Posts tagged: བོད་ཀྱི་དུས་བབ

བོད་ཀྱི་བུད་མེད་ཚོར་བསྩལ་བའི་བཀའ་སློབ།

 

བོད་ཀྱི་བུད་མེད་ཚོར་བསྩལ་བའི་བཀའ་སློབ།

 

            ཕྱི་ཚེས་ ༡༥ ཉིན་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་བཅར་བ་རྣམས་༧གོང་ས་མཆོག་ལ་མཇལ་ཁར་བཅར་སྐབས། ༧གོང་ས་མཆོག་གིས་བོད་ནས་གསར་དུ་འབྱོར་བ་ཁག་ཅིག་དང་མཉམ་དུ་བོད་ཀྱི་བུད་མེད་ཚོར་བཀའ་སློབ་ལམ་སྟོན་བསྩལ་དོན། སྤྱིར་སྐད་འབོད་བྱས་ཏེ་ཆབ་སྲིད་ཀྱི་ལས་འགུལ་སྤེལ་རྒྱུ་དེ་ཚོ་གལ་ཆེན་པོ་ཡིན་ཡང༌། གཙོ་བོ་ཤེས་ཡོན་ཡར་རྒྱས་གཏོང་རྒྱུ་དང་མིའི་རྣམ་དཔྱོད་ཀྱིས་ཐབས་ཤེས་འཐེན་རྒྱུ་གལ་ཆེན་པོར་མཐོང་གིན་ཡོད། ལྷག་པར་དུ་བུད་མེད་ཚོར་སྤྱི་ཚོགས་བདེ་དོན་གྱི་ཐད་ནས་འགན་ཡོད་པ་རེད། རྒྱ་གར་ཡུལ་མི་དང་འབྲེལ་ལམ་ཡག་པོ་ཡོང་བ་བྱ་དགོས། ཉེ་སྔོན་རྒྱ་གར་གྱི་ས་གནས་ཤིག་ཏུ་བོད་མི་ཚོ་ཕྱིར་འཕུད་དགོས་པ་རེད་ཅེས་སྐད་ཆ་བྱུང་ཡོད་ཚུལ་གོ་རྒྱུ་འདུག དེ་བཞིན་རྒྱ་ནག་གིས་ཀྱང༌། བོད་མི་ཚོ་རྒྱ་གར་དུ་གནས་ཚང་གཡར་ཡོད་པ་འདིས་རྒྱ་གར་ནག་གཉིས་ཀྱི་མཛའ་བརྩེ་ལ་གནོད་སྐྱོན་བཟོ་བཞིན་ཡོད། ཅེས་རྟག་པར་བཤད་བསྡད་ཡོད། གནས་ཚུལ་འདི་འདྲའི་རིགས་ལ་ང་ཚོས་གཟབ་གཟབ་གནང་དགོས། ངོས་རང་ལྷོ་ཕྱོགས་མོན་གྷོར་བསྐྱོད་སྐབས། རྒྱ་གར་བ་ཞིག་གིས་ང་ལ། བོད་མི་ཚོར་དཔལ་འབྱོར་ཏོག་ཙམ་བྱུང་ན། རླངས་འཁོར་དང་གསེར་ཉོས་པ་སོགས་ཕྱི་ཚུལ་རྫིག་པོ་བྱ་རྒྱུར་དགའ་བོ་ཞེ་དྲག་བྱེད་ཀྱིན་འདུག བྱེད་སྟངས་དེས་རྒྱ་གར་ཡུལ་མི་ཚོར་ཕྲག་དོག་སློང་གིན་ཡོད་པ་རེད། ཅེས་བརྗོད་བྱུང། དེ་བཞིན་བོད་ནས་གསར་དུ་འབྱོར་བ་རེ་ཟུང་གིས་ཀྱང་ཆང་རག་འཐུང་སྟེ། ངྷ་རམ་ས་ལ་གཡས་གཡོན་གྱི་རྒྱ་གར་ཡུལ་མི་ཚོ་དང་མ་འཆམ་པའི་གནས་ཚུལ་ཕྲན་བུ་ཡོང་གིན་ཡོད་ས་རེད། དེ་ལས་མང་། »

ཡིག་གཟུགས་དང་སྐད་གདངས་གཅིག་གྱུར་དགོས།

 

ཡིག་གཟུགས་དང་སྐད་གདངས་གཅིག་གྱུར་དགོས།

པར་དབང་།བོད་ཀྱི་དུས་བབ།

པར་དབང་།བོད་ཀྱི་དུས་བབ།

 

བོད་ཀྱི་ཡིག་གཟུགས་དང་སྐད་གདངས་གཅིག་གྱུར་ཡོང་ཐབས་ལ་རེ་བ་རྒྱག་གིན་ཡོད། ཡང་རེ་ཟུང་གིས་སྐད་ཡིག་གཅིག་གྱུར་ཟེར་དུས། སོ་སོའི་སྐད་ཡིག་དེ་རྒྱུན་འཛིན་བྱ་མི་དགོས་པ་ཞིག་ལ་གོ་བཞིན་ཡོད་ཀྱང༌། དེ་འདྲ་རྩ་བ་ནས་མ་རེད། སོ་སོའི་ལུང་པར་སོ་སོའི་སྐད་གདངས་རྒྱུན་འཛིན་ཐོག བོད་ཐུན་མོང་ལ་གཅིག་གྱུར་གྱི་སྐད་གདངས་ཤིག་ལོགས་སུ་དགོས་ཀྱིན་འདུག་ཟེར་གྱིན་ཡོད་ཟེར།

བོད་གཞུང་ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག ཟླ་འདིའི་ཚེས་ ༢ དང་ ༣ ཉིན་གཉིས་རིང་གངས་སྐྱིད་སྤྱི་ཐབ་ཐོག་ཁང་དུ་སྨོན་ལམ་བོད་ཡིག་གསུམ་པ་དང༌། སྨོན་ལམ་ཐུན་མོང་བོད་ཀྱི་སྐད་གདངས་མཉེན་ཆས་གཉིས་ངོ་སྤྲོད་ཟབ་སྦྱོང་ཞིག་འཚོགས་ཡོད་པ་དང༌། ཟབ་སྦྱོང་དེར་གངས་སྐྱིད་ཁུལ་གྱི་གཞུང་ཞབས་ལས་བྱེད་དང༌། ངྷ་ས་ཁུལ་གྱི་ཚོགས་པ་སྒྲིག་འཛུགས་ཁག་གི་ལས་བྱེད། སློབ་གྲྭ་དང་དགོན་སྡེ་ཁག་གི་གློག་ཀླད་དགེ་རྒན་བཅན་མི་གྲངས་ ༨༠ ལྷག་ཞུགས་ཡོད། ཟབ་སྦྱོང་དབུ་འཛུགས་སྐབས་བློ་བཟང་སྨོན་ལམ་ལགས་ཀྱིས་ངོ་སྤྲོད་གཏམ་བཤད་གནང་དོན། སྤྱི་ལོ་ ༢༠༠༡ ཙམ་ལ་ཨ་རིའི་སྒེར་གྱི་ཚོགས་པ་གཉིས་མཉམ་འབྲེལ་ཐོག རྒྱལ་སྤྱིའི་གཅིག་གྱུར་ཨང་རྟགས་ unicode ཟེར་བ་དེ་བཟོས་པ་རེད། uni ཞེས་པ་མཉམ་འབྲེལ་དང༌། code ཞེས་པ་ཨང་རྟགས་ཀྱི་དོན་རེད། མ་ལག་དེའི་ནང་འཛམ་གླིང་གི་སྐད་ཡིག་ ༡༧༠ ཙམ་ལ་ས་མིག་སྤྲད་ཡོད། ཨང་གྲངས་ ༧༢ དེ་བོད་ཡིག་གི་ས་མིག་རེད། དེ་ལས་མང་། »

བོད་དོན་ཐད་ཀྱི་བགྲོ་གླེང་ཞིག

 

བོད་དོན་ཐད་ཀྱི་བགྲོ་གླེང་ཞིག

2222སྤྱི་ཟླ་གསུམ་པའི་ཚེས་ ༡༥ ཉིན་གྱི་ཞོགས་པར་སྦེལ་ཀོབ་བདེ་སྐྱིད་སླར་གསོའི་ཚོགས་ཁང་དུ་འོད་དཀར་ www.wokar.net དྲ་ཚིགས་ཀྱི་གོ་སྒྲིག་འོག ༼ བོད་ནང་གི་ཤེས་ཡོན་པའི་བསམ་བློ་དང་ང་ཚོའི་རྒྱབ་རྟེན། ༽ཞེས་པ་དང་ ༼ གསར་འགོད་པའི་རྒྱབ་རྟེན་འོག་བོད་དོན་འཐབ་རྩོད་བྱེད་ཕྱོགས། ༽ ཞེས་པའི་བརྗོད་གཞི་གཉིས་ཀྱི་ཐོག་བགྲོ་གླེང་ཚོགས་འདུ་ཞིག་འཚོགས་པ་དང་། བགྲོ་གླེང་ཚོགས་འདུའི་སྟེང་ལྷོ་ཕྱོགས་ནང་བསྟན་ཤེས་ཡོན་ལྷན་ཚོགས་ཀྱི་སློབ་སྟོན་པ་ཟུར་བ་དང་བོད་རང་བཙན་འཐབ་རྩོད་པ་ཤིང་བཟའ་རིན་པོ་ཆེ་མཆོག་དང་། རྒྱལ་སྤྱིའི་བོད་རང་དབང་སློབ་ཕྲུག་ཚོགས་པའི་ཚོགས་གཞོན་བསྟན་འཛིན་རྡོ་རྗེ་གཉིས་ཕེབས་ཏེ། ཤིང་བཟའ་རིན་པོ་ཆེ་མཆོག་གིས་བོད་ནང་གི་ཤེས་ཡོན་པའི་བསམ་བློ་དང་ང་ཚོའི་རྒྱབ་རྟེན་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་བ་དང་། བསྟན་འཛིན་རྡོ་རྗེས་གསར་འགོད་པའི་རྒྱབ་རྟེན་འོག་བོད་དོན་འཐབ་རྩོད་བྱེད་ཕྱོགས་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་ཡོད།

བགྲོ་གླེང་ཚོགས་འདུ་དེའི་སྟེང་གཞིས་ཆགས་གསར་རྙིང་གཉིས་ཀྱི་གཞིས་མགོ་གཉིས་དང་གཞོན་ནུ། བུད་མེད། གཞིས་གྲོང་དང་དགོན་སྡེ་ཁག་གི་འགན་འཛིན། སེར་སྐྱ་མི་མང་བཅས་མི་ ༥༠༠ ལྷག་འདུ་འཛོམས་བྱུང་ཡོད།

ཉིན་དེར་ཤིང་བཟའ་རིན་པོ་ཆེ་མཆོག་གིས་གསུངས་དོན། སྔོན་མར་བོད་ནང་གི་ཤེས་ཡོན་པ་ཚོས་ནང་བསྟན་ཆོས་ལུགས་ཀྱིས་བོད་མེད་པར་བཟོས་སོང་ཟེར་བ་ལས་བོད་དོན་ཐོག་སྐད་ཆ་བཤད་མཁན་ཉུང་ཉུང་ཡིན་ནའང་། ཕྱི་ལོ་ ༢༠༠༨ ལོར་བོད་ནང་ཞི་བའི་ངོ་རྒོལ་བྱུང་བ་ནས་བཟུང་། བོད་ནང་གི་ཤེས་ཡོན་པ་ཚོས་སོ་སོའི་མི་རིགས་ཀྱི་ཆེད་དུ་སྲོག་འབུལ་བ་དང་། མི་རིགས་ཀྱི་ཆེད་དུ་སྐད་ཆ་བཤད་ཀྱི་ཡོད་པ་རེད། ང་རང་གི་ངོས་ནས་ཤེས་ཡོན་པ་གལ་ཆེན་པོར་བརྩི་གི་ཡོད་ལ། ཤེས་ཡོན་པས་འཛམ་གླིང་མི་མང་གི་མིག་མདུན་དུ་བོད་རིགས་མི་མང་གི་དཀའ་ངལ་གསལ་བོར་སྟོན་ཐུབ་ཀི་རེད། ཅེས་དང་། ༸གོང་ས་མཆོག་གི་བཀའ་དྲིན་འོག་བཙན་བྱོལ་དུ་ཡོད་པའི་ང་ཚོ་ལྷོད་ལྷོད་བྱས་བསྡད་ཡོད་ནའང་། ང་ཚོ་ཡོང་ས་དེ་བོད་རེད། འདིར་འཚར་ལོངས་བྱུང་བའི་གཞོན་སྐྱེས་དེ་ཚོ་ཡིན་ནའང་། ཁོང་ཚོའི་ཕ་མ་ཚོ་བོད་ནས་འདིར་སླེབས་པ་དེ་འདྲ་རེད། ང་ཚོའི་ལུང་པ་དེ་གང་འདྲ་ཆགས་ཡོད་པ་རེད་ཟེར་ན་སོ་སོའི་སེམས་ནང་གི་དད་པ་བྱེད་སའི་སྐྱབས་མགོན་གཅིག་པུར་ཡང་མིག་གི་མཐོང་ས་ནས་སྐུ་པར་རྡོག་བརྫིས་དང་མེར་སྲེག་གཏོང་གི་ཡོད་པ་རེད། དེར་བརྟེན་བོད་ནང་གི་ཤེས་ཡོན་པ་ཚོས་རྒྱ་ནག་ཁ་བྲལ་གཏོང་མཁན་དེ་རྒྱ་ནག་རང་ཉིད་རེད་ལ། ང་ཚོ་ཡར་སློང་མཁན་ཡང་རྒྱ་ནག་རང་ཉིད་རེད་ཅེས་བརྗོད་ཀྱི་ཡོད་པ་རེད་ཅེས་གསུངས་ཡོད།

3333བསྟན་འཛིན་རྡོ་རྗེས་སྔོན་མ་ཕྱི་རྒྱལ་དུ་ཡོད་པའི་བོད་རིགས་དེ་ཚོས་ཕྱི་རྒྱལ་གྱི་སྐད་རྒྱག་ཤེས་པ་དེ་སྤོབས་པ་ལྟ་བུར་ངོས་འཛིན་གྱི་ཡོད་པ་རེད་ལ། མི་རིགས་གཞན་གྱི་སྐད་རྒྱག་པར་ཚེར་སྣང་ཡང་ཡོད་པ་མ་རེད། ཡིན་ནའང་། དེང་སྐབས་དེ་ལ་འགྱུར་ལྡོག་ཕྱིན་ཏེ་བོད་མི་རིགས་རང་ཉིད་ཀྱི་སྐད་ཡིག་མ་ཤེས་ན་ངོ་ཚ་བྱེད་ཀྱིན་ཡོད་པ་དང་། ཐབས་ཤེས་གང་ཡོད་བཏོན་ནས་བོད་ནང་དུ་སོང་སྟེ་བོད་སྐད་ཐོག་ཉམས་ཞིབ་བྱེད་པ་དང་། དེ་ལས་མང་། »

བོད་ནང་གི་དྲ་བ་གཙོ་གཉེར་གནང་མཁན་ཞིག་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་པ་།

བོད་ནང་གི་དྲ་བ་གཙོ་གཉེར་གནང་མཁན་

ཞིག་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་

པ་།

དཀོན་མཆོག་ཚེ་འཕེལ་།

དཀོན་མཆོག་ཚེ་འཕེལ་།

བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཟླ་སྔོན་མའི་ཚེས་ ༢༦ ཉིན་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ། རྨ་ཆུ་རྫོང་དངུལ་རྭ་ཞང་ཁུལ་སྐོར་སྡེ་བའི་གོ་བྷེ་ཚང་གི་དཀོན་མཆོག་ཚེ་འཕེལ་འབོད་པ་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་རྒྱལ་ཁབ་བདེ་འཇགས་མི་སྣས་ཆབ་སྲིད་ཀྱི་དོགས་གཞིའི་འོག་གློ་བུར་འཛིན་བཟུང་གིས་དེ་གའི་སྤྱི་བདེ་ལྟ་སྲུང་ཁང་དུ་བཀག་ཉར་བྱས་ཡོད་པ་དང༌། ཁོང་འཇུ་བཟུང་སྐབས་རང་ཁྱིམ་སྔོག་བཤེར་གྱིས་གློག་ཀླད་དང་དོགས་ཡོད་ཅ་དངོས་རིགས་འཕྲོག་འཁྱེར་བྱས་ཡོད་འདུག

ཁོང་ནི་ ༡༩༧༠ ལོར་སྐྱེས་ཤིང༌ཆུང་དུས་དངུལ་རྭ་ཞང་སློབ་ཆུང་ནས་རྨ་ཆུ་རྫོང་བོད་སློབ་འབྲིང་བར་བོད་རྒྱ་གཉིས་ལ་སློབ་གཉེར་བྱས། ༡༩༨༩ ལོར་རྒྱ་གར་ལ་བཙན་བྱོལ་དུ་ཡོང་སྟེ་སུ་ཇཱ་སློབ་གྲྭར་ལོ་གསུམ་ཙམ་རིང་བོད་དབྱིན་གཉིས་སློབ་གཉེར་བྱས། ༡༩༩༤ ལོར་ཕྱིར་བོད་དུ་ལོག དེ་ལས་མང་། »

བོད་ནང་གི་དགེ་འདུན་པ་ཞིག་གིས་རང་ལུས་མེར་བསྲེགས་གཏོང་སྐབས་རྒྱ་ནག་དམག་མིས་མེ་མདའ་རྒྱབ་ཡོད་།

བོད་ནང་གི་དགེ་འདུན་པ་ཞིག་གིས་རང་ལུས་

མེར་བསྲེགས་གཏོང་སྐབས་རྒྱ་ནག་དམག་མིས་

མེ་མདའ་རྒྱབ་ཡོད་།

 

སྤྱི་ཟླ་གཉིས་པའི་ཚེས་༢༧ཉིན་གུང་བོད་ནང་གི་ཆུ་ཚོད་དང་པོ་དང་སྐར་མ་ ༤༠ སྟེང༌། བོད་ཨ་མདོ་རྔ་བ་ཀིརྟི་དགོན་པའི་དགེ་འདུན་པ་བཀྲ་བྷེ་ལགས་ཀྱིས་བོད་བསྟན་སྲིད་ཀྱི་དོན་དུ་རང་ལུས་མེ་ལ་བསྒྲོན་ཏེ། ངོ་རྒོལ་སྐད་འབོད་བྱེད་སྐབས་རྒྱ་གཞུང་གི་ཉེན་རྟོག་པས་མེ་མདའ་བརྒྱབས་ཡོད་འདུག

 

བོད་ནས་ཁ་པར་བརྒྱུད་གནས་ཚུལ་འབྱོར་བ་ལྟར་ན། ཚེས་༢༦ཉིན་གྱི་ཕྱི་དྲོ་ཨ་མདོ་རྔ་བ་ཀིརྟི་དགོན་པ་དང་རྔ་བ་རྫོང་ཐོག་བཅས་སུ། ཁ་སང་གི་དམར་གསོད་ལ་མ་བསྐྲག་ན། དེ་རིང་གི་རྡུང་རྡེག་ལ་ཅིའི་ཕྱིར་སྐྲག སང་ཉིན་ང་ཚོས་ཡར་ལངས་རྒྱག་དགོས། ཞེས་བཀོད་པའི་སྦྱར་ཡིག་མང་པོ་ཞིག་སྦྱར་ཡོད་སྟབས། ཚེས་༢༧ཉིན་གྱི་ཞོགས་པར་རྔ་བ་རྫོང་ཐོག་གི་བོད་རིགས་མང་པོ་ཞིག་འདུ་འཛོམས་བྱས་ཡོད་པ་དང༌། དེ་ལས་མང་། »

སངས་རྒྱས་ཀྱི་དཔའ་རྟུལ་ཚོ།

སངས་རྒྱས་ཀྱི་དཔའ་རྟུལ་ཚོ།

སངས་རྒྱས་ཀྱི་དཔའ་རྟུལ་ཚོ་ཞེས་པའི་དཔེ་དེབ་འདི་ནི། བོད་དོན་ལ་ཐུགས་འཁུར་ཆེ་book_caverབཞེས་གནང་མཁན་ཕྱི་རྒྱལ་གྱི་རྩོམ་པ་པོ་མའེ་ཀེལ་ཌཱ་ནཱམ་ལགས་ཀྱི་བརྩམས་ཤིང༌། སྤྱི་ལོ་ ༢༠༠༥ ལོར་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་གི་དཔར་སྐྲུན་ཚོགས་པ་ཊར་ཆར་རམ་པེན་གུན་གྱིས་དཔར་ཐེངས་དང་པོ་དཔར་སྐྲུན་བྱས་ཡོད། དེ་རྗེས་རྒྱལ་སྤྱིའི་བོད་རང་བཙན་ལས་འགུལ་ཚོགས་པའི་མཐུན་འགྱུར་རོགས་རམ་འོག བོད་ཀྱི་དུས་བབ་གསར་ཤོག་གི་རྩོམ་སྒྲིག་པ་ཟུར་བ་དགེ་འདུན་རབ་གསལ་ལགས་ཀྱིས་བོད་སྒྱུར་བྱས་ཏེ། སྤྱི་ལོ་ ༢༠༠༨ ལོའི་ཟླ་ ༡༡ པར་རྒྱ་གར་ངྷ་རམ་ས་ལར་བོད་ཀྱི་དུས་གསར་ཁང་གིས་དཔར་སྐྲུན་འགྲེམས་སྤེལ་བྱས།

དཔེ་དེབ་འདིའི་ནང་དོན་གཙོ་བོ་ནི། དུས་རབས་ཉི་ཤུའི་དུས་དཀྱིལ་གྱི་བོད་ཀྱི་སྲིད་དོན་འཕོ་འགྱུར་ཆེན་མོའི་སྐབས། ཨ་རིའི་གསང་བའི་ལས་ཁུངས་ཀྱིས་རྒྱབ་རྩ་བྱས་པའི་བོད་རང་བཙན་འཐབ་རྩོད་པ་རྣམས་དང༌། རྒྱ་ནག་གི་བཙན་འཛུལ། མཐར་བོད་ཤོར་བ་བཅས་ཀྱི་ལོ་རྒྱུས་ཕྱོགས་བསྡུས་བྱས་པ་ཞིག་ཡིན་ཞིང༌། ར་ཧུ་ལས་གཞུ་བཀང་བ་དང་བཙན་ཤེད་ཀྱིས་གཉེན་བསྡེབས་པ་དང་ཉེན་ཁ་ཅན་གྱི་གཙང་པོ། ཁྲག་གི་ཁྲུས་དང་བྱང་ཆུབ་ཤིང༌། མགོན་པོ་བཀྲ་ཤིས་དང་ཨ་རིའི་གསང་བའི་ལས་ཁུངས་བཅས་པ་སོགས་སྡོམ་པའི་ས་བཅད་ ༡༠ དང་ཤོག་ངོས་ ༦༣༣ ཡོད།
དེ་ལས་མང་། »

རྒྱ་ནག་གིས་ལོ་ཆུང་གཞོན་སྐྱེས་ཚོར་མི་རིགས་སློབ་གསོ་སྤྲོད་རྒྱུར་དམ་འཛིན་བྱེད་པ།

 

རྒྱ་ནག་གིས་ལོ་ཆུང་གཞོན་སྐྱེས་ཚོར་མི་རིགས་སློབ་གསོ་སྤྲོད་རྒྱུར་དམ་འཛིན་བྱེད་པ།

རྒྱ་ནག་གཞུང་གིས་བཤད་དོན། རྒྱ་ནག་གི་བྱིས་པ་དག་གིས་གཞི་རིམ་སློབ་གྲྭ་ནས་བཟུང་མི་རིགས་མཐུན་སྒྲིལ་གྱི་སློབ་ཚན་སྦྱོང་དགོས་ཞེས་སློབ་གསོའི་སྲིད་བྱུས་གསར་པ་ཞིག་བསྒྲགས་ཡོད་པ་རེད།

རྒྱ་ནག་གི་ཨོ་ལིམ་པིག་ཡི་ལོ་དེ་བོད་ནང་གི་གསར་སྐྱེས་མི་རབས་ཚོའི་ངོ་རྒོལ་རྔམ་སྟོན་དང་བཅས་མཇུག་སྒྲིལ་སྐབས། རྒྱ་ནག་གི་ཤེས་རིག་ལྷན་ཁང་གིས་སློབ་གསོའི་སྲིད་བྱུས་གསར་པ་ཞིག་བཏིང་སྟེ། ད་ནས་བཟུང་རྒྱ་ནག་གི་བྱིས་པ་ཚོས་མི་རིགས་མཐུན་སྒྲིལ་གྱི་སློབ་ཚན་སྦྱོང་དགོས་སྐོར་བརྗོད་འདུག་ལ། སྲིད་བྱུས་འདི་ནི་བོད་དང་ཞིན་ཅང་ཚུད་པའི་གྲངས་ཉུང་མི་རིགས་ཁག་ལ་དམིགས་ནས་བཟོས་པ་ཡིན་པར་ངོས་འཛིན་བྱེད་གི་ཡོད། དེ་ལས་མང་། »

WordPress Themes