕུལ།

  • By ཀརྨ་དགེ་ལེགས།, སྤྱི་ཟླ་བརྒྱད་པ། 16, 2009 @ 9:32 pm

    ངས་ཁྱེད་ལ་གློག་ཕྲིན་དུ་མ་ཕུལ་ཡང་མ་ཕྲོད་པ་འདྲ། ལན་གང་ཡང་འབྱོར་མ་སོང་།

  • By གཡུ་ཞུན, སྤྱི་ཟླ་བརྒྱད་པ། 17, 2009 @ 8:08 pm

    གློག་འཕྲིན་ཁ་བྱང་གཤམ་གསལ་ཐོག་སྐུར་རོགས་།ཐུགས་རྗེ་ཆེ།
    wdyoushun@yahoo.com

  • By གཞོན་ནུ་ཟླ་མེད, སྤྱི་ཟླ་བརྒྱད་པ། 19, 2009 @ 4:53 pm

    གཡུ་ཞུན་ཚང་ལ་ཐུགས་རྗེ་ལེགས་འབུལ་ཞུ་ས་དེ་འདི་ཡིན་ས་རེད་འདུག འོ་ད་ཁ་བཏགས་བརྗེད་སོང་ཟིག གཡུ་ཞུན་ཚང་གིས་དྲ་སྒོ་ཕྱེ་བར་རྟེན་འབྲེལ་ཞུ། ལེགས་སོ་ལེགས་སོ།།

  • By གཡུ་ཞུན, སྤྱི་ཟླ་བརྒྱད་པ། 19, 2009 @ 6:23 pm

    བཀའ་དྲིན་ཆེ།ཁྱེད་རང་ཕེབས་པ་ནི་ཁ་བཏགས་གནང་བ་ལས་ཀྱང་ལྷག

  • By གཞོན་ནུ་ཟླ་མེད, སྤྱི་ཟླ་བརྒྱད་པ། 20, 2009 @ 7:59 am

    གཡུ་ཞུན་ལགས། དྲ་བའི་ཁ་བྱང་བཀོད་སྒྲིགས་དང་དཔར་དེ་ཚོ་དཔེ་མི་སྲིད་པའི་ཡག་པོ་འདུག སྤང་ཨ་ལུང་མེ་ལུང་འདི་རིག་ན། མཚོ་སྔོན་པོ་ཁ་གི་སྤང་ཨ་ལུང་མེ་ལུང་དེ་ཚོ་དྲན་ཡོང་གི ལྷག་པར་དུ་གཡུ་ཞུན་ཟེར་བའི་ཡི་གི་དེ་ནི་མཚོ་སྔོན་པོའི་ཆུ་ཐུག་གིས་བྲིས་པ་ལྟར་ཤིན་ཏུ་མཛེས་པ་ཙམ་མ་ཡིན་པར། ཕ་ཡུལ་ལ་དྲན་སྐུལ་དང་། ཕ་ཡུལ་གྱི་བུ་མོ་ཚོའི་དགའ་ཕྱོགས་ཅིག་ཀྱང་བསྟན་ཡོང་གི གོང་དུ་རྒྱ་གར་ལྷོ་ཕྱོགས་ཀྱི་ཨ་ཁུ་ཁ་ཤས་ཀྱིས་རེ་བ་འདོན་བཞིན་པ་ནི་བདག་པོ་རྒྱགས་མི་དགོས། ཁོང་ཚོས་རྡ་ལི་འབྲི་རྩིས་ཡོད་ནི་རེད་ ཧཧཧཧཧཧ རྩེ་མོ་ཡིན་དྰ།

  • By གཞོན་ནུ་ཟླ་མེད, སྤྱི་ཟླ་བརྒྱད་པ། 30, 2009 @ 8:09 am

    གཡུ་ཞུན་ཚང་གི་གཡུ་ཡི་བློས་བསླངས་འདི།།
    གཡུ་ལོ་བཀོད་པའི་དགའ་ཚལ་བཞིན་དུ་མཛེས།།
    གཡུ་བྱིར་ཐང་མར་བརྡལ་འདྲའི་སྤངས་ལྗོངས་ངོས།།
    གཡུ་ཡི་རིན་ཐང་བཞལ་འདྲའི་རྩོམ་ཡིག་མང་།།
    གཡུ་ལུང་སྡེ་བའི་ཨ་ཅེ་འདི་རིག་ན།།
    གཡུ་བྱིར་གྱིས་བརྒྱན་བོད་མོའི་ཁྱད་ཆོས་དྲན།།
    གཡུ་ལ་དུང་བའི་སེམས་ཀྱི་སྙན་ངག་འདི།།
    གཡུ་ཡི་རྒྱན་ཆ་མེད་ཀྱང་ཁ་ནས་ཐལ།།
    གཡུ་འདྲའི་ཤེས་རིག་ནང་གི་རྒྱན་ཆ་འདི།།
    གཡུ་ཡི་རྡོ་ཀོག་རྒྱན་གྱི་དོ་ཟླ་མིན།།
    གཡུ་ལོ་བཀོད་པའི་ཨ་མ་རྗེ་བཙུན་མས།།
    གཡུ་ཡི་དགྱེས་འཛུམ་ཁྱོད་ལ་སྟོན་པར་སྟོན་པར་འགྱུར།།

  • By བོད། ཤ་ཁྲག་རུས་གསུམ།, སྤྱི་ཟླ་དགུ་པ། 9, 2009 @ 3:32 pm

    H1N1ནད་ཚ་འདི་འགོག་ཐབས་ཤིག
    ཟིན་བྲིས་ལ་བཟོ་བཅོས་རྒྱག་པ། | བརྗོད་བྱ་འདི་གསུབ་པ།

    ང་རང་ལས་ཀར་འགྲོ་བའི་རླངས་འཁོར་ནང་དུ་འབུད་དེ་ལས་ཀར་འགྲོ་བཞིན་པའི་ལམ་བར་དུ། ཁ་པར་གྱི་སྒྲ་དབྱངས་གངས་དཀར་ཤེལ་གྱི་གཤོག་པ། སྤང་རྒྱན་མེ་ཏོག་ལ་ཡེ་ཟེར་ནས་གྲགས་དེ་འོང་དུས་ང་རང་གིས་སུ་ཡིན་ནམ་སྙམ་ཞོར་དུ་ཁ་པར་ཨམ་ཕྲག་ལས་ཕྱི་རུ་བཏོན་ནས་བལྟས་དུས། ཁ་པར་གཏོང་མཁན་ནི་ང་རང་གི་དགའ་རོགས་མ་གངས་དཀར་ལྷ་འཚོ་རེད་འདུག ངས་ཨ་རོགས་ཟེར་ནས་ཕར་དྲི་བ་ཞིག་བཏང་དུས། ཁོ་མོས་ཁྱེད་རང་ད་ལྟ་རླངས་འཁོར་ནང་དུ་འབུད་ཟིན་པ་ཡིན་ནམ་ཟེར། ངས་ཡིན། གནས་ཚུལ་ག་རེ་ཡོད་ཅེས་དྲིས་དུས། ཁོ་མོས་ཁྱེད་རང་ལ་འདུག་སྟེགས་རེག་སོང་ངམ་ཟེར། དེ་དུས་ངས་རྩེད་མཚར་གྱིས་ལན་དུ། རེག་མ་སོང་། ཡར་བླངས་དེ་འགྲོ་བཞིན་ཡོད་ཅེས་བཤད་དུས། ཁོ་མོས་རྐུབ་སྟེགས་མེད་པར་ཡར་བླངས་དེ་བསྡད་ན་རྐུབ་ན་ཡི་འདུག་གམ་ཟེར། ངས་རྐུབ་ན་ཡི་མི་འདུག་མོད། རླངས་འཁོར་ནང་དུ་གཤོང་གི་མི་འདུག་ཟེར་ནས་སླར་ཡང་རྩེད་མཚར་བྱས་པ་ཡིན། དེ་དུས་ཁོ་མོས་གཙོ་་བཤད་རྒྱུ་ཞིག་ལ། H1N1 ནད་ཚ་འདི་མི་འགོས་པའི་ཐབས་ལམ་དྲ་རྒྱ་ཁག་དུ་ཆེད་ལས་མཁས་པ་དག་གིས་བཤད་ཚུལ་ཡིན་ན། སྤྱི་སྤྱོད་རླངས་འཁོར་དུ་འགྲོ་བ་དང་། ཕྱི་ལོག་དུ་མི་ཚོགས་ཡོད་སར་འགྲོ་བ། ཅ་དངོས་གཞན་དག་ལ་ལག་པ་འཆིང་རྗེས་སུ། ལག་པ་མ་འཁྲུས་པར་རང་གི་ལག་པས་ཁ་དང་ངོ་སོགས་ལ་རེག་པར་བརྟེན་ནས་H1N1 ནད་ཚ་འདི་འགོས་སླ་བར་བཤད་འདུག་ན། ཁྱེད་ཀྱིས་ཅིས་ཀྱང་རང་གི་ལག་པ་ཡང་ཡང་འཁྲུ་དགོས། འདག་རྫས་ཞུགས་དེ་འཁྲུ་དགོས། གལ་ཏེ། ཆུ་མེད་ས་ནས་ངལ་གསོ་བ་སོགས་བྱེད་དུས་ངས་ཁྱེད་རང་ལ་སྤྲད་པའི་འདག་རྫས་གཤེར་ཁུ་ཆུང་ཆུང་དེ་བེད་སྤྱོད་གཏོང་དགོས་ཟེར་ནས་བཤད་སོང་།

    དེ་དུས་ངས་ཡ་ཡ་སེམས་འཁྲལ་མ་བྱེད། ང་རང་གིས་ལག་པ་ག་དུས་ཡིན་ཡང་ལས་ཀར་འབྱོར་མ་ཐག་ལག་པ་གཙང་མ་འཁྲུ་བཞིན་ཡོད་ཅེས་བཤད་དུས། ཁོ་མོས་སླར་ཡང་H1N1ནད་ཚ་འདི་མ་འགོས་སྔོན་ལ་གཟབ་རྒྱུ་ལས། འགོས་ཚར་དུས་དཀའ་ལས་ཁག་ཙམ་རེད་ཟེར། དེ་དུས་ངས་ལགས་སོ། ཁྱེད་ཀྱི་ང་ལ་བཤད་དགོས་པའི་གནས་ཚུལ་དེ་ཡིན་ནམ་ཟེར་ནས་ཁ་པར་གྱི་སྒོ་བརྒྱབ་པ་ཡིན།
    དེ་ནས་ང་རང་གིས་ཁ་སང་དེ་རིང་H1N1ནད་ཚ་འདི་ཁྱབ་བརྡལ་དུ་འགྲོ་བཞིན་ཡོད་པར་སྐྲག་སྣང་བྱེད་མཁན་དང་གླེང་མཁན་མི་ཉུང་བ་ཞིག་ཡིན་ཡང་། སྔོན་འགོག་ཐད་དུ་བསམ་ཚུལ་བརྗེ་རེའི་བྱེད་མཁན་ཉུང་བས་རང་རེའི་སྤྱི་ཚོགས་ལ་དེའི་ཐད་ཀྱི་བསམ་ཚུལ་ཐུང་ཐུང་འདི་སྤེལ་ན་ཅུང་ཙམ་ཕན་དུ་སྙམ་ནས་བྲིས་པ་ཡིན།

    གལ་སྲིད། ཐ་མག་འཐེན་མཁན་གྱི་རིགས་ཀྱིས་ཕན་ཚུན་གྲོགས་པོའི་བར་དུ་ཐ་ནག་ལྷན་འཐེན་མི་བྱེད་པ། ཆང་རག་འཐུང་མཁན་ཚོས་ཨར་ཁང་སོགས་སུ་སོང་ཆང་འཐུང་ན། ཨ་རག་འཐུང་བྱེད་ཀྱི་ཤེལ་ཕོར་གཙང་མིན་ལ་བརྟག་དཔྱད་བྱེད་དགོས་པ། ལྷག་པར་དུ་གནད་འགག་ཆེས་ཆེ་བ་ཞིག་ནི། སྤྱི་སྤྱོད་གཙང་སྤྱོད་ཁང་དུ་འགྲོ་བ་སོགས་བྱེད་དུས་གཙང་སྤྱོད་ནང་གི་འདུག་སྟེགས་སྟེང་དུ་རབ་ན་མི་བཙོག་པ། གལ་སྲིད་བཙོག་པ་ཡིན་ན་ཕྱིར་སླེབས་མ་ཐག་ལག་པ་གཙང་མ་འཁྲུས་དེ་ཤོག་བུའི་གཙང་མ་བཟོ་བ། གཙང་སྤྱོད་ཀྱི་སྒོ་དང་། མགྲོན་ཁག་སོགས་ཀྱི་སྒོ་ལ་མི་མང་གིས་ལག་པ་འཆིང་གི་ཡོད་སྟབས། དེ་དག་ལ་ལག་པ་འཆིང་རྗེས་ཡིན་གཅིག་མིན་གཅིག་ལག་པ་འཁྲུ་དགོས་པ། བྱིས་པ་སོགས་སློབ་གྲྭ་འགྲིམ་མཁན་དག་ལ་ཕ་མ་དག་གིས་བྱིས་པ་ཚོ་ལ་ཕན་ཚུན་གྱི་ཕོར་བ་བསྲེས་དེ་ཟས་མཉམ་དུ་མི་སྤྱོད་པ་དང་། ཁ་ལག་མ་ཟོས་སྔོན་དུ་ཕོར་བ་འཁྲུ་དགོས་པ། ལག་པ་གཙང་མ་འཁྲུ་དགོས་པ་སོགས་ཡིན་གཅིག་མིན་གཅིག་བཤད་དགོས། ད་དུང་། སྲང་ལམ་སོགས་ནས་ཅ་དངོས་གཞན་གྱིས་ལག་པ་འཆིང་ཟིན་པའི་རིགས་ལ་ལག་འཆིང་རྗེས་ཡིན་གཅིག་མིན་གཅིག་ལག་པ་འཁྲུ་དགོས། ཕ་མ་བྱིས་པ་དམར་འཇར་ཡོད་མཁན་གྱིས་དམིགས་བསལ་གྱིས་ལག་པ་གཙང་མ་མ་འཁྲུས་པར་བྱིས་པ་ལ་ལག་པ་མི་འཆིང་བ། དྲ་ཁང་དུ་འཛུལ་མཁན་དག་གིས་དྲ་རྒྱ་ཁག་ལ་ལག་པ་འཆིང་རྗེས་སུ་ལག་པ་འཁྲུ་བ། མདོར་ན་ཅ་དངོས་གང་ཞིག་ཡིན་ཡང་ལག་པ་འཆིང་རྗེས་སུ་འདག་རྫས་ཞུགས་དེ་ལག་པ་གཙང་མ་བཟོ་བ་ནི། H1N1ནད་ཚ་འདི་འགོག་ཐབས་ཀྱི་ཐབས་ལམ་ཡིན། གལ་སྲིད་ཆུ་མེད་ས་ནས་ལག་པ་ཅ་དངོས་སོགས་ལ་འཆིང་རྗེས་སུ་ལག་པ་འཁྲུ་རོགས་བར་དུ་ཁ་ངོ་སོགས་ལ་གཏན་ནས་རེག་མི་ཉན། ཡིན་གཅིག་མིན་གཅིག་ཅ་དངོས་སོགས་ལ་འཆིང་རྗེས་སུ་འདག་རྫས་ཞུགས་དེ་ལག་པ་འཁྲུ་བ་ནི་H1N1ནད་ཚ་འདི་སྔོན་འགོག་གི་ཐབས་ལམ་ཉེག་གཅིག་ཆགས་ཡོད་དུས། སྤུན་ཟླ་ཚང་མས་གཅིག་ནས་བཅུ། བཅུ་ནས་བརྒྱ། བརྒྱ་ནས་སྟོང་། སྟོང་ནས་ཁྲི། ཁྲི་ནས་འཛམ་གླིང་ཡོངས་སུ་ཐབས་ལམ་འདི་གསུང་ཐུབ་པ་ཡིན་ན། H1N1ནད་ཚ་འདི་ལས་ཐར་བའི་འགན་འཁུར་བཞེས་པར་བཤད་ཆོག་པར་འདོད་ལ། འགྲོ་བ་མི་གཅིག་གི་ཚེ་སྲོག་ཡིན་ཡང་ཁ་ཡོད་ལག་ཡོད་ཀྱི་རོགས་སྐྱོར་བྱས་པར་སྙམ་ནས་དེ་རིང་ལས་གསེང་དུ་ཤར་མར་ཡིག་ཐོག་དུ་ཕབ་པ་ཡིན།

    ཨོ་རེད། དམིགས་བསལ་གྱིས་སྤུན་ཟླ་དག་ལ་ཞུ་རྒྱུ་ཞིག་ལ་བོད་པ་ཚང་ལ་ང་སྣང་བཞིན་འདི་འདྲ་བསམ་མཁན་མི་ཉུང་བ་ཞིག་ཡོད། ལས་དབང་རེད། སྐྲག་ནི་ཅི་ཡོང་། ཤི་དགོས་ན་ནམ་ཡིན་རང་ཤི་འགྲོ་ནི་རེད་ཟེར་ནས་དོ་སྣང་མི་བྱེད་མཁན་ཡང་ཡོད་ཚོད་ཡོད། དེ་ནི་ལས་དབང་མ་ཡིན་པར་རྐྱེན་ལ་ཐུག་པ་ཡིན་པས་རྐྱེན་དེའི་རང་གཞན་ཀུན་ལ་གནོད་པ་བྱེད་ཀྱི་ཡོད་པ་དེ་ལ་བསམ་བློ་བཏང་ནས་སྤུན་ཟླ་དག་གིས་གཟབ་པར་འཚལ། ༩།༩༠༩ ལས་ཀ་ནས་བྲིས།

  • By ཟ་ལེ་རྒྱལ།, སྤྱི་ཟླ་དགུ་པ། 11, 2009 @ 2:01 am

    གཡུ་ཞུན་ལགས།
    ངས་དྲ་ཚིགས་ཤིག་ལས་ཀྱང་ཕྱི་ཕྱོགས་ནས་བལྟས་ན་ཡིག་གཟུགས་ཚང་མ་འཐོར་ཏེ་བལྟ་ཐབས་མི་འདུག་ཅེས་མགྲོན་པོ་འགས་ལན་བཞག་འདུག་པ་མ་ཟད་དཀའ་ངལ་འདི་ལ་ཁྱོད་རང་འཕྲད་མྱོང་ཡོད་པར་བཤད་འདུག་པས་དྲ་སྐྱོན་འདི་སེལ་སྟངས་ཀྱི་སྐོར་ནས་ལམ་སྟོན་ཞིག་ཡོང་བའི་རེ་བ་ཡོད། དུས་ཚོད་ཡོད་ན་ངའི་དྲ་བར་ལན་ཐུང་ཐུང་ཞིག་འཇོག་རོགས་མཁྱེན།

  • By ཟ་ལེ་རྒྱལ།, སྤྱི་ཟླ་དགུ་པ། 11, 2009 @ 2:02 am

    http://khawatso.jimdo.com/
    དགོངས་དག། ངའི་དྲ་བྱང་འདི་ཡིན།

  • By རྩམ་དགའ་, སྤྱི་ཟླ་དགུ་པ། 15, 2009 @ 7:59 pm

    ཀ་ཁ་མི་སློབ་མ་གསུང་གངས་ཅན་བུ། །
    ཁ་བའི་བླ་སྲོག་འདི་ལས་གང་ན་ཡོད། །
    ག་ལེར་བླ་སྲོག་འདི་ཉིད་ཉམས་སོང་ན། །
    ང་ཅག་འཚོ་ཡང་མིང་ཙམ་མ་ཡིན་ནམ། །

  • By རྩམ་དགའ་, སྤྱི་ཟླ་དགུ་པ། 15, 2009 @ 8:10 pm

    མཁྱེན་ཡངས་གཡུ་ཞུན་ལགས་
    གུས་པ་གསར་དུ་དྲ་བར་ཡོང་ཡིན་པས་མ་འོངས་རྩོམ་ཡིག་སྤེལ་ཕྱོགས་ལ་ལམ་སྟོན་ཡོང་བར་དགོངས་འཇགས་ཞུ།།

  • By གཡུ་ཞུན, སྤྱི་ཟླ་དགུ་པ། 15, 2009 @ 8:30 pm

    རྩམ་དགའ་ལགས།
    ཐོག་མར་ཁྱེད་རང་ཕེབས་པར་དགའ་བསུ་དང་བཅས་རྗེས་སུ་ཕྱག་རྩོམ་གནང་དུས་འབྲེལ་གཏུག་བྱེད་སའི་གློག་འཕྲིན་ཁ་བྱང་གཉིས་ཡོད་པ་གང་རུང་ཐོག་སྐུར་རོགས་གནང་ཞུས་བ་ཡིན།བཀའ་དྲིན་ཆེ།
    གཡུ་ཞུན་ནས་གུས་ཕུལ།

  • By རྩམ་དགའ་, སྤྱི་ཟླ་དགུ་པ། 16, 2009 @ 12:21 pm

    གཡུ་ཞུན་ལགས་
    ལམ་སྟོན་གནང་བར་ཐུགས་རྗེ་ཆེ།

  • By རྩམ་དགའ་, སྤྱི་ཟླ་དགུ་པ། 16, 2009 @ 12:43 pm

    ཅ་དག་བྱས་ནས་བོད་སྐད་ཤོད་དང་། །ཆ་མེད་ཡིན་ཡང་དགའ་ནི་ཟིག་རེད། །
    ཇ་ཆང་འདྲེས་མའི་ཁ་སྐད་གོ་ན། །ཉམ་ཆུང་སེམས་པ་སྡུག་ནི་ཟིག་རེད། །

  • By སྦྲ་ནག་ཚང་གི་ལྕེ་ནག་།, སྤྱི་ཟླ་དགུ་པ། 18, 2009 @ 8:14 am

    ངས་ཁྱེད་ལ་སྒྲུང་ཞིག་བཤད་།
    ན་ནིང་བོད་ཟླ་བརྒྱད་པའི་ནང་ལ་རི་ཁུག་ཞིག་དུ་ཨ་ཁུ་སྡོམ་ཤོར་ཞིག་དང་སྤྱང་ཀི་སྐྲག་ཤོར་ཅིག་ཐུག་། ཁོང་གཉིས་ཀྱིས་རི་ཞོལ་གྱི་འབྲོག་ཁྱིམ་དེར་དམིགས་། སྤྱང་ཀིས་ང་རྒྱུགས་རྒྱུ་ཡིན་་ཁྱོད་སྡོད་ཟེར་། ཨ་ཁུས་ང་རྒྱུགས་རྒྱུ་ཡིན་ཁྱོད་སྡོད་ཟེར་ནས་ཁ་རྩོད་ཤོར་། སྤྱང་ཀིས་བཤད་རྒྱུར་། ཁྱོད་ལས་ཆེན་རེད་། སྟོན་པའི་བསྣབས་བཟའ་ཡོད་ཁུ་། འགྲོ་བ་མིའི་མི་གསོད་། ང་ལས་ངན་རེད་སྟོན་པའི་བསྣབས་བཟའ་མེད་ཁུ་། མིའི་རིག་མི་ཉན་། དེ་ན་ང་མཚན་མོ་རྒྱུགས་། ཁྱོད་ཉིན་མོ་རྒྱུགས་། ཇི་འདྲ་རེད་། ཟེར་ནས་མིག་གྱེར་ནས་ཨ་ཁུའི་གདོང་ལ་བལྟས་། ཨ་ཁུའི་བསམ་བློ་ཞིག་བཏང་ནས་མི་ཆོག་རྒྱུ་མེད་ཁུ་ཟེར་ནས་ཁོང་གཉིས་གྲོས་འཆམ་བྱུང་།།

  • By བསྟན་འཛིནའོདཟེར།, སྤྱི་ཟླ་དགུ་པ། 19, 2009 @ 5:09 pm

    ཁྱེད་ཀྱི་དྲ་རྒྱ་འདི་མཐོང་བ་ཧ་ཅང་དགའ་བོ་བྱུང་། མུ་མཐུད་ནས་མ་ཆད་པར་འཛམ་གླིང་རྒྱལ་གཅེས་ཀྱི་གནས་ཚུལ་གསར་པ་སྤེལ་ཐུབ་ན་ཡག་པོ་འདུག་ཐུགས་རྗེ་ཆེ་ཞུ།།

  • By གཞོན་ནུ་ཟླ་མེད, སྤྱི་ཟླ་དགུ་པ། 19, 2009 @ 5:21 pm

    ཨ་ཡོ་ཤ། དགེ་བ་ཟིག་རེད། དེ་རིང་གྲོང་ཆོག་ལ་སོང་བ་ཡིན། འབུལ་བར་ཨ་སྒོར་ ༢༥༠ སྤྲས་སོང་། ཆུང་ཆུང་སྐབས་ནས་རྡོ་འཁྱགས་སྒང་ནས་འདོན་པ་དེ་ཚོ་བློར་འཛིན་དང་། བློར་མ་ཟིན་ན་ཨ་ཁུའི་རྒྱུགས་རྡྭང་བཏང་བ་དེ་ཚོ་དྲན་ན་འདི་འདྲ་ལོས་འབབ་བསམ་གི་ཡའ

  • By གཡུ་ཞུན, སྤྱི་ཟླ་དགུ་པ། 19, 2009 @ 8:02 pm

    ཁྱེད་རང་ཕེབས་པར་དགའ་བསུ་ཡོད་།

  • By སྦྲ་ནག་ཚང་གི་ལྕེ་ནག་།, སྤྱི་ཟླ་དགུ་པ། 19, 2009 @ 9:55 pm

    ཨ་ཚ་ཚ་། གཤིན་རྗེའི་ཆོས་རྒྱལ་འདིས་ཆོས་མི་ཤེས་གི་། ཨ་སྒོར་༢༥༠དོན་ལ་འདི་འདྲཟིག་འཕབ་དགོ་དོན་མེད་ཁུ་། སྟེང་ང་ཁྲོ་ཆུ་ཁོལ་མ་བླུགས་ནས་།

  • By སྦྲ་ནག་ཚང་གི་ལྕེ་ནག་།, སྤྱི་ཟླ་དགུ་པ། 19, 2009 @ 10:00 pm

    ཨུ་རེ་གོ་། དགོན་པའི་རྡོ་འཁྱགས་ཏེ་ཅིག་གླན་རྒྱུས་ན།་

  • By གཞོན་ནུ་ཟླ་མེད, སྤྱི་ཟླ་དགུ་པ། 20, 2009 @ 6:54 am

    གཤིན་རྗེ་ཆོས་རྒྱལ་གྱི་རྒྱ་མ་ན་ནིང་ཟིག་ནས་འཁྱོགས་སོང་བ་ཡིན་ས་རེད། རང་གི་ལས་ཀའི་ཕོག་ཐོབ་ལ་འང་ཆད་པ་གཅོད་གི དེ་མིན་དོན་མེད་སྤྱི་ཚོགས་གང་ཞིག་ལ་དབྱེ་འབྱེད་བྱེད་མཁན་དེ་ཚོ་ལ་ལས་མཁན་ཨ་བ་གླང་མགོས་ཆད་པ་གཅོད་གོ་གི་ཟེར་གི

  • By རྩམ་དགའ་, སྤྱི་ཟླ་དགུ་པ། 20, 2009 @ 10:15 am

    སྒོར མོ་སྒོར་མོ་ཟེར་ནས་གླེང་གིན་མ་འདུག །སྦྲང་བོའི་སེམས་རྩ་གྲང་ནི་ཟིག་རེད། །
    ཆོས་རྒྱལ་ཟེར་ནས་སྡུག་གིན་མ་འཇིག །ཉིན་ཞིན་ཐུག་དུས་ཡོད་ནི་ཟིག་རེད། །

  • By གཞོན་ནུ་ཟླ་མེད, སྤྱི་ཟླ་དགུ་པ། 21, 2009 @ 12:10 pm

    རེད་མོ། སངས་རྒྱས་ཤཀྱ་ཐུབ་པས་ར་མདོ་གི་ནང་ན་འདི་འདྲ་གསུངས་ཡོད་ཀི ཟས་མ་མཆིས་ན་སྲོག་མ་མཆིས། སྲོག་མ་མཆིས་ན་ཐར་བ་དང་ཐམས་ཅད་མཁྱེན་པ་ཡང་མ་མཆིས་ཟེར་ཡོད་གི ད་ཨ་རི་འདྲ་ཟིག་ནས་སྒོར་མོ་མ་མཆིས་ན་ཧོམ་ལེ་སི་ཟེར་ངེས་དེ་ཆགས་འགྲོ་གི ཧོམ་ལེ་སི་ཆགས་སོང་ན་ཐར་བ་ཙོ་ཕར་རིའི་སྤང་རྒྱན་ཟེར་བ་དེ་ཡིན་རྒྱུ་རེད་ཡ

  • By སྦྲ་ནག་ཚང་གི་ལྕེ་ནག་།, སྤྱི་ཟླ་དགུ་པ། 21, 2009 @ 5:26 pm

    རེད་ཡ ཅི་མ་བདེན ཧོམ་ལེ་སི་མ་ཆགས་ནས་མ་ཚད་ལ་ར་ལུག་ཆགས་གི་རེད་། ཡིན་ན་་ཡང་སེམས་ཁྲལ་བྱེད་དགོས་གྱི་མ་རེད་སྲོག་ད་དུང་མཆིས་བས་ཐམས་ཅད་མཁྱེན་པ་སྒྲུབ་ཆོག་གི་རེད་།

  • By སྦྲ་ནག་ཚང་གི་ལྕེ་ནག་།, སྤྱི་ཟླ་དགུ་པ། 21, 2009 @ 5:32 pm

    ད་དཀའ་གི་ཡ་།
    ར་ལུག་འདྲེམ་མའི་སྐད་ཟིག་མ་བཤད་ན་།
    དེང་རབས་ཤེས་ཡོན་གྱིས་མི་གོ་གི་ལ།
    འདའ་རུ་འདུར་རེ་དངུལ་ཟུག་མ་བཙལ་ན་།
    གཅིན་སྐྱག་གཏོང་སའི་ས་ཡང་མི་སྙེད་གི་།

  • By གཞོན་ནུ་ཟླ་མེད, སྤྱི་ཟླ་དགུ་པ། 21, 2009 @ 6:54 pm

    དམ་པའི་ཆོས་ལ་ཟུར་ཟ་མ་བྱས་ན།།
    དེང་སང་མཁས་པའི་གྲས་ལ་མི་ཚུད་ཡ།།
    དགེ་འདུན་པ་ལ་ཁ་ཟིག་མ་བཏང་ན།།
    ཁྱིམ་གྱི་འཁོས་ཀ་ཡོངས་རྫོགས་ཁྱེར་འགྱོ་ཡ།།

  • By སྦྲ་ནག་ཚང་གི་ལྕེ་ནག་།, སྤྱི་ཟླ་དགུ་པ། 21, 2009 @ 7:33 pm

    ཨ་བདེན་གི་ཡ ད་དུང་དེ་དས་ག་ལ་ཚད
    བོད་སྐད་བོད་ཡིག་་བཀོདསྤྱོད་མ་བྱས་་ན་།
    བོད་རྒནརྩམ་གཟན་སྲོག་རྩ་ཆད་འགྲོ་གི་།
    རྒྱ་དབྱིན་གཉིས་ལ་སྤྲེལ་ལད་མ་འཁྲབ་ན་།
    ཟས་རིན་འཐུང་རིན་ཙམ་ཡང་མི་ལོན་གི་།
    ད་དཀའ་ག

  • By སྦྲ་ནག་ཚང་གི་ལྕེ་ནག་།, སྤྱི་ཟླ་དགུ་པ། 21, 2009 @ 7:48 pm

    རི་སྤྱང་སྔོན་མོ་ཐོ་ཟིག་མ་རྩང་ན་།
    གཡང་དཀར་ལུག་གི་ཨོའུ་བ་བླངས་འཇོག་གི་།
    ཨ་ཁུ་ཆ་བོ་སོན་རེ་མ་བྱས་ན་།
    ནག་མོ་ཆ་བོ་ཁྱིད་ནས་བྲོས་འགྱོ་གི་་།

  • By རྩམ་དགའ་, སྤྱི་ཟླ་དགུ་པ། 21, 2009 @ 8:01 pm

    བདེན་གི
    ཆོས་ལ་ཟུར་ཟ་བྱས་ནས།
    མཁས་པའི་གྲས་ལ་ཚུད་ན།
    དེང་རབས་གཞོན་སྐྱེས་འགའ་ལ།
    མཁས་པའི་ཆོ་ལོ་བྱིན་ཆོག

  • By རྩམ་དགའ་, སྤྱི་ཟླ་དགུ་པ། 21, 2009 @ 8:26 pm

    བརྩེ་བའི་དྲ་གྲོགས་རྣམ་པ་ལགས།
    ཉེ་ཆར་མ་སུ་རི་བོད་ཁྱིམ་སློབ་གྲ྄འི་སློབ་མ་ལོ་ན་བཅུ་དྲུག་ལས་མ་སོང་བའི་བུ་མོ་ཞིག་ལ། ཁྱིམ་ཚང་གི་ཕ་རྒན་ཞིག་གིས་བཙན་གཡེམ་བྱས་པའི་གནས་ཚུལ་འདི་བདེན་པ་ཡིན་ན།
    ང་ཚོས་འདིའི་ཐད་ལས་འགུལ་འདྲ་སྤེལ་དགོས་པར་སེམས།
    ལོངས་ཤོགས

  • By སྦྲ་ནག་ཚང་གི་ལྕེ་ནག་།, སྤྱི་ཟླ་དགུ་པ། 21, 2009 @ 11:38 pm

    མཁས་པ་མིན་ཞིག་གི་མཁས་བའི་ཆོ་སྟེར་གི་།
    ཁྲིམ་དཔོན་མིནཔ་ཞིག་གི་ཉེས་དོན་འདྲི་གཅོད་ཡེད་གི་།
    ཉེ་ཆར་བོད་ནས་བོད་མི་ཚོ་རང་དབང་མེན་གི་ཟེར་གི་། དེ་བདེན་པ་རེད་དམ་། ང་ཚོའི་དེའི་ཐད་ལ་ལས་འགུལ་འདྲ་སྤེལ་ན་མི་ལེགས་སམ་།

  • By རྩམ་དགའ་, སྤྱི་ཟླ་དགུ་པ། 22, 2009 @ 10:05 am

    བདེན་གི
    མི་ངན་འདིའི་རྒྱབ་མདུན་ན་མི་ཆེན་མང་རབས་གོ་ཐལ། ང་ཉམ་ཆུང་འཕག་རུང་ནུས་པ་ཐོན་ནི་མ རེད། ད་མཚམས་འཇོག་གོ
    ཕ་མ་ཉེ་འབྲེལ་རྒྱབ་ཏུ་བསྐྱུར་ནས་་སྐྱིད་སྡུག་ལོ་ཟླ་མི་ཡུལ་བསྐྱར། །
    ཁྲེལ་མེད་ཕ་རྒན་ལོ་ལོན་ཞིག་གིས་མ་བསམ་ས་ནས་་བཙན་གཡེམ་བཏང་། །
    གཏམ་ངན་འདི་ཡིས་དཔུང་རོགས་ཞེན་པའི་མི་ཆུང་ཁོ་བོར་སྡུག་ལ་སྦྱར། །
    ཀྱེ་མ་ཉམ་ཆུང་བུ་མོ་ཁྱོད་ནི་ལས་ངན་ནང་གི་ལས་ངན་ཞིག །

  • By གཞོན་ནུ་ཟླ་མེད, སྤྱི་ཟླ་དགུ་པ། 22, 2009 @ 5:33 pm

    མགོ་ན་མིག་མེད་ཁོག་ན་རུས་པ་མེད།།
    ཁ་ན་སོ་མེད་ལུས་ན་ཡན་ལག་མེད།།
    སྐྱི་མོའི་ཤམ་ལ་་ཅན་གྱི་གདོན་འདྲེས་དེས།།
    ག་ས་གང་ནས་སྡིག་པ་བསགས་འཇོག་གི།
    ནམ་ཞག་རྒྱུན་དུ་ཞི་དུལ་བགས་ཡོད་ཅན།།
    བྱི་མོ་རིག་ན་རྒྱ་གདོན་ཞུགས་འགྲོ་ནོ།།
    གསྡིག་པའི་ལས་འབྲས་དེ་ཡིས་མི་རིག་གི།
    རྒྱལ་བོའི་ཁྲིམས་ལུགས་དེ་ཡིས་མི་ཤེས་གི།

  • By གཞོན་ནུ་ཟླ་མེད, སྤྱི་ཟླ་དགུ་པ། 22, 2009 @ 5:45 pm

    སྐྱི་མོའི་སྦུག་གི་བྱི་མོར་འབྱར་འགྲོ་ནོ།།
    རྒྱལ་ཁྲིམས་ཆོས་ཁྲིམས་ཚང་མ་གཤིག་འགྲོ་ནོ།།
    བྱ་ཆེན་གོ་བོ་ཀླད་ཀར་ཡོད་ཀྱི་ན།།
    ལམ་སང་ཁ་ལ་ཧོ་མ་ར་ཡ་ཕཊ།།

  • By རྩམ་དགའ་, སྤྱི་ཟླ་དགུ་པ། 22, 2009 @ 10:06 pm

    ཉམ་ཆུང་ཐུབ་ཚོད་གཏོང་རྐྱང་བྱས་ནའང་། །
    གོ་མེད་ཚོར་མེད་ངང་ལ་བཞག་པ་འདིས། །
    ངེད་ཅག་ཚང་མ་རྒྱ་བོད་ཁྲིམས་ལུགས་ལ། །
    རྨོངས་པའི་བརྡ་ཞིག་བྱིན་པ་མ་ཡིན་ནམ། །

  • By སྦྲ་ནག་ཚང་གི་ལྕེ་ནག་།, སྤྱི་ཟླ་དགུ་པ། 23, 2009 @ 4:43 am

    སྤྱི་མཐུས་རལ་ལུ་ཅན་གྱི་ལམ་གྲོན་གྱི་དོན་ལ་སྤྱི་མཐུས་ཚོགས་འདུ་གྲོལ་ཐལ་ཟེར་ག

  • By རྩམ་དགའ་, སྤྱི་ཟླ་དགུ་པ། 23, 2009 @ 11:55 am

    ཨ་ཡོ་ཤུ
    རྩེད་ཀི་རྩེད་ཀི་དགུང་ལ་འགྲོ་ཡ་དགུང་སྔོན་ཡངས་པའི་གུར་ཁྱིམ་ལ། །
    དུང་གི་ནུ་མ་ཕྱི་རུ་ངོམ་པའི་ལྷ་མོའི་ཚོགས་ལ་མཇལ་དུ་འགྲོ། །
    རྒྱུ་འབྲས་མེད་པའི་དཔོན་འབངས་དག་གི་ཁ་མིག་གཉིས་ཀ་དུམ་བུ་རུ། །
    གཅོད་ལ་རྣོན་པོའི་མདའ་མོ་ལེན་པ་ལྷ་ཆེན་ཚངས་པའི་མདུན་ལ་འགྲོ །

  • By སྦྲ་ནག་ཚང་གི་ལྕེ་ནག་།, སྤྱི་ཟླ་དགུ་པ། 24, 2009 @ 4:41 am

    རང་གཟུགས་བསྟན་པ་ཐུགསགརྗེ་ཆེ

  • By རྩམ་དགའ་, སྤྱི་ཟླ་དགུ་པ། 24, 2009 @ 8:15 pm

    ཁ་ཁོག་རུལ་བའི་མི་དག་ལ། །
    ཁ་སེམས་སྙིང་གཏམ་གླེང་བ་ལས། །
    ཁ་ཁུ་སིམ་པའི་ཁང་ཆུང་དུ། །
    ཁ་རོག་ཉལ་ན་སྐྱིད་པ་ལ། །

  • By གཞོན་ནུ་ཟླ་མེད, སྤྱི་ཟླ་དགུ་པ། 26, 2009 @ 6:58 am

    ཁ་སང་ཕན་ཚུལ་བེ་ནེ་ཡའི་ནང་འཚོགས་བཞིན་པའི་དཔལ་འབྱོར་དོན་རྐྱེན་སྐོར་གྱི་ཚོགས་འདུ་ G – 20 ཟེར་བ་དེར་ཚེས་༢༤ ཉིན་བོད་པ་མ་གཏོངས་ངོ་རྒོལ་བྱེད་མཁན་མཐོང་མ་སོང་། འོན་ཀྱང་ཚེས་ ༢༥ ཉིན་མི་གྲངས་ཁྲི་ཕྲག་ལས་བརྒལ་བས་ངོ་རྒོལ་བྱེད་ཀྱི་འདུག ཨ་རི་གཞུང་གིས་དྲག་ཆས་ཉེན་རྟོག་པ་སྟོང་ཕྲག་བཞི་ལས་བརྒལ་བ་འཏང་འདུག དེའི་ནང་དུ་རྟ་ཡི་སྡེ་ཚན་དང་། ལྕགས་རྟའི་སྡེ་ཚན། སྦག་སྦག་སྡེ་ཚན། སྤྱང་ཁྱིའི་སྡེ་ཚན། རྒྱུགས་པའི་སྡེ་ཚན། མེ་མདའ་སྡེ་ཚན། སོགས་ཁེངས་ནས་བསྡད་ཡོད་པ་རེད།
    ཡིན་ན་ཡང་། ཚོགས་ཁང་ཆེན་མོ་མདུན་གྱི་ཟམ་པ་དེའི་སྒང་ནས་མི་ཚོགས་ཚང་མས་ཚོགས་ཁང་ལ་འཁོར་ནས་སྐད་བརྒྱག་པ་དང་། དཀྱིལ་མཛུལ་ཡར་ལ་ཀེར་བ། ད་དུང་ fuck you ཟེར་ནས་སྐད་རྒྱགས་མཁན་ཁེངས་ནས་འདུག སྲིད་འཛིན་དེ་ཚོ་ཡིན་མིན་མ་ངེས་ཀྱང་། མི་མང་པོས་མདུན་ཕྱོགས་ཀྱི་ཤེལ་སྒོའི་ནང་ནས་ཚུར་བལྟས་བསྡད་འདུག

  • By རྩམ་དགའ་, སྤྱི་ཟླ་དགུ་པ། 28, 2009 @ 6:21 pm

    ཀ་ཁ་ག་ངའི་འགོ་མཇུག་ཙམ་ལ་རྨོངས་པའི་མི་ཚོས་ཉེ་བཀུར་་བའི། །
    ཁ་ཁོག་གཉིས་ཀ་སྐྱག་པས་བཀང་བའི་དཔོན་ཆེན་འགའ་ཡི་གཤིས་ལུགས་ལ། །
    ག་ལེར་བསམ་ན་ད་དུང་ང་ཚོ་རྒྱ་དམར་ཏང་གི་བཙན་འོག་ཏུ། །
    ང་ཁྱོད་འཁོན་རེས་ཁྲག་དོག་མེད་པར་མགོ་བོ་སྒུར་ནས་ཞུགས་ན་སྐྱིད། །

  • By འབའ་ལུ་གུ, སྤྱི་ཟླ་དགུ་པ། 29, 2009 @ 11:45 pm

    ཁ་ཁོག་མཐུན་པའི་གྲོགས་པོ་ལ། ཁ་བརྡ་སྙིང་གཏམ་བཤད་ན་འདོད་། ཁ་སང་དེ་རང་དྲ་ངོས་ན། ཁ་བརྒྱག་སྟོང་གཏམ་ཤ་ར་ར།

  • By རྩམ་དགའ་, སྤྱི་ཟླ་དགུ་པ། 30, 2009 @ 11:17 pm

    བདེན་ནོ་བདེན་ནོ་འབའ་ལུ་གུ་ཁྱོད་བདེན་ནོ། །
    དུས་དེང་སང་སྙིགས་མའི་མཐའ་འདི་ལ། །
    ཁ་སྙིང་གཏམ་བཤད་ན་གོ་ལོག་ལེན་གི །
    ཚིག་སྟོང་གཏམ་སྨྲས་ན་ཉན་མཁན་མང་གི །

  • By བོད། ཤ་ཁྲག་རུས་གསུམ།, སྤྱི་ཟླ་བཅུ་པ། 4, 2009 @ 3:49 pm

    བོད་དུ་ཕེབས་རན་རེད་འདུག

    ང་ཡི་༧རྩ་གསུམ་བླ་མ།།
    ༧སྐྱབས་རྗེ་ཡིད་བཞིན་ནོར་བུ།།
    མི་འགྱངས་ཁ་བ་ཅན་ལ།།
    ཕེབས་པར་གསོལ་བ་ངས་འདེབས།།

    མི་ཚེ་ཕྱེད་ཀའི་རིང་དུ།།
    ས་མཐའི་ལྗོངས་སུ་བཞུགས་སོང་།།
    རང་ཡུལ་གངས་ཅན་བོད་མིས།།
    ད་ནི་སྒུག་ཡུན་རིང་སོང་།།

    བོད་མི་ས་ཡ་དྲུག་གིས།།
    ༧སྐུ་ཉིད་ཁོ་ན་དྲན་ནས།།
    རང་གི་གཅེས་པའི་སྲོག་ཀྱང་།།
    ཤོར་ཡང་བློ་འགྱོད་མེད་རབས།།

    གཞན་ཡུལ་རང་དབང་ཁྲོད་དུ།།
    སྐུ་ཚེ་འཕེན་པ་རྫོགས་ཚེ།།
    རང་ཡུལ་ཁ་བ་ཅན་ལ།།
    མི་ཤི་རྟ་འགྱེལ་བྱུང་ངེས།།

    ད་ནི་༧སྐུ་ཉིད་ཁོ་ན།།
    གངས་རིའི་ལྗོངས་ལ་ཕེབས་ན།།
    ཤི་བོའི་རྣམ་ཤེས་བདེ་ངེས།།
    གསོན་པོའི་ཞེན་འཁོན་སངས་ངེས།།

    ༧སྐྱབས་རྗེ་གངས་རིའི་ལྷ་སྐལ།།
    ཐུགས་ལ་ཉེ་རིང་མེད་ཀྱང་།།
    རང་རིགས་ཁ་བ་ཅན་པ།།
    བསྐལ་བའི་བར་དུ་མ་གཏོང་།།

  • By རྩམ་དགའ་, སྤྱི་ཟླ་བཅུ་པ། 5, 2009 @ 8:13 pm

    ༧གོང་ས་མཆོག
    ཁ་བ་གངས་ཅན་ཡུལ་གྱི། །
    ལྷ་སྡེ་མི་སྡེ་ཡོངས་ཀྱིས། །
    ལག་ཟུང་ཐལ་མོ་སྦྱར་ནས། །
    ཁྱོད་ལ་རེ་སྒུག་བྱས་ཡོད། །

    ཕྱི་གླིང་མི་ཡི་ཡུལ་ནས། །
    ཁ་བའི་བསྟན་སྲིད་དོན་ལ། །
    སྐུ་ངལ་ཚད་མེད་བསྐྱོན་ནས། །
    མཛད་འཕྲིན་སྐྱོངས་པ་བཟང་མོད། །

    དད་གསུམ་སྙིང་གི་ནོར་བུ། །
    གངས་ཅན་མགོན་པོ་ཁྱེད་ནི། །
    ཕོ་བྲང་པོ་ཏ་ལ་རུ། །
    ཕེབས་པའི་དུས་ལ་བབ་འདུག །

    ཕྱི་ལ་སྐྱིད་སྐྱིད་འདྲ་ཡང་། །
    ནང་སེམས་སྡུག་གིས་མྱོས་པའི། །
    གུས་འབངས་དད་པའི་ཀློང་ནས།
    ཁྱེད་ལ་རེ་སྒུག་བྱས་ཡོད། །

  • By སྟོབས་པོ་ཆེ་, སྤྱི་ཟླ་བཅུ་པ། 13, 2009 @ 5:24 pm

    རང་དབང་བརྩོན་ལེན་གྱི་མ་རྩ།
    མགོན་པོ་ཞི་བ་ལྷས། མཚོན་གྱི་ནང་ནས་བྱམས་པ་མཆོག་ཅེས་གསུངས་པ་ལྟར། ཞི་བའི་ལམ་ནས་མི་རིགས་རང་ཉིད་ཀྱི་རང་དབང་བརྩོན་ལེན་བྱེད་བཞིན་པའི་མཐོ་སྒང་གི་མི་རིགས་འདི་ལ་རང་དབང་བརྩོན་ལེན་བྱེད་པའི་མ་རྩ་ཅི་ཡོད་ཅེ་ན། སྟོན་པ་ཤྰཀྱ་ཐུབ་པ་དང་སྟོན་པ་གཤེན་རབ་མི་བོ་ཆེ་རྣམ་གཉིས་ཀྱིས་བཞག་གནང་བའི་ཆོས་དང་བོན་གྱི་ལེགས་བཤད་འཇིག་རྟེན་ཡིད་ཀྱི་བདུད་རྩིར་གྱུར་པ་གཉིས་ཡོད་ལ། ཡབ་མེས་རྣམས་ཀྱིས་བཞག་པའི་རིག་པའི་རྣམ་གྲངས་ལྷག་མ་དགུ་པོ་ཡང་ཡོད། ད་དུང་ལོ་རྒྱུས་ལས་མདུན་སྐྱོད་ཀྱི་རྒྱགས་ཕྱེ་འཚོལ་དགོས་པ་ཡིན་པས། སྲོང་བཙན་སྒམ་པོའི་དཔའ་དང་། ཐོན་མི་སམ་བྷོ་ཊའི་བློ་གྲོས། མགར་སྟོང་བཙན་གྱི་གཡོ། ས་སྐྱ་པཎྡི་ཏའི་ཇུས། སི་ཏུ་བྱང་ཆུབ་རྒྱལ་མཚན་གྱི་སྡུག་རུས་འཁྱོག་ཚད་དང་ངན་ལས་ཀྱང་རང་དབང་རྩ་དོན་བརྩོན་ལེན་ལ་ཕན་པའི་རིག་པ་འཚོལ་ས་ཡང་ཡོད་པ་ཡིན། དེ་དག་ལས་ཀྱང་གལ་ཆེ་བ་ནི་ང་ཚོའི་མི་རིགས་འདི་ཡི་སྐྱེ་བོ་ཕལ་མོ་ཆེ་ལ་སྐྱིད་ལ་ཁའི་རྩ་ལ་མཉམ་ཟ་དང་།སྡུག་ཀོ་མོག་ཆུ་ལ་མཉམ་འཐུང་བྱེད་པའི་མི་རིགས་ཀྱི་གཤིས་ཀ་ཡོད་པ་དང་། གནའ་བོའི་དུས་ནས་རང་གི་རིགས་ལ་ཞེན་ཞིང་དུང་པའི་མེས་པོའི་སྲོལ་རྒྱུན་བག་ཆགས་ཡོད་པ་ཡིན། འདི་དག་ནི་མ་འོངས་ཀྱག་ཀྱོག་གི་ལམ་བུའི་ཁྲོད་དུ་ང་ཚོའི་མི་རིགས་འདི་ཡི་ལམ་གསལ་སྒྲོན་མེ་བཞིན་དུ་འགྱུར་ངེས་ཡིན།

  • By རྩམ་དགའ་, སྤྱི་ཟླ་བཅུ་པ། 17, 2009 @ 11:25 am

    ཨ་ཅེ་གཡུ་ཞུན་ལགས་ལ་ཞུ་རྒྱུར་འཕྲིན་ཐུང་འདི་ནི་ཨ་ཁུ་བོན་རྒྱ་ལ་བསྐུར་ཨེ་ཐུབ་ལྟ་རོགས་བཀའ་དྲིན་ཆེ།་

    བཀུར་འོས་ཨ་ཁུ་བོན་རྒྱའི་གོ་སྒྲིག་འོག་ནས་དོ་དགོང་སྤུན་ཟླ་མང་པོ་དུས་ཐོག་གཅིག་ལ་འཛཽམས་ནས་བརྗོད་གཞི་འདྲ་མའི་སྒང་ལ་བགྲོ་གླེང་གནང་བར་སྙིང་ནས་བཀའ་དྲིན་ཆེ།
    འདི་ནི་ང་ཚོའི་སྤུན་ཟླའི་བར་གྱི་བརྩེ་སེམས་ཟབ་མོར་མཚོན་བྱེད་ཡིན་ལ་སོ་སོའི་སྙུག་རྩལ་གོང་མཐོར་གཏོང་བའི་ལམ་ཁ་ཡག་ཤོས་ཤིག་གྱང་རེད འདོད། དེས་ན་མ་འོངས་པར་བརྗོད་གཞི་གཅིག་གི་ཐོག་ལ་འདི་འདྲའི་བགྲོ་གླེང་གནང་ཐུབ་ན་དགེ་མཚན་ཆེ་བར་འདུག་སྙམ་པའི་ཚོར་སྣང་ཡང་བྱུང་། ད་རའི་བགྲོ་གླེང་འདིས་མི་ཆུང་ང་འདྲའི་གྲོགས་ཀློག་མཁན་མི་ཉུང་བ་ཞིག་ལ་བློ་སྐྱེད་མང་ཙམ་བྱིན་ཡོད་ལ་རྗེས་མ་འདི་འདྲའི་གོ་སྐབས་རེ་ཡོད་ན་ཉམ་ཞུགས་བྱ་རྒྱུན་སྤོབས་པར་སྟེར་ཡོད། བགྲོ་གླེང་སྐབས་སུ་མི་སུམ་ཅུ་བསམ་པ་སུམ་ཅུ། མཛོ་སུམ་ཅུ་ར྄་ཁ་དྲུག་ཅུ་ཟེར་བའི་དཔེ་ལྟར་ང་ཚོོའི་བསམ་ཚུལ་གཅིག་པ་རང་ཡོང་མི་ཐུབ་ནའང་། འབབ་ས་དེ་རང་རིགས་རིག་གཞུང་དང་མི་རིགས་བསམ་བློ་ཡར་རྒྱས་གཏོང་ཕྱོགས་སྒང་ལ་བབ་ཡོད་པར་ཁོ་བོས་འདོད་ཀིན་ཡོད། སླར་ཡང་ཁྱེད་རྣམས་ལ་ཐུགས་རྗེ་ཆེ་ཞེས་ཀློག་མཁན་རྩམ་དགའ་ནས་གུས་འཕུལ། །

  • By དཀོན་མཆོག་བོད་རང་བཙན་དྲྭ་ཚིགས་ནས།, སྤྱི་ཟླ་བཅུ་གཅིག་པ། 3, 2009 @ 3:26 am

    ར་མ་ལུག་གི་ལྟ་བ་མི་འཛིན་ཅིང་། །དབྱིན་མ་བོད་ཀྱི་ཆས་གོས་མི་གྱོན་པ། །
    འགྲོ་འདུག་སྤྱོད་ལམ་བཟང་བའི་ཡིད་འོང་མའི། །རང་བཞིན་དྲང་པོར་བརྗོད་ལ་སྤྲོད་བ་བརྟས། །

  • By བོད། ཤ་ཁྲག་རུས་གསུམ།, སྤྱི་ཟླ་བཅུ་གཅིག་པ། 19, 2009 @ 2:42 am

    བོད་མི་གྲལ་མཐའ་བ་ཞིག་གི་འབོད་སྐུལ་ཡིན།

    བོད་གཅིག་ཡིན། རྨི་ལམ་གཅིག་ཡིན། དམིགས་ཡུལ་གཅིག་ཡིན། འཐབ་ཕྱོགས་གཅིག་ཡིན། ཆོས་ལུགས་ཆོལ་ཁའི་སྐད་ཆ་ཟེར་བ་ཞིག་གི་ཆེད་དུ་སྐད་ཆ་ནམ་ཡང་བཤད་དགོས་དོན་མེད། བོད་སྐྱབས་བཅོལ་བ་ཡིན། ང་རང་སྐྱབས་བཅོལ་གཞུང་གི་གནས་བབ་འོག་ནས་བོད་ལ་མཁོ་བའི་སྤྱི་མི་ཞིག་བྱེད་རྒྱུ་དེ་ནི་ངའི་དམ་བཅའ་ཡིན་པ་དང་དམ་བཅའ་དེའི་ཆེད་དུ་ང་རང་གིས་བོད་མི་མང་གི་མིང་ཞིག་འཁུར་ནས་བསྡད་ཡོད། དེའི་ཆེད་དུ་ང་རང་གི་རྐུབ་སྟེགས་འདི་ནི་རང་ཉིད་ཀྱི་ཚེ་སྲོག་དང་འཚོ་བ་ལས་ཀྱང་རྩ་ཆེར་འཛིན་གྱི་ཡོད་ཟེར་ནསབསམ་འཕོད་པ། བཤད་འཕོད་པ། སྒྲུབ་འཕོད་པ་ཞིག་འུ་ཅག་བཙན་བྱོལ་གཞུང་གི་རྐུབ་སྟེགས་སྟེང་དུ་མ་སླེབས་པར་དུ། བོད་བཙན་བྱོལ་གཞུང་ལ་ཡར་རྒྱས་ཤིག་མེད་པར་ཐག་བཅད་དེ་བཤད་ཐུབ་ཀྱི་འདུག འདི་ནི་བདག་གིས་རང་ཉིད་བོད་མི་གྲལ་མཐའ་བ་ཞིག་གི་དུས་རྒྱུན་དུ་ཡིད་ལ་དྲན་བཞིན་པའི་བསམ་ཚུལ་ཞིག་ཡིན། སྐད་ཆ་འདི་སུས་གོ་ན་སྤྱི་འཐུས་མིང་འཁུར་བའི་བོད་མི་སེར་སྐྱ་ཕོ་མོ་སུ་ཡིན་གྱི་སྙན་ལམ་དུ་སྒྲོན་རོགས་ཞུ།

  • By བོད། ཤ་ཁྲག་རུས་གསུམ།, སྤྱི་ཟླ་བཅུ་གཅིག་པ། 19, 2009 @ 5:01 pm

    རང་ཁ་གསེར་གྱི་སྒོ་མོ་ནས་རང་སྲོག་གཅོད་ཀྱི་སྟ་རེ་ཟེར་སྲོལ་སྲིད་པའི་གཏམ་དུ་ཡོད་པ་བཞིན། སྤྱི་མི་མིང་འཁུར་མཁན་བོད་མི་དམངས་ཀྱི་འཐུས་ཚབ་དུ་གཏོགས་པ་དེ་ཚོས་སྐད་ཆ་བཤད་ལུགས་འདིས་སེམས་པ་ལ་ན་ཟུག་རྒྱག་པ་དང་། ཨ་ཐང་ཆད་པ། རེ་བ་མེད་པ། རྒྱའི་སྲིད་གཞུང་གིས་འདོད་ཐོག་དུ་རྟ་རྒྱུག་རྒྱུར་རམ་འདེགས་བྱེད་མཁན་ཞེ་གཅིག་ལས། བོད་མི་མང་གི་འཐུས་ཚབ་མཚོན་ཐུབ་པའི་སྐད་ཆ་བཤད་ཤེས་པ་ནས་ལག་ལེན་དུ་འཁྱེར་ཐུབ་མཁན་གྱི་རྣམ་པ་ཞིག་མཐོང་མི་ཐུབ་པ་འདིས། བོད་རིགས་སེར་སྐྱ་མང་ཚོགས་
    བོད་མི་གྲལ་མཐའ་བ་ཞིག་གི་འབོད་སྐུལ་ཡིན། གཉིས་པ།

    རྒན་གཞོན་བོད་མི་རིགས་ཀྱི་བདེན་དོན་ལ་སེམས་འཁུར་ཡོད་མཁན་གང་ན་སུ་ཡོད་པ་དག་གིས་སེམས་ཁོང་དུ་ཆུ་འཁྱག་སྐྱོག་བཀང་དང་། རྒྱའི་སྲིད་གཞུང་གིས་འདོད་བློ་ཐེངས་ཤིག་སྐོང་སོང་ཞེས་བཤད་ཀྱང་། གཏན་ནས་ནོར་མེད་ཚོད་དུ་སྣང་བའི་གྲོས་ཚོགས་ཀྱི་ཟུར་འདི་མཐོང་དུས། བོད་ཟེར་བའི་མིང་ཚིག་འོག་ནས་སྐད་ཆ་བཤད་ཤེས་པ་ནས། བསམ་བློ་གཏོང་ཤེས། བསམ་བློ་གཏོང་ཤེས་པ་ནས་ཉན་ཤེས་པ། ཉན་ཤེས་པ་ལག་ལེན་དུ་འགེལ་མཁན་མེད་པ་འདི་ནི་༧གོང་ས་སྐྱབས་མགོན་རྒྱལ་བའི་དབང་བོ་མཆོག་གི་ཐུགས་རེ་ཆུད་ཟོས་དང་། བོད་ནང་གི་བོད་མི་ཁྲི་མ་འབུམ་གྱི་གཙོ་བའི་བོད་མི་མང་གི་ཆེད་དུ་ལུས་སྲོག་བཏང་ཟིན་པའི་དབའ་བོ་དབའ་མོ་དག་གི་རྣམ་ཤེས་ལ་ཡང་གུས་བརྩི་ཙམ་ཡང་བྱེད་མ་ཐུབ་པ་ཞིག་མཐོང་གི་འདུག་ན། རྗེས་ཕྱོགས་འདི་འདྲའི་བྱ་བ་ནོར་འཁྲུལ་ཅན་མི་འབྱུང་བའི་ཆེད་དུ། བོད་སྙིང་ཡོད་མཁན་གང་ས་སུ་བཞུགས་པ་དག་གིས་རང་གཅེས་རང་བདག་གིས་བོད་མི་རིགས་ཀྱི་ལས་དབང་ལ་འགན་ཞིག་ལེན་རྒྱུར་རེ་སྐུལ་སེམས་ཁོང་རུས་པའི་གཏིང་ནས་སླར་ཡང་ཐེངས་ཤིག་བྱེད།

  • By བོད། ཤ་ཁྲག་རུས་གསུམ།, སྤྱི་ཟླ་བཅུ་གཅིག་པ། 19, 2009 @ 5:02 pm

    དགོངས་དག ཁ་བྱང་དཀྱིལ་དུ་ཤོར་འདུག

  • By གཡུ་ཞུན, སྤྱི་ཟླ་བཅུ་གཅིག་པ། 19, 2009 @ 8:09 pm

    གང་གི་ཁ བྱང་བརྗོད་ཀྱིན་ཡོད་།

  • By བོད། ཤ་ཁྲག་རུས་གསུམ།, སྤྱི་ཟླ་བཅུ་གཅིག་པ། 21, 2009 @ 5:09 am

    བོད་མི་གྲལ་མཐའ་བ་ཞིག་གི་འབོད་སྐུལ་ཡིན། གཉིས་པ།

    ཨ་ཅེ་གཡུ་ཞུན་ལགས། འདི་ལ་ཟེར་གྱི་ཡོད་ལགས།

  • By རྩམ་དགའ་, སྤྱི་ཟླ་བཅུ་གཅིག་པ། 21, 2009 @ 3:41 pm

    ཆོས་མེད་སྨྲ་བའི་རྒྱ་དམར་སྲིད་གཞུང་གིས། །ཆོས་ལྡན་ཁ་བ་རི་བའི་སྲོག་སྙིང་དེ། །
    སྐད་དང་ཡི་གེ་འདི་ཉིད་རྩ་མེད་དུ། །བཏང་དང་གཏོང་བཞིན་ཡོད་པ་འདི་ལྟར་ཡང་། །

    རང་རིགས་བོད་མི་ཀླད་མེད་འགའ་ཞིག་གིས། །རང་རིགས་སྐད་དང་ཡི་གེ་འདི་གཉིས་པོ། །
    བདག་མེད་གད་སྙིགས་ཁྲོད་དུ་གཡུག་བྱས་ནས། །གཞན་གྱི་སྐད་ཡིག་མཐོང་ཆེན་བྱེད་པ་འདིས། །

    རྒྱ་དམར་གཞུང་གི་དམིགས་ཡུལ་འགྲིག་པ་ལས། །རང་རིགས་ཆོས་སྲིད་ཉམས་པ་སླར་གསོ་ལ། །
    ཕན་ལས་གནོད་པ་ཆེ་བའི་འགྲོ་ལུགས་འདི། །ད་ནས་བསྒྱྱར་ན་རན་པོ་མི་འདུག་གམ། །

    འཛམ་གླིང་གསུམ་ཆ་དབང་བསྒྱུར་མཛད་མྱོང་བའི། །རང་རིགས་ཆོས་རྒྱལ་གོང་མ་རིམ་བྱོན་ནས། །
    བརྒྱུད་པའི་ལོ་རྒྱུས་གཙང་མའི་སྐད་ཡིག་འདི། །སྲོག་ལ་བབ་ཀྱང་གཅེས་པ་འཛིན་པར་རིགས། །

    རང་རིགས་རྒྱལ་ཁབ་རང་གིས་འཛིན་པ་ལ། །སྐད་དང་ཡི་གེ་མེད་ན་ཅི་ལྟར་སྐྱོང་། །
    རང་རིགས་རྒྱལ་ཁབ་སྲི་ཞུ་བསྒྲུབ་པ་ལ། །སྐད་ཡིག་འདི་ཉིད་མེད་ན་ཅི་ལྟར་སྒྲུབ། །

    དེས་ན་ཁ་བའི་རྒན་གཞོན་ཚང་མ་ཡིས། །སོ་སོའི་ལྟོ་གོས་ཙམ་ལ་མ་ཆགས་པར། །
    རང་རིགས་སྐད་ཡིག་འདི་གཉིས་ཡར་རྒྱས་ལ། །འགྲོ་བའི་ཐར་ལམ་འཚོལ་བར་ཁོ་བོ་རེ། །

  • By ཆོས་འཕེལ་དར་རྒྱས།, སྤྱི་ཟླ་བཅུ་གཅིག་པ། 27, 2009 @ 1:13 pm

    ངས་ཁྱེད་ཀྱི་མགྲིན་པར་ལག་པས་བསྐྱོར་ནས་མཆུ་སྒྲོས་ཀྱི་འདབ་མ་བདག་གི་ཁ་ལ་སྦྱོར་དུས་། ངའི་སེམས་པ་ཁྱེད་ལ་ཤོར།
    བདག་གི་ཡིད་དབང་འཕྲོག་པའི་སྦེ་རག་ཤེལ་ཏམ་ལགས། དུས་ནམ་ཡང་ཁྱེད་དང་མི་བྲལ་བར་ཅིག།

  • By བོད། ཤ་ཁྲག་རུས་གསུམ།, སྤྱི་ཟླ་བཅུ་གཉིས་པ། 2, 2009 @ 4:22 pm

    ཞལ་འདེབས་སློང་གི་འདུག

    ང་ཚོ་བོད་པ་དག་གིས་ཕྱི་རྒྱལ་གྱི་མི་ཞིག་དང་ངོ་ཤེས་ཆགས་པ་ནས་བཟུང་དེ། དམིགས་ཡུལ་ཡང་དེ་མཚུངས་ཀྱི་བཟང་བོ་ཞིག་མེད་པར་འདུག་པའི་ཚོར་བ་དེ་ནི་ང་རང་ལ་སྔ་ས་ནས་སྐྱེ་མྱོང་ཡོད་ཀྱང་། དེའི་བསྐོར་ལ་གང་ཡང་བཤད་འདོད་མེད་པར་བཞག་པ་ཡིན། འོན་ཀྱང་། དེ་རིང་འདི་ནས་མ་གླེང་ཐབས་མེད་ཀྱི་གནས་ཚུལ་ཞིག་ནི་འདི་འདྲ་རེད། འོག་གི་སྐད་ཆ་འདི་དག་ནི་ང་རང་གི་ངོ་ཤེས་པའི་ཕྱི་རྒྱལ་བ་གྲོགས་མོ་ཞིག་གི་སྐད་ཆ་དངོས་ཡིན།

    ངས་ཁོ་མོ་འདི་ལྟར་དྲིས་པ་ཡིན། ཁྱེད་རང་གི་གྲྭ་བ་དེ་ཇི་ལྟར་ངོ་ཤེས་པ་ཡིན།

    ཁོ་མོས་ང་རང་ལ་བཤད་རྒྱུར། ང་རང་རྒྱ་གར་ལ་གུང་གསེང་དུ་ཟླ་ངོ་གཅིག་གི་རིང་དུ་ཕྱིན་དུས། རྡ་ས་མེག་ལོར་བོད་ཀྱི་གཙུག་ལག་ཁང་གི་མདུན་དུ་ངའི་གྲོགས་མོ་དང་ངེད་གཉིས་མཚར་སྣང་གིས་དེ་རུ་ལྟ་བསྐོར་དུ་སོང་བ་ཡིན། དེ་དུས་གཞི་ནས་རང་ཉིད་ཀྱི་མི་ཚེ་ནང་དུ་དངོས་སུ་ཐོག་མར་མཐོང་བའི་བོད་ཀྱི་གྲྭ་བ་མང་བོ་ཞིག་དང་མཇལ་སོང་། དེ་དུས་ངའི་གྲོགས་མོ་ངེད་གཉིས་ཀྱིས་གཙུག་ལག་ཁང་གི་འགྲམ་གྱི་མ་ཎི་འཁོར་ལོ་དེ་དག་གཡས་གཡོན་གང་དུ་བསྐོར་དགོས་མིན་ཤེས་ཀྱི་མེད་སྟབས། ངེད་གཉིས་ཀྱིས་མ་ཎི་འཁོར་ལོའི་འགྲམ་དུ་འདྲ་དཔར་ལེན་ཞོར་དུ། མ་ཎི་འཁོར་ལོ་དེ་དག་གཡོན་བསྐོར་བྱེད་བཞིན་པའི་སྐབས་སུ། གྲྭ་བ་ཞིག་ང་རང་གི་འགྲམ་དུ་སླེབས་ནས། ནོ། ནོ། ཟེར་ནས་ང་རང་ལ་དེ་འདྲ་མིན་པའི་བསྐོར་ལ་བརྡ་ཞིག་བསྟན་སོང་།

    དེ་ནས་ངས་ཀྱང་ཁོ་རང་གི་གསུངས་པ་ལྟར་གཡས་བསྐོར་བྱས་པ་ཡིན། དེ་དང་འགྲོག་ནས་གྲྭ་བ་དེས་ང་རང་ལ་ཁྱེད་རང་གང་ནས་ཡོང་བ་ཡིན་སོགས་སྐད་ཆ་མི་ཉུང་བ་ཞིག་དྲིས་པ་དེ་དག་ལ་རེ་རེ་བཞིན་ལན་འདེབས་བྱས་པ་ཡིན་ལ། ཁོང་གིས་དགའ་སྣང་དང་འཛུམ་མདངས་སྟོན་ཞོར་དུ་ང་རང་ལ་འདྲ་དཔར་ཞིག་བསྟན་ནས་འདི་ངོ་ཤེས་སམ་ཟེར། དེ་དུས་ང་རང་གི་སྔོན་ཆད་ནས་མཐོང་མྱོང་བའི་༧གོང་ས་མཆོག་གི་འདྲ་དཔར་ཞིག་རེད། ང་རང་གིས་ཀྱང་དེ་ཤེས་པའི་བསྐོར་བཤད་པ་ཡིན།

    ཉིན་མ་དེ་ནི་ང་ཚོ་ངོ་ཤེས་པའི་ཉིན་མོ་དང་བོ་ཡིན། དེ་ནས་གྲྭ་བ་དེས་ཁོ་རང་རྒྱ་གར་ལྷོ་ཕྱོགས་ཀྱི་གྲྭ་བ་ཞིག་ཡིན་པ་དང་། གནས་སྐབས་རིང་དུ་རྡ་སར་ཡོང་བ་དང་ཞོར་དུ་དབྱིན་ཡིག་ཞིག་སྤྱོང་འདོད་ཡོད་རབས་སོགས་བཤད། གང་ལྟར། ང་རང་གིས་རང་ཉིད་ལ་དུས་ཚོད་མང་བོ་ཞིག་མེད་ན་ཡང་། ཉིན་མ་དེ་དག་གི་རིང་དུ་རྡ་ས་ནས་བསྡད་པའི་རིང་དུ་ཟུར་ཁྲིད་བྱེད་ཆོག་ཞེས་བཤད་པ་ཡིན།

    ཉིན་མ་དེ་དག་གི་རིང་དུ་ཁོ་རང་ལ་ང་རང་གི་ཤེས་ཚོད་ཅིག་བསླབ་ཁུལ་བྱས་པ་ཡིན། ཡིན་ཡང་། ཁོ་རང་དངོས་ནས་ཉིན་མ་ཁ་ཤས་ཀྱི་རྗེས་སུ་ལྷོ་ཕྱོགས་སུ་འགྲོ་དགོས་ཟེར་ནས་འགྲོ་ཁར་ང་རང་ལ་ཁ་པར་ཨང་གྲངས་དང་། ཁ་བྱང་བཅས་སྤྲད་སོང་བ་མ་ཟད། ང་རང་གི་གློག་ཀླད་ཁ་བྱང་ཡང་ཁོ་ལ་སྤྲད་པ་ཡིན། ང་རང་ལྷོ་ཕྱོགས་སུ་ཡོང་ཁོམ་འདྲ་བྱུང་བ་ཡིན་ན། ཁོ་རང་ལ་ཐུག་འཕྲད་བྱེད་དུ་ཡོང་རོགས་ཟེར་ནས་གསུངས་སོང་།

    གང་ལྟར། ང་རང་གིས་བསམ་པར་བོད་པའི་གྲྭ་བ་ཟེར་བ་འདི་ནི་དངོས་ནས་ཡག་པོ་ཞིག་རེད་སྙམ་པ་མ་ཟད། རང་ཉིད་ཀྱང་རྒྱ་གར་ལྷོ་ཕྱོགས་སུ་འགྲོ་ཁོམ་འདྲ་བྱུང་ན་དེ་རུ་འགྲོ་རྒྱུའི་བསམ་བློ་ཡང་འཁོར་སོང་། དེ་དུས་ཁོ་རང་གིས་ང་རང་ལ་གྲྭ་བ་དག་ལ་སྒོར་མོའི་ཡོང་ཁུངས་མེད་པ་དང་འཚོ་བའི་ཐད་ཀྱི་དཀའ་ངལ་མི་ཉུང་བ་ཞིག་ཡོད་པ་གསུངས་སོང་ཡང་། ངས་ཁོ་རང་ལ་རོགས་རམ་བྱེད་དགོས་པ་ཞིག་དྲན་མ་སོང་།

    རྗེས་སུ་ང་རང་ཕྱིར་རང་གི་རྒྱལ་ཁབ་དུ་ལོག་ཁར་ང་རང་རྒྱ་གར་ལྷོ་ཕྱོགས་སུ་འགྲོ་མ་ཐུབ་ཀྱང་། ང་རང་གི་གནམ་གྲུ་ནི་རྒྱ་གར་བྷང་བྷེ་ནས་རང་གི་རྒྱལ་ཁབ་དུ་ལོག་གི་ཡོད་སྟབས། ངས་ཁོ་རང་ལ་ཁྱེད་རང་བསྡོད་ས་ནས་ཐག་ཉེ་རེད་འདུག ཁྱེད་རང་ང་རང་ལ་ཐུག་འཕྲད་བྱེད་དུ་ཡོང་འདོད་ཡོད་ན་ངས་ཡར་མར་གྱི་འགྲོ་སོང་གཏོང་ཆོག་ཟེར་ནས་བཤད་པ་ཡིན། དེ་དུས་ཁོ་རང་ཡང་སླེབས་སོང་བ་མ་ཟད། རོགས་པ་གྲྭ་བ་ཞིག་ཀྱང་འདུག སྐབས་དེར། ཁོ་མོས་ང་ལ་འདི་ཟེར་ནས་འདྲ་དཔར་ཞིག་བསྟན་སོང་།

    དེ་ནས་ཆུ་ཚོད་ཁ་ཤས་ཀྱི་རིང་དུ་ངེད་ཅག་བྷང་བྷེ་ནས་གྲྭ་བའི་འཚོ་བ་རོལ་སྟངས་སོགས་ཀྱི་བསྐོར་ལ་སྐད་ཆ་འདྲ་གླེང་དེ་བསྡད་པ་ཡིན། ཁོ་རང་ལ་དབྱིན་སྐད་ཡག་པོ་ཞིག་མེད་ཀྱང་། ཁོས་ཁྲིད་དེ་འོང་བའི་གྲྭ་བ་དེས་དབྱིན་སྐད་ཀྱི་གོ་བརྡ་ཡག་པོ་ཞིག་འཕྲོད་ཀྱི་འདུག ངས་ཀྱང་རང་ཉིད་ཀྱི་མུ་མཐུད་དུ་ཡིག་འབྲེལ་བྱེད་ཆོག་ཟེར་ནས་ཞུས་པ་ཡིན།

    དེ་ནས་ང་རང་ཕྱིར་རང་གི་རྒྱལ་ཁབ་དུ་འབྱོར་ནས་ཁོ་རང་ལ་ལག་སྐྱེས་མི་ཉུང་བ་ཞིག་ཉོས་དེ་འཚམ་རྟགས་ལ་བསྐུར་བ་ཡིན། ཁོས་ཀྱང་ང་རང་ལ་ཐུགས་རྗེ་ཆེ་གྲངས་མེད་ཅིག་གློག་འཕྲིན་བརྒྱུད་དེ་བཏང་འདུག དེ་ནས་མི་རིང་བར་ང་རང་ལ་གནས་ཚུལ་ཞིག་གློག་འཕྲིན་བརྒྱུད་དེ་འབྱོར་སོང་། དེ་རུ་ཁོ་རང་གསུང་ཆོས་ལ་འགྲོ་འདོད་ཡོད་པ་དང་སྒོར་མོ་མེད་རབས་སོགས་གསུངས་འདུག སྐབས་དེར་ང་རང་ཡང་ཕྱིར་སླེབས་ནས་མང་བོ་འགོར་གྱི་མེད་ལ། ལས་ཀ་ཡང་རྙེད་མེད་པར་བསྡད་ཡོད་དུས། ངས་ཁོ་རང་ལ་དགོངས་འགལ་མེད་པ་ཞུ། ད་རེབས་ངས་རོགས་པ་བྱེད་ཐུབ་ཀྱི་མི་འདུག་ཟེར་ནས་ཞུས་པ་ཡིན།

    ཁོང་གིས་ཀྱང་སྐྱོན་མི་འདུག་ཟེར་ནས་ལན་ཞིག་འབྱོར་སོང་། དེ་ནས་ཡུན་རིང་ཞིག་ལ་གློག་འཕྲིན་སོགས་སླེབས་མ་བྱུང་། ཉེ་སྔོན་ཡང་གློག་འཕྲིན་རེ་སླེབས་ཀྱི་འདུག་ལ། འཚམ་འདྲི་རེ་བྱེད་ཀྱི་འདུག ཉེ་སྔོན་ང་རང་ལ་གློག་འཕྲིན་ཞིག་འབྱོར་བ་དེའི་ནང་དུ། ང་རང་ཁོ་རང་གི་ཨ་ཅེ་ཞིག་གི་མིང་ཐོག་ནས་འཕྲིན་ཡིག་ཞིག་སྐུར་འདུག་ལ། ནང་དོན་དུ་ང་རང་ལ་གྲོགས་པོ་ཞིག་ཡོད་པ་དེར་གཉན་ནད་རེག་དུག་འགོས་ཡོད་རབས་དང་དེའི་ནད་བཅོས་བྱེད་པ་དང་རོགས་རམ་ཐད་དངོས་ནས་སྒོར་མོའི་དཀའ་ཁག་འདུག་ན། རོགས་རམ་ཞིག་བྱེད་རོགས་ཟེར་ནས་དྲིས་འདུག ཁྱེད་ཀྱིས་བལྟས་ན་གྲྭ་བ་ཞིག་ལ་ནད་ཚ་དེ་འགོས་སྲིད་དམ་ཟེར་ནས་ང་རང་ལ་བལྟས་དེ་དྲི་བ་ཞིག་བཏང་སོང་།

    སྐབས་དེར་ང་རང་ལ་ཡང་གློ་བར་དུ་ལན་གང་ཡང་འདེབས་རྒྱུ་མེད་པ་ལྟར་གྱུར་ན་ཡང་། ངས་ཁོ་མོ་ལ་ཁྱེད་རང་གིས་བལྟས་པ་ཡིན་ནད་ཚད་འདི་མ་གཞི་གང་ཞིག་བལྟས་ནས་འགོས་ཀྱི་ཡོད་པ་རེད་དམ་སྙམ་གྱི་ཡོད་དམ་ཞེས་དྲིས་པ་ཡིན། དེ་དུས་མོ་རང་གིས་ནད་ཚ་དེ་འགོས་པ་ལ་ལམ་ཁ་གཉིས་མ་གཏོགས་ཡོད་པ་མ་རེད། གཅིག་ནི་འཁྲུག་སྤྱོད་ལ་བརྟེན་ནས་འགོས་པ་དང་། གཉིས་ནི་ཁྲག་ཁབ་གཙང་མ་མེད་པ་བེད་སྤྱོད་བྱས་དེ་འགོས་ཀྱི་ཡོད་པ་རེད།

    དེ་དུས་ང་རང་ལ་ལན་ཞིག་རྙེད་སོང་། རྒྱ་གར་དུ་ལོ་ངོ་མང་བོ་ཞིག་གི་སྔོན་དུ་ཁྲག་ཁབ་གཙང་མ་བེད་སྤྱོད་བྱེད་ཀྱི་ཡོད་པ་མ་རེད། གང་ཡིན་ཟེར་ན་ཁོར་ཡུག་སྐྱོ་བོ་དང་ནད་པ་དེ་དག་གིས་ཀྱང་ཁྲག་ཁབ་གཙང་མིན་སོགས་ཀྱི་བསྐོར་ལ་དེ་འདྲའི་རྒྱུས་མངའ་མེད་པ་མ་ཟད། དམིགས་བསལ་གྱིས་གྲྭ་བ་ཚོས་དེའི་བསྐོར་ལ་སློབ་སྤྱོང་སོགས་གང་ཡང་མེད་དུས། ཁྲག་ཁབ་གཙང་མ་མེད་པར་ནད་ཚ་དེ་འགོས་པ་ཡིན་པར་ཐག་གཅོད་ཆོག་པ་རེད་ཅེས་བཤད་པ་ཡིན། དེས་ན་ཁྱེད་རང་གིས་ཁོ་རང་ལ་སྒོར་མོ་བསྐུར་བ་ཡིན་ནམ།

    ང་རང་གིས་ཁོས་གསུངས་པའི་གྲངས་ཀ་དེ་ཚང་མ་སྐུར་མ་ཐུབ་ཀྱང་། རང་གིས་ཐུབ་ཚོད་ཅིག་བསྐུར་བ་ཡིན་མོད། དེའི་རྗེས་སུ་ང་རང་ལ་གློག་འཕྲིན་ནམ་འབྱོར་ལ་ངའི་སྦྱིན་བདག་ལགས་ཟེར་ནས་གློག་འཕྲིན་སླེབས་ཀྱི་འདུག དངོས་ནས་བཤད་ན་ང་རང་ཁོང་གིས་སྦྱིན་བདག་ཞིག་ག་ལ་བྱེད་ཐུབ། ཁྱེད་རང་གི་ཤེས་གསལ་རེད། ད་སྐབས་ང་རང་གི་འཚོ་བའི་མགོ་ཐོན་ཙམ་ཞིག་རེད། ཁོང་ཚོས་ཕྱི་རྒྱལ་བ་ཚང་མ་ཕྱུག་པོ་རེད་དྲན་གྱི་ཡོད་པ་འདྲ་ཟེར་ནས་ང་རང་ལ་བཤད་དུས། ང་རང་ཡང་སེམས་གཏིང་ནས་ངོ་ཚ་ན་ཡང་། མ་ཤེས་ཁུལ་བྱེད་ཞོར་དུ། ཁོང་ཚོ་ཁག་མེད་པའི་བསྐོར་སོགས་མི་ཉུང་བ་ཞིག་བཤད་དེ་མོ་རང་ལ་སེམས་གསོ་བྱེད་རྒྱུ་ལས་མེད་པར་གྱུར་སོང་།

  • By བོད། ཤ་ཁྲག་རུས་གསུམ།, སྤྱི་ཟླ་བཅུ་གཉིས་པ། 3, 2009 @ 4:14 pm

    ང་རང་མེད་པོ་རེད། གླེན་པ་རེད།

    རུམ་ལ་གཉབ་ན་རུམ་ཁོང་གྲང་མོ་རེད།།
    སེམས་ལ་བརྟག་ན་སེམས་པ་མིག་ཆུ་རེད།།
    ལུས་ལ་བལྟས་དུས་རོ་ཐོ་སྐམ་པོ་རེད།།
    རང་ལས་གླེན་པའི་མི་ཞིག་ངས་མ་རྙེད།།

    འཁྲིས་ཀྱི་མི་ཚོས་ང་ལ་གདོན་རྫས་ཟེར།།
    མདུན་གྱི་གྲོགས་པོས་ང་ལ་ཁ་ནག་འབོད།།
    རྒྱབ་ཀྱི་མགྲོན་པོས་ང་ལ་འཕྱ་དམོད་བྱས།།
    རང་ལས་གླེན་པའི་མི་ཞིག་ངས་མ་རྙེད།།

    ཕྱུག་པོའི་མིག་ལམ་ང་ནི་དབུལ་པོ་རེད།།
    དབུལ་བོའི་མིག་ལམ་ང་ནི་ཁྲེལ་མེད་རེད།།
    གཞན་མིའི་གྲལ་དུ་ང་ནི་འཁྱམ་པོ་རེད།།
    རང་ལས་གླེན་པའི་མི་ཞིག་ངས་མ་རྙེད།།

    སྒོར་མོའི་ཆེད་དུ་ང་རང་གཡོག་པོ་རེད།།
    ངོ་གསོའི་དྲུང་དུ་ང་རང་དུད་འགྲོ་རེད།།
    ཁ་ཚིག་གཏམ་ལ་ང་རང་མེད་པོ་རེད།།
    རང་ལས་གླེན་པའི་མི་ཞིག་ངས་མ་རྙེད།།

    དག་ཆའི་ཕྱོགས་སུ་ང་རང་ལག་ཆད་རེད།།
    སྙན་ངག་ཕྱོགས་ནས་ང་རང་གད་སྙིགས་རེད།།
    རྩོམ་རིག་ཕྱོགས་ལ་ང་རང་ལོངས་པ་རེད།།
    རང་ལས་གླེན་པའི་མི་ཞིག་ངས་མ་རྙེད།།

    མཁས་པའི་མདུན་ན་ང་རང་ཞབས་འདྲེན་རེད།།
    མི་རིགས་ཁྲོད་ན་ང་རང་མིག་རྫོད་རེད།།
    ལག་རྗེས་ཟེར་དུས་ང་རང་ཁྱི་སྐྱག་རེད།།
    རང་ལས་གླེན་པའི་མི་ཞིག་ངས་མ་རེད།།

  • By རྩམ་དགའ་, སྤྱི་ཟླ་བཅུ་གཉིས་པ། 3, 2009 @ 11:13 pm

    བཀུར་འོས་ཤ་ཁྲག་ལགས།
    ཁྱེད་ནི་མེད་པོ་དང་གླེན་པ་ག་ལ་ཡིན། མི་ཞིག་ལ་ཚང་དགོས་པའི་རྣམ་དཔྱོད་དང་ལ་རྒྱལ་ད་དུང་སེམས་ཤུགས་བཅས་ཡོད་པས་ངས་རྣམ་ཡང་ཁྱེད་ནི་མེད་པོ་ཞིག་ལ་འདོད་ཀི་མེད།

  • By བོད། ཤ་ཁྲག་རུས་གསུམ།, སྤྱི་ཟླ་བཅུ་གཉིས་པ། 5, 2009 @ 3:52 pm

    སྤུན་ཟླ་ཚོ། ལན་རེ་འཁུར་ནས་ཕེབས་ཤོག སྒུག་ནས་ཡོད།

    སྤུན་ཟླ་ཚོ། ཁྱེད་ཅག་གི་ངོ་ཤེས་དང་ཉེ་རིང་། ཡང་ན། ཕ་མ་དང་སྤུན་མཆེད་སོགས་སུ་ཞིག་སྨན་པ་ཡིན་པ་མ་ཟད། སྨན་ལ་མཁས་པ། ལུས་ཁམས་བསྐྱེད་སྲུང་བྱེད་ཕྱོགས་ཐད་དུ་མཁས་པ་འདྲ་ངོ་ཤེས་ཡོད་ན། ངས་དེ་རིང་འདི་ནས་ཁྱེད་ཅག་ལ་དྲི་བ་ཞིག་འདྲི་རྒྱུ་ཡིན། དྲི་བ་དེར་ལན་དྲང་མོ་ཞིག་དུས་ཐོག་ལ་འདེབས་མཁན་གྱི་སྤུན་ཟླ་མི་ཉུང་བ་ཞིག་ ཡོང་རྒྱུར་རེ་བ་ཆེན་པོ་ཡོད།

    བྱིས་པ་ཞིག་ལ་ཆུང་དུས་ སུ། དྲིན་ཆེན་ཨ་མའི་ནུ་མ་ཟླ་ངོ་ཁ་ཤས་རིང་དུ་ནུས་རྗེས་སུ། ཟས་ལ་རོལ་བའི་སྐབས་སུ་སླེབས་དུས། བོད་ཡུལ་དུ། ང་རང་གི་ཁོར་ཡུག་ནས་ཆུང་དུས་བྱིས་པ་ལ་གཡག་སྙིང་བཙོས་དེ་སྤྲོད་ཀྱི་ཡོད་པ་ རེད། དེ་ནི་བྱིས་པ་དེ་ཡི་འཚར་ལོངས་ཁྲོད་དུ་རང་ཚུགས་ཡོད་པ་དང་སྙིང་སྟོབས་ལྡན་པ་ སོགས་འགྲེལ་བཤད་མི་ཉུང་བ་ཞིག་ཡོད་པ་རེད། འོན་ཀྱང་། བདག་གིས་དེ་ནི་ལུགས་སྲོལ་ཡག་པོ་ཞིག་ལ་གཏན་ནས་མཐོང་གི་མི་འདུག་མོད། རེད་དེ། དེ་ཡང་གོམ་སྲོལ་ཞིག་ལས་དངོས་ནས་བྱིས་པའི་འཚར་ལོངས་ལ་ཕན་ཐོག་ཡོད་མེད་དེ་ནི་ བཤད་ཁག་པོ་རེད།

    ངས་འདི་ནས་བཀའ་འདྲི་ ཞུ་འདོད་པའི་དོན་དག་གཙོ་བོ་དེ་ནི། བྱིས་པ་ཞིག་འཚར་ལོངས་ཀྱི་བརྒྱུད་རིམ་ཁྲོད་དུ། དམར་ཟས་སམ། ཤའི་རིགས་ལ་ལོངས་སྤྱོད་མ་བྱས་པར། འཚར་ལོངས་བྱུང་བ་ཡིན་ན། བྱིས་པ་དེའི་མི་ཚེའི་ནང་དུ་གཟུགས་པོའི་ནུས་པ་ཤོར་འགྲོ་བའམ། ཡང་ན། གཟུགས་པོའི་འཕྲོད་བརྟེན་ལ་གནོད་པ་སོགས་ཡོད་མེད་དང་། གཏན་ནས་ཤའི་རིགས་ཁ་ལ་མ་རེག་པར་འཚར་ལོངས་བྱུང་བ་ཡིན་ན། བྱིས་པ་དེའི་ལུས་ཁམས་གསོ་སྐྱོང་གི་ཐད་དུ་དཀའ་ངལ་ཡོད་དམ་མེད། ཡང་ན། བྱིས་པ་དེའི་ལུས་ཁམས་སུ་ཅིས་ཀྱང་སྲོག་ཆགས་གཞན་ཞིག་ཤ་ཁྲག་གི་རིགས་མ་ཟས་པ་ ཡིན་ན། འཚར་ལོངས་བྱུང་དེ་འོང་དུས། དཀའ་ངལ་འཕྲད་ཀྱི་ཡོད་དམ་མེད། སྔོ་ཚང་རིགས་ཁོ་ན་ལ་བརྟེན་ནས་བྱིས་པ་གསོ་སྐྱོང་བྱེད་ཐུབ་ཀྱི་ཡོད་དམ་མེད། ཡོད་ན་དེའི་ཐབས་ལམ་སོགས་གང་ཡིན་མིན་བསྐོར་ལ། སྤུན་ཟླ་སུ་ཞིག་གིས་རང་གི་ཕ་མ་དང་ཉེ་དུ། གྲོགས་པོ་དང་སྤུན་མཆེད། ངོ་ཤེས། ཡང་ན། རང་ཉིད་ལ་ལུས་པོ་གསོ་སྐྱོང་བྱེད་པའི་བསྐོར་ལ་རྒྱུས་མངའ་ཡོད་མཁན་གྱི་སྤུན་ ཟླ་སུ་ཞིག་ཡོད་ན། བདུན་ཕྲག་རེ་ཟུང་ནང་དུ་ལན་ཞིག་ཡོང་བའི་རེ་སྐུལ་སེམས་གཏིང་ནས་ཞུས་པ་ཡིན།

  • By རྩམ་དགའ་, སྤྱི་ཟླ་བཅུ་གཉིས་པ། 5, 2009 @ 7:16 pm

    གྲོགས་པོ་ལགས།
    ང་ལ་ད་དུང་བུ་ཕྲུག་མེད་པས་བུ་ཕྲུག་ལ་ཕན་པའི་ཟས་རིགས་གང་དག་ཡིན་མིན་འདིའི་ཐད་ལ་ཉམས་མྱོང་ཅང་མེད་ལ་སྐད་ཆ་ཡང་མང་པོ་ཞིག་བཤད་རྒྱུ་མེད།
    ཡིན་ནའང་ཕྱི་གླིང་བའི་བུ་ཕྲུག་གསོ་ཚུལ་ལ་བལྟས་ན་ཤ་ལས་སྔོ་ཚལ་དང་འོ་མའི་རིགས་མང་ཞིག་བྱིན་གིན་འདུག ད་དུང་ཤིང་ཏོག་དང་དེའི་ཁུ་བ་མང་བོ་སྤྲོད་ཀྱིན་འདུག
    དེ་སྔོན་ཞིག་ལ་ཕྱི་རྒྱལ་བ་ཞིག་གིས་ང་ལ་ཤ་མང་བོ་ཟོས་ན་གཟུགས་པོའི་འཕྲོད་བརྟེན་དང་རིག་པ་ལ་གནོད་ཚུལ་སོགས་མང་པོ་བཤད་མྱོང་། སྐད་ཆ་འདི་ལ་གནས་ལུགས་དང་རྒྱུ་མཚན་མེད་པ་ཞིག་མ་རེད་བསམ་གི། ད་བདེ་མོར་བྱོས།

  • By བོད། ཤ་ཁྲག་རུས་གསུམ།, སྤྱི་ཟླ་བཅུ་གཉིས་པ། 8, 2009 @ 4:38 pm

    སེམས་ཁོང་ནས་རང་ཉིད་བོད་མི་ཡིན་པ་ཤེས་རན་རེད།

    སྤུན་ཟླ་ཚོ། སེམས་པ་བོད་དུ་ཕྱོགས་ནས། བསམ་བློ་བོད་དུ་ཕྱོགས་ནས། དམིགས་ཡུལ་བོད་དུ་འཁོར་ནས། སྐད་ཆ་བོད་དོན་དུ་བཤད་དེ། རང་གི་ལུས་ངག་ཡིད་གསུམ་འདིའི་འབྱུང་ཁུངས་ལ་མ་ནོར་བའི་ལམ་ཁ་ཞིག་བཙལ་ནས། ཁྲག་དང་མིག་ཆུ། མནར་གཅོད་དང་གདུང་འབོད། མྱ་ངན་དང་གཉོས་བཅོས་ཁྲོད་དུ། ཕྱིར་མིག་གི་བལྟས་དེ་བཞུད་ཟིན་པའི་སྤུན་ཟླ་དག་གི་བསམ་པའི་རེ་བ་དང་། སྒུག་པའི་རྨི་ལམ་དེ་དག་ལ་བསམ་ནས་རྒྱ་ནག་པོའི་སྲིད་གཞུང་ལ་གཏན་ནས་ཡིད་ཆེས་མ་བྱེད་ཅིག

    ད་ནས་་བཟུང་། འུ་ཅག་གིས་བོད་ནི་བསྐལ་བའི་བར་དུ་བོད་ལ་དབང་བ་ལས་རྒྱའི་སྲིད་གཞུང་ལ་མི་དབང་བའི་བདེན་པ་དེ་དག་ར་སྤྲོད་བྱེད་རྒྱུའི་ལས་སུ་འབད་རོགས་ཞུ། ས་མཐའ་གང་ཞིག་ཡོད་ཀྱང་ཆོག ལས་གནས་གང་ཞིག་དུ་ཡོད་ཀྱང་འགྲིག ང་བོད་ཡིན། ངས་བོད་པའི་བདེན་དོན་ཆེད་དུ་འགན་ཞིག་ལེན་དགོས། ང་རང་ལ་རང་གི་ཕ་ཡུལ་གྱི་བདེ་སྡུག་སྲུང་བའི་འགན་ཡོད། ང་རང་ལ་བོད་མི་གཅིག་གི་ཚེ་སྲོག་ཡིན་ཡང་། རང་གི་ཚེ་སྲོག་ལས་ཀྱང་གལ་ཆེ་བ་ཡིན་སྙམ་ནས། སྡུག་ན་སྡུག་རོགས། གསོན་ན་གསོན་རོགས། འཆི་ན་འཆི་རོགས་ཟེར་ནས་བློ་གཅིག་སེམས་གཅིག་གི་ལས་འགུལ་སྤེལ་མ་ཐུབ་ཀྱང་། བློ་གཅིག་སེམས་གཅིག་གིས་རང་ཉིད་བོད་ཡིན་པ་བརྗེད་མི་རུང་ལ། རང་ཉིད་བོད་ཀྱི་མགྲིན་ཚབ་པ་ཞིག་དང་། རང་ཉིད་ལ་ཡང་བོད་ཀྱི་ལུས་ཤིག་ཡོད་པ་སེམས་ཁོང་རུས་པའི་གཏིང་ནས་དྲན་ཐུབ་དགོས་ཀྱི་འདུག

    དེ་ལྟར་དྲན་ནས་རྒྱའི་སྲིད་གཞུང་གི་རྒྱུགས་ཁྱི་བོད་རྒྱ་སུ་ཡིན་ཡང་། བོད་མི་རིགས་ཀྱི་དགྲ་བོ་དངོས་ཀྱི་དང་མར་བཟུང་དེ། དེའི་རིགས་ལ་འབྲེལ་ལམ་གཅོད་པ་དང་། མི་ངན་དེ་དག་གི་ལག་འོག་གི་རྩེད་ཆས་སུ་མི་གྱུར་བའི་ཐབས་ཤེས་གང་ཡོད་ཅིག་རང་གི་ཉེ་འབྲེལ་དང་ངོ་ཤེས། གཞན་མི་སོགས་བརྒྱུད་དེ། མི་གཅིག་གི་སྲོག་ཡིན་ཡང་། ལྟས་ངན་མི་སེམས་མེད་པའི་གདོན་འདྲེ་དེ་དག་གི་ངན་ཇུས་འོག་དུ་མི་འགྲོ་བའི་ལམ་ཁ་འཚོལ་བ་དང་ཞོར་དུ། རང་ས་ནས་རང་ཉིད་འཚོ་བའི་ཐབས་ལམ་བཙལ་ནས། རང་མི་ལ་རང་གིས་སྲོག་ལས་ཀྱང་། ཡིད་ཆེས་དང་བརྩེ་ཞེན་བྱེད་རྒྱུར་ཐག་ཇེ་ཉེར་གཏོང་རོགས་ཞུ།

    ད་ལྟའི་འཆར་འུ་ཅག་ལ་བརྡ་འཕྲིན་གྱི་རྒྱུད་ལམ་མི་ཉུང་བ་ཞིག་ཡོད་པ་འདི་དམ་འཛིན་བྱས་དེ། བོད་མི་སྲུང་སྐྱོབས་ཀྱི་ཐབས་ཤེས་གང་ཡོད་པ་དག མི་ཁ་ནས་གཏམ་ཁ། འཕྲིན་ལམ་ནས་དྲ་ལམ། གློག་ལམ་ནས་ཁ་པར་གྱི་ལམ། བརྒྱུད་ལམ་གང་ན་ཡོད་ན་དེ་ནས་དུས་ཚོད་དམ་འཛིན་བྱེད་པའི་དུས་ཡིན་པ་ལས། རྒྱའི་སྲིད་གཞུང་གི་འདོད་ཐོག་ལ་འགྲོ་རུ་འཇུག་པའི་དུས་ཤིག་གཏན་ནས་མིན། བོད་མི་གཅིག་གི་ཚེ་སྲོག་ནི་བོད་ལ་མཚོན་ན་ཆེས་རིན་ཐང་གཞལ་དུ་མེད་པ་ཞིག་ཡིན་པ་ཤེས་སུ་འཇུག་དགོས་པ་དང་རང་ཉིད་ཀྱིས་ཀྱང་དེ་ལྟར་དྲན་ནས། ཤི་བ་ལས་གསོན་ན་ཐབས་ལམ་མང་བ་ངེས་སུ་འཛམ་གླིང་མི་མང་ལ་བདེན་དབུང་བྱེད་པ་དང་། གཞན་ལས་རང་གི་བྱེད་ཐུབ་པའི་ནུས་པ་དེ་དག་སྟོན་རན་རེད།

  • By བོད། ཤ་ཁྲག་རུས་གསུམ།, སྤྱི་ཟླ་བཅུ་གཉིས་པ། 9, 2009 @ 4:13 pm

    སུས་༧རྒྱལ་བ་རིན་པོ་ཆེ་བོད་དུ་གདན་འདྲེན་བྱེད་ཐུབ་ངེས།
    ཟིན་བྲིས་ལ་བཟོ་བཅོས་རྒྱག་པ། | བརྗོད་བྱ་འདི་གསུབ་པ།

    ངས་ནམ་རྒྱུན་འདི་ལྟར་དྲན་གི ༧རྒྱལ་བ་རིན་པོ་ཆེ་མེད་དུ་མི་རུང་བ་དེ་ཡང་བོད་མི་རིགས་ཡིན་ལ། ༧རྒྱལ་བ་རིན་པོ་ཆེ་ལ་དད་པ་དག་སྣང་ཡོད་མཁན་དེ་ཡང་བོད་མི་རིགས་ཡིན་ཟེར་ནས་དུས་ཀུན་དུ་བོད་མི་དག་གིས་གླེང་བཞིན་ཡོད་པ་རེད། དེ་ཡིན་དུས། ༧རྒྱལ་བ་རིན་པོ་བོད་དུ་གདན་འདྲེན་བྱེད་ཐུབ་མཁན་དེ་ཡང་བོད་མི་ཡིན་ཟེར་ན་འགྲིག

    ང་ཚོས་དེ་རིང་གི་ཉིན་མོ་འདི་ནི་༧རྒྱལ་བ་ཡིད་བཞིན་ནོར་བུ་མཆོག་གི་་འཛམ་གླིང་ན་མིང་དུ་གྲགས་པའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་དེ་མི་ལོ་ཉི་ཤུ་ཏག་ཏག་འཁོར་བར་རྟེན་འབྲེལ་དང་ཤིས་ཚིག་འབྲི་བའི་ཉིན་མོ་དང་། ཆེས་དགའ་སྟོན་རྟེན་འབྲེལ་དུ་རློམ་བཞིན་པའི་ཉིན་མོ་ཞིག་ཀྱང་ཆགས་ཡོད་དུས། འུ་ཅག་བོད་པ་དག་གིས་དེ་ཉིད་ལ་གཙུག་ཆེན་བྱེད་པ་ནི་༧རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུ་ཚེ་ནང་དུ་རླབས་ཆེན་གྱི་མཛད་པ་འཕྲིན་ལས་ལ་མོས་པ་དང་དག་སྣང་། ཡིད་ཆེས་ཡོད་པར་གླེང་བཞིན་པ་དེ་ཡིན།

    ཡིད་ཆེས་ནི་དུས་རྒྱུན་དུ་མི་ཚེ་ནང་དུ་དགོས་འཁོ་ཆེ་བ་ཞིག་ཡིན་པ་ནི་བཤད་མ་དགོས་པ་མ་ཟད། ལྷག་པར་དུ་༧རྒྱལ་བ་རིན་པོ་ཆེ་ལ་ཡིད་ཆེས་བྱེད་སྟངས་འདི་ཡང་ངོས་ཟིན་པའི་སྒོ་ནས་ཡིད་ཆེས་ཤིག་བྱེད་དགོས་ཀྱི་ཡོད་པ་དེ་ཡིན། དེ་ཡིན་དུས་འུ་ཅག་གིས་ད་ལྟའི་བར་དུ་༧རྒྱལ་བ་རིན་པོ་ཆེ་ཚང་ལ་ཡིད་ཆེས་བྱས་པ་རེད་ལ། ༧ཁོང་གིས་ཀྱང་འུ་ཅག་ཁ་བ་ཅན་གྱི་བོད་མི་ཡོངས་ལ་ཡིད་ཆེས་དང་རེ་བ་བཞག་ནས་འཛམ་གླིང་མི་མང་གི་མདུན་དུ་ཕེབས་ནས། ང་བོད་པ་ཞིག་ཡིན། དེའི་ནང་གི་བོད་ཀྱི་དགེ་སློང་དཀྱིས་མ་ཞིག་ཡིན་པ་མ་ཟད། བོད་ཀྱི་བདེ་སྡུག་བརྗོད་པའི་བོད་མི་རིགས་ཀྱི་མགྲིན་ཚབ་པ་ཞིག་ཡིན། ཡིན་ཡང་། བོད་མིའི་མཐར་ཐུག་གི་དགོས་འདོད་ཅི་ཡོད་དང་བོད་མི་རིགས་ལ་༧རྒྱལ་བ་སྐུ་ཕྲེང་བཅོ་ལྔ་བ་དགོས་མིན་དེ་ནི་བོད་མི་རིགས་ཀྱི་ཐག་གཅོད་བྱེད་ངེས་ཡིན་ལ་སོགས་བོད་མི་རིགས་ནི་༧ཁོང་གིས་མཐར་ཐུག་གི་ཡིད་ཆེས་བྱེད་ས་དེར་རྩིས་ཡོད་པ་རེད།

    ཉིན་མོ་འདི་ནི་འུ་ཅག་ཁ་བ་ཅན་པ་ཡོངས་ཀྱིས་༧ཁོང་གི་ཡིད་ཆེས་དེ་དག་ལ་སྤོབས་པ་ཆེན་པོའི་སྒོ་ནས་མདུན་བསྐྱོད་བྱེད་པའི་ཉིན་མ་ཞིག་ཡིན་པ་མ་ཟད། དུས་རྒྱུན་དུ་རང་གི་འཚོ་བའི་ནང་གི་དུས་ཚོད་སྐར་ཆ་རེ་རེ་ཡང་། ༧ཁོང་གིས་འུ་ཅག་ལ་བཅོལ་བའི་ཡིད་ཆེས་དེའི་ཆེད་དང་། དགུང་ལོ་བགྲེས་པའི་༧རྒྱལ་བ་རིན་པོ་ཆེ་ཚང་། རང་གི་བཞུགས་གནས་ཁ་བ་ཅན་དུ་གདན་འདྲེན་བྱེད་ཐུབ་མིན་དེ་ཡང་བོད་མི་རིགས་ཀྱི་སྙིང་སྟོབས། སེམས་ཤུགས། ཞུམ་མེད་ཀྱི་སྤོབས་པ། འགྱུར་མེད་ཀྱི་དམ་བཅའ། ཆིག་སྒྲིལ་གྱི་མདུན་བསྐྱོད། མི་རིགས་ཀྱི་ལྟ་ཞེན་སོགས་ལ་བརྟེན་ནས་༧ཁོང་ཉིད་བོད་དུ་གདན་འདྲེན་བྱེད་དགོས་པ་ཡིན་ལ། ༧ཁོང་གིས་ཚེ་མཇུག་གི་རེ་བ་འུ་ཅག་བོད་མི་ཡོངས་ལ་བཅོལ་བ་དེ་ཡང་། འུ་ཅག་ཁ་བ་ཅན་པ་གང་ན་སུ་ཡོད་པ་དག་གིས་བསམ་བློ་གཏོང་བ་ནས་བགྲོ་གླེང་བྱེད་པ། བགྲོ་གླེང་བྱེད་པ་ནས་ཚིག་ཐག་གཅོད་པ། ཚིག་ཐག་གཅོད་པ་ནས་ལས་འགུལ་སྤེལ་བ། སྤེལ་བ་ནས་མ་འགྲུབ་བར་དུ་ཕྱི་ནུར་མི་བྱེད་པ། ད་གཟོད་འུ་ཅག་ཁ་བ་ཅན་པ་ཡོངས་ཀྱིས་༧ཁོང་གི་ཡིད་ཆེས་འགྲུབ་ཐུབ་པ་ཡིན་ལ། འུ་ཅག་གིས་༧ཁོང་ཚང་ལ་ཡིད་ཆེས་ཡོད་པ་དང་། དད་པ་དག་སྣང་ཡོད་པ། ༧རྒྱལ་བ་རིན་པོ་ཆེ་བོད་ལ་དགོས་པ་སོགས་ཁ་ཡོད་ལག་ཡོད་ཀྱིས་བསྟན་པ་ཡིན་ཟེར་ན་འདོད་བྱུང་།

    མཐར་ཐུག་ནི་སུས་༧རྒྱལ་བ་རིན་པོ་ཆེ་ཚང་བོད་དུ་གདན་འདྲེན་ཞུ་ཐུབ་མིན་དེ་ནི་སུས་འཇོན་གྱི་ཡོད་མེད་དེ་ནི་སྤུན་ཟླ་ཡོངས་ཀྱི་བསམ་བློ་ཞིབ་མོ་གཏོང་དགོས་པ་ཡིན། ང་ལ་ནམ་ཡང་དེ་ནི་བོད་མི་གཅིག་བུའི་ཐུབ་པ་ཡིན་ལ། ༧རྒྱལ་བ་རིན་པོ་བོད་མི་རིགས་ལ་དགོས་པ་དེ་ནི་དངོས་ནས་ཡིན་ན། བོད་མིས་ཐུབ་ཟེར་ནས་ཞུས་པ་ཡིན་ལགས།

    སྤྱིར་ན་དེ་རིང་གི་ཉིན་མོ་འདི་ནི་༧རྒྱལ་བ་རིན་པོ་ཆེ་ཚང་གི་གཟེངས་རྟགས་བཞེས་དེ་མི་ལོ་ཉི་ཤུ་འཁོར་བའི་དུས་དྲན་ཡིན་ལ། དེ་ལ་ཤིས་ཚིག་ཞིག་བྲིས་དེ། དད་པ་དག་སྣང་ཡོད་ཁུལ་གྱི་རྣམ་པ་ཞིག་སྟོན་དགོས་པའི་ཁྲལ་ལྟ་བུའི་ནད་ཚ་ཞིག་བོད་མི་ཀུན་ལ་ཡོད་ཀྱང་། ངས་ནི་དེ་ལྟར་མ་བསམ་པར། རང་གི་རྒྱུན་དུ་ཡིད་ལ་དྲན་བཞིན་པའི་སྐོར་ནས་ཉུང་ངུ་ཞིག་སྤུན་ཟླ་ཁ་བ་ཅན་པ་ཡོངས་ལ་ཞུས་པ་ཡིན།

    ཨ་ཅེ་གཡུ་ཞུན་ལགས། འདི་དྲ་སྟེང་དུ་འགོད་རོགས་ཞུ། རེ་བ་ཆུང་ཆུང་ཞིག་ཞུས་པ་ཡིན།

  • By གཞོན་ནུ་ཟླ་མེད, སྤྱི་ཟླ་བཅུ་གཉིས་པ། 11, 2009 @ 11:49 am

    གཡུ་ཞུན་ལགས། ངས་གོང་གསལ་ཡི་གེ་འདི་ཁྱོད་ཀྱི་དྲ་བའི་ཐོག་བཀོད་ན་ཡང་མི་འགྲོ་གི འདི་རྩོམ་ཡིག་འདྲ་མིན་ན་ཡང་དུས་ཆེན་ཁྱད་པར་ཅན་ལ་དྲན་གསོའི་ཚུལ་དུ་གཏོང་འདོད་ཡོད་མོད། ད་འདིར་མཆན་གྱི་ཁུངས་སུ་མ་བཀོད་རང་བཀོད་ཆགས་སོང་། གལ་ཏེ་རྩོམ་ཡིག་གི་གྲས་སུ་བཞག་ཆོག་ན་འཇོག་རོགས་ཀྱིས། ཐུགས་ཆེ།

  • By གཡུ་ཞུན, སྤྱི་ཟླ་བཅུ་གཉིས་པ། 11, 2009 @ 9:07 pm

    ཁྱེད་ཀྱི་སྙན་རྩོམ་མདུན་ངོས་དྲ་ཚིགས་ཐོག་སྤེལ་ཟིན་།རྗེས་མ་རྩོམ་བསྐུར་དུས་འབྲེལ་གཏུག་བྱེད་སའི་གློག་འཕྲིན་ཁ་བྱང་ཐོག་སྐུར་རོགས་གནང་།ཁྱེད་ཀྱིས་དེ་ནས་ཐད་ཀར་མཆན་བུ་མ་གཏོགས་མདུན་ངོས་དྲ་ཚིགས་སྟེང་རྩོམ་ཡིག་སྤེལ་མི་ཐུབ།

  • By གཞོན་ནུ་ཟླ་མེད, སྤྱི་ཟླ་བཅུ་གཉིས་པ། 11, 2009 @ 9:33 pm

    གཡུ་ཞུན་དྲིན་ཆེན་མ་རྗེ་བླ་མའི་དུས་མཆོད་ཡིག་ཆུང་དེ་དྲ་བའི་སྟེང་དུ་དུས་ཐོག་བཀོད་པ་ཐུགས་རྗེ་ཆེ། དེ་རིང་རྗེ་བཙུན་བླ་མ་བློ་བཟང་གྲགས་པའི་དུས་མཆོད་ལ། ས་གནས་འདི་ན་ནང་པ་བོད་བརྒྱུད་ནང་བསྟན་ལ་མོས་པ་ཚང་མ་ཕལ་ཆེར་མི་གྲངས་ལྔ་བརྒྱ་ཙམ་ཞིག་ཙོང་ཁ་བའི་དགོན་པར་ཚོགས་བསྡད་འདུག ཡང་བོད་པ་ཚང་མ་ནམ་རྒྱུན་བཞིན་དུ་ཇོ་བསོད་ནམས་ཚང་ལ་ཚོགས་བསྡད་འདུག མི་གྲངས་བརྒྱད་ཅུ་ཙམ་ཞིག་འདུག འདོན་པ་བླ་མ་མཆོད་པ་དང་འབྲེལ་ཚོགས་འཁོར་དང་། རྗེ་གསང་བའི་རྣམ་ཐར། ད་རུང་དབྱིན་སྐད་ཀྱི་སྟེང་ནས་རྟེན་འབྲེལ་བསྟོད་པ་འདོན་གྱི་འདུག

  • By ཧོར་བུ་ཡེ་ཤེས, སྤྱི་ཟླ་བཅུ་གཉིས་པ། 12, 2009 @ 3:53 am

    གཡུ་ཞུན་ལགས།དྲ་ངོས་སུ་འཆན་པ་རྣམས་ཀྱི་མཚན་མདུན་དུ་byཟེར་བའི་དབྱིན་ཡིག་དེ་ཡིན་ཅིག་མིན་ཅིག་དགོས་པར་ཞིག་རེད་པས།གལ་སྲིད་དགོས་པ་ཞིག་ཡིན་ན་བོད་ཡིག་ཅིག་བཞག་ཐུབ་ན་བོད་ཡིག་དྲ་ལམ་གཙང་མ་ཞིག་ཡོང་བ་འདུག་དྲན།

  • By ཧོར་བུ་ཡེ་ཤེས, སྤྱི་ཟླ་བཅུ་གཉིས་པ། 12, 2009 @ 4:03 am

    གཡུ་ཞུན་ལགས།དྲ་ངོས་སུ་མཆན་པ་རྣམས་ཀྱི་མཚན་མདུན་དུ་byཟེར་བའི་དབྱིན་ཡིག་དེ་ཡིན་ཅིག་མིན་ཅིག་དགོས་པར་ཞིག་རེད་པས།གལ་སྲིད་དགོས་པ་ཞིག་ཡིན་ན་བོད་ཡིག་ཅིག་བཞག་ཐུབ་ན་བོད་ཡིག་དྲ་ལམ་གཙང་མ་ཞིག་ཡོང་བ་འདུག་དྲན།

  • By བདག་མོ, སྤྱི་ཟླ་བཅུ་གཉིས་པ། 21, 2009 @ 1:10 am

    ལྕགས་མོ་མཚོ་ལགས། ཁྱེད་ཀྱི་ཟིན་བྲིས་ལ་སྔོན་མ་ནས་དོ་སྣང་བྱེད་གི་ཡོད་རུང་། ཨ་ཞང་ཚང་གི་དྲིན་གིས་ད་ལྟའི་བར་ལྷིང་འཇགས་སུ་མི་འགྲོ་ག་མེད་བྱུང་། ཡིན་ཡང་ད་ལྟ་ཐབས་ལན་གསར་བ་ཞིག་རྙེད་ཟིན་པས་སེམས་དོན་འགྲུབ་སོང་། ཐུགས་རྗེ་ཆེ་ཞུ་བ་དང་བཅས་མཚོ་སྔོན་ནས་བདག་མོའི་ཕུལ་བ་ཡིན།

  • By གཡུ་ཞུན, སྤྱི་ཟླ་བཅུ་གཉིས་པ། 22, 2009 @ 7:41 pm

    བདག་མོ་ལགས་ཕེབས་པར་དགའ་བསུ་ཞུ།

  • By ཚུལ་ཁྲིམས།, སྤྱི་ཟླ་བཅུ་གཉིས་པ། 23, 2009 @ 2:02 am

    རྩམ་དགའ་ཞེས་པའི་མིང་དེ་ཧ་ཅང་སྙན་མོད། འོན་ཀྱང་ཁྱེད་ཀྱིས་ཟླ་བ་གཅིག་ནང་རྩམ་པ་ཐེངས་གཅིག་ཟ་གི་ཨེ་ཡོད། རྩམ་པར་དགའ་ན་གང་མང་བཟས་ན་ལུས་སྟོབས་རྒྱས་ངེས།
    ཀུ་རེ་ཡིན།

  • By གཞོན་ནུ་ཟླ་མེད, སྤྱི་ཟླ་བཅུ་གཉིས་པ། 23, 2009 @ 7:19 am

    བདག་མོ་ནས་ཐབས་ལན་དང་སེམས་དོན་ཟེར་སྟངས་ལ་ལྟོས་ན་ངའི་ཕ་ཡུལ་དང་ཐག་ཉེས་ས་ཅིག་ནས་རེད་། ད་བཀྲ་ཤིས་བདེ་ལེགས།

  • By བདག་མོ, སྤྱི་ཟླ་བཅུ་གཉིས་པ། 25, 2009 @ 3:15 am

    ཧ་ཧ ལྟོས་ཡོང་ན་མྱི་མང་གི་མོ། ང་བོད་ནང་གི་སློབ་གྲྭ་ཆེན་མོ་བ་ཞིག་ཡིན། སང་ལོའི་ཟླ་དྲུག་པའི་ནང་ཞིབ་འཇུག་སློབ་མ་མཐར་ཕྱིན་གི་ཡོད། ད་ལྟ་དཔྱད་རྩོམ་འབྲི་བཞིན་པའི་སྒང་ཡིན་ཡང་ཉིན་རེར་དྲ་ཐོག་ནས་གསར་འགྱུར་དང་ཟིན་བྲིས་ཁ་ཕྱེ་གི་ཡོད། ཨོད་གཞོན་ནུ་ཟླ་མེད་ལགས་ང་མཚོ་སྔོན་མཚོ་ལྷོ་གི་ཡིན་ར་ཁྱོད་དང་ཐག་ཉེས་ས་་ཅིག་ཨེ་རེད།

  • By suibian, སྤྱི་ཟླ་གཉིས་པ། 4, 2010 @ 10:12 am

    སྨན་བླ་སྐྱབས་ཀྱི་བཞད་གད་ཟློས་གར་ཆེད་བསྒྲིགས་འོད་སྡེར་ཁྲོམ་རར་བཀྲམ་ཚར།
    བོད་ཀྱི་བཞད་གད་ཟློས་གར་མཁན་གྲགས་ཅན། སྒྱུ་རྩལ་པ་སྨན་བླ་སྐྱབས་ལགས་ཀྱི་བཞད་གད་ཟློས་གར་གྱི་ཆེད་བསྒྲིགས་གསར་པ་སྟེ། མཚོ་སྔོན་བོད་སྐད་བརྙན་འཕྲིན་གྱི་ཉིས་སྟོང་བཅུ་ལོའི་བོད་ཀྱི་ལོ་གསར་དགོང་ཚོགས་ཀྱི་འཐུས་ཚབ་གར་ཆུང《རོལ་མོ་པ་དང་གྱེར་འདོན་མཁན》འདུས་པའི་ཟློས་གར་ཚན་པ་དྲུག་ཡོད་པའི་སྐད་ཡིག་ཤན་སྦྱར་གྱི(DVD) འོད་སྡེར་སྤུས་གཙང་ཅན་དེ་ཉེ་ཆར་ཁྲོམ་རར་བཀྲམ་ཚར། བརྩམས་ཆོས་འདིའི་འཁྲབ་ཚིག་ཆ་ཚང་ནི་བོད་ཡིག་རྐྱང་རྐྱང་གིས་འཆར་ཐུབ་པས། མདོ་དབུས་ཁམས་གསུམ་ཐུན་མོང་གིས་མཉམ་རོལ་ཐུབ་པའི་དགེ་མཚན་གྱིས་ཕྱུག་པ་ཞིག་ཡིན་པ་དང་། ཉར་ཚགས་ཀྱི་རིན་ཐང་ཤིན་ཏུ་ཆེ་་བས་སྒྱུ་རྩལ་པ་ཁོང་དང་ཁོང་གི་བརྩམས་ཆོས་ལ་དགའ་མཁན་རྣམས་ཀྱིས་འོད་འཁོར་སྤུས་དག་ཉོ་ཐུབ་པའི་སྨོན་འདུན་ཞུ།
    ཆེད་བསྒྲིགས་འོད་འཁོར་དེ་མཚོ་སྔོན་བོད་སྐད་རླུང་འཕྲིན་ལས་ཁུངས་ཀྱི་ཟི་ལིང་རླུང་འཕྲིན་ཚོང་ར་དང་གཞི་རིམ་ཡན་ལག་ཚོང་ཁང་དག་ན་འཚོང་གིན་ཡོད།

  • By ཏ, སྤྱི་ཟླ་གཉིས་པ། 4, 2010 @ 10:14 am

    Thank you!

  • By ལྷ་ཆབ་སྦྱིན་པ།, སྤྱི་ཟླ་གསུམ་པ། 5, 2010 @ 10:47 pm

    མ་མཐོང་རྒྱང་རིང་ཨ་ཅེ་ལྕགས་མོ་འཚོ་ལགས། ཁྱེད་ཀྱི་ཟིན་བྲིས་ཀྱི་ཡིག་གཟུགས་ཅུང་ཆུང་དུ་གཏོང་ཐབས་མི་འདུག ད་ལྟའི་ཡིག་གཟུགས་ཅུང་ཆེ་འདུག་སྟབས། རྩོམ་ཡིག་དག་ཀློག་སྐབས་སྟབས་མ་བདེ་བ་ཞིག་འདུག་པར་མཐོང་།

  • By ལྷ་ཆབ་སྦྱིན་པ།, སྤྱི་ཟླ་གསུམ་པ། 5, 2010 @ 10:48 pm

    མ་མཐོང་རྒྱང་རིང་གི་ཨ་ཅེ་ལྕགས་མོ་འཚོ་ལགས། ཁྱེད་ཀྱི་ཟིན་བྲིས་ཀྱི་ཡིག་གཟུགས་ཅུང་ཆུང་དུ་གཏོང་ཐབས་ཤིག་མི་འདུག་གམ། ད་ལྟའི་ཡིག་གཟུགས་འདི་ཅུང་ཆེ་འདུག་པའི་ཚོར་བ་ཞིག་བདག་ལ་འདུག

  • By གཡུ་ཞུན, སྤྱི་ཟླ་གསུམ་པ། 5, 2010 @ 11:14 pm

    ལྷ་ཆབ་སྦྱིན་པ་ལགས།
    ཁྱེད་ཀྱི་ཕྱག་རྩོམ་སྔོན་མ་ནས་ཀློག་མྱོང་ཡོད་ལ་།ད་ལྟ་དངོས་སུ་དྲ་ཐོག་ནས་ཐུག་པར་ཧ་ཅང་དགའ་བོ་བྱུང་།བཀའ་དྲིན་ཆེ།དྲ་ཚིགས་འདིའི་ཡིག་གཟིགས་ཀྱི་ཐད་ནས་ཇེ་ཆུང་དེ་ངའི་འདི་ནས་ཏག་ཏག་རེད།ཁ་ཤས་ལ་སྐད་ཆ་དྲིས་པར་ལན་གཅིག་མཚུངས་ཡིན་ཕྱིར་ཁྱེད་ཀྱི་གློག་ཀླད་ཀྱི་སྐྱོན་ཨེ་ཡིན་བསམ་སོང།དེ་མིན་ཐབས་མཁས་རྒྱ་མཚོ་ལགས་ཀྱི་སྐོར་ལ་ཁྱེད་ཀྱི་གློག་འཕྲིན་ཁ་བྱང་གསུང་དང་ཞིབ་ཏུ་ཁ་བརྡ་རེ་བྱེད་འདོད་བྱུང་།

  • By རིན་ཆེན།, སྤྱི་ཟླ་གསུམ་པ། 20, 2010 @ 8:04 pm

    ༈ དཔྱོད་ལྡན་གཡུ་ཞུན་ལགས། གསུང་འཕྲིན་བགྲོ་གླེང་ལ་ཕུལ་བའི་བསམ་ཚུལ་དེ་མདུན་ངོས་སུ་འགོད་གནང་ཞུ།

  • By གཡུ་ཞུན, སྤྱི་ཟླ་གསུམ་པ། 20, 2010 @ 8:41 pm

    ལེགས་སོ།ཡིན་ན་རྗེས་ནས་ཉིད་ཀྱིས་ཕྱག་རྩོམ་སྐུར་དུས་འབྲེལ་གཏུག་བྱེད་སའི་གློག་འཕྲིན་ཁ་བྱང་།gangla@live.com དང་ཡང་ན་wdyoushun@yahoo.comགང་རུང་ཐོག་སྐུར་དགོས།འབྲེལ་གཏུག་བྱེད་སའི་མཆན་བུའི་བསྐུར་ན་ཐད་ཀར་མཆན་བུའི་ཚུལ་གྱིས་དྲ་ཚིགས་ཐོག་འགྲོ་གི་རེད།

  • By རིན་ཆེན།, སྤྱི་ཟླ་གསུམ་པ། 20, 2010 @ 10:24 pm

    ལགས་སོ། །ཐུགས་རྗེ་ཆེ།

  • By གཞོན་ནུ་ཟླ་མེད, སྤྱི་ཟླ་གསུམ་པ། 22, 2010 @ 5:28 pm

    དེ་རིང་ཞོགས་པ་དགོ་དགོ་ཀམ་པ་ནས་དང་རྒྱ་ནག་བར་གྱི་ཚོང་འབྲེལ་ཆད་འདུག
    Xinhua Beijing March 23 State Council Information Office, bureau early this morning, Google announced the cessation of in accordance with Chinese law provides for the harmful information filtering, search services, go to Hong Kong from mainland China issued a statement.

    The official pointed out that foreign companies operating in China must abide by Chinese laws. Google Inc. entered the Chinese market when the breach of a written undertaking to stop the search service filtering, and to insinuate and accuse China of hacking, which is completely wrong. We resolutely oppose politicizing the issue of commercial on Google’s unreasonable accusations and expressed dissatisfaction and indignation.

    The official said that Google January 12 companies in the relevant government departments without prior ventilation with my circumstances, the public statement, claiming that by the Chinese government-backed hackers do not want operating in China “under review, Internet search engine “, and” consider withdrawing from the Chinese market. ” In Google’s repeated request for the person to listen to their true thoughts, reflecting China’s sincerity, this year, January 29, February 25 responsible persons of relevant departments of the Chinese government on two occasions with Google’s head then talk about the issues raised on its made a patient and meticulous explanations, emphasizing foreign companies operating in China should follow Chinese laws, such as Google’s willing to abide by Chinese laws, we are still welcome to Google’s business in China and development; such as Google’s China Web site bent on Google’s search services withdrawal That is Google’s own thing, but it must be in accordance with Chinese law and international practice, in a responsible manner to do a good follow-up work.

    The person in charge that the Chinese government encourages the development and popularization of the Internet to promote the Internet open. China’s Internet exchanges and remarks are very active e-commerce has developed rapidly. Facts have proved that China’s Internet investment environment, the development environment is good. China will unswervingly uphold the policy of opening-up, welcome foreign enterprises to participate in China’s Internet development and business development for foreign businesses in China to provide good service. China’s Internet will still be to maintain the momentum of rapid development.

    Beijing at 3:00 on March 23 3 pm, Google’s senior vice president, chief legal officer David Drummond public statement, once again accused of assault by hackers in China, announced a freeze on the Google China search service ” Filtering the review “, and search services, go to Hong Kong from mainland China.

    རྒྱ་ཡིག་ཐོག་བལྟ་ན་འདི་ན་ཡོད། http://news.qq.com/a/20100323/000619.htm

  • By ཨ་རིག་དགེ་མཐོང་གིས།, སྤྱི་ཟླ་བཞི་པ། 24, 2010 @ 6:44 am

    ཨ་ཅེ་གཡུ་ཞུན་ལགས། ཁྱེད་ཀྱིས་ཡུལ་ཤུལ་ལ་ཕུལ་བའི་མྱ་ངན་ཞུ་ཡིག་དེ་ངེད་ཅག་གིས་དེབ་ཅིག་འདོན་འཆར་ཡོད་པའི་དེའི་ནང་དུ་བཀོད་ཆོག་པ་དང་། ད་དུང་དངོས་མིང་རྒྱག་ཆོག་པའི་འབོད་སྐུལ་ཞུས་པ་ལགས་ན་དེ་ལུགས་དགོངས་འཇགས་འཚལ། མི་འགྲིག་ཚེ་གང་མྱུར་ལན་ཞིག་ཡིག་ཟམ་དང་ཡང་ན་ཁ་པར་ཨང་གྲངས། ་9916442227′འདིའི་སྟེང་འབྲེལ་བ་གནང་རོགས།

  • By fred, སྤྱི་ཟླ་དྲུག་པ། 14, 2010 @ 5:59 am

    ༄༅།།གཡུ་ཞུན་ལགས་ཁྱོད་བདེ་མོ། ང་རང་ཁྱོད་ཀྱི་དྲ་ཚིགས་ཀྱི་སྒོ་ཐེམ་ལ་ཐོག་དང་བོར་སྤོས་པ་ཡིན་པས།སྤྱིར་བཏང་ཁྱོད་ཀྱིས་ང་ལ་རྟེན་འབྲེལ་ཞུ་དགོས་མོད།ཡིན་ནའང་འུ་གཉིས་ཀྱི་ས་མཐའ་ན་ཡོད་པ་ཁྱོད་ཡིན་པས། ངས་ཁྱོད་ལ་རྟེན་འབྲེལ་ཞུ།

  • By གཡུ་ཞུན, སྤྱི་ཟླ་དྲུག་པ། 14, 2010 @ 7:56 am

    ཡིན་ད་ཡིན།ཁྱེད་རང་ཐོག་མར་ངའི་དྲ་ཚིགས་སུ་ཕེབས་པར་རྟེན་འབྲེལ་དང་དགའ་བསུ་ལོས་ཞུ།ཡིན་ན་དེ་རིང་བར་གློག་ཀླད་ལ་སྐྱོན་ཕྲན་བུ་རེ་བྱུང་ནས་ལན་འདི་མཐོང་མེད་པས་དགོངས་འགལ་མེད་པ་ཞུ། ཡང་ཡང་ཕེབས་རོགས་གནོངས།

  • By fred, སྤྱི་ཟླ་དྲུག་པ། 14, 2010 @ 10:48 pm

    ༄༅། །ང་རང་ནི་བོད་ཁྲག་ཅེེས་པ་ཡིན་ལ།ངས་ཁྱེད་རང་སྔོན་མ་བོད་ནང་དུ་ཡོད་དུས་ནས་རྒྱུས་ལོན་བྱས་མྱོང་ལ།ཕྱིས་སུ་གསར་འགྱུར་བརྒྱུད་ལམ་ནས་ཁྱོད་ཀྱི་སྐད་ཐོས་པས།ད་ལྟ་ངོ་ཤེས་ལྟ་བུ་ཞིག་ཏུ་གྱུར་ཡོད།དེ་བས་ཁ་སང་ཁྱོད་ཀྱི་དྲ་ཚིགས་ཐོག་མར་ངོ་ཤེས་ཡོང་དུས་རྟེན་འབྲེལ་ཙམ་ཞུས་པ་ཡིན་ལ།ད་ནས་བཟུང་མུ་མཐུད་དུ་བརྡ་བྱེད། ད་བདེ་མོ། ཚེ་རིང་ལོ་བརྒྱ།

  • By གཡུ་ཞུན, སྤྱི་ཟླ་དྲུག་པ། 15, 2010 @ 12:43 pm

    བཀའ་དྲིན་ཆེ།

  • By རླུང་བུ།, སྤྱི་ཟླ་བརྒྱད་པ། 14, 2010 @ 9:20 pm

    གཡུ་ཞུན་དྲ་བར་བལྟས་པས་སྤྲོ་བ་བྱིན་བྱུང་། ཐུགས་རྗེ་ཆེ།

  • By གཡུ་ཞུན, སྤྱི་ཟླ་བརྒྱད་པ། 15, 2010 @ 4:31 pm

    འདིར་ཕེབས་པར་བཀའ་དྲིན་ཆེ།

  • By བསེ་རོང་འོད་ཟེར།, སྤྱི་ཟླ་བརྒྱད་པ། 27, 2010 @ 1:49 am

    བཀུར་འོས་ལྕགས་མོ་མཚོ་ལགས།
    ངས་ཉེ་འཆར་གྱི་གནོད་ཐེབས་ས་ཁུལ་འབྲུག་ཆུ་རྫོང་གི་འདས་གྲོངས་སུ་སོང་བ་རྣམས་ཀྱི་ཆེད་དུ་མཆོད་འབུལ་བྱས་པའི་གནས་ཚུལ་ཞིག་ཆེད་དུ་ཁྱེད་ཀྱི་དྲ་ཚིགས་སུ་བསྐུར་བ་ཡིན་ཡང་དྲ་ཚིགས་སུ་དགོད་མ་སོང་། ངས་བསྐུར་ཚུལ་ནོར་བ་མི་འགྲོ་ནོར་བ་ཡིན་ན་རྗེས་སོར་བསྐུར་སྟངས་སྐོར་ལ་ལམ་སྟོན་གནང་སྐྱོང་ཡོང་བ་ཞུ།

  • By གཡུ་ཞུན, སྤྱི་ཟླ་བརྒྱད་པ། 27, 2010 @ 2:02 pm

    གུས་པའི་བསེ་རོང་འོད་ཟེར་ལགས།
    ཉིད་ཀྱི་ཕྱག་རྩོམ་འཕྲོད་མ་སོང་བས་འབྲེལ་གཏུག་བྱེད་སའི་ནང་གི་གློག་འཕྲིན་ཁ ་བྱང་གང་རུང་ཐོག་ཡང་བསྐྱར་བསྐུར་རོགས་གནང་།བཀའ་དྲིན་ཆེ།
    གཡུ་ཞུན་གྱིས་གུས་ཕུལ།

  • By བསེ་རོང་འོད་ཟེར།, སྤྱི་ཟླ་བརྒྱད་པ། 28, 2010 @ 11:15 am

    ༄༅།། བཀུར་འོས་གཡུ་ཞུན་ལགས།
    ཁྱེད་ཀྱིས་དུས་ཚོད་བཏང་ནས་ལམ་སྟོན་གནང་བར་ཐུགས་རྗེ་ཆུ། ངས་ཁྱེད་ཀྱི་ལམ་སྟོན་བཞིན་བསྐུར་ཡོད།

Other Links to this Post

RSS feed for comments on this post. TrackBack URI

མཆན་ཞོག

WordPress Themes