ང་རོ་ལངས།
འདས་སོང་གི་ལོ་ཟླ།
ཕྱིར་དྲན་ཁོ་ནས་བསྙོར་དུས།
སྐམ་སོང་བའི་གཙང་བོ་ཞིག་གི་རྗེས་ཤུལ་ལས།
དྲན་པས་ཟིན་ཚོད་ན་ཅི་ཡང་མི་བསུག
ཡིན་ནའང་།
ལང་ཚོ་སྨིན་ཁ་མའི་དྭངས་གཙང་དྭངས་གཙང་ཀི་ཁོ་མོའི་འཛུམ་མདངས།
མཚོ་འགྲམ་དེའི་མེ་ཏོག་པད་མ་བཞིན།
དྲན་པའི་ཟབ་ས་ནས་བསྐུངས་ནས་འདུག
ད་ལྟ།
གནས་ཁྱིམ་སུ་ཚང་གི་སྒོ་འགྲམ་ན་ཡོད་ཀྱང།
ངའི་རེ་སྙེག་ནི།
སླད་མེད་ཀྱི་སྨོན་འདུན་ཁོ་ན་ལས།
གཞན་ཅི་ཡང་མིན་མོད།
མིག་ཟུང་གི་མཐོང་ཚད་འདིའི་ཡུན་དུ།
ཁྱོད་སྐར་མདའ་བཞིན་ལྷུང་ཡང་ཆོག
སྐད་ཅིག་སྐད་ཅིག་ལ།
འཇའ་ཚོན་བཞིན་འཆར་ནའང།
དེ་ལས་མང་། »
ང་རོ་ལངས།
དྲ་གྲོགས་བུ་མོ་གཉིས་ལ།
ས་སྲོད་ཀྱི་སྒྲོན་ངོགས་ནས།
རང་བྱུང་གིས་བརྡོལ་བའི་ཆུ་མིག་འདིའི་སྐད་ཆ།
སུ་ཞིག་གི་སེམས་ངོགས་སུ་གླན་ཆོག་ན།
དྭངས་གཙང་དྭངས་གཙང་གི
རྩྭ་ལྗོན་གྱི་ནེམ་ལོ།
སྐྱེད་ཚལ་གྱི་མེ་ཏོག་ལྟར་འཕྱུར་ངེས།
རླབས་ཕྲེང་དེ།
ཁེར་རྐྱང་གིས་འཕྱོ་དུས།
མེ་ཏོག་གི་ཟིལ་བས།
མཚོ་འགྲམ་གྱི་བྱེ་སྤངས་བརླན།
ག་ལེར།
ཕྱི་རོལ་ཏུ་ཆས་ན།
མལ་སའི་གྲང་རླུང་ ལྟ་ བུའི།
ཁུ་སིམ་སིམ་གྱི་མཚན་མོ་འདི།
སུ་ཞིག་གི་འཆར་བཀོད་ནང་བཞིན།
ངའི་སྐྱོ་གདུང་གི་སྣོན་མར་འོངས།
དྲ་ངོས་ལས་ལག་པས་སྐད་ཆ་བཤད་དུས།
མེ་ཏོག་དང་སྒྲོལ་མའི་སེམས་པ།
རྒྱང་རིང་རྒྱང་རིང་ན་ཡོད།
བར་ཐག་འདི།
ང་དང་ཁོ་མོ་གཉིས་ཀྱི་བར་ཐག་འདི།
སྐུད་མེད་ཀྱི་ཏར་ལམ་ནས་མཐུད་ཡང་།
ལེ་དབར་ཁྲི་ཕྲག་གི་རི་ཆུ་འདིས་ཆོད་སོང་།
དེ་ལས་མང་། »